e-texts navigator
Collection
Volume
Page
Wylie

292a1 བགེགས་མེད་བསོད་ནམས་འཕེལ་བྱེད་པའོ། །འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ལ་གཏོར་མ་དབུལ་བར་བྱ་སྟེ། ཤ་ཆེན་པོ་དང་བཅས་པའི་གཏོར་མ་བཤམས་ལ། ཨོ~ཾ་བ་ལིཾ་མ་ཎི་ར~ཾ་ཧཱུ~ཾ་ཛ། རཀྵ་ཎི་རཀྵ་ཎི་རཀྵ་མི། ཁ་ཁ་ཁཱ་ཧི་ཁཱ་ཧི
292a2 གྲྀཧྞ་གྲྀཧྞ་བ་ལིཾ། མ་ཧཱ་བི་ཥ་ནཱ~ཾ། པྲ་སཱ་དྷ་ཡ་པྲ་སཱ་དྷ་ཡ། ཧུ་ལུ་ཧུ་ལུ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར། སརྦྦ་ཏ་ས་ན་ས་ཏྲ~ཾ། ཝ་རི་ཧ་དྷི་ར་པྲ་ཡཙྪ་ནྟུ་སྭཱ་ཧཱ། ཨོ~ཾ་ཨཱཿཧཱུ~ཾ་ཞེས་པས་མཚན་ཕྱེད་ན་གཏོར་མ་བསྲེག་སྤོས་དང་བཅས་པ་དབུལ་བར་བྱའོ། །ོ~ཾ་ཧཱཿཀ་ཧ་ཀ་ཧ་མ་ལི་ནི་མུ་ཁི་ཡེ་ཡཾ་སཱདྷ་ཡ། མ་ཧཱ་ཀཱ་ལ་བུདྡྷ་ཛ~ཾ། པྲ་ཏི་ཏོ་སི།
292a3 ཀཱ་ར་ཡ་ཀཱ་ར་ཡ། པྲ་དུཥྚཱ་ན། གྲྀཧྞ་གྲྀཧྞ། མཱ་ར་མཱ་ར། ཁ་ཁ་ཁཱ་ཧི་ཁཱ་ཧི། ཤཱི་གྷྲ~ཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་ར་ཧུ་ར། མ~ཾ་ར~ཾ་ཧཱུ~ཾ་ཕཊ། ཨི་དིཾ་བ་ལི~ཾ་གྲྀཧྞ་གྲྀཧྞ། ཤྲཱི་སརྦྦ་ཨོ~ཾ་ཨཱཿཧཱུ~ཾ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་གྲུབ་པ་དང་གཏོར་མའི་ལེའུ་སྟེ་ཉི་ཤུ་རྩ་ལྔ
292a4 པའོ། ། །།དཔལ་མགོན་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ཀུན་གྱི་རྩ་བར་གྱུར་པ་བསྟན་པ་འཛིན་པ། བསྟན་པ་སྐྱོང་བ། བསྟན་པ་བསྲུང་ངེས་པ། གསང་བ་བདུད་དཔུང་འདུལ་བར་བྱེད་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ཀུན་གྱི
292a5 སྙིང་པོར་གྱུར་པ་གདོད་ནས་གྲུབ་པའི་བླ་མ་ཡིན་ནོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་མ་ཧཱ་བཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ་པཱ་དའི་ཞལ་སྔ་ནས་དང་། བོད་ཀྱི་ལོཙྪ་བ་མཁས་པ་ཆེན་པོ་ཁེའུ་རྒད་འཁོར་ལོ་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །ཡང་སླད་ནས་མཁས་པ་ཆེན་པོ་སངས་རྒྱས་གྲགས་པའི་སྤྱན
292a6 སྔར་ཀྲེ་བོ་ཤེས་རབ་དཔལ་གྱིས་ཀྱང་ཞུ་ཏིག་བགྱིས་པའོ། ། །། །།




iiif viewer powered by OpenSeadragon

291b - 292b

Texts on this page

D416 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud