| | e-texts navigator
|
160a1 ཡང་དག་དངོས་མིན་པའི། །རྡོ་རྗེ་སྨེ་བ་བརྩེགས་པའི་སྲས། །བདུད་འདུལ་རྡོ་རྗེ་སྲིན་པོ་དེས། །རྡོ་རྗེ་ཤུགས་ཀྱི་དམ་པ་བྱིན། །ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མ་ཎ་ཌ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་རཾ་ཞེས་གདུལ་སྦྱོང་དྲག་པོའི་དཀྱིལ་འཁོར་དུ་སྦྱངས་སོ། །ཏ་ཀེཾ་ཏ
160a2 ཀེཾ་ཕཊ། ཧ་ལ་ཧ་ལ་ར~ཾ། ཏཱིཀྵྞ་ཏཱིཀྵྞ་ཁཾ་ཀྲོ་དྷ་ཀྲོ་དྷ་ཡཾ་ཞེས་དངོས་པོ་ཐམས་ཅད་སྟོང་པར་སྦྱངས་སོ། །ོཾ་ཞེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཅུག་གོ། །མུཾ་ཞེས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་བཞུགས་སོ། །ཧཱུ~ཾ་ཞེས་རྩ་བ་བྱང་ཆུབ་སེམས་ཀྱི
160a3 དཀྱིལ་འཁོར་དུ་གནས་སོ། །ི་དན་ཏི། ན་ར་གན་ཏེ། བ་རི་ཧྲྀ་ད་ཡེ། ནཱ་མ་བསྟི་ནཱཾ། ས་མ་ཡ་རཀྵ་སི། སི་ཏི་པི་ན་བཛྲ། ཨ་མྲྀ་ཏོ་ཏ་ཀཾ་ཞེས་དམ་ཚིག་དམ་པ་བྱིན་ནོ། །ོཾ་ཨཱཿཧཱུ~ཾ་ཞེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དམ་པ་བྱིན་ནོ། །ོཾ་བཛྲ་ཨ་མྲྀ་ཏ། ཨེ
160a4 ཧྱེ་ཧི་སརྦ་མ་ན་ཧཱུ~ཾ་ཧྲཱི་ཐ་ཞེས་དབང་དམ་པ་བྱིན་ནོ། །དེ་ནས་ཡང་ལས་ཀྱི་སྲིན་པོ་དེས་རང་གི་རིས་ཀྱི་ལྷ་ལ་གསོལ་བ་བཏབ་པ། སྔོན་ཚེ་གོང་ནས་འབྲེལ་བ་ཡི། །བདག་གི་ཉེ་གནས་གང་ལགས་པ། །ལས་འཕྲོ་དང་ནི་ཐུགས་རྗེ་ཡིས། །ད་ལྟ་ཉིད་དུ་འབབ་པར་ཤོག་།
160a5 ཅེས་བསྐུལ་པས། དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའི་དབྱིངས་ནས་ཉི་མའི་དཀྱིལ་འཁོར་ཧཱུ~ཾ་གི་སྙིང་པོ་འོད་ཟེར་དང་བཅས་པས་ཁོ་ན་ཉིད་ཀྱི་སྙིང་གར་ཐིམ་པས་རང་གི་རིས་དམ་པ་ཉིད་དུ་ངེས་པར་གྱུར་ཏོ། །ཧ~ཾ་ཞེས་མཐོང་བ་ཡོངས་སུ་དག་སྟེ་ཐམས་ཅད་མ་འདྲེས
160a6 པ་དང་ཡོངས་སུ་རྫོགས་པར་མཐོང་ངོ་། །རྡོ་རྗེ་ཞེས་མིང་བཏགས་ནས། རྡོ་རྗེ་ཐེག་པའི་གསང་སྒོར་བཞག་གོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སངས་རྒྱས་ཀུན་གྱི་དགོངས་པ་བསྐུལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས
160a7 ལས་ཀྱི་སྲིན་པོ་དེའི་ཉེ་གནས་འདུས་པའི་ཚོགས་ཕལ་པོ་ཆེ་རྣམས་རང་རང་གི་ལས་དག་པ་དང་། །སངས་རྒྱས་མང་པོ་མཐོང་བ་དང་། བྱིན་རླབས་ཀྱི་འོད་ཟེར་གྱིས་རྒྱུད་སྦྱངས་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་རྒྱུད་དང་། སྐྱེ་བ་སྔ་ཕྱི་མཐའ་ཡས་པ
iiif viewer powered by OpenSeadragon
159b - 160b