| | e-texts navigator
|
272b1 ཀྱང་། །ཕྲེང་བ་ཙནྡན་ལ་སོགས་པས། །མཆོད་ནས་དེ་ཡི་འོག་ཏུ་ནི། །ཕྱི་རོལ་དུ་ནི་སྔར་བཞག་པའི། །དྲི་ཆུ་ལ་སོགས་བཀང་བའི་སྣོད། །དེ་བླངས་མཆོད་ཡོན་ཕུལ་ནས་ནི། །འཇམ་དབྱངས་ཁྲོ་བོ་མི་བཟད་པའི། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །
272b2 བཞུད་ནས་ཀྱང་ནི་ཡོན་ཆུ་དེ། །དཀྱིལ་འཁོར་ལ་ཡང་དབུལ་བར་བྱ། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ན། །དངོས་གྲུབ་མཚུངས་མེད་འདོད་པ་ཡི། །རིག་སྔགས་འཆང་གིས་དེ་ལྟར་ནི། །མཆོད་པ་རྟག་ཏུ་ལེགས་པར་བྱ། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །འཇམ
272b3 དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཕལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ་གཉིས་པའོ། ། །།དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ། ཨོཾ་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿཔྲེ་ཏ་མུ་ཁ་ཁ་ད་ཀླ་སྭཱཧཱ། དབུས་ཀྱི་ཡི
272b4 དགས་ཀྱིའོ། །ོཾ་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿཱ་ཀྲོ་དྷ་བི་ཛཱ་ཡ། ཨགཱིར་ཛྭཱ་ལི་ཏེ་ཛི་ཧྭེ་པྲེ་ཏེ་ཤྭ་རི་ཧཱུ~ཾ་ཕཊ། འདི་ནི་གྲཝའི་བེ་ཅོན་བཞིའི་སྔགས་སོ། །ོཾ་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿོཾ་པྲེ་ཏ་ཐོད་ལཀྤ་ཡ་ཧཱུ~ཾ་ཕཊ། ཤར་གྱི་སྒོའི་ཀྱིའོ། །ོཾ་པྲེ་ཏ་བིགྷྣནྟ་ཀ་ཧཱུ~ཾ་ཕཊ། ལྷོ་སྒོའི
272b5 ཀྱི་འོ། །ོཾ་པྲེ་ཏ་ཛྭ་ལ་ཧཱུ~ཾ་ཕཊ། ནུབ་ཀྱི་སྒོའི་སོ། །ོཾ་ཀྵི་པྲ་པྲེ་ཏོད་ག་ཏ་ཧཱུ~ཾ་ཕཊ། བྱང་སྒོའི་ཀྱིའོ། །ོཾ་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿཔྲེ་ཏམཱ་ལེ་བི་ཀྲྀ་ཏེ། པྲེ་ཏམཱ་ལེ་བི་ཀྲྀ་ཏེ། པྲེ་ཏམཱ་ལེ་བི་ཀྲྀ་ཏེ། གུ་ཧྱ་པེ་ཙི་ཀ་མུ་ཁི་སརྦ་ར་ཀྵོ་པ་ཛུཥྚོ་ཧཱུ~ཾ་ཕཊ།
272b6 ཕྲེང་བའི་འོ། །འདི་ནི་ཀྱི་དཀྱིལ་འཁོར་གྱི་སྔགས་ཀྱི་ཚོགས་སོ། །ད་ནི་ཁྲོ་བོ་གཤིན་རྗེ་གཤེད་སྤྱན་དྲང་བ་ལ་སོགས་པའི་སྔགས་ལ་སོགས་པ་འབྱུང་ངོ་། །ོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿ། ཀྲོ་དྷ་བར་བཱི་ར་སརྦ་མ་ཡེ་ན། ཨཱ་གཙྪ། ཨཱ་གཙྪ། ཨོཾ་ཨཱཿཧཱུ~ཾ། ཨི་དཾ་པྲེ་ཏ། ཨཱ་ས
272b7 ན་ཎ། པྲེ་ཏོད་ག་ཏན། རཀྵ་ར་ཀྵ་སྭཱཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྤྱན་དྲང་བའི་སྔགས་སོ། །ོཾ་ཛྭཱ་ལ་ཛྭཱ་ལ་ཏི་བི་གྲ་ཧ་ཧཱུ~ཾ་ཕཊ། གོ་ཆའི་འོ། །ོཾ་ཨཱ་ཀྲོ་དྷི་ཀཱ་ཡ་མཱནྟ་ཀ་ཧ་ནམ་ཐ་བྷཉྫ་ཧཱུ~ཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་གང་གིས་རྟོག་པ་འདི་ཡིན་པ་དེའི་སྔགས་ཡི་གེ་འབྲུ་བཅུ་བདུན
iiif viewer powered by OpenSeadragon
272a - 273a