| e-texts navigator |
| Wylie |
12b1 འོ་མ་དང་། ཞོ་དང་། མ་གསར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྲེ་བྲག་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ།། དེ་ཡང་རྫིང་ན་གནས
12b2 པའི་པདྨ་བཞིན་དུ་སྐྱེད་དྲག་པར་གྱུར་ཏོ།། དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཡི་གེ་སློབ་ཏུ་བཙུགས་པ་ལས། དེ་ཉི་མ་ཉུང་ཤས་ཀྱིས་ཡི་གེའི་ཕ་རོལ་ཏུ་སོན་ཅིང་དེའི་ཚེ།
12b3 བྲམ་ཟེའི་སྤྱོད་ཚུལ་དང་སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་སྔགས་བྱ་བ་དང་། འཐོར
12b4 འཐུང་བྱ་བ་དང་། བཟླས་བརྗོད་བྱ་བ་དང་། ཡང་དག་པར་བསྡོམ་པ་དང་། ངེས་པར་བྱ་བ་དང་། དུས་མཚམས་སུ་ཉེ་བར་སྤྱད་པར་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་།
12b5 མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ
12b6 དང་། སྦྱིན་པ་དང་། ལེན་པ་ལ་མཁས་པར་གྱུར་ཏོ།། རིག་པའི་གནས་བཅོ་བརྒྱད་དག་ལ་ཡང་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་ཆོ་ག་ཞིབ་མོ
12b7 དང་། གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡའ་སྤོང་བ་དང་། སྦ་ངེས་པར་སྦྱོར་བ་དང་། ཤེས་གསཔ་དང་། ངེས་པའི་ཚིག་དང་། བསྡེབ་སྦྱོར་བསྡུས་པ
12b8 དང་། སྐར་མའི་རིག་པ། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྟུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་ཕན་པའི་རིག་པ་དང་། བྱེ་དྲག་པའི་རིག་པ