e-texts navigator
Collection
Volume
Page
Wylie

117a1 པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས་བདག
117a2 གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང
117a3 ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བ་ཉིད་ཀྱི
117a4 ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ
117a5 དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང
117a6 ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན
117a7 པ་མཐོང་ཞིང་དེ་དེ་ལ་ཕས་ཕམ་པར་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི




iiif viewer powered by OpenSeadragon

116b - 117b

Texts on this page

D5 - dge slong ma'i 'dul ba rnam par 'byed pa