| | e-texts navigator
|
241a1 ཀྱེ་ཀུན་དགའ་བོ་ཁྱོད་གནངས་འཆི་བར་འགྱུར་ཏེ། ཀྱི་གནས་འདིར་སྐྱེ་བར་འགྱུར་རོ། །ཀུན་དགའ་བོས་སྨྲས་པ། བརྟེན་པའི་ཐབས་ཅི་ཡོད། མོས་སྨྲས་པ། ཀུན་དགའ་བོ་གལ་ཏེ་ནང་བར་གང་གཱའི་ཀླུང་བྱེ་བ
241a2 ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་གི་རེ་རེ་ལ་ཡང་ཟས་དང་སྐོམ་ཡུལ་མ་ག་དྷཱའི་བྲེ་བོ་ཆེ་བདུན་བདུན་ཙམ་བྱིན་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ལ། བདག་གི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ན། དེ་ལྟ་ན་ཁྱེད་ཀྱི་ཚེ་ཡང
241a3 ཕྱིར་ནུར་བར་འགྱུར་ལ། བདག་ཀྱང་ཀྱི་འཇིག་རྟེན་ནས་ཤི་འཕོས་ཏེ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀུན་དགའ་བོས་མོ་ཁ་འབར་མ་རིད་ཅིང་མདོག་ངན་ལ་ལུས་སྐེམ་པ། ཁ་ནས་མེ་ལྕེ་འབར་བ། ལྟོ་དང་ཁ་སྐམ་པ།
241a4 རལ་བའི་ཕུང་པོ་གཡེངས་པ། སྤུ་དང་སེན་མོ་རིང་བ་མཐོང་སྟེ། ཚིག་མི་སྙན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས་སྐྲག་ཅིང་དངངས་ཏེ། སྤུ་ཟིང་ཞེས་བྱེད་ནས། སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ་དང་། ཤིན་ཏུ་མྱུར་བའི་ཤུགས་ཀྱིས་བཅོམ་ལྡན་འདས
241a5 ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། འདར་བཞིན་དུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་སྐྱབས་མཛད་དུ་གསོལ། བདག་ནི་གནངས་སྲོག
241a6 འགུམ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་གིས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས་འཆི་བར་འགྱུར་རོ་ཞེས་མཆི་ན། བདག་གིས་ཐབས་ཅི་མཆིས་ཞེས་སྨྲས་ན། དེའི་མཆིད་ནས་གལ་ཏེ་ཁྱོད་ཀྱིས་གང་གཱའི་ཀླུང་བྱེ་བ
241a7 ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ན། དེ་ལྟ་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་བར་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ
iiif viewer powered by OpenSeadragon
240b - 241b