| | e-texts navigator
|
38b1 བཙན་རྣམས་ལས་ལ་གཞུག་པ་ནི། །ཱ་པི་ཤུ་རཀྵ་ཚལ་པ་ཚལ་པ་ཨ་ནརྀ་ཏྲྀ་ཛཿཛཿ། ཀླུ་བཙན་ལས་ལ་གཞུག་པ་ནི། །ནཱ་ག་རཱ་ཛ་ཤུལ་ཨ། ཏྲྀ་ཛཿཛཿམཱ་ར་ཡ་ནརྀ་ལོ་སོད། རྒྱལ་པོ་ལས་ལ་གཞུག་པ་ནི། །ཏྲོ་ཏ་ནི་ཏྲོ་ཏ་ནི། པ་ཏྲ་པ་ཏྲ། ཤཱུ་ལ་ཤཱུ་ལ། དྷ་ཤ་གྲཱི་བ་མཱ་ར་ཡ
38b2 ནརྀ་ཛཿཛཿརྦད། ཀླུ་རྣམས་ལས་ལ་གཞུག་པ་ནི། །ནཱ་ག་གུར་ལིང་། སྙིང་ཁྲག་བམ་རུལ། ནཱ་ག་ར་ར་ཧེ་ས་ཏད་རྦད། པུ་དུ་མ་ཤི་ཁ་ལ་རཀྵ་རྦད། གཉན་ལས་ལ་གཞུག་པ་ནི་ཨུ་ཏ་ཁ་ཁ་ད་ར་སིང་ག་རཀྴ་ཁ་ལ་ནི་དུན་མཱ་ར་ཎ་དུན་རྦད་ཛཿ། དེ་དག་གི་ཕྱག་བརྙན་ལས
38b3 ལ་གཟུང་བ་ནི་ཛ་ལ་ཛི་ནརི་ཧ་ན་ནརྀ་མ་དུ་མ། སྙིང་ཁ་ལ་ནརྀ་ཛཿཛཿ། ཛ་ནརྀ་རྦད་པུ་ཁལ་རཀྵ་རྦད། ལིང་ག་བྱད་གཞུག་རེ་བས་དྲིལ། །རྟ་ནག་ཐོད་པར་བཅུག་ནས་ཀྱང་། །ནུབ་ཀྱི་ཕྱོགས་ཀྱི་བྲག་ནག་རྩར། །མཐུན་པའི་རྫས་དང་མིང་བྱང་སྦྲག་།རྟ་ནག་ལུག་ནག་སྙིང་དག
38b4 དང་། །ལུག་ནག་མཐིང་ནག་དར་གྱིས་བརྒྱན། །རྟ་ནག་ཐོད་བཅུག་བྲག་རྩར་གཏད། །མཐུན་པའི་མིང་བྲིས་དུག་གིས་བྲབ། །མཐིང་ནག་དར་དྲིལ་མཛོ་ཐོད་གཞུག་།བ་དམར་རྟ་དམར་སྙིང་དུང་གཟུགས། །ཐོད་པར་བཤོས་ཆ་དམར་པོར་གཞུག་།ཆུ་མིག་བྲག
38b5 གི་རྩ་བ་ན། །རྩེ་ན་བྲག་དམར་ཡོད་པར་གཏད། །མིང་རུས་བྲིས་ལ་ཟ་འོག་དྲིལ། །འཇོན་མོ་སྤྲེའུ་ཡི་མགོ་ཅོ་རུ། །རྟ་དང་བྱ་དང་ལུག་དཀར་སྙིང་། །སྤྱན་གཟིགས་དཀོར་འབྲུ་ཟ་འོག་དྲིལ། །ཐོད་པར་བཅུག་སྟེ་ལྷ་ཁང་གི། །ཐེམ་པའི་འོག་ཏུ་མནན་པར་བྱ། །
38b6 ཤ་ཏྲཱུ~ཾ་སྦལ་ནག་ལྟོ་བར་བྲི། །གླང་དམར་རྭ་རུར་བཅུག་ལ་དྲིལ། །རྩི་སྨན་འབྲུ་དང་རིན་པོ་ཆེ། །བ་དམར་གླང་རུར་བླུག་ནས་ཀྱང་། །ནཱ་ག་གདུག་པའི་ལག་ཏུ་གཏད། །མཛོ་དྲེའི་ཐོད་པར་མིང་བྱང་གཞུག་།ཆུ་རྟའི་གཟུགས་དང་རྟ་སྔོན་སྙིང་། །ཐོད་པར་བཅུག་སྟེ་རྒྱ
38b7 མཚོར་སྐྱུར། །ཙ་ར་དམར་པོའི་ཐོད་པ་རུ། །ཤ་ཏྲཱུ~ཾ་མིང་གཟུགས་དར་དམར་དྲིལ། །སྔོན་དམར་དོག་པས་དམ་དུ་བཅིང་། །བྱ་དམར་ར་དམར་སྙིང་དང་གཟུགས། །ཐོད་པར་བཤོས་ཆ་དམར་པོ་གཞུག་།བྱང་ཕྱོགས་བྲག་དམར་རྩ་རུ་མནན། །བརྣག་པའི
iiif viewer powered by OpenSeadragon
38a - 39a