e-texts navigator
Collection
Volume
Page
Wylie

145a1 རྒྱབ་ཀྱི་གདོང་གཅིག་ནི་ཁྲོ་གཏུམ་ཆེ་ཞིང་རབ་ཏུ་དཀོན་པའི་མཚན་ཅན་དུ་བགྱིའོ། །སྤྱི་བོའི་གདོང་གཅིག་ནི་སངས་རྒྱས་ཀྱི་ཞལ་ཀྱི་གཟུགས་ཅན་དུ་བགྱིའོ། །མགོ་རྒྱན་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་སངས་རྒྱས་ཀྱི་སྐུ་བཞུགས་པར་བགྱིའོ། །བྱང་ཆུབ་སེམས
145a2 དཔའ་སྤྱན་རས་གཟིགས་དབང་ཕྱུག་དེའི་ལུས་ནི་དོ་ཤལ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པར་བགྱིའོ། །གཟུགས་བགྱིས་ལགས་ནས་སྨོན་པ་རྣམས་གྲུབ་པར་འཚལ་བ་གང་ལགས་པ་དེས་གོས་སར་པ་གཙང་མ་བགོས་ཏེ་སྨྱུང་བ་བགྱིས་ནས་སྡོམ་པ་ཡང་དག་པར་བླངས་ཏེ
145a3 ཟླ་བ་དཀར་པོ་ཡར་གྱི་ངོ་ཚེས་གཅིག་ནས་ཚེས་བརྒྱད་ཀྱི་བར་དུ་གདུགས་གཅིག་ལ་དུས་གསུམ་དུ་སྔགས་འདི་ལན་བརྒྱ་རྩ་བརྒྱད་དམ་ཡང་ན་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིའོ། །དེ་སླན་ཆད་གནས་དབེན་པ་ཞིག་ཏུ་སྟན་གཙང་མ་བཏིང་སྟེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས
145a4 དབང་ཕྱུག་གི་གཟུགས་བགྱིས་པ་བཞག་ནས་ཁ་ནུབ་ཕྱོགས་སུ་བསྟན་ཏེ་ཉམས་ཀྱིས་ཅི་འབྱོར་པའི་བཟའ་བ་དང་བཏུང་བ་དག་གིས་མཆོད་ནས་ཨ་ག་རུ་དང་དུ་རུ་སྐ་འབའ་ཞིག་གིས་བསྲེག་པར་བགྱིའོ། །རྣལ་འབྱོར་བ་དེ་འབྲུ་ཕྱེ་དང་འོ་མའི་ཟས་འཚལ་ནས་སྔ་མ་བཞིན་དུ་བཟླས་བརྗོད་བགྱིས
145a5 ཏེ་གདུགས་གསུམ་པ་ལ་ཐུག་པའི་བར་དུ་བགྱིའོ། །དེ་སླན་ཆད་མཆོད་པའི་ཡོ་བྱད་བཤམས་པ་ཡང་སྔ་མ་བས་ཆེས་ཁྱད་པར་དུ་འཕགས་པར་བགྱིའོ། །རྣལ་འབྱོར་པ་དེ་ཟས་དཀར་གསུམ་པོ་འདི་ལྟ་སྟེ། འོ་མ་དང་ཞོ་དང་། འབྲས་ཆན་འབའ་ཞིག་འཚལ་བར་བགྱིའོ། །བྱང
145a6 ཆུབ་ཀྱི་ཤིང་བླངས་ནས་གཟུགས་དེའི་མདུན་དུ་ཞུགས་སྤར་བར་བྱའོ། །གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་གཏུབས་ཏེ་དུ་རུ་སྐའི་མར་གྱི་ནང་དུ་སྤངས་ནས་གདུགས་གཅིག་ལ་དུམ་བུ་གཅིག་བླངས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང
145a7 ཐམས་ཅད་བས་པར་གྱུར་ན་དེའི་ཚེ་ས་ཆེན་པོ་རྣམས་རབ་ཏུ་གཡོ་བར་འགྱུར་ལ་དེའི་དབང་གིས་སྐུ་གཟུགས་བགྱིས་པ་དེ་ཡང་རབ་ཏུ་གཡོ་ཞིང་ནང་གི་གོང་ན་མཆིས་པའི་གདོང་གི་ཁ་ནས་སྒྲ་བྱུང་ནས་རྣལ་འབྱོར་པ་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འདི




iiif viewer powered by OpenSeadragon

144b - 145b

Texts on this page

D694 - 'phags pa zhal bcu gcig pa'i rig sngags kyi snying po zhes bya ba'i gzungs