| | e-texts navigator
|
177a1 ལ་ནི་མིང་ཐ་ཞེས་སུ་བཏགས་སོ། །ཉེར་ཞི་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ད་ཞེས་སུ་བཏགས་སོ། །ཆོས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དྷ་ཞེས་སུ་བཏགས་སོ། །མིང་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང
177a2 ན་ཞེས་སུ་བཏགས་སོ། །ལམ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཊ་ཞེས་སུ་བཏགས་སོ། །གནས་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཋ་ཞེས་སུ་བཏགས་སོ། །ཀུན་ནས་འཁྲུལ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཌ་ཞེས་བླ
177a3 དགས་སུ་བཏགས་སོ། །རང་བཞིན་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཌྷ་ཞེས་སུ་བཏགས་སོ། །ཡུལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཎ་ཞེས་སུ་བཏགས་སོ། །དོན་དམ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་པ་ཞེས་སུ
177a4 བཏགས་སོ། །འབྲས་བུ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཕ་ཞེས་སུ་བཏགས་སོ། །འཆིང་གྲོལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་བ་ཞེས་སུ་བཏགས་སོ། །སྲིད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་བྷ་ཞེས་སུ་བཏགས
177a5 སོ། །དྲན་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་མ་ཞེས་སུ་བཏགས་སོ། །མི་འགྱུར་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཡ་ཞེས་སུ་བཏགས་སོ། །རྒྱུ་རྐྱེན་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཝ་ཞེས་སུ་བཏགས་སོ། །
177a6 རྡུལ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ར་ཞེས་སུ་བཏགས་སོ། །བཅོམ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ལ་ཞེས་སུ་བཏགས་སོ། །ཞི་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཤ་ཞེས་སུ་བཏགས་སོ། །ཤེས་པ་སྐྱེ
177a7 བར་བྱེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཥ་ཞེས་སུ་བཏགས་སོ། །རྣམ་པ་ཐམས་ཅད་ཤེས་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ས་ཞེས་སུ་བཏགས་སོ། །རྒྱུ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཧ་ཞེས་སུ་བཏགས་སོ། །
iiif viewer powered by OpenSeadragon
176b - 177b