| e-texts navigator |
| Wylie |
406b1 ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་གླང་པོ་ཆེ་ཞོན་པ་དག་གཡུལ་དུ་ཆས་ནས། དེ་དག་འདི་སྐད་ཅེས་སྨྲས་སོ།། འཕགས་མཆོས་བཤད་དུ
406b2 གསོལ། དེ་དག་གིས་འདི་སྐད་སྨྲས་སོ།། བོབས་ཤིག་དང་ཆོས་བཤད་དོ།། དེ་དག་གིས་འདི་སྐད་ཅེས། བདག་ཅག་འགུམས་པར་བགྱིད་པ་ཕས་ཀྱི་རྒོལ་བ་དག་རྟིང
406b3 ལ་ཐུགས་ལགས་སོ།། ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ནོ་ཞེས་བྱ་སྟེ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྟ་ཞོན
406b4 བ་དང་། ཤིང་རྟར་ཞུགས་པ་ལ་ཡང་བརྗོད་པར་བྱའོ།། དེ་ནས་མི་ཕྲག་པ་དང་མགོ་ལ་ཞོན་ཞིང་འགྲོ་བ་ནས་ཆོས་བཤད་པར་མི་བྱ་བའི་བར་རོ།། ཇི་ཙམ་ན་ནད་པར་གྱུར
406b5 པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། ལྷམ་མཐོན་པོ་གྱོན་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན
406b6 འདས་ཀྱིས་བཀའ་སྩལ་པ། མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་པར་མི་བྱ་སྟེ། རྟ་ཞོན་པ་ལ་མ་ཡིན་པ་དང་། ཤིང་རྟར་ཞུགས་པ་ལ་མ་ཡིན་པ་དང་། མི་ལ་ཞོན་པ་ལ
406b7 ཡིན་པ་དང་། མི་ན་བར་ལྷམ་མཐོན་པོ་གྱོན་པར་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་སྐྲ་དོ་ཀེར་ཅན་ལ་ཆོས་འཆད་པར་བྱེད
406b8 ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། རྒྱལ་པོ་འོངས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།