e-texts navigator
Collection
Volume
Page
Wylie

269b1 ཀ~ཾ་ནི་གོས་སུ་བཤད། །ཀེ་སེ་ར་ནི་གདོང་དུ་བརྗོད། །བ~ཾ་ཏྲ~ཾ་དཔྲལ་བ་ཞེས་སུ་བཤད། །མ་ལ་སྨིན་མར་ཡང་དག་གྲགས། །ཀོ་བལ་ཡ~ཾ་ནི་མིག་ཏུ་ཤེས། ། ད་ར་ནི་སོ་རུ་བརྗོད། །པལ་ལ་པོ་ནི་མཆུ་རུ་ཤེས། །པ་ཤ་མགྲིན་པ་རུ་ནི་གྲགས། །ཧཱུ~ཾ་སོ་འཕྲག་པ
269b2 རུ་ནི་བཤད། ། གུ་རོ་ནི་དཔུང་པར་བརྗོད། །སོ་སོ་རུ་ནི་ལག་པར་བཤད། །ཤྲི་པང་ལེ་ནི་ནུ་མར་བརྗོད། །ཛ་ཏི~ཾ་ཕ་ལ~ཾ་རྐང་པར་བརྗོད། །ད་ལ་ན~ཾ་ནི་ལྟེ་བར་བརྗོད། །པདྨ་ཛ་ལམ་གསང་བའི་གནས། །ཀ་ཏ~ཾ་བ་ཀ~ཾ་བརླ་གཉིས་སོ། །བེ་ས~ཾ་རྗེ་ངར་དུ་ནི་བཤད། །
269b3 ཚཱ་ག་ན་ནི་རྐང་པར་བརྗོད། །པ་ར་ཨ་ཀ་ཀེ་ས་ར། །སེན་མོ་ཞེས་ནི་ཡད་དག་བཤད། །པདྨ་གར་ནི་ག་ནི་སྣང་། །ཤ་ཀྲ་ཀུ་སུ་ལ~ཾ་མལ་སྟན། །ཤག་ཏུ་བུ་ཞེས་བྱ་བར་བརྗོད། །ན་ལ་ནི་ནཱ་ལམ་སྟོན་མེད། །གོ་བག་ཥྨ་ལམ་ཐམས་ཅད་བརྗོད། །སཱ་ག་ར~ཾ་ནི་རྒས
269b4 པར་བཤད། །ས་ལ~ཾ་རོ་ནི་ཞིམ་པོར་བརྗོད། ། ཀྵོ་ར~ཾ་རིམ་མི་ཞིམ་བཤད། །མྲྀ་ག~ཾ་མི་སྨྲ་བར་ནི་བཤད། །པ་གོ་ལ་མུ་ད~ཾ་གླུ་ལེན། །མི་ཏྲ་གར་ཞེས་བྱ་བར་བརྗོད། །ཤ་བྟ་ཚུལ་འཆོས་སུ་ནི་བཤད། །སྤར་ཤ་ཞགས་པར་རབ་ཏུ་གྲགས། །ར་ས་སྒེག་མོའི
269b5 རོ་འབེབས་མ། །རུ་པ~ཾ་རི་ཡི་རྩེ་མོའོ། །ཏྭ་ནེ་ཧ་ནི་བསད་པར་བཤད། །པཱ་རཱ་པ་ཏ་འཆི་བར་བརྗོད། །ཏ་མ་ལཱ་ཀོ་སེ་མ་ཡུལ། །ཕ་ལ~ཾ་གྲོང་ཁྱེར་དུ་ནི་བརྗོད། །པྲ་ན་གྲོང་དུ་བཤད་པ་ཡིན། །ཐྱ་ནྱ་སྲོག་ཅེས་བྱ་བར་བཤད། །ཀུ་རུ་ཏ་ར་མཁས་པར་བཤད། །
269b6 ན་ཡ་ན་ནི་རྣམ་ཤེས་བརྗོད། ། བི་ན་པ~ཾ་དགོད་པར་བཤད། །རུ་ཏི་ར་ནི་འཆང་བར་བརྗོད། །ཀུ་མུ་ར་ནི་ཉིན་མོར་བཤད། །ཀན་ཉ་མཚན་མོར་རབ་ཏུ་གྲགས། །ད་ས་ཉི་མ་ཕྱེད་དུ་བཤད། །ད་པི་མཚན་གྱི་ཆ་རུ་གྲགས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ
269b7 ཕྲེང་བ་མངོན་པར་རྟོགས་པ་ལས་གསང་བའི་ཚིག་བཤད་པའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ། ། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །སྐུ་ནི་མགོ་བོར་གནས་པ་སྟེ། །སུམ་ཅུ་རྩ་གཉིས་བྱང་སེམས་འབབ། །




iiif viewer powered by OpenSeadragon

269a - 270a

Texts on this page

D445 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba