| | e-texts navigator
|
166b1 དེ་ཀུན་གྱི། །བསོད་ནམས་རྗེས་རང་ཡོངས་སུ་བསྔོ། །ཕྱག་རྒྱ་ཆེན་པོའི་དོན་དུ་ནི། །སངས་རྒྱས་ཡོན་ཏན་རྣམ་པ་དབུལ། །སྔགས་དོན་ཟབ་མོ་རྣམས་དང་ནི། །སྦྱོར་བ་ཤིན་ཏུ་རྙེད་དཀའ་བ། །གང་ཞིག་གསལ་བྱས་བདག་བཟོད་མཛོད། །ཤིན་ཏུ་སྦས
166b2 པའི་ཡུལ་དེ་ཡང་། །སེམས་ཅན་དོན་དུ་གསལ་བྱས་པས། །རྒྱལ་བའི་མཆོག་རྣམས་བདག་བཟོད་མཛོད། །དེ་ནས་ཡང་དག་རབ་བཤད་པ། །སྔགས་ཀྱི་བཟླས་པ་སྟོབས་པོ་ཆེ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སངས་རྒྱས་ཐོད་སྦྱོར་བཟང་པོ་བཟླ། །
166b3 ཨོ~ཾ་ཧྲཱིཿབུདྡྷ་ཧཱུ~ཾ་ཀ་པཱ་ལི་ནཱི་ཨཱཿ། འཇུག་པ་ལ་ཨོ~ཾ། འབྱུང་བ་ལ་ཧྲཱིཿ་གནས་པ་ལ་བུདྡྷ། བདེ་བ་ལ་ཧཱུ~ཾ། ནུབ་པ་ལ་ཀ་པཱ་ལི་ནཱི། ལྡང་བ་ལ་ཨཱཿའོ། །དེ་ལྟར་བཟླས་པ་རབ་རྙེད་དཀའ། །སངས་རྒྱས་ཐོད་པའི་སྦྱོར་ཆུད་བཟླ། །དེ་ལྟར་ཡིད་ཀྱི་བཟླས་ལྡན་པས། །
166b4 དངོས་གྲུབ་འཐོབ་པར་ཐེ་ཚོམ་མེད། །ོ~ཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧྲཱིཿཧེཿཧཱུ~ཾ་ཕཊ། སྙིང་པོའི་སྔགས་སོ། །ོ~ཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲི་ཎི་ཧོ་ཧཱུ~ཾ། ཨ་དུར་ལ་ཀཱ+ེ་ཧཱུ~ཾ་ཕཊ། ཉེ་བའི་སྙིང་པོའི་སྔགས་སོ། །དེ་ནས་ཡང་དག་རབ་བཤད་པ། །དབང་དུས་ཆོ་ག་ཇི་བཞིན་དུ། །
166b5 སློབ་མ་དད་བརྟན་གང་ཞིག་གིས། །ཤེས་རབ་མ་ལ་གསོལ་བ་གདབ། །དྲི་ཞིམ་པ་ཡི་དངོས་པོ་ཡིས། །མཎྜལ་རྣམ་པ་ལྔ་བྱས་ཏེ། །སངས་རྒྱས་ཀུན་གྱིས་བརྒྱན་བྱས་པ། །ལྷ་མོ་ཆེ་ལ་གསོལ་བ་གདབ། །ཞལ་དུ་བཟའ་བའི་རྫས་མཆོག་བསྟབ། །རྫས་དེ་རྣམས
166b6 ནི་གསོལ་བ་དང་། །ཡིད་ནི་ཚིམ་ཞིང་ཐུགས་དགྱེས་སོ། །ལྷ་མོ་དགྱེས་པར་མཐོང་ནས་ནི། །ཚིག་འདི་དག་གིས་སྨྲ་བར་བྱེད། །རྣམ་པར་རྟོག་པ་མང་པོ་ཡིས། །གཡོགས་པའི་བག་ཆགས་རབ་ལྡན་པ། །འཁོར་བའི་འདམ་དུ་བྱིང་བ་བདག་།མཛེས་མ་ཁྱོད
166b7 ཀྱིས་སྐྱོབ་པར་མཛོད། །གྲགས་ཆེན་སྙིང་རྗེ་ལྡན་པ་ཡི། །ལྷ་མོ་དེ་ནི་ཞི་བར་མཛོད། །དེར་ནི་རྒྱན་རྣམས་ཐམས་ཅད་དང་། །ལྷབ་ལྷུབ་རྒྱན་རྣམས་དབུལ་བར་བྱ། །དད་པ་བརྟན་པའི་སེམས་ཀྱིས་ནི། །དེ་ནས་བདག་ཉིད་དབུལ་བར་བྱ། །སྣ་ཚོགས་ཟས
iiif viewer powered by OpenSeadragon
166a - 167a