| | e-texts navigator
|
90b1 གཞག་པ་ནོར་གྱི་སྟེ། །མཐེ་བོ་སྲེ་མོའི་སྣ་འདྲར་བྱ། །མགོ་ཡི་ཐོད་པ་ནག་པོའི་སྟེ། །བྷྲིདྒི་རི་ཏི་ལག་བརྐྱང་བ། །པི་བང་གཡོན་ཐོགས་དྲི་ཟའིའོ། །ལག་གཉིས་འབར་བ་མེ་འབར་བ། །གུང་མོ་དབྱུག་འདྲ་གཤིན་རྗེའིའོ། །རྣོ་ལ་ཁྲོ་དང་དབང་བསྒྱུར་བ། །མཐེའུ་ཆུང་རལ
90b2 གྲི་མཛུབ་ཞགས་པ། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། །ལག་ལས་སྐྱེ་བ་སྐྱེས་པར་འགྱུར། །ལྷ་རྣམས་ཀུན་གྱི་ཐུན་མོང་དུ། །པདྨོའི་ཕྱག་རྒྱ་བཀྲ་ཤིས་ཏེ། །ཀླུ་རྣམས་ཤེས་བྱ་ཨུཏྤལ། །དེ་ལྟར་སོ་ནི་གནོད་སྦྱིན་རྣམས། །སྲིན་པོ་རྣམས་ཀྱི
90b3 མགོ་ཚལ་པ། །བུད་མེད་རྣམས་ཀྱི་སོར་བཅུ་བསྣོལ། །གཟའ་རྣམས་ཀྱི་ནི་དབྱུག་པ་སྟེ། །རྒྷ་དབུལ་བ་རྒྱུ་སྐར་རྣམས། །དེ་དག་ཀུན་གྱི་སེམས་སྒྲུབ་པའོ། །མགོ་བོ་ཐོད་པ་ཁར་བཞག་པའི། །ཕྱག་རྒྱ་འདི་ནི་ཕྲ་མེན་མའི། །མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་རྣལ་འབྱོར་མ་ཡིར་བཤད། །
90b4 དེ་དག་ཀུན་ཀྱང་ཐུན་མོང་དུ། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བར་བཤད་པ་སྟེ། །ཡང་ན་ཐལ་མོ་པདྨོར་བྱ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། ། ཞེས་བྱ་བ་ལུ་གུ་རྒྱུད། །ཧཱུ~ཾ་ཞེས་བྱ་བ་གཉིས་བསྒྲེང་ལ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །རྡོ་རྗེ་བསྡམ་པ་བསྡམས་ནས
90b5 ཀྱང་། །ཧཱུ~ཾ་དང་ཨ་གཉིས་གཤིབས་ཏེ་བསྒྲེང་། ཨོ~ཾ་ཞེས་བྱ་བ་ངོས་བཅར་བའི། །ཕྱག་རྒྱ་སྣང་བ་བྱེད་པར་དགོངས། །དེ་ལས་ཨ་ཞེས་བྱ་བ་བཅིངས། །ོ~ཾ་ཞེས་བྱ་བ་ནང་དུ་གཞུག་།ོ~ཾ་ཞེས་བྱ་བ་སྔོན་བཞིན་སྦྱར། །ོ~ཾ་ཡང་ཨ་དང་འདྲ་བར་བྱ། །ཏྲཱ~ཾ་ཞེས་བྱ་བ་གཤིབས་ནས་ནི། །
90b6 དང་ཨོ~ཾ་གཉིས་ལུ་གུ་རྒྱུད། །ཧཱུ~ཾ་ཞེས་བྱ་བ་གཉིས་བསྒྲེང་ལ། །ལྷག་མ་གཤིབས་པའི་ཕྱག་རྒྱ་འདི། །བདུད་རྩི་འཁྱིལ་པར་ཤེས་པར་བྱ། །ཏྲཱ~ཾ་ཞེས་བྱ་བ་གཤིབས་ནས་ནི། །ཧཱུ~ཾ་ཞེས་བྱ་བའང་དེ་བཞིན་ནོ། །དེ་ལྟར་ཧཱུ~ཾ་ཞེས་བྱ་བ་གཤིབས། །ལྷག་མ་འོད་ཟེར་འདྲ་བར་བྱ། །རྟ་མགྲིན་ཕྱག
90b7 རྒྱ་གང་ཡིན་པ། །དེ་ཡང་ལས་རྣམས་ཀུན་ལ་གསུངས། །སྤྱན་གྱི་མིག་དང་འདྲ་བར་བཤད། །མཱ་མ་ཀཱི་ཡི་རྡོ་རྗེ་འདྲ། །དཀར་མོ་པདྨ་ཉིད་དུ་བཤད། །ུཏྤ་ལ་ནི་སྒྲོལ་མར་དགོངས། །ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས། བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ
iiif viewer powered by OpenSeadragon
90a - 91a