e-texts navigator
Collection
Volume
Page
Wylie

44b1 པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ལྡོག་པ་ཡང་མ་ཡིན། མི་ལྡོག་པ་ཡང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྡོག་པ་ཡང་མ་ཡིན། མི་ལྡོག
44b2 པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པ་བསྟན
44b3 པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་དུ་འགྲུབ
44b4 པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ
44b5 བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཕྱིན་ཅི་ལོག་དང་། སྒྲིབ་པ་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ཕྱིན་ཅི་ལོག་དང་། སྒྲིབ་པ་མངོན་དུ་འགྲུབ་པར
44b6 གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སྲེད་པར་སྤྱོད་པ་སུམ་ཅུ་རྩ་དྲུག་མངོན་དུ་འགྲུབ
44b7 པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་སྲེད་པར་སྤྱོད་པ་སུམ་ཅུ་རྩ་དྲུག་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ




iiif viewer powered by OpenSeadragon

44a - 45a

Texts on this page

D14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa