| e-texts navigator |
| Wylie |
11b1 གྱི་ཐོག་ཏུ་བཞག་ནས། ཁྲི་བོ་ཆེ་ལེགས་པར་བཙུགས་པའི་སྟེང་ན། ཁྲི་ནས་ཁྲེར་དང་། ཁྲི་རུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་ལ། དེ་ལ་འགའ་ཡང་སྦྲ་ཡིད
11b2 དུ་མི་འོང་བ་འབྱིན་པར་མི་བྱེད་དོ།། རེ་ཤིག་ཁྱིམ་དེ་ནོར་དང་འབྲུ་དང་། གསེར་དང་། དབྱིག་དང་། མཛོད་དང་། བང་བ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་།
11b3 ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་པར་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་ཅིག
11b4 བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་གལ་ཏེ་བདག་ལ་བུ་ཞིག་ཡོད་ན། ཇི་དེས
11b5 ཇི་ལྟར་བྲམ་ཟེ་བལ་དག་ལྟར། ནས་ཐ་མལ་པ་ཐོགས་ནས། རྒྱལ་པོ་པདྨ་ཆེན་པོ་ལ་རྒྱལ་བ་སྤེལ་བ་བྱ་འམ། མ་ལ་བདག་གིས་དེའི་དོན་དུ་གསེར་གྱི་ནས་གཞན་བྱེད
11b6 དུ་གཞུག་གོ་སྙམ་དུ་བསམས་ནས་རེ་ཤིག་ན་གསེར་གྱི་ནས་བྱེད་དུ་བཅུག་གོ། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ།
11b7 མཛེས་པ་པདྨའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ་དཔྲལ་བའི་དབྱིས་ཆེ་བ། སྲིན་མ་བཟང་བ། མཐོང་ཀ་སེང་གེའི་འདྲ་བ།
11b8 རོ་སྟོད་སེང་གེ་ལྟ་བུ། དཔུང་པ་རིང་བ་ཞིག་བཙས་སོ།། དེ་བཅས་པའི་བཙས་སྟོན་བྱ་བར་བཙམས་ཏེ། ཤིང་ནྱ་གྲོ་དྷ་ཅན་དེ་ཐམས་ཅད་རྡོ་དང་། གསེག་མ་དང་གྱོ་མ