| | e-texts navigator
|
229a1 ཅན་མའིའོ། །ོ~ཾ་ཉོན་མོངས་བདག་ཏུ་བཟུང་ན་འཁོར་བར་སྐྱེ། །དེ་ལ་ཡང་ཡང་བརྟགས་ན་ངན་འགྲོར་སྐྱེ། །རང་བཞིན་མེད་པར་ཤེས་ནས་གྲོལ་བར་འགྱུར། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕག་གདོང་མའིའོ། །ོ~ཾ་ཆོས་རྣམས་དག
229a2 པར་མཐོང་ན་མཐོ་རིས་ཐོབ། །གཉིས་འཛིན་རྟོག་པ་ཆད་ན་མྱ་ངན་འདའ། །སྒྱུ་མའི་སེམས་དང་ལྡན་ན་གཞན་དོན་འབྱུང་། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཁྲོ་གཉེར་ཅན་མའིའོ། །ོ~ཾ་རང་ཚུལ་སྤྱོད་ལ་ཆགས་པས་ས་བོན་རུལ། །གཞན་ཚུལ་དམན་པར་བརྗོད
229a3 པས་ཞིང་ས་ཚིག་། ལུས་ངག་གཙང་སྦྲ་ཙམ་ལས་བྱང་ཆུབ་རིག་།མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ས་འཛིན་མའིའོ། །ོ~ཾ་བདག་ལྟ་མུན་པའི་དུག་གིས་བརྒྱལ་བ་ལ། །བདག་མེད་ཕྱོགས་བྲལ་ཡེ་ཤེས་བདུད་རྩི་སྨན། །ཕ་རོལ་ཕྱིན་བཅུ་སྤྱོད་དང་རྟོགས
229a4 སྩོལ་མཛད། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དུག་སེལ་མའིའོ། །ོཾ་ངང་ཚུལ་བཟང་སྤྱོད་ང་རྒྱལ་ཞེན་པ་མེད། །གཞན་སྤྱོད་བཏང་སྙོམས་བྱས་ནས་རང་སེམས་སྤྱོད། །སྲེད་མེད་བཟོད་ལྡན་ངང་གིས་རྒོལ་བ་ལགས། །མགོན་པོ་སྤྱན་རས་གཟིགས་ལ
229a5 ཕྱག་འཚལ་ལོ། །རི་ཁྲོད་མའིའོ། །ོ~ཾ་ཁྲེལ་ཡོད་ངོ་ཚ་ཤེས་ཤིང་གཏོང་ལ་དགའ། །དད་དང་ཐོས་ལྡན་ཚུལ་ཁྲིམས་ཤེས་རབ་བཟང་། །ཆོག་ཤེས་འདོད་ཆུང་འདི་དང་གཞན་དུ་ཕྱུག་།མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ནོར་རྒྱུན་མའིའོ། །ོ~ཾ་ཡི་གེ
229a6 འདྲི་མཆོད་སྦྱིན་ཉན་ཀློག་དང་འཆད། །ཁ་དོན་འཛིན་སེམས་བསྒོམ་བརྩོན་དེ་ལ་ཆུའི། །ཁྲུས་སོགས་སྨྱུང་གནས་དཀར་གཙང་ཡོན་ཏན་སྩོལ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དཀར་མོའིའོ། །ོ~ཾ་རང་སེམས་དུལ་ཞིང་ལུས་ངག་བག་ཡོད་སྤྱོད། །
229a7 འཇིག་རྟེན་འཇིག་རྟེན་འདས་མཆོད་དམ་པ་འཛིན། །ཐོས་བསམ་བསྒོམ་བརྩོན་དེ་ནི་དགྲ་ལས་རྒྱལ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་མའི་གླུའོ། །ོ~ཾ་ཐ་དད་ཀྱིས་འཆིང་དབྱེར་མེད་གྲོལ་བ་ཡི། །ཐབས་དང་ཤེས་རབ་བདེ་ཆེན་བྱང་ཆུབ་ལམ། །རྣམ
iiif viewer powered by OpenSeadragon
228b - 229b