e-texts navigator
Collection
Volume
Page
Wylie

8b1 ཏུ་དགའ་བ་དང་། སྟོབས་དང་ལྡན་པ་ཡིན་ལ་ལ་བསྡིགས་པ་ན་ནི། བདག་གནས་ནས་བསྐྲད་པར་མི་འགྱུར་གྲང་ཞེས་འཇིགས་པར་གྱུར་ཏོ།། ལྷ་དེ་ཡང་རྒྱལ
8b2 པོ་བཞིས་ཀུན་ཏུ་ཟིན་པ་ཟིན་པས། དེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ། ཕྱིན་ནས། ཡུལ་འཁོར་སྲུང་ལ་སྨྲས་པ། ཉེ་དབང་བདག
8b3 གནས་ནས་བསྐྲང་བར་འགྱུར་དུ་མཆིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས། བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད
8b4 དུ་གསོལ། དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི་སྟོབས་བསྐྱེད་པས་བུ་དང་བུ་མོ་དག་ཡིན་གྱི། འདི་ལ་བདག་ལ་ནི་དབང་མེད་དོ་སྙམ་དུ་བསྡམས
8b5 ནས། དེས་དེ་ལ་སྦས་པ། བདག་གིས་ནི་བུ་འམ་བུ་མོ་སྦྱིན་པར་མི་ནུས་སོ།། འོན་ཀྱང་ཚུར་ཤོག། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་དྲུང་དུ
8b6 འདོང་ངོ་།། དེ་ཉིད་འཕགས་སྐྱེས་པོའི་དྲུང་དུ་དོང་སྟེ་ཕྱིན་ནས། དོན་དེ་ཉིད་དེ་ལ་སྨྲས་སོ།། དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་རྣམ་ཐོས
8b7 ཀྱི་བུའི་དུ་སོང་སྟེ་ཕྱིན་ནས་སྨྲས་ན། དེ་དག་གིས་ཀྱང་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི་འདི་ལ་བདོག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས་སོ།།




iiif viewer powered by OpenSeadragon

8a - 9a

Texts on this page

F6 - dge slong ma'i 'dul ba rnam par 'byed pa