e-texts navigator
Collection
Volume
Page
Wylie

11a1 འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་། བཏུང་བའི་བྱེ
11a2 བྲག་ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོག་ཧ་ཅང་མི་ཚ་བ། ཧ་ཅང་ལན་ཆ་མི་ཆེ་བ། ཧ་ཅང་མི་སྦྱར་བ། ཧཅང་མི་དང་ར་བ། ཧ་ཅང་མི་སྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི
11a3 རྩུབ་པ། ཁ་བ་དང་། ཚ་བ་དང་། ལན་ཆ་དང་། སྐྱུར་བ་དང་། དང་ར་བ་དང་། བསྐ་བ་དང་། སྣོམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་། བཏུང་བ་དག་གིས
11a4 དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ།། དེ་ནས་མངལ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར། འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན། ལག་པ་ནི་གསེར་གྱི་གདུ་བུ་དང་།
11a5 ནོར་བུ་དང་། མུ་ཏིག་གིས་གཏམས། དོ་ཤལ་དང་སེ་མོ་དོ་རྣམ་པར་འབྱུང་བ་དང་། ཟམ་པ་དང་གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར་ནི་ཐོགས། མིག་ནི་མིག་སྨན
11a6 གྱིས་བྲིས། གཞིན་ནི་དམར་རྩིའི་ཐིགས་ལེས་མཛེས་པར་བྱས། སོ་ནི་མེ་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་འདའ་དང་།
11a7 ཟླ་བ་དང་། ངང་པ་དང་། བའི་འོ་མ་དང་། དུང་དང་། པདྨའི་རྩ་བ་ལྟར་དྲི་མ་ནི་མེད། རྐེད་པ་ནི་གསེར་གྱི་འོག་པག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས
11a8 ནས། གསེར་གྱི་མཆོད་སྡོང་མེ་ཏོག་གིས་ཀླུབས་པ་ལྟ་བུ་དེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ། ཀླུ་དང་རོལ་མོའི་སྒྲ་བྱེད་པའི་རོལ་མོ་མཁན་དང་སྟེང་གི་ཁང་བཟང




iiif viewer powered by OpenSeadragon

10b - 11b

Texts on this page

F6 - dge slong ma'i 'dul ba rnam par 'byed pa