e-texts navigator
Collection
Volume
Page
Wylie

116b1 གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག
116b2 མའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང
116b3 དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཉིད་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ
116b4 འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས
116b5 དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ
116b6 སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན
116b7 ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན




iiif viewer powered by OpenSeadragon

116a - 117a

Texts on this page

D5 - dge slong ma'i 'dul ba rnam par 'byed pa