e-texts navigator
Collection
Volume
Page
Wylie

129a1 དུ་རབ་ཏུ་འགུལ། ལྡེག་།རབ་ཏུ་ལྡེག་།ཀུན་དུ་རབ་ཏུ་ལྡེག་།འུར། རབ་ཏུ་འུར། ཀུན་དུ་རབ་ཏུ་འུར། ཆེམ། རབ་ཏུ་ཆེམ། ཀུན་དུ་རབ་ཏུ་ཆེམ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ། ཤར་མཐོ་ན་ནུབ་དམའ། ནུབ
129a2 མཐོ་ན་ཤར་དམའ། ལྷོ་མཐོ་ན་བྱང་དམའ། བྱང་མཐོ་ན་ལྷོ་དམའ་བར་གྱུར་ཏེ། ཕྱི་ནང་གི་མུན་པ་ཐམས་ཅད་སྦྱངས་ནས་འགྲོ་བ་མཐའ་ཐུག་པ་མེད་པ་དག་སྤྲོ་བའི་ངོ་མཚར་བསྐྱེད། སེམས་ཀྱི་དཀྱིལ་འཁོར་འོད་གསལ། ཐེག་པ་ཆེན་པོའི་ཆོས་ཉིད་ཀྱི་དགའ
129a3 བའི་རོ་ཚོར། ཐམས་ཅད་རེ་ཞིང་དམ་པའི་ཆོས་ཉིད་དུ་སྣང་བ་ནི་འདི་ལྟ་སྟེ། འཇིག་རྟེན་མཐའ་ཡས་རྡུལ་སྙེད་དུ། །སྤྲུལ་པ་མཐའ་ཡས་རྡུལ་སྙེད་སྤྲོས། །མུན་བསལ་དངོས་པོ་ཀུན་སྦྱངས་ཏེ། །ཐམས་ཅད་མ་བཅོས་དེ་བཞིན་སྣང་། །སྤྲུལ་པའི་དོན་ནི་རྡུལ་སྙེད
129a4 ལས། །ཆོས་ཉིད་ངེས་པར་སྣང་བའི་སྒོ། །གཉིས་ལས་བཅུ་བཞིར་སྣང་བ་ནི། །ཡི་གེའི་འབྲུ་ཚོགས་གསལ་བར་སྣང་། །ལང་ཀའི་བདག་པོ་འདི་ལྟ་སྟེ། ཨ་ཆོས་ཀྱི་དབྱིངས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱུ~ཾ་ཡེ་ཤེས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །
129a5 ཧཱུ~ཾ་མི་གཡོ་བའི་ཆོས་ཉིད་ཡོངས་སུ་སྣང་བའི་སྒོའོ། །ོཾ་ཅིར་ཡང་སྣང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྭཱ་སྣ་ཚོགས་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ོཾཿམཐའ་ཡས་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱ་དོན་ཡོད་གྲུབ་པའི་ཆོས་ཉིད
129a6 རྣམ་པར་སྣང་བའི་སྒོའོ། །མཱུ~ཾ་བརྗོད་པ་ལས་འདས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ལཱཾ་སྐྱེ་འགག་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །རྨཱ~ཾ་མི་ཟད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཕྱཱ~ཾ་སྐྱོན་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །
129a7 ཏཱ~ཾ་ཐོགས་པ་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧྲཱིཾཿགསུང་འཛིན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏྲཱཾ་གོ་འབྱེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྵ་མཐོང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཛྲཱིཾ་འཇོམས་པའི་ཆོས་ཉིད་རྣམ་པར་སྣང




iiif viewer powered by OpenSeadragon

128b - 129b

Texts on this page

D829 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo