| | e-texts navigator
|
134a1 པ། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །
134a2 སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་སོ་སོར་གཟུང་། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།
134a3 ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་ལ། །དམ་ཚིག་ཡིད་དུ་འོང་བ་ནི། །ཉིན་རེ་ཞིང་ནི་ཡང་དང་ཡང་། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ
134a4 ཐེག་པ་གསུམ། །དམ་པའི་ཆོས་རྣམས་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན
134a5 ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་ཐམས་ཅད་གཟུང་བགྱི་ཞིང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་བདག་གིས་དབྱུང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ོཾ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོུ྅ཧཾ། དེ་ནས་ཐམས་ཅད་བདག་མ
134a6 ཨེད་པ་གནས་གཞི་དང་ངན་པར་བྲལ་བར་བལྟས་ཏེ། དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁ་དོག་སྔོན་པོ་དྲག་པོ་ཆེ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཕྱག་བཞི་པ་ལ་ཞལ་བཞི་པ། །སྤྱན་གསུམ་གྱིས་ནི་རྣམ་པར་མཛེས། །ཆེན་པོ་གདན
134a7 དུ་མཛད། །ཉི་མ་ལ་བཞུགས་གར་བཅས་མཛད། །ཐོད་པ་དང་ནི་ཁ་ཊྭཱཾ་ག་།གཞུ་དང་དེ་བཞིན་གཞན་མདའོ། །དེ་ལྟའི་ཆོ་གའི་རིམ་པ་འདི། །ཡེ་ཤེས་ཀྱི་ནི་རྣམ་པར་བསྒོམ། །ཤར་དུ་དཀར་པོ་སྔོ་མདངས་ཅན། །གཡོན་ན་ཁ་ཊྭཱཾ་ག་དྲིལ་བུ། །རྡོ་རྗེ་ཐོད་པ་དེ་བཞིན་གཞན། །བྱང་ན་དམར་པོའམ
iiif viewer powered by OpenSeadragon
133b - 134b