e-texts navigator
Collection
Volume
Page
Wylie

262b1 ཞོག་གི། ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཞེང་དུ་དཔག་ཚད་དགུ་སྟོང་། ཆུར་ཡང་དཔག་ཚད་དགུ་སྟོང་པ་ཀུན་ནས་ཟླ་བ་ཉ་བ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ
262b2 ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ
262b3 པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་དུ་བྱེད་དུ་འཇུག་། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག་།གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག
262b4 ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཛུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག་།ཤར་གྱི་ལུས་འཕགས་པོའི་གླིང་ལྟ་ཡང་ཞོག་།ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང
262b5 ལྟ་ཡང་ཞོག་གི། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཞེང་དུ་དཔག་ཚད་ཁྲི། ཆུར་ཡང་དཔག་ཚད་ཁྲི་པ་ཀུན་ནས་གྲུ་བཞི་པ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ
262b6 རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
262b7 པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག་། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག་།གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ།




iiif viewer powered by OpenSeadragon

262a - 263a

Texts on this page

D332 - khang bu brtsegs pa'i mdo