e-texts navigator
Collection
Volume
Page
Wylie

244a1 པ་བཞིའི་མཚན་ནས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་ཐམས་ཅད་ཀྱི་སྐྱེ་བ་མང་པོའི་སེར་སྣ་བྱས་པའི་མི
244a2 དགེ་བའི་ལས་བཅོམ་ཞིང་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པའི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་མང་པོ་བྱད་གཟུགས་མི་སྡུག་པ
244a3 བཅོམ་ཞིང་གཟུགས་དང་མཚན་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ཀྱི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་མང་པོའི་སྐོམ་པ་སྤངས་ཤིང་ཚིམ་པར་འགྱུར་ཏེ།
244a4 སྦྱིན་པའི་གནས་ཡིད་བཞིན་དུ་ཟ་བ་དང་ཆོག་ཅིང་འགྲངས་བར་འགྱུར་རོ། །དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བའི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་མང་པོའི་འཇིགས
244a5 པ་ཐམས་ཅད་དང་བྲལ་ཏེ། ཀྱི་ཁམས་ཐམས་ཅད་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ལ་སོགས་པས་དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་དེ་བྱིན་གྱིས་བརླབས་པའི་འོག་ཏུ་སེ་གོལ་ལན་གསུམ
244a6 བྱས་ཏེ། གཏོར་མའི་སྣོད་བླངས་ནས་ལག་པ་བརྐྱང་སྟེ། ས་གཙང་མར་བླུག་པར་བྱའོ། །དེ་ལྟར་གཏོར་མ་སྦྱིན་པར་བྱས་ན་ཕྱོགས་བཞི་ནས་ལྷགས་པའི་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་སོ་སོ་ནས་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མས་བཅལ
244a7 བའི་བྲེ་བདུན་བདུན་ཐོབ་པར་འགྱུར་རོ། །ཁ་ཟས་དེ་དག་ཀྱིས་ཡིད་བཞིན་དུ་ཟ་བ་དང་། ཆོག་འགྲངས་པ་དང་། ཀྱི་ཁམས་སྤོང་བ་དང་། མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །དགའ་བོ་གལ་ཏེ་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ




iiif viewer powered by OpenSeadragon

243b - 244b

Texts on this page

D1080 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs