| | e-texts navigator
|
262b1 མགོན་པོའི་མཚན་བརྗོད་ཅིང་། །ངག་གིས་སྦྱོར་བ་ཚོགས་བགྱིད་ཤོག་།ཇི་སྲིད་བདག་ནི་འཁོར་བ་ན། །དེ་སྙེད་བདག་གི་ཡིད་འབྱུང་བ། །དེ་སྙེད་མགོན་པོ་རྗེས་དྲན་ཞིང་། །ཡིད་སྦྱོར་ཚོགས་པར་བགྱིད་གྱུར་ཅིག་།དེ་ལྟར་ལུས་དང་ངག་ཡིད་ཀྱིས། །ཐུགས
262b2 རྗེའི་དབང་ཕྱུག་རྟེན་བགྱིས་པས། །ལུས་དང་ངག་ཡིད་སྐྱོན་བྲལ་ཞིང་། །ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག་།དེ་ལྟར་ལུས་ངག་ཡིད་ཀྱིས་སུ། །ཐུགས་རྗེའི་དབང་ཕྱུག་སྐུ་གསུང་ཐུགས། །རྟག་ཏུ་སྦྱོར་བར་བགྱིད་པས་ན། །ཐུགས་རྗེའི་དབང་ཕྱུག་སྤྱན
262b3 རས་གཟིགས། །སྲིད་གསུམ་རེ་བའི་གནས་གཅིག་པོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །དེ་འདྲར་བདག་ཀྱང་གྲུབ་གྱུར་ཏེ། །སྲིད་གསུམ་རེ་རྫོགས་བགྱིད་གྱུར་ཅིག་།ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭཱ་རཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱ
262b4 སྭ་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་བརྟི། ཙིནྟཱ་མ་ཎི་མ་ཧཱ་པདྨེ་རུ་རུ་ཏིཥྛ། ཛྭ་ལ་ཨཱ་ཀརྵ་ཡ་ཧཱུ~ཾ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་རྫོགས་།། །།ོཾ་པདྨེ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུ~ཾ། སྙིང་པོའོ། །ོཾ་བྷ་ར་ད་པདྨེ་ཧཱུ~ཾ། ཉེ་བའི་སྙིང་པོའོ། །
262b5 ཨོཾ་མ་ཎི་བཛྲེ་ཎི་ཧཱུ~ཾ། གསང་བའི་སྙིང་པོའོ། །སྔགས་སྙིང་བཞི་འབྱུང་བ་དང་། སྨོན་ལམ་དང་ཚིགས་སུ་བཅད་པ་དང་སྔགས་སུ་བཅས་པ་རྫོགས་།། @#། །རྒྱ་གར་སྐད་དུ།
262b6 ཨཱརྱ་བྷ་དྲ་ཙཨཱརྱ་པྲ་ཎིདྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང
262b7 གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ
iiif viewer powered by OpenSeadragon
262a - 263a