| | e-texts navigator
|
260a1 ཅན་ཀུན་ལ་ཕན་དོན་དུ། །མྱུར་དུ་དངོས་གྲུབ་སྦྱིན་མཛད་པ། །གྲུབ་པའི་རྡོ་རྗེ་ཁྲོ་བོ་སྟེ། །ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག་།ོ~ཾ་ཧཱུ~ཾ་བཛྲ་ཕཊ་ས། འདི་བརྗོད་པ་ཙམ་གྱིས་ལྷ་ཐམས་ཅད་གྲུབ་པར་བྱེད་དོ། །དེ་ནས་འདིར་རྡོ་རྗེ་གསོར་བ་བཤད་པ། །འདི་ལྟར་ཡི་གེ་ཧཱུ~ཾ་ཟློས
260a2 ཤིང་ཕྱག་ན་རྡོ་རྗེས་གསུངས་པ་ལྟར། ལྷ་ཐམས་ཅད་གཞོམ་ཞིང་ལྷའི་བུ་མོ་ཐམས་ཅད་དང་། གནོད་སྦྱིན་མོ་དང་། ཀླུ་མོ་དང་། འབྱུང་མོ་རྫུ་འཕྲུལ་ཆེན་མོ་ཅན་རྣམས་སྐད་ཅིག་དེ་ཉིད་ལ་གཞོམ་པར་བྱ་སྟེ། རྡོ་རྗེ་གསོར་བའི་སྦྱོར་བ་དང་ལྡན་པས། ཨོ~ཾ་བཛྲ་དཱིཔྟ་མ་ཧཱ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ
260a3 མཱ་ར་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། བརྒྱ་རྩ་བརྒྱད་བཟླས་ཏེ། སྐད་ཅིག་དེ་ཉིད་ལ་ལྷ་ཐམས་ཅད་གསོད་ཅིང་འཁྲུག་པར་བྱེད་དོ། །ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། སྦྱོར་བ་འདིས་ཀྱང་ངེས་པར་སངས་རྒྱས་རྣམས་ཀྱང་ཞིག་པར་བྱེད་དོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། ཁྲོ་བོའི་ཕྱག་རྒྱ་གོ་ཆ་བྱས་ལ
260a4 སྔགས་འདིས་དབབ་པར་བྱའོ། །ོཾ་བི་ཤྱ་ཀྲོ་དྷ་ཧཱུ~ཾ་ཧཱུ~ཾ་ཨ་ཛྭ་ལ་མ་ལ་ཨ་ཀུ་ལ། བྷི་ཥ་ཎ་བཛྲ་ཨ། འདི་བརྗོད་པ་ཙམ་གྱིས་ཕྱི་རོལ་གྱི་དབབ་པ་དང་དགུག་པ་དང་ལྟུང་བར་བྱ་བ་རྣམས་ནུས་པར་འགྱུར་རོ། །དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག
260a5 རྒྱས་པར་བཤད་པ། ཨོ~ཾ་བྷཱུ་ཤྲཱི་སིདྷ་དྷྭ་ཛ་དྷི་རི་ཧྲཱིཿ། ཁྲོ་བོའི་མདུན་དུའོ། །ོ~ཾ་ཧཱུ~ཾ་བྷྲ~ཾ་མ་ཧཱ་པདྨ་བ་ཏི་དྷ་ནུར་བན་དྷ་རི་ཧཱུ~ཾ། རྒྱབ་ཏུའོ། །ོ~ཾ་ཧཱུ~ཾ་བི་ཧཱུ~ཾ་ཏི། ཨོ~ཾ་ཀུ་ཤོ་དྷཱ་རི་ཎི་ཧཱུ~ཾ་ཛ། ལྷོ་རུའོ། །ཧཱུ~ཾ་བྷཱུ་སུ་ར་ཧ་རི་ཎི་ཙིནྟཱ་མ་ཎི་དྷཱ་ཛདྷཱ་ར་ཎི་སྲུ~ཾ། གཡོན་དུའོ། །ོ~ཾ་ཤྲཱི་བར་ཧ་རི་ཎི་པུཥྤ་ཧ་སྟེ
260a6 ཧཱུ~ཾ། མེ་ཏོག་དབང་ལྡན་གྱི་གྲཝར། ཨོ~ཾ་ཤྲཱི་རཧྣེ་ཤྭ་རི་དྷུ་པ་ཧསྟེ་ཧཱུ~ཾ། སྤོས་མེའི་གྲཝ་རུ་འོ། །ོ~ཾ་ཤྲཱི་བྷཱུ་ཥི་ཎི་གནྡྷ་ཧ་སྟེ་ཧཱུ~ཾ། དྲི་བདེན་བྲལ་དུའོ། །ོ~ཾ་ཤྲཱི་ཛ་ག་ཏ་པཱ་ལི་ནི་ཨ་དྷི་པ་ཏི་ཧཱུ~ཾ། མར་མེ་རླུང་དུའོ། །དེ་ནས་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པར་བཤད་པ་ཁུ་ཚུར་ཕན་ཚུན
260a7 བཅངས་ཏེ་མཛུབ་མོ་གཉིས་བརྐྱང་བ་ནི་སེང་གེའི་རྒྱལ་མཚན་མའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བརྐྱང་བ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་རྐེད་པའི་ཕྱོགས་སུ་བཞག་པ་ནི་གཞུ་དང་མདའི་ཕྱག་རྒྱའོ། ལག་པ
iiif viewer powered by OpenSeadragon
259b - 260b