| | e-texts navigator
|
170b1 ལེགས་བྲིས་ནས། །གསེར་སོགས་རིན་ཆེན་རྫས་སུ་དྲིལ། །མདུན་དུ་ཟླ་བའི་གཟུགས་སྟེང་དུ། །གཞག་ལ་ཉིན་རེའི་བསྐོར་བ་ནི། །ཇི་སྲིད་བྱས་ན་བསྲུང་བར་ངེས། །སྤྱི་བོར་བཏགས་ན་གཡུལ་ལས་རྒྱལ། །རྐང་པར་བཏགས་ན་ཆུ་སྟེང་འགྲོ། །བ་ཡི་འོ་མས་ཁྲུས་བྱས་ཏེ། །ཀུ
170b2 ཤ་བ་མར་སོགས་མཆོད་ན། །གསོལ་བཏབ་ནད་རྣམས་ཐམས་ཅད་སྲུང་། །དེ་ནས་བཅོམ་ལྡན་འདས་ལས་ཕྲ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྔགས་འདི་སྐུ་དང་། གསུང་དང་ཐུགས
170b3 རྡོ་རྗེ་ལས་ཕྱུང་ངོ་། །མཱ་ར་ཡ་ཕཊ་ཅེས་བསད་པའི་འོ། །བི་དྭེ་ཥ་ཡ་དབྱེ་བའི་འོ། །ུཙྪ་ཊ་ཡ་བསྐྲད་པའི་འོ། །མོ་ཧ་ཡ་རྨོངས་པའི་འོ། །བ་ཤ~ཾ་ཀུ་རུ་དབང་དུ་བྱ་བའི་འོ། །སྟམྦྷ་ཡ་མནན་པའི་འོ། །ཱ་ཀརྵ་ཡ་ཛཿདགུག་པའི་འོ། །ོ~ཾ་ཧྲཱིཿསྭཱ་ཧཱ་མཆོད་པའི་འོ། །ོ~ཾ་ཨི་ད~ཾ་གྷ་སྭཱ་ཧཱ་ཞལ་བསིལ
170b4 གྱིའོ། །ོ~ཾ་དུཥྚ་སྭཱ་ཧཱ་དྲིའིའོ། ཨོ~ཾ་བྷོ་ཡ~ཾ་ཛཿཛ་མེ་ཏོག་གིའོ། །ོ~ཾ་ཥྚི་ཧ་ཧེ་ཕཊ་ཕཊ། བདུག་པའི་འོ། ཨོ~ཾ་དཱི་པོ་དྷ་ན་མ་ཡ་སྭཱ་ཧཱ། མར་མེའིའོ། །ོ~ཾ་བཛྲ་ནཻ་བིདྱ་ཨཱཿཧཱུ~ཾ་སྭཱ་ཧཱ། ཞལ་ཟས་ཀྱིའོ། །ོ~ཾ་ཀཱ་ལ་རཱུ་བ་ས་ཏྭ་ད་མ་ཀ་།མ་ཧཱ་བྷཱུ་ཏ་པ་ཏི། ཨི་ད~ཾ་བ་ལི་གྲྀཧྞཱ་པ་ཡ་སྭཱ་ཧཱ། གཏོར་མའིའོ། །
170b5 ཨོ~ཾ་ཧྲཱིཿཡ་མ་རཱ་ཛ་ཨེ་ཧྱེ་ཧི་ཨཱ་གཙྪ་བྷ་ག་བཱ་ན་སརྦྦ་མཱ~ཾ་ས་མེ་ད་མཛྫ། རུ་དྷི་ར་པྲི་ཡེ་བྷཀྵ་བྷཀྵ། མ་མ་སརྦྦ་སཏྭ་ད་མ་ཀ་།ཀརྨ་ཀུ་རུ་སིདྷི་སྨེ་སྭཱ་ཧཱ་ལྷ་སྤྱན་དྲང་པའིའོ། །ོ~ཾ་ཧྲཱིཿབཛྲ་ཛ་ཡེ་སུ་ཛ་ཡེ་མ་ཧཱ་བཛྲ་ཛ་ཡེ་མུ་ནི་བཛྲ་མུཿལྷ་ལ་སོགས་པ་གཤེགས་སུ་གསོལ་བའིའོ། །དེ་ནས་རྡོ་རྗེ
170b6 འཛིན་པ་ཉིད་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ལྡོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་སྔགས་ཡོངས་སུ་རྫོགས་པའི་ཕྲིན་ལས་འདི་ཉིད་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུ~ཾ་ལས་ཡོངས་སུ་རྫོགས་པ་ཡི། །རྡོ་རྗེ
170b7 འཇིགས་བྱེད་བསམ་པར་བྱ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཤེས་རབ་མོ་དང་མཉམ་དུ་སྦྱོར། །དབྱུག་པ་ཐོད་ཁྲག་ཕྱག་ན་འཛིན། །མ་ཧེ་པདྨ་ཉི་མ་ལ། །གཡོན་བརྐྱང་བ་ཡི་ཚུལ་གྱིས་བསྒོམ། །ོ~ཾ་ཡ་མཱནྟ་ཀྲྀཏ་ཧཱུ~ཾ་ཕཊ། གསང་སྔགས་རྒྱལ་པོ་འདི་བཟླས་ན། །འདོད
iiif viewer powered by OpenSeadragon
170a - 171a