| | e-texts navigator
|
86b1 ག་ཤེས་པས་དེ་རེ་རེར། །འཇོམས་བྱེད་བདག་ཉིད་ཅན་གྱིས་གཞོམ། །དེ་ལ་རྟག་ཏུ་གསང་བའི་མཆོད། །སྒོ་བཞི་རུ་ནི་རབ་ཏུ་བརྩམ། །སློབ་མས་མ་དང་ཆུང་མ་མཆོག་།སྲིང་མོ་དང་ནི་བུ་མོ་བྲི། །ཆོ་ག་ཤེས་པས་ལོངས་སྤྱད་བྱ། །དཀྱིལ་འཁོར་དེ
86b2 ཡི་དབུས་སུ་ནི། །རྒྱལ་བྱེད་རྒྱལ་བའི་རིགས་དེ་ལ། །ཕྱག་རྒྱ་དགོད་པར་རབ་ཏུ་གྲགས། །ཛིཿརྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །ཛཱཿཡིག་རྣམ་པར་རྟག་ཏུ་བྱ། །ཛཿཕྱག་ན་པདྨའི་རིགས་བྱུང་ལ། ཨཱཿཡིག་དག་ནི་རྟག་ཏུ་བྱ། །ཱཿ་འདོད་པའི
86b3 རིགས་ཀྱི་ཆོ་ག་ལས། །ཇི་ལྟར་རིག་པའི་ཨཱཿཡིག་གོ། །ཱཿ། དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་སྒྲུབ་པ་དང་ཉེ་བའི་སྒྲུབ་པ་སྟོན་པར་མཛད་དོ། །ཉ་ཆང་བཟའ
86b4 བའི་གསང་མཆོད་སོགས། །མངོན་དགྱེས་གྱུར་ནས་གང་དུ་སེམས། །སེམས་ཅན་མི་ལྡན་གནས་པར་བྱེད། །དེ་ལ་དམ་ཚིག་ཆེན་པོ་ཡི། །རྣལ་འབྱོར་བརྩམ་པར་བྱ་བ་སྟེ། །དེ་ཡི་སངས་རྒྱས་སོགས་དངོས་གྲུབ། །ཟླ་བ་གཅིག་གིས་དེ་མཐར་ཕྱིན། །ཡེ
86b5 ཤེས་འཁོར་ལོས་བསྐུལ་བ་ཡིས། །དེ་ཚེ་དེ་བཞིན་འགྲུབ་པར་འགྱུར། །ཐོག་མར་ཟླ་བ་གསུམ་དུ་ནི། །དང་པོའི་རྣལ་འབྱོར་བརྩམ་པར་བྱ། །ཕྱག་ན་རྡོ་རྗེའི་རིགས་འབྱུང་ལ། །འདིར་ནི་སྔགས་ཆེན་བསྒྲུབ་པར་བྱ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རིགས
86b6 ལ་སོགས་པ་རྣམས་ཀྱིས་དངོས་གྲུབ་ཀྱི་དམ་ཚིག་རིན་པོ་ཆེ་འཆིང་བར་བྱེད་པ་གསུངས་པ། རྣམ་པར་སྣང་མཛད་ཅེས་གཟུགས་སུ། །དེ་རུ་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཙཀྲ~ཾ་ཞེས་བརྗོད་ན། །འཁོར་ལོའི་རིག་པ་འཛིན་པར་འགྱུར། རྣམ་པར་སྣང
86b7 མཛད་ཅེས་བཤད་པར། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཁཌྒཾ་ཞེས་བརྗོད་ན། །རལ་གྲིའི་རིག་པ་འཛིན་པར་འགྱུར། །རང་ཉིད་རྣམ་པར་སྣང་མཛད་ཅེས། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་པདྨཾ་ཞེས་བརྗོད་ན། །པདྨའི
iiif viewer powered by OpenSeadragon
86a - 87a