e-texts navigator
Collection
Volume
Page
Wylie

272b1 གདུག་པ་མ་ལུས་འདུལ་མཛད་པ། །གཏུམ་པོ་དེ་ཡི་གསང་བའི་ཡུམ། །ལྷ་མོ་བཞི་དང་བཅས་པ་ཡི། །གསང་སྔགས་བཏུ་བ་བཤད་པར་བྱ། །དབྱངས་ཡིག་བཅུ་བཞི་པ་དག་ལ། །ཐིག་ལེ་ནཱ་དས་རྣམ་པར་བརྒྱན། །རིག་བྱེད་མངོན་སུམ་དང་པོར་གནས། །དྲུག་པ་ཡི་ནི་ལྔ་པ
272b2 དང་། །མཐར་གནས་པ་ཡི་བཞི་པ་དང་། །བདུན་པ་ཡི་ནི་དང་པོ་ཉིད། །ནྟསྠ་ཡི་གསུམ་པ་སྟེ། །དང་པོའི་གསུམ་པ་ཐོག་ཏུ་སྦྱིན། །ལྔ་པའི་ལྔ་པ་གསུམ་པས་བརྒྱན། །གཉིས་པ་ཡི་ནི་དང་པོ་ལ། །ནྟ་སྠ་ཡི་གསུམ་པས་བརྟེན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན། །
272b3 དྲུག་པ་ཡི་ནི་དང་པོ་དང་། །དབྱངས་ཀྱི་དགུ་པས་གནས་དེར་སྦྱར། །གཉིས་པ་ཡི་ནི་དང་པོར་དང་། །ནྟ་སྠ་ཡི་གསུམ་པ་དང་། །དེ་ཉིད་ཀྱི་ནི་གཉིས་པ་དང་། །ལྔ་པ་ཡི་ནི་དང་པོ་ལ། །དབྱངས་ཀྱི་བདུན་པས་སྟེང་འོག་སྦྱིན། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཀྱི་གསུམ་པ་མགོ་བོར་སྦྱིན། །
272b4 གསུམ་པ་ཡི་ནི་དང་པོ་ལ། །དྲུང་དུ་ལྔ་པའི་ལྔ་པ་སྦྱར། །ལྔ་པའི་བཞི་པ་དག་དང་སྦྱར། །དང་པོའི་དང་པོའི་དྲུང་དུ་ནི། །གཉིས་པའི་གསུམ་པ་སྦྱར་བ་དང་། །མཐར་གནས་ལས་ཀྱང་ཕྱི་མ་ཡི། །དེ་ལ་དབྱངས་ཀྱི་གསུམ་པས་བརྒྱན། །ནྟ་སྠ་ཡི་དང་པོ་ལ། །དབྱངས་ཡིག་བཅུ
272b5 གཅིག་པ་ཡིས་བརྒྱ། །བརྒྱད་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་དྲུག་པ་དག་གིས་བརྒྱན། །ཐིག་ལེ་ནཱ་དས་མཛེས་པའོ། །དྲུག་པ་ཡི་ནི་གཉིས་པ་ཉིད། །བཞི་པ་ཡི་ནི་ཐོག་མ་སྦྱར། །འདི་ནི་གསང་བའི་གཏུམ་པ་མོ། །དྲག་ཅིང་ཤིན་ཏུ་ཆེར་འཇིགས་བྱེད། །ཡིད་བཞིན་ནོར
272b6 བུའི་རིགས་འཛིན་གཏེར། །བཀྲ་ཤིས་པ་ནི་ཐོག་མར་སྦྱར། །མཐར་གནས་པ་ཡི་བཞི་པ་ལ། །དབྱངས་ཡིག་བདུན་པ་སྟེང་འོག་སྦྱར། །ཐིག་ལེ་ནཱ་དས་མཛེས་པ་ཡིན། །ུསྨ་ཥ་ཡི་བཞི་པ་ལ། །དབྱངས་ཡིག་དྲུག་པ་དང་སྦྱར་བ། །ནྟ་སྠ་ཡི་གཉིས་པ་སྦྱར། །དེ་ཉིད་ཐིག
272b7 ལེས་མཛེས་པར་བྱས། །གཉིས་པའི་དང་པོ་བླང་བྱས་ལ། །དབྱངས་ཀྱི་དགུ་པ་བླང་བ་ཉིད། །དྲུག་པ་ཡི་ནི་ལྔ་པ་ལ། །ུསྨ་ཥ་ཡི་བཞི་པ་དང་། །གཉིས་པ་ཡི་ནི་དང་པོ་དང་། །དབྱངས་ཡིག་བཅུ་བ་སྦྱར་བར་བྱ། །བདུན་པ་ཡི་ནི་གཉིས་པ་དང་། །གཉིས་པ་ཡི་ནི་དང་པོ་དང་། །




iiif viewer powered by OpenSeadragon

272a - 273a

Texts on this page

D416 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud