| e-texts navigator |
| Wylie |
7b1 སྐད་ཅེས་སྨྲས་སོ།། སྔར་ལྷ་འམ། འཇུག་ངོགས་གང་ལ་བརྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུ་འམ་བུ་མོ་ཡང་མེད་དོ།། དེ
7b2 ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ན་གྲོ་དྷ་ཡི་མ་འོངས་ནས། འདི་སྐད་ཅེས་སྨྲས་སོ།། བུ་ནྱ་གྲོ་དྷ་ཁྱོད་ཇི་ལྟར་མི་བདེ། དེས་འདི་སྐད་ཅེས
7b3 སྨྲས་སོ།། ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུང་ངམ། བདག་གི་ཡོ་བྱད་རྒྱ་ཆེན་པོ་འདི་ལྟ་བུ། བུ་མེད་པའི་ཕྱིར་སླར་བཞེས་པར་འགྱུར་རོ།།
7b4 བྲམ་ཤིང་སཱ་ལ་ཆེན་པོ་ན་གྲོ་དྷ་ཡི་བསྐྱེད་མོས་ཚལ་ན་ལྗོན་ཤིང་ནྱ་གྲོ་དྷ་ཆེན་པོ་ཡལ་ག་དང་། མགོ་ལྕོགས་དང་། འདབ་མ་དང་། ལོ་མ
7b5 ཕུན་སུམ་ཚོགས་ཤིང་། འདབ་མ་རྒྱ་ཆེ་ལ་ཡལ་ག་གཡུར་ཟ་བ་ཞིག་ཡོད་དེ། དེའི་མིང་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཞེས་བྱ་བར་ཤེས་སོ།། མས
7b6 དེ་ལ་སྨྲས་པ། བུ་ཁྱོད་ཀྱི་ཕ་ཡང་བུ་མེད་པར་གྱུར་ནས། དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་གསོལ་བ་བཏབ་བོ།། འོན་ཀྱང་དེ་ལ་བུ་དང
7b7 བུ་མོ་ཡང་མེད་པར་གྱུར་ཏོ།། དེ་ནས་དེས་ནྱ་གྲོ་དྷའི་དྲུང་དུ་སོང་སྟེ། ནྱ་གྲོ་དྷ་ལ་གསོལ་བ་བཏབ་པ་དང་། དེ་ནས་ཁྱོད་བྱུང་ངོ་།། དེའི་ཕྱིར