e-texts navigator
Collection
Volume
Page
Wylie

328a1 ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས།། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་།། ཤཱཀྱ་ཐུབ་པ་གཽ་ཏམ་ལྷ
328a2 ཡི་ལྷ། ། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།། འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས
328a3 རྣམས་ཀྱང་གུས། ། འདི་ལ་གུས་པར་བཅས་གྱུར་པས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང
328a4 ཞིག་རབ་ཏུ་བག་ཡོད་པར། ། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་སོ་སོར་ཐར་པ་དང་བཅས་པ་རྫོགས་།། །།
328a5 ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་།། དྷརྨཱ་ཀ་ར་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར།། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན
328a6 ལ་ཕབ་པའོ། ། སྔ་ཞུས་ཀུན་དགའོ་ཤཱཀྱ་དཔལ།། གཉིས་ཀྱིས་མ་དག་དྲི་མ་བསལ།། གསུམ་ཞུས་མཁས་པ་སྣར་ཐང་དཔོན་སློབ་པས།། ས་ཡི་སྟེང་འདིར་ལེགས་པར་དག་བགྱིས་སོ།། །།




iiif viewer powered by OpenSeadragon

327b - 328b

Texts on this page

D5 - dge slong ma'i 'dul ba rnam par 'byed pa