e-texts navigator
Collection
Volume
Page
Wylie

273b1 བདུན་པ་ཡི་ནི་གཉིས་པ་སྦྱར། །ལྔ་པའི་དང་པོ་ཉིད་ལ་ཡང་། །དབྱངས་ཀྱི་བདུན་པ་སྟེང་འོག་སྦྱར། །བདུན་པ་ཡི་ནི་གཉིས་པ་ལ། །ཐིག་ལེ་ནཱ་དས་མཛེས་བྱས་པའོ། །འདི་དག་ཀུན་གྱི་ཐོག་མ་དང་། །ཐ་མར་ཡང་དག་བརྟེན་པར་བྱ། །འདི་ནི་ཌཱ་ཀི་བཞི་དག་གི། །སྙིང་པོ་སྦས་པ་མཆོག
273b2 ཏུ་གསུངས། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་སྔགས་རིམ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །གསང་བ་སྔགས་ཀྱི་འཁོར་ལོ་ལས། །མཐར་ནི་ཧཱུ~ཾ་ཕཊ་སྦྱར་བར་བྱ། །ལྷ་ཡི་འཁོར་ལོ་རྒྱ་མཚོ
273b3 ཉིད། །ལན་ཚྭ་ཆུ་རྒྱུན་འབབ་པའི་ངང་། །གངས་ཀྱི་ཐིགས་པ་བདུད་རྩིའི་ཆུ། །མེ་ཏོག་མདངས་གསལ་སྙིང་པོ་ཡི། །གེ་སར་ཟེ་འབྲུར་ལྡན་པ་ལ། །འདབ་རྒྱས་ཡེ་ཤེས་ཉི་ཤར་བས། །རང་གྲོལ་མདངས་འབར་རབ་ཏུ་རྒྱས། །རྡོ་རྗེ་རིན་ཆེན་རལ་གྲི་དང་། །འཁོར་ལོ་འབར་བའི་རྩིབས
273b4 དག་ལས། །འཁོར་བའི་རྒྱུན་ལས་འོད་ཟེར་འཕྲོ། །སྟེང་འོག་དག་ལས་རིམ་པ་ནི། །འཁྲུག་ཅིང་གཅོད་པའི་གྲི་གུག་གིས། །ལས་དང་ཕྲིན་ལས་རང་བྱུང་དུ། །བྱེད་ཅིང་བསྐུལ་བའི་ལས་གྲུབ་པ། །ཕྱི་ནང་གསང་བ་རིམ་བཞིན་དུ། །དབབ་དང་སྔགས་པ་ཟློག་པ་སྟེ། །རྩ་བ
273b5 ཡན་ལག་ལས་བཞིར་འགྱུར། །དང་པོ་ཐུན་མོང་དགུ་པ་སྟེ། །གཉིས་པ་བྱེ་བྲག་ཕྱེ་བ་དང་། །བསྐྱེད་པའི་ཡེ་ཤེས་མི་ཟློག་པ། །ཆུད་པ་ཕྱག་རྒྱ་ཆེ། །སྙིང་པོ་གཅིག་ལ་དུས་གསུམ་དུ། །འགྱུར་མེད་དེ་ཉིད་དབྱེ་བ་ཉིད། །གཅིག་ལས་དུ་མའི་ངོ་བོ་ཅན། །འཇིག་རྟེན
273b6 པ་དང་ཡེ་ཤེས་ཆེ། །མི་འགྱུར་བ་དང་འགུགས་པ་དང་། །ལས་རྣམས་བྱེད་པའི་སྲོག་གྱུར་པ། །གསང་སྔགས་འཁོར་ལོ་འདི་དག་ནི། །བྱེ་བྲག་རྣལ་འབྱོར་པས་ཤེས་བྱ། །ོ~ཾ་མ་ཧཱ་ཀཱ་ལ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོ~ཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུ~ཾ་ཕཊ། ཨོ~ཾ་བཛྲ་ཀའུ་ཝ་མ་ཧཱ་ཀཱ་ལཱ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ།
273b7 ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོ~ཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན~ཾ་ཨུ་པ་ཧཱ་རཱི་ཎཱ~ཾ། ཨེ་ཥཱ་པཤྩི། མ་ཀཱ་ལཿ་ཡ~ཾ། ཨི་ད~ཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱ~ཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨེ་ད~ཾ་དུཥྚ་ས་ཏྭ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ།




iiif viewer powered by OpenSeadragon

273a - 274a

Texts on this page

D416 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud