e-texts navigator
Collection
Volume
Page
Wylie

189b1 རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་དགེ་སློང་མ་རྣམས་ལ་སྨྲ་བས་མཐོ་འཚམ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར
189b2 བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཤེས་བཞིན་དུ་སྨྲ་ན་ལྟུང་བྱེད་དོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས
189b3 སོ། ། སྨྲ་ན་ཞེས་བྱ་བ་ལ། དུ་སྨྲ་བ་རྣམ་པ་བརྒྱད་ཀྱང་ཡོད། དུ་སྨྲ་བ་རྣམ་པ་བདུན་ཡང་ཡོད། དུ་སྨྲ་བ་རྣམ་པ་དྲུག་ཀྱང་ཡོད། དུ་སྨྲ་བ་རྣམ་པ་ལྔ་ཡང་ཡོད། དུ་སྨྲ་བ་རྣམ་པ་བཞི་ཡང་ཡོད། དུ་སྨྲ་བ
189b4 རྣམ་པ་གསུམ་ཡང་ཡོད། དུ་སྨྲ་བ་རྣམ་པ་གཉིས་ཀྱང་ཡོད་དོ།། དུ་སྨྲ་བ་རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དང་།
189b5 གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་དུ་སྨྲ་བ་རྣམ་པ་བརྒྱད་ཡིན་ནོ།། དུ་སྨྲ་བ་རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ
189b6 བ་ཉམས་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་དུ་སྨྲ་བ་རྣམ་པ་བདུན་ཡིན་ནོ།། དུ་སྨྲ་བ་རྣམ་པ་དྲུག་གང་ཞེ་ན། དགེ་སློང་མ་དུ་སྨྲ་བར་འདོད་པ་འདི་སྙམ་དུ་དུ་སྨྲ་བར་བྱའོ
189b7 སྙམ་པ་དང་། སྨྲའོ་སྙམ་པ་དང་། སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་དུ་སྨྲ་བ་རྣམ་པ་དྲུག་ཡིན་ནོ།། དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕས




iiif viewer powered by OpenSeadragon

189a - 190a

Texts on this page

D5 - dge slong ma'i 'dul ba rnam par 'byed pa