| | e-texts navigator
|
278b1 རྩེ་གསུམ་ཅན། །ཡུམ་ནི་སོ་སོའི་ཕྱག་མཚན་ལྡན། །སྐྱེ་གནས་ལས་བྱུང་སྒྲ་སྒྲོགས་མཛད། །རྟག་ཏུ་སྒྲུབ་པ་པོ་རྣམས་ཀྱིས། །ལུས་ལ་ཡང་དག་གནས་ནས་ནི། །དངོས་གྲུབ་སྟེར་བྱེད་སྟོབས་མཆོག་བྱེད། །འདི་དག་ཞིང་སྐྱོང་ཐུགས་བརྩེ་བས། །རྟག་པར་མཚན་མོ་འདུ་བར་མཛད། །
278b2 འདི་དགས་གསུམ་ཁྱབ་པ་སྟེ། །སྣ་ཚོགས་མདོག་ཅན་འབར་བའོ། །ོ~ཾ་ཤཱིནྟཾ་ཀྵེ་པ་ཧཱུ~ཾ་ཕཊ། ཨོ~ཾ་མ་ཧཱ་སྨྲྀ་ཏི་ཧཱུ~ཾ་ཕཊ། ཨོཾ་བྷ་ལན་པཱུ་ཧཱུ~ཾ་ཕཊ། ཨོ~ཾ་ཤང་ཀ་རི་ཧཱུ~ཾ་ཕཊ། ཨོ~ཾ་ཀཱ་ལཱ་དྷི་པ་ཧཱུ~ཾ་ཕཊ། ཨོཾ་ཛ་ཡ་བྷ་ལན་ཧཱུ~ཾ་ཕཊ། ཨོཾ་བེ་སུ་བྷ་ག་ཧཱུ~ཾ་ཕཊ། ཨོ~ཾ་པརྞ་སན་ཧཱུ~ཾ་ཕཊ། ཨོ~ཾ་ཀྵ་ཏྲ་པཱ་ལ་ཧ་ཧི་ཧཱུ~ཾ
278b3 ཕཊ། ཨོ~ཾ་ཀཱི་ལི་ཀཱི་ལི་ཕེ~ཾ་ཕེ~ཾ་ཕཊ་ཕཊ། ཀྵཱ~ཾ་ཀྵཱ~ཾ་ཀྵཱ~ཾ་ཀྵཱ~ཾ། ཀ་ཧ་ཀ་ཧ། ཧྲི~ཾ་ཧྲི~ཾ་ཧྲི~ཾ་ཧྲི~ཾ། པ་ཙ་པ་ཙ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཧ་ཧཱ། ཌ་ཌཱ་ར~ཾ་རཱ~ཾ་ར~ཾ་རཱ~ཾ། ཀྲུ~ཾ་ཀྲུ~ཾ་ཀྲུ~ཾ་ཀྲུ~ཾ། ཁ~ཾ་ཁ~ཾ་ཁ~ཾ་ཁ~ཾ། རུ་རུ་རུ་རུ། ཌ~ཾ་ཌ~ཾ་ཌ~ཾ་ཌ~ཾ། ཀ~ཾ་ཀ~ཾ་ཀ~ཾ་ཀ~ཾ། ཙ~ཾ་ཙ~ཾ་ཙ~ཾ་ཙ~ཾ། ཀྲ~ཾ་ཀྲ~ཾ་ཀྲ~ཾ་ཀྲ~ཾ། ས~ཾ་ས~ཾ་ས~ཾ་ས~ཾ། ཕ~ཾ་བ~ཾ་བ~ཾ་བ~ཾ། ཡ~ཾ་ཡ~ཾ་ཡ~ཾ་ཡ~ཾ། ཕཻ~ཾ་ཕཻ~ཾ་ཕཻ~ཾ་ཕཻ~ཾ། བྷྲཱུ~ཾ་བྷྲཱུ~ཾ
278b4 བྷྲཱུ~ཾ་བྷྲཱུ~ཾ། ཀྵ~ཾ་ཀྵ~ཾ་ཀྵ~ཾ་ཀྵ~ཾ། ཀླེ~ཾ་ཀླི~ཾ་ཀླུ~ཾ་ཀླུ~ཾ། བཱ~ཾ་བཱ~ཾ་བཱ~ཾ་བཱ~ཾ་སྭཱ་ཧཱ། ཡུལ་ནི་ཉི་ཤུ་རྩ་བཞི་ཡི། །དྲག་པོའི་ཞིང་སྐྱོང་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི། །ས་གསུམ་རྣམ་པར་ཁྱབ་ནས་གནས། །འདི་དག་གསང་བའི་སྔགས་ཡིན་ཏེ། །གཞན་དུ་ནམ་ཡང་འཁྲུལ་བར་འགྱུར། །
278b5 ཨོཾ་ཌཱ་ཀི་ནཱི། ཀ་ཀཀྣ་ཏ་ན། བྷ་བ་བནྡྷ་ན། ཁ་ཁ་ཁཱ་ཧི་བནྡྷ་ན། སརྦ་དུཥྚཱ་ནཱ~ཾ། ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་པཱ་པ་ཨ་མུ་ཀ་སྱ་ཤཱིནྟ~ཾ་ཀུ་རུ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། འདི་དག་གྲུབ་པའི་རྣལ་འབྱོར་མ། །དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད། །འདི་ཉིད་དཀྱིལ་འཁོར་དགོད་པ་ཡིས། །
278b6 སྣ་ཚོགས་ཕྲིན་ལས་བྱེད་པ་སྟེ། །དུར་ཁྲོད་བརྒྱད་ཀྱི་བདག་པོ་མཆོག་།ཕོ་ཉ་ལེགས་བརྟེན་འཁོར་ལོ་ཡིན། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་དུར་ཁྲོད་ཀྱི་བདག་པོ་རྣམས་དང་། ཕོ་ཉ་བ་ཁྱད་པར་བ་རྣམས་དང་མ་མོ་དང་ཞིང་སྐྱོང་གི་ཕྲིན་ལས་བསྟན་པའི་ལེའུ་སྟེ་བཅུ
278b7 གཅིག་པའོ། ། །།དེ་ནས་གཞན་ཡང་ཉི་ཤུ་བཞི། །གསང་བའི་མགོན་པོ་འདི་ཉིད་ཀྱིས། །དཀྱིལ་འཁོར་ཕོ་བྲང་གནས་པའོ། །མཁའ་འགྲོའི་གསང་སྔགས་བསྟན་པར་བྱ། །ཕོ་ཉ་ལེགས་སྐྱེས་རྣལ་འབྱོར་མ། །རྒྱ་མཚོ་དང་ནི་རོ་ཡིས་ནི། །ཕྱེ་བའི་རྡོ་རྗེ་ནོར་བུ་དང་། །
iiif viewer powered by OpenSeadragon
278a - 279a