e-texts navigator
Collection
Volume
Page
Wylie

269a1 ཀུན་ལས་བྱུང་རྣལ་འབྱོར་མ། །མཚན་མོ་འདུ་བའི་དམ་ཚིག་ནི། །འདི་འདྲ་བ་ཡི་ཚིག་རྣམས་དང་། །དེ་ལྟ་བུ་ཡི་གསང་བ་ནི། །བཤད་ཀྱིས་དད་པ་ཡིས་ནི་ཉོན། །ས~ཾ་པོ་དང་ཀ~ཾ་ཆང་འཐུང་བ། །བྲི་ར~ཾ་ཤ་རུ་རྣམ་པར་བརྗོད། །ནི་ལ་ནཱ་བླ་ཏྲ~ཾ་ཐོད་པ། །
269a2 གུ་ལང་མི་ཡི་ཐོད་པས་བརྒྱན། །ཀུན་དུ་ར~ཾ་འདོད་ཡང་དག་སྤྱོད། །ཚ་དྲུ~ཾ་རོ་དྲུག་བཟའ་བ་པོ། །སུ~ཾ་སུ་ཊཱ~ཾ་དབང་གཉིས་སྦྱོར་བ། ། ལོ་ཀ~ཾ་ཡོད་པ་ཡི་མིང་། །ཤ~ཾ་རིམ་ག་སྐམ་སྐལ་ཡོད་ཤེས། །ཙ་ཀྲ་ཀ་ནི་སྐལ་མེད་བརྗོད། །ཏུ~ཾ་ཤཱ~ཾ་ར~ཾ་ནི་ཁུ་ཚུར་ཤེས། །མེ
269a3 ཀ་མ་ཏྲ~ཾ་གཅིག་ཏུ་བརྗོད། །ཙནྡྲ་མ་ནི་ཁྲག་ཏུ་བཤད། །ག་ན~ཾ་བཤང་བར་ཡོངས་སུ་གྲགས། །གྷ་ན~ཾ་ཤ་ཆེན་དུ་ནི་བཤད། །ནི་ཛ~ཾ་དྷ་དུ་ར་རུ་བརྗོད། །བྷ་ས་ན~ཾ་ནི་ཆུ་རུ་བཤད། །བ་ཀྵ~ཾ་ཡན་ལག་རབ་ཏུ་བཤད། །ཤུ་པ~ཾ་བཟང་པོ་ཞེས་ནི་བརྗོད། །ཧོ་ནི་ཚིམ་པ་ཞེས
269a4 ནི་གྲགས། །མརྒ་ལྟོགས་པ་རུ་ནི་བརྗོད། །གྷྲི་ཏ~ཾ་ལམ་དུ་བཤད་པ་དང་། །བྱོ་མ་ག~ཾ་ན~ཾ་ཕ་རོལ་དཔུང་། །ཀ་མ་ཡ་ནི་གྱིས་ཤིག་བརྗོད། །ན་ག་ར~ཾ་ནི་བདག་ལུས་བརྗོད། །བ་ཏ་ཀ་ནི་ཉོས་ཞེས་བརྗོད། ། ཛ~ཾ་ཡ་ནི་མེ་ཞེས་བརྗོད། །ཤ་ཁམ་ཟ་བ་ཞེས་ནི་བརྗོད། །
269a5 ར་གམ་འདོར་ནི་ཆོ་ག་བརྗོད། །ཤ་ཏ་ཀ~ཾ་མི་བཟའ་བར་བརྗོད། །ཅི་འདྲ་བ་ནི་སྔགས་ཞེས་བརྗོད། །ཤ་ར~ཾ་ཁྱི་འཚེད་ཤ་ཞེས་བརྗོད། །ར~ཾ་པ་ཀ་ནི་བླ་མར་བཤད། །ཀ་ཡ་འདིར་ནི་རྒྱལ་རིགས་བརྗོད། །ར་ག~ཾ་རྗེ་རིགས་ཞེས་ནི་བཤད། །བེ་ར~ཾ་རྒྱ་ནི་དམངས་རིགས
269a6 བརྗོད། །ཙ་བ~ཾ་རིགས་ངན་ཞེས་ནི་བརྗོད། །ཤ་ར~ཾ་སྨེ་ཤ་ཅན་དུ་བརྗོད། །བྷ་བ་ཙ་ཀྲ~ཾ་ཀོ་ལྤགས་མཁན། །ཁད་ཀོམ་རོ་སྲེག་མ་རུ་བཤད། །ས་མུན་ཏྲ་ནི་རྒྱལ་པོར་བརྗོད། །མི་ར~ཾ་མ་ཡི་རིང་དུ་བརྗོད། །བྷ་ར་ཧ་གང་ཞེས་ནི་བཤད། །བིམྑྱ་ཕག་ཅེས་བརྗོད་པར་བྱ། །
269a7 པ་ལ~ཾ་ཤ་ནི་ཉ་ཞེས་བརྗོད། །དི་ན་མར་སྐྱེས་སུ་ནི་བཤད། །ནག་ཏུ~ཾ་སྦྱིན་སྲེག་ཏུ་ནི་བཤད། །མརྟ་ཨཧྣ་ནི་འདབ་ཆགས་བརྗོད། །ཧི་ར་ཕྱུ་ནི་མེ་ཏོག་བརྗོད། །ཤ་དྲུལ་ལ~ཾ་ནི་སྤོས་སུ་བཤད། །མཱ་ལ་ཏྲི་ནི་དྲི་རུ་བཤད། །ཤ་ཀུ་ནི་ཀ་མར་མེར་བརྗོད། །ཀ་ཤི




iiif viewer powered by OpenSeadragon

268b - 269b

Texts on this page

D445 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba