CLOSE WINDOW

S646: འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷཱ་པཱ་ཤ་ཀལྤ་རཱང་། བོད་སྐད་དུ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། ། །། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བོ་པི་ཊ་ལ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་ཤིང་སཱ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། མྱ་ངན་འཚང་དང་། ཨ་ཏི་མུཀྵ་ཀ་སྣ་ཚོགས་མང་པོས་ལེགས་པར་བརྒྱན་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་སྟོང་དང་། བྱང་ཆུབ་སེམས་དཔའ་ས་ཡ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་ཏེ། གནས་གཙོང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་པ་ན། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ལྷའི་བུ་རྣམས་ཀྱི་དབང་ཕྱུག་མཛད་ནས་ཆོས་སྟོན་པར་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཛུམ་པའི་བཞིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་འདི་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཞེས་བགྱི་བ་མཆིས་ཏེ། བདག་གིས་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་ལོགས་སུ་འཇིག་རྟེན་གྱི་ཁམས་རྣམ་པར་ལྟ་བ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལས་མནོས་ནས། འདི་ལྟར་བདག་གིས་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷའི་བུ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོ་ཕྲག་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་དུ་སྩལ་ནས། བདག་གིས་རྨོངས་པ་མ་མཆིས་པའི་ཡེ་ཤེས་བཀོད་པ་ལ་སོགས་ཏེ་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་ཐོབ་པར་བགྱིས་ལགས་སོ། ། བཅོམ་ལྡན་འདས་འདི་ལྟར་ཡང་ས་ཕྱོགས་གང་དུ་སྙིང་པོ་འདི་སྤྱོད་པ་ས་ཕྱོགས་དེར་ཡང་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་ལ་སོགས་པ་ལྷའི་བུ་ཁཱི་ཉིས་སྟོང་གིས་བསྲུང་བ་དང་། བསྒྲུབ་པ་དང་། སྦ་བའི་སླད་དུ་གནས་པར་རིག་པར་བགྱི་ལགས་སོ།། བཅོམ་ལྡན་འདས་གང་ན་དོན་ཡོད་པའི་ཕུན་སུམ་ཚོགས་པའི་སྙིང་པོ་འདི་སྤྱོད་པའི་ས་ཕྱོགས་དེའང་མཆོད་རྟེན་དུ་འོང་བཀུར་བར་འགྱུར་ལགས་སོ། ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ལགས་སོ།། གང་ཞིག་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་མཉན་པར་བགྱིད་ན། བཅོམ་ལྡན་འདས་སྡིག་པ་སྤྱོད་པ་འམ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་འམ། འཕགས་པ་ལ་སྐུར་པ་འདེབས་པ་འམ། དམ་པའི་ཆོས་སྤོང་བ་འམ། མནར་མེད་པར་གཞོལ་བའམ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྤོང་བ་དེ་འགྱོད་པར་གྱུར་ཅིང་། མ་འོངས་པ་ན་སྡོམ་པར་འཐོབ་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་རེ་ཞིག་དེ་ཉིད་ཀྱིས་ཞག་གཅིག་སྨྱུང་བ་བགྱིས་ཏེ་བཟླས་བརྗོད་བགྱིས་ན། ཚེ་འདི་ཉིད་ལ་ལས་དེ་རྣམ་པར་དག་པ་དང་། གཏུགས་པ་དང་། བསལ་བར་འགྱུར་རོ།། རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པ་འམ། ཉིན་བཞི་པའམ། དེ་བཞིན་དུ་རིམས་ཉིན་བདུན་པ་འམ། མིག་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། སོའི་ནད་དམ། མཆུའི་ནད་དམ། ལྕེའི་དང་དྲཀན་གྱི་ནད་དམ། སྙིང་ནད་དམ། ལྟོ་ནད་དམ། རོ་རྒྱབ་དང་རྐེད་པའི་ནད་དམ། ཡན་ལག་དང་ཉིང་ལག་གི་ནད་དམ། གཞང་འབྲུམ་མམ། ཕོ་བའི་ནད་དམ། ཚད་པའམ། ལག་པ་དང་རྐང་པའི་ནད་དམ། སྣ་ནད་དམ། ཀླད་པའི་ནད་དངམ། ཤ་བཀྲ་ཆེན་པོའམ། ཤ་གཟི་གུའམ། མཛེའམ། རྐང་ཤུ་འམ། འབྲུམ་བུ་ཕྲ་མོ་འམ། ལྷོག་པ་འམ། མཚན་མར་རྡོལ་བ་འམ། འབྲུམ་བུ་འམ། བརྗེད་བྱེད་དམ། བྱང་དམ། གཞན་གྱིས་བགྱིས་པའི་གསོད་པ་འམ། འཆིང་བ་འམ། རྡེག་པ་འམ། སྐྲོད་པ་འམ། བདེན་པ་མ་ལགས་པས་སྐུར་པ་འདེབས་པའམ། བཅོམ་ལྡན་འདས་མདོར་ན་ལུས་ཀྱི་གདུང་བ་འམ། སེམས་ཀྱི་གདུང་བ་འམ། རྨི་ལམ་ངན་པའི་ལས་དེ་ཡོངས་སུ་གཏུགས་པར་འགྱུར་ན། སེམས་ཅད་དག་པ་ལྷག་པར་དད་པ་རྣམས་ཀྱི་ཡོངསསུ་བྱང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་གལ་ཏེ་འཁོར་བཞིའམ། རིགས་བཞི་ལས་གང་དག་སྒྱུ་དང་གཡོས་བདག་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཉན་པར་བགྱིད།། འཛིན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། འདྲི་བར་བགྱིད། འདྲིར་འཇུག་པར་བགྱིད། ཀུན་ཆུབ་པར་བགྱིད། སེམས་ཅན་གཞན་ལའང་སྒྲོག་པར་བགྱིད་ཅིང་ཐན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ཀྱི་རྣ་ཁུང་དུ་གཏད་དེ་རྣ་བར་བཟླས་བརྗོད་བགྱིད་ལ། རྡོ་རྗེའི་ཚིག་འདི་རྣམས་སེམས་པར་བགྱིད་དེ། སྐུར་པ་མ་མཆིས་པ་དང་། གཟུག་མ་མཆིས་པ་དང་། རྣམ་པར་མི་རྟོག་པ་དང་། ཀུན་ཏུ་འབྱུང་བ་མ་མཆིས་པ་དང་། རིང་དུ་འགྲོ་བ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། གོས་པ་མ་མཆིས་པ་དང་། སེམས་མཉམ་པ་ཉིད་དང་མ་བྲལ་བ་དང་། ཕུང་པོ་ལྔ་དང་བྲལ་བ་སྟེ། རྣལ་འབྱོར་འདིས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བགྱིད་ན། དེ་ལ་ཕྱོགས་བཅུ་ནས་སངས་རྒྱས་སྟོང་ཞལ་སྟོན་པར་མཛད་པར་འགྱུར་ཞིང་ནོངས་པ་འཆགས་པར་འགྱུར་བ་ལ་སོགས་པ་རྒྱས་པར་སྦྱར་རོ། ། གླེགས་བམ་དུ་བགྱིས་ཏེ་ཁྱིམ་དུ་འཆང་བར་བགྱིད་དམ། རྗེ་དཔོན་གྱིས་སྐྲག་པས་སམ།། གཞན་གྱི་ངོར་རམ། བཞད་གད་ཙམ་གྱི་རྒྱུས་མཉན་པར་བགྱིད་ན། བཅོམ་ལྡན་འདས་མཁས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུས་དེ་དག་གི་རྣ་ཁུང་དུ་སྒྲ་དེ་གྲག་པ་ལགས་པར་འཚལ་བར་བགྱིའོ། ། བཅོམ་ལྡན་འདས་དཔེར་ན་སྐྱེས་བུ་འགའ་ཞིག་གིས་ཙན་དན་ནམ། ག་བུར་རམ། བླ་རྩིས་ཞིག་ལ་ཁྲོས་སམ། ཡོངས་སུ་སྨད་དེ་རྡོ་ལ་བཏགས་ནས་བདག་ཉིད་ལ་བྱུག་ན་ཙན་དན་ནམ། ག་པུར་རམ། གླ་རྩི་དེ་འདི་སྙམ་དུ། འདིས་བདག་ལ་ཁྲོས་སམ། ཡོངས་སུ་སྨད་པས་དྲི་མནམ་པར་མི་བགྱིའོ་སྙམ་དུ་མི་སེམས་ཀྱི། གཞན་དུ་ན་དེ་ཉིད་ལ་དྲི་གདའ་བར་བགྱིད་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་བདག་གི་དོན་ཡོད་པའི་ཞགས་པའི་སྙིང་པོ་འདིའང་གང་སུའང་རུང་བས་བཞད་གད་ཙམ་གྱིས་ཞེས་བྱ་བ་རྒྱས་པར་སྦྱར་རོ། ། བཅོམ་ལྡན་འདས་གཡོ་དང་སྒྱུས་མཆོད་པར་བགྱིད་ནའང་དེ་ཉིད་སེམས་ཅན་དམུ་རྒོད་དེ་དག་གི་དགེ་བའི་རྒྱུར་འགྱུར་ལགས་སོ།། གང་དང་གང་དུ་སྐྱེ་བར་འགྱུར་བར་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་བྲལ་བར་མི་འགྱུར་ཏེ། ཚུལ་ཁྲིམས་ཀྱི་དྲི་གདའ་བར་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་གང་ཡང་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ཕ་འམ། དགེ་སློང་མའམ། དགེ་བསྙེན་ཕ་འམ། དགེ་བསྙེན་མ་འམ། དེ་ལས་གཞན་པའི་སེམས་ཅན་སུའང་རུང་བས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆེད་དུ་ཡར་གྱི་ངོའི་ཚེས་བརྒྱད་ལ་སྨྱུང་བ་བགྱིས་ཏེ། གཞན་མི་སྨྲ་བར་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་བརྗོད་བགྱིད་ན། བཅོམ་ལྡན་འདས་དེས་ཚེ་འདི་ཉིད་ལ་ཕན་ཡོན་ཉི་ཤུ་རྩ་གཅིག་ཐོབ་པར་འགྱུར་ཏེ། ཉི་ཤུ་རྩ་གཅིག་གང་ཞེ་ན། འདི་ལྟ་སྟེ། དེའི་ལུས་ལ་ནད་རྣམས་འབྱུང་བར་མི་འགྱུར་རོ།། དེའི་ལུས་ལ་ལས་ཀྱི་དབང་གིས་ནང་རྣམས་བྱུང་ནའང་མྱུར་དུ་ཞི་བར་འགྱུར་ཞིང་། ལུས་མདངས་དང་ལྡན་པ་དང་ཡིད་དུ་མཆི་བར་འགྱུར་རོ།། སྐྱེ་བོ་མང་པོའི་སྙིང་དུ་སྡུག་པ་དང་དབང་པོ་སྦས་པར་འགྱུར་རོ། ། དེའི་དོན་རྣམ་འགྲུབ་པར་འགྱུར་རོ།། དེའི་དོན་གྲུབ་པའ་འཆོམ་རྐུན་གྱིས་མི་འཕྲོགས་ཏེ། ཞུགས་ཀྱིས་མི་འཚིག། ཆབ་ཀྱིས་མི་འཚལ། རྒྱལ་པོའི་མཐུས་དབྲོག་པར་རྔོ་མི་ཐོགས་པར་འགྱུར་རོ། ། དེའི་ལས་ཀྱི་མཐའ་རྣམས་རྒྱས་པར་འགྱུར་ཏེ། སེ་རབས་མ་ལགས་སོ།། ཆབ་ཀྱི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། རླུང་དང་ཆར་གྱི་འཇིགས་པ་མ་ལགས་སོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་ཐལ་བ་དང་ཆུ་ལ་ལན་བདུན་བཟླས་བརྗོད་བགྱིས་ནས། ཞིང་གིས་ཕྱོགས་མཚམས་དང་སྟེང་འོག་ཏུ་བཅིང་བ་བགྱིས་ན་གནོད་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། ག་བི་བརྗིད་དང་མདངས་དབྲོག་པར་རྔོ་མི་ཐོགས་པར་འགྱུར་ཞིང་། སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་ཡིད་དུ་འཐད་པར་འགྱུར་རོ།། དེ་ལ་དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དེ་ལ་དགྲའི་འཇིགས་པ་བྱུང་ཡང་མྱུར་དུ་ཞི་བར་འགྱུར་རོ། ། དེ་ལ་མི་མ་ལགས་པའི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། བྱད་ཀྱི་འཇིགས་པ་མ་ལགས། མཁའ་འགྲོ་མའི་འཇིགས་པ་མ་ལགས་ཏེ། དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དྲག་པོ་འབྱུང་བར་མི་འགྱུར་རོ། ། མེ་དང་། མཚོན་དང་། དུག་གིས་འགུམ་པར་མི་འགྱུར་རོ།། དེ་ལའང་ལྷ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པའི་ཕྱིར་གནས་པར་འགྱུར་རོ།། གང་དང་གང་དུ་སྐྱེ་བར་འགྱུར་བར་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྟོབས་དང་འབྲལ་བར་མི་འགྱུར་ཏེ། དེ་ལ་ཕན་ཡོན་ཉི་ཤུ་རྩ་གཅིག་པོ་འདི་དག་འཐོབ་པར་འགྱུར་ལགས་སོ། ། གཞན་ཡང་ཆོས་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འགུམ་པའི་དུས་སུ་འཕགས་པ་སྤྱན་རས་གཟི་དབང་ཕྱུག་དགེ་སློང་གི་གཟུགས་སུ་མངོན་སུམ་དུ་ཞལ་སྟོན་པར་འགྱུར་རོ། ། བདེ་བར་འཆི་བའི་དུས་བགྱིད་པར་འགྱུར་རོ།། ལྟ་བ་འཁྲུལ་པར་མི་འགྱུར་རོ།། ལག་པ་མི་གཡོབ་པ་དང་། རྐང་པ་མི་གཡོབ་པ་དང་། བཤང་གཅི་མ་མཆིས་པ་དང་། ཁྲིའི་སྟེང་དུ་འཆི་བའི་དུས་བགྱིད་པར་མི་འགྱུར་རོ།། དྲན་པ་ཤིན་ཏུ་ཉེ་བར་གནས་པར་འགྱུར་རོ།། ཁ་སྦུབ་ཏུ་འཆི་བའི་དུས་བགྱིད་པར་མི་འགྱུར་རོ། ། འགུམ་པའི་དུས་ནའང་སྤོབས་པ་མི་བས་པར་འགྱུར་རོ།། དེའང་སངས་རྒྱས་ཀྱི་ཞིང་གང་དུ་སྨོན་པ་དེར་སྐྱེ་བར་འགྱུར་ཞིང་། དགེ་བའི་བཤེས་གཉེན་དང་ཡང་འབྲལ་བར་མི་འགྱུར་རོ།། ཉིན་གཅིག་བཞིན་དུ་དུས་གསུམ་དུ་ལན་གསུམ་དུ་བཟླས་བརྗོད་པགྱིའོ།། ཆང་དང་། ཤ་དང་། རྐུན་དོང་དང་། ཀེའུ་དང་། སྒོག་སྐྱ་དང་འདྲེས་པ་དང་། ལྷག་རོལ་དང་། འདི་རྣམས་ཁྱད་པར་དུ་དོན་དུ་གཉེར་བས་སྤང་བར་བགྱིའོ། ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདིའང་སེམས་ཅན་རྣམས་ལ་མཐུ་མཆིས་པ་དང་མཐུ་མ་མཆིས་པར་འཚལ་བར་བགྱིས་ནས་བསྒྲུ་པར་བགྱིའོ། ། སློབ་དཔོན་གྱི་དཔེ་མཁྱུད་མི་བགྱིའོ།། འདི་ལྟར་དྲི་མ་དང་བྲལ་ཞིང་ཕྲག་དོག་དང་སེར་སྣ་སྤངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལགས་ཏེ། སེམས་ཅན་རྣམས་ཀྱི་དོན་བགྱི་བའི་སླ་དུ་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཀྱི་ནང་དུ་གཏོགས་སོ།། བྱང་ཆུབ་ཅེས་བགྱི་བ་ནི་ཤེས་རབ་ལགས། སེམས་དཔའ་ཞེས་བགྱི་བ་ནི་ཐབས་ལགས་ཏེ། ཆོས་འདི་གཉིས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་ཁོ་ནས་ཐོབ་པ་ལགས་སོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་རྗེས་སུ་གནང་ན། འདི་ལྟར་བདག་གིས་སྙིང་པོ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་འཁོར་བཞི་རྣམས་དང་། གཞན་སྡིག་པ་སྤྱོད་པ་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ་བསྒྲག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་དག་པ་དེ་དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སྤྲོས་ཤིག། དེ་བཞིན་གཤེགས་པས་རྗེས་སུ་ཡི་རང་བར་མཛད་ཟིན་ཏེ། ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་རྣམས་ལ་བའི་བྱ་བ་བྱེད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་མིག་མི་འཛུམ་པར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོའི་དོན་དུ་བདག་ལ་གསན་དུ་གསོལ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཡང་དག་པར་སོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། ཤཱ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ།། བྱམས་པ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ། ཙི་རི་ཙི་རི། མི་རི་མི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སི་རི་སི་རི། ཙི་རི་ཙི་རི། བི་རི་པི་རི། བི་རི་བཻ་རི། མཧཱ་པདྨ་ཧསྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུད་དྷ་སཏྭ། བུདྡྷ་བུ་དྡྷ། དྷཱུ་བདྷཱུ་བ། ཀ་ཎ་ཀཎ། ཀིཎྜི་ཀིཾཎི། ཀུཎུ་ཀུ་ཎུ། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀར། ཀ་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སཱ་མ་པྲཱཿ། ཙལ་ཙ་ལ། སརྦྦ་ལ་ས་ཉྩ་ལ། བི་ཙ་ལ་བི་ཙ་ལ། ཨོཾ་ཕཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷཻ་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧྱེ་ཎི། མ་ཧཱ་ཀ་རུ་ཎི་ཀ། མ་ཧཱ་བ་ཤུ་པ་ཏི་བེ་ཥ་དྷཱ་མ་དྷ་ར་དྷ་ར། ས་ར་ས་ར། ཙར་ཅར། ཧར་ཧརཱ། ཧཧཱ་སཏྭཱ། བིཧྲཱིཿཛྲིཾ། ཧུཧྨཱདྷརྠ། ཨོཾ་ཀཱར་ཐཧྨ་བེ་ཥདྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་སདྷུ་རྦ། ཏ་ར་ཏ་ར། ས་ར་ས་ར། བ་ར་བ་ར། 6་ར། རསྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མནྡི་ཏ། ཤཱ་རཱི་རཱ་ཡ། ཛཱ་ལ་ཛཱ་ལ། ཏཱ་པ་ཏཱ་པ། བྷ་ག་ཝཱན་སོ་མ། ཨཱ་དི་ཏྱ། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨ་ནཱ་རི་ཥི་དེ་བ་ག་ན། ཨ་བྷུ་རྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། པུ་རུ་པུ་རུ། ས་ནེད་ཀུ་མཱ་ར། རུ་དྲ། བཱ་ས་བ། བིཥྞུ་དྷ་ད་ད། དེ་བ། རི་ཥི་ནཱ་ཡ་ཀ། བ་ཧུ་བི་བི་དྷ། བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷ་རུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། མ་ར་མ་ར། པ་ར་པ་ར། བ་ར་བ་ར། བ་ར་དཱ་ཡ་ཀ། ས་མནྟ་ཨ་བ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར་མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་ས་གསུམ་གྱི་ལྷ་རྣམས་དང་། བདག་དང་། སེམས་ཅན་ཐམ་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་དང་། དོན་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག། བསད་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། རྒྱལ་པོ་དང་། ཆོམ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ལས་ཡོངས་སུ་ཐར་བར་མཛད་པ། ཀ་ཎ་ཀཎ། ཀི་ཎི་ཀི་ཎི། ཀུ་རྩ་ཀུ་ཎྜ། 6རཙ་ཨིནྡྲི་ཡ། བ་ལ་བོ་དྷྲྀ་ག། ཙ་ཏུར་ཨཱཿས་ཏྱ་སཾ་པྲ་ཀཱ་ཤ་ཀ། ཏཱ་པ་ཏཱ་པ། དམ་དག། ས་མས་མ། ཨ་ས་མ་ས། མ་ཧཱ་ཏ་མོ། ཨོཾ་དྷ་ཀ་ར། བི་དྷ་མ་ན་ཥཝ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ། མེ་ལི་མི་ལི། ཊཊརྦཊ། ཥཿ3། ཝི་ཊི་ཊྚི་ཊི། ཊུ་ཊུ་ཊུ་ཊ། ཨེ་ནེ་ཡ་ཙརྨ་ཀྲི་ཏ་པ་རི་ཀེ་ར། ཨེ་ཧྱེ་ཧི། ཨཱི་ཤྭ་ར་མ་ཧེ་ཤྭ་ར། མ་ཧཱ་བྷཱུ་ཏ་ག་ཎཱ་ས་བྷཱཉྫ་ཀ། ཀུ་རུ་ཀུ་རུ། པ་ར་བ་ར། 18་ཀ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ། བི་ཤུདྡྷ། བི་ཥ་ཡ། བཱ་སི་ན། མ་ཧཱ་ཀ་རུ་ཎི་ཀ་ཤྭེ་ཏ་ཡ་ཛྙོ་པ་བཱི་ཏ། རཏྣ་མུ་ཀུ་ཊ། མཱ་ལཱ་དྷ་ར། སརྦྦ་ཛྙཱ་ཤི་ར་སི་ཀྲི་ཏ་མ་ཀུ་ཊ། མཱ་ལཱ་དྷ་ར། མ་ཧཱ་ད་བྷུཏ་ཀ་མ་ལ་ཨ་ལཾ་ཀྲི་ཏ་ཀ་ར་དྷ་རཱ་ཡ། དྷཱ་ན་ས་མཱ་དྷི། བི་མོཀྵ་ཨཱ་པྲ་ཀཾ་པྱ། བ་ཧུ་སཏྭ་སནྟ་ཏི་པ་རི་པཱ་ཙ་ཀ། མ་ཧཱ་ཀཱ་རུ་ཎི་ཀ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ཀ་སརྦྦ་བྱཱ་དྷི་པ་རི་མོ་ཙ་ཀ་སརྦྦ་ཨཱ་ཤཱ་པ་རི་པཱུ་ར་ཀ། སརྦྦ་སཏྭཱ་ས་མཱ་ཤྭཱ་སཾ་ན་ཀ་ར་ན་མོ་སྟུ་ཏེ་སྭཱ་ཧཱ། བཀླགས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དུས་གསུམ་དུ་བཟླས་བརྗོད་བགྱིད་ན་མཚམས་མེད་པ་ལྔ་འབྱང་བར་འགྱུར་ཞིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་དག་པར་འགྱུར་རོ།། མཚམས་གཅད་པ་ལ་ནི་ཨ་ཀ་རུའི་བདུག་པའམ། ཐལ་བ་འམ། ཆབ་བམ། ཡུངས་ཀར་དང་། སེང་ལྡེང་གི་ཕུར་བུ་ལ་སོགས་པས་སོ།། རིམས་ཐམས་ཅད་ལ་ནི་སྐུད་པས་སོ།། ནད་ཐམས་ཅད་ལ་ནི་མར་རམ། འབྲུ་མར་རམ། ཆབ་ལ་བཟླས་བརྗོད་བགྱིས་ཏེ་གཏོར་བར་བགྱིའོ།། བྱང་གྲོལ་བ་ལ་ནི་མཚོན་གྱིས་སོ།། ལྟོ་ན་པ་ལ་ནི་སྲུང་བའི་སྐུད་པས་སོ།། དུག་གསད་པ་ལ་ནི་ས་འམ་ཆབ་ཀྱིས་སོ།། མིག་ནད་ལ་ནི་སྐུད་པ་དཀར་པོས་རྣ་བ་ལ་གདགས་པར་བགྱིའོ།། སོ་ན་བ་ལ་ནི་ཤིང་ཀ་ར་ཝཱི་རའི་སོ་ཤིང་གིས་སོ།། མཚམས་གཅད་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། སེང་ལྡེང་གི་ཕུར་བུ་བཞི་ལ་བཅིང་ནས་ཕྱོགས་བཞིར་གཟུགས་པར་བགྱིས་ན་མཚམས་ཆེན་པོ་བཅིངས་པར་འགྱུར་རོ། ། ཐམས་ཅད་སྲུང་བ་ལ་ནི་སྐུད་པ་འམ། ཆབ་བམ། ཐལ་བས་བྱའོ།། གདོན་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྐུད་པས་སོ། ། རིམས་ཐམས་ཅད་ལ་ནི་སྐུད་པ་དཀར་པོས་སོ།། གཡན་པ་དང་། ཁྱི་རྔོ་དང་། ལྡོག་པ་དང་། མགྲིན་པ་འགགས་པ་ཐམས་ཅད་ལ་ནི་སྦྲང་རྩི་དང་པི་པི་ལིང་བསྲེས་པས་སོ།། མི་ག་ནང་ལ་ནི་དྲི་ཆུ་དང་། ཤིང་བ་ལ་ཤའི་ཆུ་འམ། ཤིང་མངར་གྱི་ཆུས་སོ།། རྣ་བའི་ནད་ལ་ནི་འབྲུ་མར་གྱིས་སོ།། འཐབ་པ་དང་། འཐབ་མོ་དང་། རྩོད་པ་འགྱེད་པ་དང་། སྐུར་པ་འདེབས་པ་ཐམས་ཅད་ལ་ནི་ཆབ་ལ་བཟླས་བརྗོད་བགྱིས་ཏེ་ཁ་བཤལ་བར་བགྱིའོ། ། དཔུང་དང་། ཡུལ་དང་། རྒྱལ་སྲིད་དང་། ཡུལ་འཁོར་རྣམས་སྲུང་བ་ལ་ནི་བུམ་པ་གང་བ་བཞག་ལ་གོས་གཙང་མ་བགོས་པས་མཆོད་པ་རྒྱ་ཆེན་པོ་བགྱིས་ནས་བཀླག་པར་བགྱིས་ན་ཞི་བ་ཆེན་པོར་འགྱུར་རོ། ། དེ་ཡང་ཆབ་ཀྱིས་གཏོར་བར་བགྱིས་ཏེ། སེམས་ཅན་ཐམས་ཅད་ལ་སྲུང་བ་བགྱིས་པར་འགྱུར་རོ།། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་ཐམས་ཅད་ཞི་བར་བགྱིད་པ་དང་། གླགས་ལྟ་བ་རྣམས་ལ་ནི་ཙན་དན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་སྙིང་ཁར་བྱུག་པར་བགྱིའོ།། མཚམས་མ་མཆིས་པའི་ལས་ཐམས་ཅད་བས་པར་བགྱི་བ་ནི་རྟག་ཏུ་བཟླས་བརྗོད་ཀྱིས་སོ། ། ཁྱིམ་སྲུང་བ་ལ་ནི་པདྨའི་སྦྱིན་སྲེག་གིས་སོ།། སེམས་ཅན་ཐམས་ཅད་བསྐྱང་བ་དང་། འབྱུང་པོའི་འཇིགས་པ་དང་། གདོན་ཐམས་ཅད་ལས་སྲུང་བ་ལ་ནི་ཙན་དན་གྱི་སྦྱིན་སྲེག་གིས་སོ།། ཛ་ཡཱ་དང་། བི་ཛ་ཡཱ་དང་། ནཱ་ཀུ་ལཱི་དང་། གན་དྷ་ནཱ་གུ་ལཱི་དང་། བ་རུ་ནི་དང་། ཙེའི་དྲ་བ་རུ་ཎི་དང་། ཨ་བྷ་ཡ་བ་ནི་དང་། ཨིན་དྲ་བ་ནི་དང་། གན་དྷ་པྲི་ཡང་ཀུ་དང་། རྒྱ་སྤོས་དང་། ཙཀྲ་དང་། མ་ཧཱ་ཙཀྲ་དང་། བིཥྚ་ཀྲཱནྟ་དང་། སོ་མ་རཱ་ཛི་དང་། སུ་ནན་ད་རྣམས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་ནོར་བུར་བགྱིས་ནས། སྤྱི་བོ་འམ་དཔུང་པ་ལ་གདགས་པས་བསྲེལ་བར་བགྱིའོ།། ཁྱེའུ་རྣམས་ལ་མགུལ་པར་རོ།། བུ་མོ་རྣམས་ལ་ནི་སྟ་ཟུར་ནས་ཏེ། དཔལ་དང་ལྡན་པར་བགྱིད་པ་དང་། བཀྲ་མི་ཤིས་པ་རབ་ཏུ་ཞི་བར་བགྱིད་པའི་ནོར་བུ་འདི་བསྲེལ་ན་ཐམས་ཅད་ལས་སྲུང་བ་བགྱིས་པར་འགྱུར་རོ། ། དུག་དང་མེས་མི་ཚུགས་ལགས་སོ།། དུག་གིས་གནོད་པ་སྐྱེ་བར་མི་འགྱུར་རོ།། སྐྱེས་ནའང་གནོད་པ་སྐྱེད་པར་མི་བགྱིད་ཅིང་བྱུར་དུ་ཞི་བར་འགྱུར་རོ། ། གདོན་རྣམས་ཞི་བར་འགྱུར་རོ།། རླུང་དང་། འབྲུག་དང་། སེ་རབ་གཅད་པ་དང་། ཆབ་ཀྱི་རྒྱུན་དང་། སེར་བ་བཟློག་པ་ལ་ནི་ཤིང་ཀ་ར་ཝཱི་རའི་ལྕུག་མས་ཏེ། ལས་ཐམས་ཅད་བགྱིད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་གྲུབ་པ་དམ་པ་མ་བསྒྲུབས་པར་ལས་འདི་རྣམས་བགྱིད་པར་འགྱུར་ལགས་སོ། ། དེ་ནས་སྒྲུབ་པར་འཚལ་ན་ཐང་སྐུའི་ཆོ་ག་ནི་རས་ལ་ལྷག་མ་མ་ཡིན་པའི་ཚོན་རྩིས་སངས་རྒྱས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་རལ་པའི་ཐོར་ཙུགས་དང་། ཨེ་ནྱ་ཡའི་པགས་པ་དང་། ཕྱུགས་བདག་གི་ཆ་ལུགས་འཆང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྲི་བར་བགྱི་སྟེ། རི་མོ་མཁན་གསོ་སྦྱོང་ཅན་འདྲིར་སྩལ་བར་བགྱིའོ།། དེ་ནས་སྒྲུབ་པ་པོས་སྐུ་གཟུགས་དེའི་སྤྱན་སྔར་བའི་ལྕི་བའི་དཀྱིལ་འཁོར་བགྱིས་ཏེ། མེ་ཏོག་དཀར་པོའི་སིལ་མ་བཀྲམ་ལ་སྤོས་ཀྱིས་བཀང་བའི་སྣོད་བརྒྱད་གཞག་པར་བགྱིའོ།། སྣ་བརྒྱད་པའམ། དྲུག་ཅུ་རྩ་བཞི་པའམ། གཞན་ཡང་ལྷ་བཤོས་ཤ་དང་ཁྲག་དང་མ་འདྲེས་པ་བཤམས་ཤིང་དྲངས་ལ། ཨ་ཀ་རུའི་བདུག་པས་བདུགས་ཏེ། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ།། ཉིན་ཞག་གཅིག་གམ། ཉིན་ཞག་གསུམ་དུ་སྤྱང་བ་བགྱིས་ནས་ཟས་དཀར་གསུམ་འཚལ་ཏེ། དུས་གསུམ་དུ་ཁྲུས་བགྱིས་ནས་གོས་གཙང་མ་བགོས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་མཆིས་ནས་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་དོ། ། ལྡོང་རོས་སམ་མིག་སྨན་ལ་བཟླས་བརྗོད་བགྱིས་ཏེ་མིག་ལ་བསྐུས་ན། དེ་ནས་མི་གདའ་བར་གྱུར་ནས་ནམ་མཁའ་ལ་མཆི་བར་འགྱུར་ཞིང་། དོན་ཡོད་པའི་ཡེ་ཤེས་བཀོད་པ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཏེ། ཅི་འཚལ་བ་དེ་བགྱིད་པར་འགྱུར་རོ།། དེ་ནི་འགྲུབ་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དོན་ཡོད་པའི་ཞགས་པ་རྫོགས་སོ།། །། དེ་བཞིན་གཤེགས་པ་རྒྱ་མཚོ་རབ་འབྱམ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཉི་མའི་འོད་ལྟར་འོད་ཟེར་སྟོང་འཕྲོ་ཞིང་འོད་ཟེར་སྣ་ཚོགས་འགྱེད་པའི་ལུས་ཀྱིས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཞལ་གྱི་དཀྱིལ་འཁོར་རྒྱས་ཤིང་རྫོགས་ལ་ཞི་བ། བཞིན་འཛུམ་པའི་བཞིན་གྱིས་བྱམས་པ་དང་སྙིང་རྗེ་ཆེན་པོའི་མཐུ་ཡིད་ལ་བྱེད་པས། རིགས་བཞིའི་འཇིག་རྟེན་ལ་ཕན་པ་དང་སྙིང་བརྩེ་བས་དོན་ཐམས་ཅད་གྲུབ་པར་རིག་སྔགས་འཆང་རྣམས་ཀྱིས་བླ་ན་མེད་པའི་དེ་ཁོ་ན་ཉིད་གྲུབ་པ་མཆོག་སྦྱིན་པ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདྲ་བདག་ལ་དོན་ཡོད་པའི་རྒྱལ་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་སྙིང་པོ་འདི་མཆིས་ཏེ། འདི་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཆེན་པོ་སྙིང་པོར་འཕགས་པ། སྙིང་པོར་གྱུར་པ་དེ་ཁོ་ན་ཉིད་གྲུབ་པ། པདྨ་དམ་པ། དཀྱིལ་འཁོར་ཆེན་པོ་འདི་ཕྱག་རྒྱ་དང་། གསང་སྔགས་དང་། སྙིང་པོ་རིམ་པར་ཕྱེ་བ་གསང་བ་དམ་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དམ་ཚིག་དང་སྒྲུབ་གསང་བ་འདི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྒྲག་པར་བགྱིའོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མང་པོའི་འཁོར་ཆེན་པོའི་མདུན་དང་། རིག་སྔགས་གྲུབ་པའི་ལྷའི་དཀྱིལ་འཁོར་གྱི་མདུན་འདིར་ཡང་བསྒྲག་པར་བགྱིའོ།། གང་ཡང་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚང་པ་དང་། ལྷ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། དྲང་སྲོང་གི་ཚོགས་དང་། ཟླ་བ་དང་། ཉི་མ་དང་། སྐར་མའི་ཚོགས་དང་། རྒྱུ་སྐར་དང་། རིག་སྔགས་འཆང་གྲུབ་པའི་ལྷ་མོ་རྣམས་ཀྱི་མདུན་དུ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཡང་དག་པ་འཇིག་རྟེན་ལས་འདས་པ། དངོས་གྲུབ་སྒྲུབ་པ་བཀླགས་པས་སྒྲུབ་པ་དང་བསྒོམས་པས་སྒྲུབ་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་སྔགས་ཆེན་པོ་འཆང་བའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མདུན་དུ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གསང་བ་དམ་པ་བསྒྲགས་ཤིང་བརྗོད་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསོད་ནམས་སྟོང་གིས་བརྒྱན་པ། མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་སྤྲས་པ། ཕྱག་དཔུང་པའི་མདོག་གསེར་གྱི་ཁ་དོག་ལྟ་བུ་འོད་ཟེར་འཕྲོ་བ་དུ་མའི་འཕྲེང་བ་དང་། སྤོས་ཀྱི་གླང་པོ་ཆེའི་སྣ་ལྟ་བུའི་ཕྱག་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་བཞག་ནས་ཀླད་པ་ལ་བྱུགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ཅན་དག་པ་དམ་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སྨྲོས་ཤིག། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། ངས་ཀྱང་ད་ལྟར་བྱིན་གྱིས་རློབ་ཀྱིས། ཁྱོད་གསང་བ་དམ་པའི་དམ་ཚིག་སྨྲོས་ཤིག། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བཞིན་བྱིན་གྱིས་བརླབས་པ། གངྒཱའི་ཀླུང་འབུམ་ཕྲག་བྱེ་བ་བརྒྱ་སྟོང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང་རྗེས་སུ་ཡི་རང་བར་མཛད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱོགས་བཅུར་བལྟས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་གི་སྙིང་པོ་དེ་ཁོ་ན་ཉིད་གསང་བའི་གསང་སྔགས་འདི་དག་གསོལ་ཏོ།། ཨོཾ་པདྨ་ཧསྟ་མ་ཧཱ་ཨ་མོ་གྷ་པཱ་ཤ་སཱ་དྷ་ཡ་ས་མ་ཡ་ཧྲི་ད་ཡ། ཙ་ར་ཙ་ར་ཧཱུཾ། དོན་ཡོད་པའི་ཞགས་པའི་རང་བཞིན་གྱི་གཟུགས་ཀྱི་སྙིང་པོ་ཡིན་ནོ།། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསང་བའི་སྙིང་པོ་འདི་བརྗོད་མ་ཐག་ཏུ་རིའི་རྒྱལ་པོ་པོ་ཊ་ལ་འདི་བྲག་དང་། ནགས་ཚལ་དང་། རྩཝ་ཤིང་དུ་བཅས་པ་དང་། རི་རབ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་བཅས་པ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་ལྷའི་གནས་རྣམས་ཀྱང་ལྡེག་པར་གྱུར་ཏེ། ཐམས་ཅད་འདརའདར་པོར་གྱུར་ཏོ།། ཀླུའི་གནས་དང་། གནོད་སྦྱིན་དང་། སྲིན་པོའི་གནས་རྣམས་ཀྱང་འཁྲུགས་པར་གྱུར་ཏོ།། རྒྱ་མཚོ་ཆེན་པོའི་རླབས་ཀྱང་འཁྲུགས་པར་གྱུར་ཏོ། ། ཆུ་གཏེར་རྣམས་ཀྱང་འཁྲུགས་པར་གྱུར་ཏོ།། དེ་མ་ཐག་ཏུ་ཕྱོགས་བཅུ་ན་སངས་རྒྱས་ཀྱི་སྐུ་གཟུགས་བརྙན་བཞུགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། ། རྒྱལ་བའི་བདག་ཉིད་དུ་སྐྱེས་པ་དོན་ཡོད་པ། གསང་བའི་སྙིང་པོ་བཀླགས་པས་འགྲུབ་པ་བླ་ན་མེད་པ་སྨྲས་པ་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་གསང་བ་བཀླགས་པ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་ནི་ལེགས་སོ་ལེགས་སོ།། སེམས་དཔའ་དག་པ་ཁྱོད་ཀྱིས་གསང་བ་བཀླག་པའི་ཆོ་ག་དེ་ཁོ་ན་ཉིད་སྒྲུབ་པ་རྒྱས་པ་དང་བཅས་པར་སྨྲོས་ཤིག། སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གསང་བའི་སྙིང་པོའི་གཟུངས་འདི་ལན་ཅིག་བརྗོད་པ་ཙམ་གྱིས་དེའི་མོད་ལ་ཕྱོགས་བཅུ་ཐ་དད་པ་ནས་གངྒཱའི་ཀླུང་ས་ཡ་བྱེ་བ་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་ཕྱག་བརྐྱང་སྟེ་སྤྱི་བོ་ལ་བཞག་ནས་ལེགས་སོ་ཞེས་བགྱི་བའི་སྒྲ་གསུངས་ཏེ། གསུངས་པ་ཙམ་གྱི་མོད་ལ་སྔོན་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་སྒྲིབ་པ་རྣམས་ཉམས་པར་བགྱིད། ཞིག་པར་བགྱིད་དོ།། སྡིག་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། དེ་བཞིན་དུ་གནོད་པ་ཞི་བར་བགྱིད་དོ། ། སྡིག་པ་དང་། སེམས་ཅན་གདུག་པ་རྣམས་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་རྣམས་འཇིག་པར་བགྱིད་དེ། འདི་ལ་ཐེ་ཚོམ་མི་བགྱིའོ།། རྟག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་ལྷ་འཚལ་བར་འགྱུར་ལགས་སོ། ། རིག་སྔགས་འདིའི་ཆོ་ག་སྒྲུབ་པ་ནི་འདི་ཡིན་ཏེ། རིག་སྔགས་འཆང་གཙང་མར་གྱུར་པས་ཤིན་ཏུ་ཁྲུས་བགྱིས་ཏེ་གོས་གཙང་མ་བགོ་བར་བགྱིའོ། ། བྱམས་པ་དང་སྙིང་རྗེ་ཡིད་ལ་བགྱིས་པས་འབྱུང་པོ་ཐམས་ཅད་ལ་མཆོག་ཏུ་སྙིང་པ་རྩེ་བར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པར་བགྱིའོ།། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། མར་མེ་དབུལ་བར་བགྱིའོ།། ཚེས་བརྒྱད་དམ། ཚེས་བཅོ་ལྔ་ལ་སྒྲུབ་པའི་བཟླས་བརྗོད་ཀྱི་ཆོ་ག་བགྱིའོ།། རི་མོའི་གཟུགས་ཀྱི་མདུན་དུ་ཐོག་མར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། ཚིག་གཞན་མོ་སྨྲ་བར་ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་ཆབ་དང་ཡུངས་ཀར་གྱི་དབང་བསྐུར་བར་བགྱིའོ། ། ཕྱག་རྒྱ་བཅིང་བར་བགྱི་སྟེ་ལན་ཉི་ཤུ་རྩ་གཅིག་ཏུ་གདོན་པར་བགྱིའོ།། གསང་སྔགས་ཀྱིས་ནི་དབང་བསྐུར་བར་བགྱིའོ།། ཕྱག་རྒྱས་ཀྱང་དབང་བསྐུར་བར་བགྱིའོ། ། དེའི་འོག་ཏུ་དོན་ཡོད་པའི་གསང་བའི་དམ་ཚིག་གི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ།། བཟླས་བརྗོད་བཏོན་པ་ཙམ་གྱིས་དེའི་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོ་རྒྱལ་པོ་དང་བཅས་པ་འབུམ་འགྱུར་དུ་བཟླས་བརྗོད་བགྱིས་པར་འགྱུར་རོ། ། བཟླས་བརྗོད་རྫོགས་ནས་རི་མོའི་གཟུགས་འབར་ཞིང་སའང་གཡོ་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་ལས་འོད་ཟེར་སྣ་ཚོགས་འབྱུང་བར་འགྱུར་རོ། ། དོན་ཡོད་པའི་ཞགས་པའི་ལག་ན་ཐོགས་པའི་ཞགས་པ་འབར་བར་འགྱུར་ཞིང་། རིག་སྔགས་འཆང་སྙིང་དགའ་བ་དང་སྤྱི་བོའི་གཙུག་འབར་བར་འགྱུར་རོ། ། འདི་ནི་གྲུབ་པའི་རྟགས་ཡིན་ནོ་ཞེས་གྲུབ་པའི་རྟགས་དང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཕྱག་རྒྱ་གྲུབ་པར་འགྱུར་རོ།། དེ་ནས་དགོས་པ་ཐམས་ཅད་དང་ལས་ཐམས་ཅད་བརྗོད་པ་ཙམ་གྱིས་དེའི་མོད་ལ་འགྲུབ་པར་འགྱུར་ལགས་སོ།། དེ་བཞིན་གཤེགས་པ་ས་ཡ་བྱེ་བ་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་ཕྱག་གསེར་གྱི་ཁ་དོག་འདྲ་བ་སྤྱི་བོའི་གཙུག་ཏུ་འཇོག་པར་རྨི་ལམ་དུ་མཐོང་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་གྱི་ལུས་ཤིན་ཏུ་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པས། གསང་བའི་སྙིང་པོར་གྱུར་པ་སོ་སོར་གནས་པར་འགྱུར་རོ།། དྲི་མ་མེད་པའི་བདག་ཉིད་ཀྱི་ལུས་ཀྱི་རང་བཞིན་མདུན་ན་མཆིས་པར་འགྱུར་རོ།། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། རྣམ་པ་ཐམས་ཅད་དུ་གྲུབ་པ་སྩོལ་བར་འགྱུར་རོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོའི་ཕྱག་རྒྱ་གྲུབ་པ་སྩོལ་བར་འགྱུར་རོ།། ཇི་ལྟར་སྙིང་ལས་སྐྱེས་པའི་བུ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཀྱི་བར་ཡོངས་སུ་སྦྱོང་བར་བགྱིད་དོ། ། དེ་ལྟ་བས་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་དཀྱིལ་འཁོར་མཐའ་དག་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་ཞིང་ལེགས་པར་བརྒྱན་པ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ན་ཁང་པ་བརྩེགས་མ་ལེགས་པར་བརྒྱན་པའི་སེང་གེའི་ཁྲི་མཆོག་ལ། འཕགས་པ་རྒྱལ་བ་འོད་དཔག་མེད་འོད་ཟེར་བརྒྱ་སྟོང་ཕྲག་འབུམ་འཕྲོ་བའི་སྐུས་བཞུགས་ཤིང་ཆོས་སྟོན་པ་ལྟ་བར་འཚལ་ན། རིག་སྔགས་འཆང་དེས་ལེགས་པར་བཀྲུས་ཏེ་གཙང་མར་གྱུར་པས་གོས་གཙང་མ་བགོས་ཏེ། ཆོ་འཕྲུལ་གྱི་ཟླ་བ། ཡར་གྱི་ངོ་ལ་བྱམས་པའི་སེམས་དང་སྙིང་རྗེའི་ལྷག་པའི་བསམ་པས་གུས་པ་དང་། དང་བ་དང་། ཞེ་ས་དང་། བླ་མར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་ཅི་འབྱོར་པ་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། ལྷ་བ་ལྦུབ་དང་། བ་དན་གྱིས་མཆོད་པར་བགྱིའོ།། ཚེས་བརྒྱད་ནས། ཚེས་བཅུ་གསུམ་གྱི་བར་དུ་བས་དཀར་གསུམ་འཚལ་བར་བགྱིའོ། ། རི་མོའི་གཟུགས་ཀྱི་མདུན་དུ་ཉིན་གཅིག་བཞིན་དུས་གསུམ་དུ་དོན་ཡོད་པའི་རྣག་པའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་དང་། ཚིག་གཞན་མི་སྨྲ་བར་ཁྲོ་བོའི་རྒྱལ་པོའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་རི་མོའི་གཟུགས་དེ་ཉིད་ཀྱི་མདུན་དུ་མཆིས་ནས་ཉལ་བར་བགྱིའོ།། མཆོད་ཡོན་དང་ཡོན་ཆབ་དུས་གསུམ་དུ་དབུལ་བར་བགྱིའོ།། ཀ་རུ་དང་། ཙན་དན་དང་། དུ་རུ་ཀ་དང་། གུ་གུལ་གྱི་མེ་ཏོག་ཁུ་བ་དང་བཅས་པ་གླ་རྩི་དང་ལྷན་ཅིག་བསྲེས་ནས་བསླང་བར་བགྱིའོ།། དགུག་པའི་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། དོན་ཡོད་ཁམས་གསུམ་རྣམ་པར་གྲགས། བདུག་པའི་རྒྱལ་པོ་བླ་ན་མེད། གང་ཕྱིར་བདུགས་པ་ཙམ་གྱིས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བདུག་པའི་སྤྲིན་ཆེན་པོ་འཁྲིགས་པས་རྒྱས་པར་འགྱུར་རོ། ། དྲི་འཁྲིགས་པ་དེ་དག་གིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་ལ་དྲི་ཆེན་པོའི་མཆོད་པ་དང་། བདུག་པ་ཆེན་པོའི་མཆོད་པ་བགྱིས་པར་འགྱུར་ཞིང་། ནད་ཐམས་ཅད་འཇིག་པར་འགྱུར་ཞིང་། རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ།། དེ་དག་ཐམས་ཅད་དགའ་བར་འགྱུར་རོ།། གང་ཡང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་གང་ངག་གིས་བདུག་པའི་དྲི་ཚོར་བ་དེ་དག་ཐམས་ཅད་ངན་སོང་དུ་སྐྱེ་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་གཏུགས་པར་འགྱུར་རོ། ། འཐབ་པ་དང་། འཐབ་མོ་དང་། མུ་གེ་དང་། རྩོད་པ་དང་། འགྱེད་པ་དང་། ནང་འཁྲུགས་པ་དང་། འཁྲུགས་པ་དང་། རྨི་ལམ་ངན་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། གདུང་བ་དང་། མི་བདེ་བ་ཐམས་ཅད་དང་། ནང་ཐམས་ཅད་ཞི་བར་འགྱུར་རོ། ། རླུང་དང་། སེར་བ་དང་། གྲང་བ་དང་། ཚ་བའི་སྤྲིན་ཐམས་ཅད་ཞི་བར་འགྱུར་རོ།། སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ།། བྱད་དང་། གཡེངས་བྱེད་དང་། སྔགས་ཀྱི་སྦྱོར་པ་ཐམས་ཅད་དང་། དུག་དང་། དབྱིག་དུག་དང་། དུག་སྦྱར་མ་ཐམས་ཅད་ཞི་བར་འགྱུར་རོ།། གདོན་ཐམས་ཅད་དང་། བརྗེད་བྱེད་ཐམས་ཅད་དང་། རིམས་དང་། བཟའ་ཉེས་དང་། སྒོ་མཉེས་དང་། གནོད་སྒྲིབ་དང་། གནོད་ལྟས་ཐམས་ཅད་བདུག་པའི་དྲིས་འབྲོས་པར་འགྱུར་རོ།། འཇིགས་པར་འགྱུར། འགྱེས་པར་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལན་འགའ་ཡང་ཚུགས་པར་མི་འགྱུར་རོ།། བདུག་པའི་རྒྱལ་པོ་འདི་རྟག་ཏུ་སྦྱར་བར་བགྱིའོ།། འདི་ལྟར་ཚེས་བཅུ་བཞིའི་ནུབ་མོ་མཆིས་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་དང་། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ།། ཟས་དཀར་གསུམ་གྱི་གཏོར་མ་ཅི་འབྱོར་པ་དབུལ་བར་བགྱིའོ། ། སྙིང་པོ་དང་ཉེ་བའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་དྲི་དང་འབྲུ་མར་གྱི་མར་མེ་དབུལ་བར་བགྱིའོ།། རི་མོའི་གཟུགས་དེ་ཉིད་མདུན་དུ་ནམ་ལངས་ཀྱི་བར་དུ་མཆིས་ཉལ་བར་བགྱིས་ཏེ། རྨི་ལམ་དུ་དབྱིག་གི་མཛོད་མཐོང་ངམ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་གཞལ་མེད་ཁང་དང་བཅས། རིན་པོ་ཆེའི་ཤིང་དང་བཅས། རིན་པོ་ཆེའི་རི་དང་བཅས། རྫིང་དང་བཅས། གནས་དང་བཅས། ཁང་པ་བརྩེག་མ་དང་བཅས། གཞལ་མེད་ཁང་དང་བཅས། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་བཅས་པ་མཐོང་ངམ། དེ་བཞིན་གཤེགས་པ་ཚེ་དཔག་མེད་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཁང་པ་བརྩེགས་པ་ན་བཞུགས་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འཁོར་དང་བཅས་པ་མཐོང་ངམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཚེ་དཔག་མེད་དེའང་རིག་སྔགས་འཆང་དེ་ལ་དབུགས་འབྱིན་པར་མཛད་ཅིང་ལེགས་སོ་ཞེས་བགྱི་བའང་སྩོལ་བར་མཛད་དེ། ཀྱེ་སྐྱེས་བུ་དམ་པ་ཁྱོད་ཀྱིས་རིག་སྔགས་འཆང་གི་སྐྱེས་བུའི་བྱེད་པ་མང་དུ་བྱས་པ་དང་། ཁྱོད་ཀྱིས་དགེ་བའི་རྩ་བ་མང་དུ་བསྐྲུན་པ་དང་། ཁྱོད་ཀྱིས་ལྷག་པར་མང་དུ་བྱས་པ་དང་། ཁྱོད་ཀྱིས་བྱ་བ་གང་ཡིན་པ་བྱས་པ་དང་། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་རྣམ་པར་ཕྱེ་བའི་སྙིང་པོ་སྒྲུབ་པ་ནི་གྲུབ་ཟིན་ཏེ་ལེགས་སོ་ལེགས་སོ། ། ཁྱོད་རིག་སྔགས་འཆང་གི་སངས་རྒྱས་ཉིད་དུ་གྱུར་ཅིག། ཁྱོད་འདི་ནས་མ་འོངས་པའི་མངལ་གྱི་སྐྱེ་བ་བླངས་ཏེ་ཚེ་བརྗེས་ནས་ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་ཕྱག་གཡས་པ་ཀླད་པའི་སྤྱི་བོར་འཇོག་པར་འགྱུར་རོ།། འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་སྩོལ་ཅིང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པ་སྟེ། འདི་ནི་དམ་པ་སྒྲུབ་པ་ཡིན་ནོ་ཞེས་བདག་ཉིད་སད་ནས་དགའ་བར་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་ཡོངས་སུ་དག་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲམ་ཟེའི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་འདོད་པ་ཐམས་ཅད་ཀྱི་མཆོག་སྩོལ་བར་འགྱུར་རོ།། གཟུགས་ཀྱི་རི་མོ་དེའང་འབར་ཞིང་འོད་ཟེར་འབྱུང་བར་འགྱུར་རོ།། ཡོན་ཏན་བརྒྱ་སྟོང་མང་པོ་གཞན་ཡང་འཐོབ་པར་འགྱུར་རོ།། འཇིག་རྟེན་པའི་ཕུན་སུམ་ཚོགས་པའང་འཐོབ་པར་འགྱུར་རོ།། སྐྱེ་བོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ཐམས་ཅད་དབང་དུ་འགྱུར་ཞིང་ཆེར་མཆོད་པར་འགྱུར་རོ།། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་དོན་ཡོད་པའི་གྲུབ་པ་ཆེན་པོ་འཐོབ་པར་འགྱུར་རོ། ། གྲུབ་པ་ཆེན་པོ་བླ་ན་མེད་པའང་འཐོབ་པར་འགྱུར་རོ།། ཉིན་གཅིག་བཞིན་དུས་གསུམ་དུ་ཕྱག་རྒྱ་བཅིང་བར་བགྱིའོ།། དེ་ནས་ཚེས་བཅུ་བཞི་ལ་ཐོག་མར་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཅི་འབྱོར་པའི་ཡོན་དང་བཅས་པའི་མཆོད་སྟོན་སྩལ་བར་བགྱིའོ། ། དེ་ནས་བདག་ཉིད་ལོངས་སྤྱོད་པར་འགྱུར་རོ།། གང་གིས་ཚེའང་སངས་རྒྱས་ལ་ལྟ་བ་དང་། བྱང་ཆུབ་སེམས་དཔའ་ལ་ལྟ་བ་དང་། ལྷ་རྣམས་ལ་ལྟ་བར་འཚལ་ན། དེའི་ཚེ་བདུག་པའི་རྒྱལ་པོ་ལ་དགུག་པའི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱི་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་བདུག་པར་བགྱིའོ།། བདུག་པས་བདུགས་པ་ཙམ་གྱི་མོད་ལ་ཞལ་སྟོན་པར་འགྱུར་ཞིང་། དགེ་བའམ་མི་དགེ་བ་ཐམས་ཅད་དམ། ཉམས་པ་འམ་བྲི་བ་དེ་དག་ཐམས་ཅད་གསུང་བར་འགྱུར་རོ།། ཇི་ཙམ་ཚེའི་མཐར་ཐུག་གི་བར་དུ་གསུང་བ་འམ། འགྲོ་བའམ། འོང་བ་གསུང་བར་འགྱུར་རོ།། དེ་ནས་གསང་སྔགས་ཀྱི་ཆོ་ག་དང་། སྒྲུབ་པའི་དོན་དང་། ལས་ཀྱི་ཆོ་གའང་ཇི་ལྟ་བ་བཞིན་དུ་བཤད་པར་བགྱིའོ།། ཨོཾ་པདྨ་དྷ་ར། ཨ་མོ་གྷ་ཛ་ཡ་དེ་ཙུ་རུ་ཙུ་རུ་སྭཱ་ཧཱ། དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་ཉེ་བའི་སྙིང་པོའི་གསང་སྔགས་སོ།། ཨོཾ་པདྨ་པཱ་ཤ་དྷཱ་རཱ་ཡ། ཨ་མོ་གྷ་བ་ར་སཙྪེ་ད་ཡ་ཧཱུ~ཾ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་བསྐུལ་བའི་གསང་སྔགས་ཏེ། བདུག་པའི་རྒྱལ་པོས་བདུགས་ནས་ཆབ་དང་ཡུངས་ཀར་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་ཕྱོགས་བཅུར་གཏོར་ན་ཐམས་ཅད་བསྐུལ་བར་བགྱིས་པར་འགྱུར་རོ། ། ཨོཾ་ཏྲཻ་ལོ་ཀྱ་ཨ་བྷུ་ཧཱ་ན། ཨ་མོ་གྷ་པཱ་ཤ། པདྨ་བི་ལོ་ཀི་ཏ་ཨཱ་ཡནྟུ། བྷུ་བ་ནེ་སུ་ར། སུ་རུ་སུ་རུ། བི་མ་ལེ་ཧཱུཾ། དགུག་པའི་གསང་སྔགས་ཏེ། གུ་གུལ་གྱི་བདུག་པ་ལ་ལན་བརྒྱ་རྩ་བརྒྱད། བཟླས་བརྗོད་བགྱིས་ནས་ཆུ་དང་མེ་ཏོག་བསྲེས་ནས་ཕྱོག་བཅུད་གཏོར་བར་བགྱི་སྟེ། ཐམས་ཅད་ནས་དགུག་པ་དམ་པ་གྲུབ་པ་ལགས་སོ།། ཨོཾ་པདྨ་བྷུ་ཛ་མ་ཧཱ་པཱ་ཤ་དྷཱ་ར་ཎི་མནྟྲ་ཡ་མི། ཨ་མོ་གྷ་བཱ་ཤ་ཡན་ཏུ་བྷུ་བ་སྟྲ། མུ་རུ་སུ་ནུཙྪ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་ན་གནས་པའི་ལྷའི་ཚོགས་ལ་སོགས་པ་སྤྱན་དྲང་བའི་གསང་སྔགས་ཏེ། རིལ་བ་སྤྱི་བླུགས་དང་། ཆབ་དང་། མེ་ཏོག་དང་། ཚེམས་ཤིང་ལ་བདུག་པའི་རྒྱལ་པོས་བདུགས་ཏེ། ཐམས་ཅད་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཐམས་ཅད་སྤྱན་དྲང་བའི་རིག་སྔགས་སོ།། ཨོཾ་པདྨ་ཨ་མོ་གྷ་བཛྲ་ཨ་དྷིཥྛཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། སའི་དཀྱིལ་འཁོར་བཅིང་བ་སྟེ། ཆབ་དང་ཡུངས་དཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ས་ལ་གཏོར་ན་དཔག་ཚད་སུམ་བརྒྱས་ཀུན་ནས་འཁོར་བའི་སའི་དཀྱིལ་འཁོར་རྡོ་རྗེར་བྱིན་གྱིས་བརླབས་པར་འགྱུར་རོ། ། དེ་ཐམས་ཅད་བསྲུངས་པས་ནི་རྡོ་རྗེ་སྲ་བའི་སེམས་སུ་འགྱུར་རོ། ། དགྲ་རྣམས་ཀྱིས་མི་མཐོང་བ་དང་། བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་ཐམས་ཅད་ཀྱིས་མི་མཐོང་སྟེ། རྣམ་པ་ཐམས་ཅད་དུ་མི་མི་མཐོང་བས་རྡོ་རྗེ་སྲ་བར་འགྱུར་རོ།། ཨོཾ་ཨཱ་མོ་གྷ་པཱ་ཤ་པད་མོ་དྷ་ར་སཾ་ཧཱ། སནྣ་ཊི་སི་རི་སི་རི་ཧཱུཾ། གདན་གྱི་གསང་སྔགས་ཏེ་ཡུངས་ཀར་ལ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་ས་ལ་གཏོར་ན། པདྨ་ཆེན་པོའི་གཞལ་ཡས་ཁང་གི་གདན་དུ་བྱིན་གྱི་བརླབས་ནས་ལེགས་པར་ཕུལ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སེང་གེའི་གདན་དུ་བྱིན་གྱིས་བརླབས་ནས་ལེགས་པར་ཕུལ་བར་འགྱུར་རོ།། རིག་སྔགས་འཆང་གིས་རང་གི་སྟན་ལ་ཆབ་ལ་ཡུ་ངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་གཏོར་ཏེ། རིག་སྔགས་གྲུབ་པའི་པདྨའི་སྟན་གསང་བའི་གསང་སྔགས་སོ།། ཨོཾ་མ་ཧཱ་ཀཱ་རུ་ཎི་ཀ། པདྨ་ཨ་མོ་གྷ་པཱ་ཤ་དྲི་ཌྷ་བཛྲ་ཨ་དྷིཥྛི་ཏ་བྷུ་རུ་བྷཱ་རུ་བྷན་དྷ་རེ་སྭཱ་ཧཱ། དཀྱིལ་འཁོར་མཐའ་དག་ན་ཁྱིམ་དང་། ནགས་ཚལ་དང་། ཀུན་དགའ་ར་བ་དང་། གཙུག་ལག་ཁང་དང་། བསྟི་གནས་དང་། འཆགས་དང་། ཕུག་དང་། དགོན་པ་དང་། གནས་གསང་བའི་ཕྱིར་དྲི་ཆབ་དང་ཡུངས་དཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་གཏོར་བར་བགྱིས་ཏེ། གནས་སུ་གཏོགས་པ་ཐམས་ཅད་གསང་བ་ཆེན་པོ་བགྱིས་པར་འགྱུར་རོ། ། ཉེས་པར་བགྱིད་པ་དང་། བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་འབྲོས་པར་འགྱུར་ཏེ། གནས་གསང་བའི་གསང་སྔགས་སོ།། ། ། ཨོཾ་པདྨ་ཨ་མོ་གྷ་པཱ་ཤཱ་ན་ས་མནྟ་ད་ཤ་སུ་དིཀྵཱ་སི་མཱ་བན་དྷཱ་ཡ། ཏུ་རུ་ཏུ་རུ་ཧཱུཾ། ལྕགས་ཀྱི་ཕུར་བུ་སོར་བརྒྱད་པའི་ཚད་ལྔ་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཕྱོགས་བཞིར་གཟུགས་པར་བགྱིའོ། ། ལྔ་པ་ནི་དབུས་ཀྱི་གཞིར་གཟུགས་པར་བགྱི་སྟེ། རྒྱང་གྲགས་བདུན་འཁོར་བར་མཚམས་བཅིང་བ་བགྱིས་པར་འགྱུར་རོ།། ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་ཆེན་པོ་བཅིང་བ་བགྱིས་པར་འགྱུར་རོ། ། ཨོཾ་ཨ་མོ་གྷ་མཎྜ་ལ་བན་དྷཱ་ཡ་ས་མན། པདྨ་མ་ཧཱ་བདྨེ། དྷཱ་རུ་དྷ་རུ་སྭཱདྷཱ། དཀྱིལ་འཁོར་བཅིང་བ་སྟེ། དྲི་ཆབ་དང་ཡུངས་ཀར་ལ་ལན་བརྒྱམ་རྒྱུད་བཟླས་བརྗོད་བགྱིས་ནས་དཀྱིལ་འཁོར་མཐའ་དག་དང་། དེ་བཞིན་དུ་འོག་དང་སྟེང་དུའང་གཏོར་ཏེ། དཀྱིལ་འཁོར་ཆེན་པོ་བཅིང་བ་བགྱིས་པར་འགྱུར་རོ།། བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མཆིས་པར་འོས་པ་ཐམས་ཅད་ཀྱིས་མཆི་བར་མི་འགྱུར་རོ།། སེམས་ཅན་གདུག་པ་དང་། ལྷ་འམ། ཀླུ་གདུག་པ་གང་སུའང་རུང་བ་དེ་དག་ཐམས་ཅད་ཟིལ་གྱིསམནན་པར་འགྱུར་རོ། ། འཇིག་རྟེན་པའི་བགྱི་བ་ངན་པ་དང་། སྔགས་ངན་པ་དང་། སེམས་ཅན་ངན་པ་དང་། བགྱིད་པ་ངན་པ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ།། ཨོཾ་ཨ་མོ་གྷ་པ་རི་ཤུད་དྷེ་ཤོ་དྷ་ཡ་ས་མནྟེ་ན། དྷི་རི་དྷི་རི་ཤུད་དྷ་སཏྭ་མ་ཧཱ་པདྨེ་ཧཱུཾ། འདིས་པའི་རྣམ་ལྔ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། དཀྱིལ་འཁོར་གྱི་སའི་ཆ་མཐའ་དག་ན་གཙུག་ལག་ཁང་ངམ། དགོན་པ་འམ། བྱ་སྐྱིབས་སམ། ཚང་ཚིག་ངམ། འཆག་ས་འམ། གནས་སམ། ཚལ་ལམ། ནགས་ཚལ་ལམ། སྐྱེད་མོས་ཚལ་ལམ། ཀུན་དགའ་ར་བ་འམ། བྲངས་འམ། སྐྱབས་སམ། ཁང་པ་ལ་གཏོར་ན་སྟོང་པ་འམ། མི་སྟོང་པ་འམ། འདབ་རྫབ་དང་། མི་གཙང་བ་དང་། ཕྱག་དར་གྱིས་གང་བ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་ལ་སོགས་ཏེ་རིགས་ངན་པ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། ། གཙང་མ་དག་པར་འགྱུར་རོ།། གནས་གཙང་མར་འགྱུར་རོ།། བདག་ཉིད་ལ་དབང་བསྐུར་ན། བཟའ་ཉེས་དང་། སྒོམ་ཉེས་དང་། གནོད་ལྟས་དང་། གནོད་སྒྲིབ་ཀྱི་གནས་ངན་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། ། གཙང་མ་དག་པར་འགྱུར་རོ།། མི་གཙང་བ་གཙང་བར་འགྱུར་རོ།། ཚངས་པར་སྤྱོད་པ་མ་ལགས་པ་ཚངས་པ་སྤྱོད་པར་འགྱུར་རོ།། བསྙེན་གནས་མ་བགྱིས་པ་ནི་བསྙེན་གནས་བགྱིས་པར་འགྱུར་རོ། ། དེ་ལ་ལྷ་ཐམས་ཅད་སྲུང་བ་དང་། སྐྱབ་པ་དང་། སྦ་བ་བགྱིད་པར་འགྱུར་རོ།། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚང་བ་དང་། ཁྱབ་འཇུག་དང་། ཁྱབ་འཇུག་ཆེན་པོ། དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་ལ་སོགས་པ་སྲུང་བ་དང་། སྐྱབ་པ་དང་། སྦ་བའི་སླད་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་མཆོད་པར་འོས་པར་འགྱུར་རོ། ། ཚིག་བརྩན་པར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྡིག་པ་དང་། སྒྲིབ་པ་དང་། གནོད་པ་ལ་སོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ།། ཕྱོགས་བཞིར་ཀུན་ཏུ་གཏོར་ན་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། མུ་གེ་དང་། མི་ངས་དང་། ཡམས་དང་། གནོད་པ་དང་། འཚེ་བ་དང་། འཁྲུག་པ་ཐམས་ཅད་ཞི་བར་འགྱུར་རོ།། ཉིན་གཅིག། བཞིན་དུ་བདག་ཉིད་ལ་དབང་བསྐུར་རམ་རེག་པར་བགྱིས་ན་རིག་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་རིམ་པར་དབྱེ་བ་དང་། ལས་ཆེན་པོ་འགྲུབ་པར་འགྱུར་རོ།། དོན་ཡོད་པའི་གྲུབ་པ་ཆེན་པོ་འགྲུབ་པར་འགྱུར་རོ། ། གང་དང་གང་དུ་མཆིས་པ་དེ་དང་དེར་ཆེར་མཆོད་པར་འགྱུར་རོ།། ཁས་ཐམས་ཅད་ཀྱིས་མི་བཟློག་པར་འགྱུར་རོ།། ཉིན་གཅིག་བཞིན་གཞལ་མེད་ཁང་རྒྱ་ཆེན་པོ་བཀྲ་ཞིང་རྣམ་པར་བཀྲ་བ་ཆེན་པོ་རྨ་ལམ་དུ་མཐོང་བ་དང་། རྣམ་པ་ཐམས་ཅད་དུ་མཆོག་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་དང་། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་དབང་དུ་འགྱུར་ཞིང་མཆོད་པར་འོས་པར་འགྱུར་རོ།། རྟག་ཏུ་གཙང་མར་སྤྱོད་པར་གཙང་ཞིང་དག་པར་འགྱུར་རོ།། རྟག་པར་དུས་ཀུན་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྟ་འཚལ་བར་འགྱུར་རོ། ། འདོད་པ་ཐམས་ཅད་ཀྱི་མཆོག་སྩོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྨི་ལམ་དུ་རྟག་ཏུ་མཐོང་ཞིང་། ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ཨོཾ་པདྨེ་ས་ར་ས་ར། ཏིཥྛ་ཏིཥྛ་མ་ཧཱ་ཨ་མོ་གྷ་ས་མ་ཡཱ་སྭཱ་ཧཱ། གསང་བ་ཆེན་པོའི་དམ་ཚིག་གི་གསང་སྔགས་སོ། ། ཨོཾ་བི་པུ་ལ་པདྨ་ཨ་མོ་གྷ་པྲ་ས་ར་པྲ་བི་ཤ་ཏུ། ཀུ་རུ་ཀུ་རུ་སྭཱ་ཧཱ། འཇུག་པའི་གསང་སྔགས་སོ།། ཨོཾ་ཨ་མོ་གྷ་ཨ་ནུ་ཤ་ཡ་མ་ཧཱ་པདྨ་བན་དྷུ་རེ་ཧཱུཾ། སློབ་མའི་གསང་སྔགས་སོ།། ཨོཾ་ཨ་མོ་གྷ་པདྨ་ཤི་གེ་ཏུ་རུ་ཏུ་རུ། ཏིཥྛ་བཛྲ་བན་དྷེ་སྭཱ་ཧཱ། སྤྱི་གཙུག་གི་བཅིང་བའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མོ་གྷ་པདྨ་ཛ་ལོང་པ། བྷི་རི་བྷི་རིཙྪ། ཆབ་བཏེག་པའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མོ་གྷ་བི་ཀ་ཊ་སཾ་བྷ་ར་པདྨ་ཨ་ས་ཎེ་ཛ་ལ་བ་ཏི། ཀུ་རུ་ཀུ་རུ་ཧཱུཾ། བུམ་པའི་གསང་སྔགས་ཏེ་ལན་བརྒྱ། རྩ་བརྒྱད་བཟླས་སོ།། ཨོཾ་པདྨོ་པྲ་ས་ར་ཨ་མོ་གྷ་བི་མ་ལེ་བྷ་ར་བྷ་ར་སྭཱ་ཧཱ། ཆབ་ཀྱི་རྒྱུན་གྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མོ་གྷ་པདྨ་སུ་པདྨེ། པཱུརྞྞ་ཀ་རེ་དྷི་རི་དྷི་རི་བི་མ་ལེ་སྭཱཧཱ། ལག་པའི་གསང་སྔགས་ཏེ་ལག་པ་གཉིས་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། དཀྱིལ་འཁོར་དང་། གསང་སྔགས་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་དང་། སྒྲུབ་པའི་། དགོས་པ་ཐམས་ཅད་བགྱིས་སྟེ། སྒྲུབ་པ་ཐམས་ཅད་ལ་བསྒྲུབ་པར་བགྱི་ཞིང་ལས་ཐམས་ཅད་ལ་དུས་ཐམས་ཅད་བགྱིའོ།། ཨོཾ་ཨ་མོ་གྷ་བི་པ་ལེ་ཛི་ཧྭཱ་གྲ་སཾ་ཤོ་དྷ་ནི་པདྨ་ཀ་མ་ལ་ཛི་ཧཱ། སཾ་ཤོ་དྷ་ཡ་དྷ་ར་དྷར་སུ་བི་མ་ལེ་སྭཱ་ཧཱ། ལྕེ་སྦྱང་བའི་གསང་སྔགས་ཏེ། དྲི་ཆབ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཁ་བ་ཤལ་ལ་ལྕེའི་དྲི་མ་ཡོངས་སུ་དག་པར་འགྱུར་རོ།། པདྨ་དང་ཀུ་མུ་དའི་འདབ་མ་དང་འདྲ་བར་ལྕེ་མཉེན་པར་འགྱུར་རོ། ། སོ་དང་། དཀན་དང་། མགུལ་པ་ཡོངས་སུ་དག་པར་འགྱུར་རོ།། ཨོཾ་ཨ་མོ་གྷ་གན་དྷ་བ་ཏི་སུ་རུ་སུ་རུ། པྲ་བྷུ་རུ་དི་བྱ་གན་དྷེ་པདྨ་པྲ་བྷེ་སཱཧཱ། གསང་སྔགས་འདིས་ཁར་སྩལ་བའི་རིལ་ཁུ་ཅན་དན་དང་། ན་ལ་ད་དང་། སྤྲི་ཀ་དང་། ཨུཏྤལ་དང་། གུར་གུམ་དང་། གླ་རྩི་ལྷན་ཅིག་བསླང་བ་བགྱིས་ལ། ཕྱེ་མ་ཞིབ་མོར་བཏགས་ནས་རིལ་བུ་ཞོ་གཉིས་ཙམ་པའི་ཚད་དུ་སྦྲང་རྩི་དང་ལྷན་ཅིག་སྦྱར་ལ། གསང་སྔགས་སྟོང་རྩ་བརྒྱད་ཚང་བར་བཟླས་བརྗོད་བགྱིས་ཏེ། ཟངས་ཀྱི་སྣོད་དུ་སྩལ་ནས། བཟླས་བརྗོད་བགྱིས་པའི་ཚེ་ཁར་སྩལ་ནས་སྐད་ཅིག་ཙམ་ཞིག་བསྡད་པ་བགྱིས་ན་རྟག་ཏུ་ཁ་ནས་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་ཏེ། རྒྱུང་གྲགས་ཙམ་དུ་ཐེ་ཙོམ་མེད། དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་དགྱེས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་མགོན་པོ་མཆོག་ཏུ་དགའ་བར་འགྱུར་རོ།། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་གཉིས་པ། ། བཟླས་པས་བདེ་བ་འགྲུབ་འགྱུར་བ།། དོན་ཡོད་རིགས་ནི་བླ་ན་མེད།། རིག་སྔགས་འཆང་དང་གཏམ་བགྱིད་པས།། དུས་ཀུན་རུལ་དྲི་སྤང་བར་བགྱི།། མཁྲིས་པ་བད་ཀན་སྣབས་དག་དང་།། དེ་བཞིན་ཀུན་འཇིགས་མྱུར་དུ་ནི།། ཁ་ནས་ལྷ་ཡི་དྲི་དག་འབྱུང་།། སུ་ལ་ཚིག་དག་སྨྲས་པ་ནི།། དེ་ནི་མྱུར་དུ་དབང་དུ་འགྱུར།། ལྷ་རྣམས་དབང་དུ་མཆིས་པ་དང་། ། བདེ་སོགས་བདག་པོ་དབང་པོ་དང་།། གཤིན་རྗེ་ཆུ་ལྷོ་ལུས་ངན་དང་།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། འཇིག་རྟེན་སྐྱོང་བ་བཞི་དག་དང་།། ཟླ་བ་ཉི་མ་ཉིད་དག་དང་།། ཐམས་ཅད་དབང་དུ་འགྱུར་ནས་མཆིས། ། འདི་ནི་ཁ་ན་མུར་བགྱིད་ན།། ཚིག་ལྡན་ལྕེ་ཡི་རྩེ་མོ་ལ།། མཆིས་པས་ཚིག་ནི་གསལ་བར་འགྱུར།། རྟག་ཏུ་མི་མིན་དབྱངས་འགྱུར་ཏེ།། དྲི་མའི་སྐྱོན་ནི་རྣམ་པར་སྤངས། ། ཚིགས་བཅད་སྟོང་ནི་ཀློག་པ་དང་།། སྔོན་བཀླགས་པ་ནི་ཉམས་མི་འགྱུར།། ཧཱུཾ་ཞེས་བགྱིས་པས་ལྷ་ཀུན་དང་།། ལྷ་གང་དཀྱིལ་འཁོར་གནས་པའང་མཆི།། ཕཊ་ཅེས་བགྱིས་པས་གདུག་པ་དང་། ། བགེགས་དང་ལོག་འདྲེན་རྣམ་པར་འཇིག། གནོད་སྦྱིན་སྲིན་པོ་ཤ་ཟ་དང་།། བརྗེད་བྱེད་འབྱུང་པོ་གསང་བ་པ།། ཐམས་ཅད་མོད་ལ་འབྱོར་འགྱུར་ཞིང་།། ཁ་སྦུབ་ཏུ་ཡང་འགྱེལ་བར་འགྱུར། ། རིལ་བུ་ཁ་ན་ཐོགས་ན་ནི།། དུས་ཀུན་ཏུ་ནི་མཁས་པར་འགྱུར།། གྲུབ་པ་མྱུར་དུ་ཐོབ་འགྱུར་ཏེ།། ཐམས་ཅད་དུ་ཡང་ཚེ་རིང་འགྱུར།། ཚིག་མཉེན་འཇམ་ཞིང་སྙན་པར་འགྱུར།། རིལ་བུ་འདི་ནི་བཅང་བགྱིས་ན། ། དོན་ཡོད་པདྨ་དྲི་མ་མེད།། རིལ་བུ་ཞེས་བགྱིས་འགྲུབ་པར་འགྱུར།། ཨོཾ་མ་ལ་བི་ག་ཏེ་པདྨ་བི་བ་རེ། སཉྩ་ར་བ་བ་ཙ་རེ་སྭཱཧཱ། ཨ་མོ་གྷ་སིད་དྷེ། ཤོ་དྷ་ཡ་ཧཱུཾ། ནག་པུས་པའི་ཤུན་པ་དང་། ཨུ་ཤི་ར་དང་། ཙན་དན་དང་། པདྨ་གེ་སར་དང་། ལི་ཤི་དང་། ཀ་ཀོ་ལ་དང་། སྤང་སྤོས་དང་། རྒྱ་སྤོས་དང་། གུར་ཀུ་མ་དང་། པྲ་པུན་ད་རི་ཀ་དང་། ཨེ་ལ་དང་། ས་མ་ཀ་དང་། ཨུ་གྲ་དང་། སུ་གན་དྷི་ཀ་འདི་རྣམས་ཆ་མཉམ་པར་བགྱིས་ཏེ་ཞིབ་ཏུ་བཏགས་ནས། གསང་སྔགས་ལན་སྟོང་རྩ་བརྒྱད་བཟླས་ནས་ཆར་པའི་ཆབ་དང་བསྲེས་པ་ཁྲུས་བགྱིས་ཤིང་འཚལ་བ་འམ། ཆབ་དྲོན་པོས་ཁྲུས་བགྱི་བ་འམ་འཚལ་བ་ཤིན་ཏུ་ཁྲུས་བགྱིས་པ་གཙང་མ་དག་པས་བག་ཚ་བ་མ་མཆིས་པ་གཏོར་བ་ཙམ་གྱིས། སྔོན་གྱི་དྲག་པོའི་ལས་རྣམས་དང་། གདོན་ཀུན་འཇོམས་པར་འགྲུབ་པ་དང་། ནད་ཀུན་རྣམ་པར་ཉམས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གི། མུན་པ་མི་བཟད་སྤོངས་པར་གསུངས།། བཀྲུས་འཚལ་ཙམ་གྱི་མོད་ལ་ནི།། དྲི་མ་ཀུན་ཞི་སོམ་ཉི་མེད།། དཔལ་གྱིས་ལྷ་ཡི་བཞིན་དུ་འབར། བསོད་ནམས་ཕུང་པོ་རྣམ་པར་འཕེལ།། གཟི་བརྗིད་ཕུང་པོ་རྟག་ཏུ་འབར།། ཟླ་བ་ཉི་མ་བཞིན་དུ་མཛེས།། གཙང་མའི་ལུས་སུ་གྱུར་པ་ན།། ལུས་ནི་ལྷ་ཡི་བཞིན་དུ་འགྱུར།། མི་གཙང་བ་ནི་གཙང་བར་འགྱུར། ། མ་དག་པ་ནི་དག་པར་འགྱུར།། ཚངས་པར་སྤྱོད་མིན་ཚངས་སྤྱོད་འགྱུར།། ཐུབ་མིན་ཐུབ་པ་ཁོ་ནར་འགྱུར།། ཚངས་པར་མི་སྤྱོད་ཚངས་སྤྱོད་འགྱུར།། མགོ་སྐྱེ་གཉེར་མ་སྤངས་པ་དང་། ། རྟག་ཏུ་བྲོ་ནད་མ་མཆིས་འགྱུར།། ལུས་ལ་ལྷ་མོའི་དྲི་རྣམས་འབྱུང་།། པདྨ་ཀུ་མུད་མཉེན་པའི་ལུས།། སྔོན་གྱི་དྲི་ནི་རབ་སྤངས་ཏེ།། ལྷ་ཡི་ཙན་དན་དྲི་དག་ནི།། མདའ་རྒྱང་གང་དུ་སོམ་ཉི་མེད། ། རྟག་ཏུ་བདེ་བར་ཉལ་བ་དང་།། བདེ་བར་ཡང་ནི་སད་པར་འགྱུར།། གནོད་སྦྱིན་སྲིན་པོ་འབྱུང་པོ་དང་།། ལྷ་མིན་གདུག་པ་ལོག་འདྲེན་དང་།། གདུག་པའི་བགེགས་ཀུན་མཐོང་མི་འགྱུར།། མི་བཟང་དགྲ་རྣམས་ཀྱིས་ཀྱང་མིན།། ལུས་ཉིད་སྦྱངས་པ་བགྱིས་ནས་སུ།། བཟླས་བརྗོད་བརྩོན་པའི་བསྒྲུབ་པ་བགྱིས།། ལེགས་པར་སྒྲུབ་པའི་ལས་བགྱིས་ན།། དེ་ཉིད་བདེ་བར་འགྲུབ་པར་འགྱུར། རྒྱལ་བ་བྱང་ཆུབ་སེམས་དཔའ་ཀུན།། དེ་བཞིན་མོད་ལ་གཟིགས་པར་འགྱུར།། ལྷ་རྣམས་ཀུན་དང་གང་དག་གཞན།། དཀྱིལ་འཁོར་གནས་པ་མྱུར་དུ་མཆི།། ཅི་འདོད་ཡིད་ལ་བཟླས་པ་ཡི།། རྟག་ཏུ་དོན་ཡོད་འགྲུབ་པར་འགྱུར། ། ཐོག་མར་ལུས་སྦྱངས་ཆོག་བགྱི།། དེ་ནས་གསང་སྔགས་ལེགས་པར་སྤྱད།། ཨོཾ་ཨ་མོ་གྷ་པདྨ་ལ་ཙན་དེ་མྦྷ། དྲི་ཥྚ་པ་རི་ཤུད་དྷེ། སུ་རུ་སརྦ་པ་ཟླས་ཎཱི་ཤྭ་བྷུ་ནཱ་དྷཱ་རུས་མ། བྱ་བ་ལོ་ཀ་ནི་སྭཱཧཱ། ལྡོང་རོས་གིའུ་ཝང་རྒྱ་མཚོ་ལྦུ་བ་ཧཱ་ས་ཛ།། ཨུཏྤལ་སྦྲང་རྩི་ལྷན་ཅིག་རེང་བུ་འདི་བགྱིས་ལ།། གསང་སྔགས་སུམ་སྟོང་རྩ་བརྒྱད་བཟླས་པའི་མིག་སྨན་འདི།། དེ་བཞིན་གཤེགས་པ་རྣམས་ཀྱིས་མཆོག་ཏུ་བཟངས་ཞེས་གསུངས། ། འདི་ནི་འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་གྱིས།། ཀུན་པས་བཀྲ་ཤིས་ཤེས་འདི་མིག་ནད་ཀུན།། འཇོམས་པར་བགྱིད་དེ་གཡར་ལམ་བཟང་པོ་རྨི།། ཡིད་དུ་མི་མཆི་བ་ཉིད་མཐོང་མི་འགྱུར།། ངན་པར་སྣང་དང་ངན་པར་ལྟ།། ནམ་ཡང་མཐོང་བར་མི་འགྱུར་རོ།། གཏུམ་མོ་འཇོམས་པ་གཏུམ་པོ་དང་།། ལྷག་མ་སྦགས་པ་སྒོམཉེས་དང་།། བཟའ་ཉེས་གནོད་སྒྲིབ་གནོད་སྦྱིན་དང་། ། སྲིན་པོ་དང་ནི་སྡིག་སྦྲུལ་དག། ཐམས་ཅད་ཉིན་དང་མཚན་དག་ཏུ།། མི་སྣང་བར་ནི་ཐེ་ཙོམ་མེད།། མིག་གིས་བཟང་པོ་མཐོང་བ་དང་།། རྨི་ལམ་བཟང་པོ་མཐོང་བར་འགྱུར། ། ཟླ་བ་སྲིད་དུ་རབ་སྦྱར་བས།། ལྷ་རྫས་དག་ནི་མཐོང་བར་འགྱུར།། མིག་ཡོངས་སུ་སྦྱོང་བའོ།། ཨོཾ་བུད་དྷ་བུད་དྷ། བི་བུད་དྷ་པདྨ་ཨ་མོ་གྷ་མུ་ཁི། བ་ར་བ་ར་བ་ར་དེ་སྭཱཧཱ། རིག་སྔགས་འདིས་གིའུ་ཝང་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། དོན་ཡོད་པའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ།། ཁྲོ་བོའི་རྒྱལ་པོ་ལན་མདུན་བཟླས་བརྗོད་བགྱིའོ།། སྙིང་པོ་དང་ཉེ་བའི་སྙིང་བོ་ལན་རྒྱམ་བརྒྱ་བཟླས་ད་ཀྱིག། བཟླས་བརྗོད་པགྱིད་པ་མ་བ་སྒྱུས་བྲས་པའི་དབུས་སུ་ཟག་ལྔ་བསྨྲས་ཏེ། བིག་འན་ཙུག་རྒྱས་པས་སྟེ་ན་སྐར་མའི་དབྱིབས་ལྟ་བུར་གནས་པར་འགྱུར་རོ། ། གདུག་པ་ཐམས་ཅད་དབང་འགྱུར་མཆིས།། གནོད་སྦྱིན་འབྱུང་པོ་གང་དག་དང་།། སྲིན་པོ་བགེགས་དང་ལོག་འདྲེན་ཉིད།། ཐམས་ཅད་འཇིག་འགྱུར་ཐེ་ཚོམ་མེད། ། སེམས་ཅན་གདུག་པས་གདུག་བསམས་ཀྱང་།། ཕྱིར་ཞིང་བཟོད་པར་མི་ནུས་པས།། དེ་དག་ཐམས་ཅད་འཇིག་འགྱུར་ཏེ།། མེ་ལ་ཕྱེ་མ་ལེབ་བཞིན་ནོ།། རྟག་ཏུ་རྒྱལ་པོ་སྐྱེ་བོར་བཅས། ། འཁོར་བཅས་བློན་པོར་བཅས་པ་དང་།། བློན་པོ་ཆེ་དང་མདུན་ན་འདོན།། བཙུན་མོ་ཚོགས་བཅས་དབང་དུ་འགྱུར།། དགེ་སྦྱོང་དང་ནི་བྲམ་ཟེ་དག། ཐམས་ཅད་དབང་དུ་མཆིས་པར་འགྱུར། ། རྒྱལ་རིགས་དམངས་རིགས་ཉིད་དག་སྟེ།། ཐམས་ཅད་དབང་དུ་མཆིས་པར་འགྱུར།། མཆོད་པ་ཆེན་པོའི་འོས་སུ་འགྱུར།། རིག་སྔགས་ལྷ་ནི་ཐམས་ཅད་དང་།། གང་དག་དཀྱིལ་འཁོར་གནས་པ་སྟེ། ། དེ་དག་ཐམས་ཅད་དམ་ཚིག་གི། རྗེས་སུ་སྒྲུབ་ཅིང་སྐྱོང་བར་འགྱུར།། ཕྱོགས་བཅུར་སྲུང་བ་བགྱིད་འགྱུར་ཞིང་།། རྟག་ཏུ་གྲུབ་པ་བླ་མེད་སྩོལ།། ཐིག་ལེ་འདི་བགྱིས་གྲོགས་མེད་རྒྱུ་བ་དག། ཆོམ་རྐུན་དང་ནི་ཆོམ་པོ་གཡོ་ཅན་དང་།། གཡུལ་འགྱེད་ཉིད་ཀྱི་འཇིགས་པ་གང་ཡིན་པ།། ཀུན་ནས་བསྒྲལ་བར་འགྱུར་ཏེ་སོམ་ཉི་མང་།། སེང་གེ་སྟག་དང་དོམ་དག་དང་། གླང་ཆེན་ཁྲོ་བོ་མི་བཟང་དང་།། ཝ་དང་གདུག་བཅས་སྲོག་ཆགས་དང་།། སོ་གདུག་སྦྲུལ་ཀུན་མགོ་ནས་ཟ།། གང་དག་སྲོག་ཆགས་གདུག་པར་བཅས།། དེ་དག་ཐམས་ཅད་ནུབ་འགྱུར་ཏེ།། ནམ་ཡང་འབྱུང་བར་མི་འགྱུར་རོ། ། སེར་བ་མེད་དང་ཚིག་པ་དང་།། ཆར་པ་མི་བཟང་མཚོན་ཆུ་བྱད།། མཁས་པ་ཐིག་ལེ་འཆང་བའི་ལུས།། ཁྱིམ་རྡིབ་པས་ཀྱང་ནོན་མི་འགྱུར།། མཁས་པ་རིག་སྔགས་འཆང་བའི་དོན། ། ཐམས་ཅད་འདི་ཡིས་བགྱིད་པར་འགྱུར།། ཤིན་ཏུ་མ་གྲུབ་གསལ་བར་ཡང་།། འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད།། བཅོམ་ལྡན་འདས་རིག་སྔགས་འཆང་གིས་བདག་དྲན་པར་བགྱིད་ཅིང་། དོན་ཡོད་པའི་ཞགས་པའི་སྙིང་པོ་དྲན་པར་བགྱིད་ན། བཅོམ་ལྡན་འདས་དེ་མ་ཐག་ཏུ་རིག་སྔགས་འཆང་དེའི་མདུན་དུ་བདག་མཆིས་ནས་ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་བགྱིའོ།། ། ཐམས་ཅད་ཀྱི་མཆོག་ཐམས་ཅད་ཇི་སྐད་གསུངས་པ་བཞིན་སྩལ་བར་བགྱིའོ།། དགོས་པ་ཐམས་ཅད་བསྒྲུབ་པར་བགྱིའོ།། དོན་ཡོད་པ་གྲུབ་པ་རྗེས་སུ་སྤྲུལ་བར་བགྱིའོ།། བདེན་པར་དམ་བཅས་པས་དམ་ཚིག་རྗེས་སུ་བསྐྱང་བར་བགྱིའོ། ། བཅོམ་ལྡན་འདས་གལ་ཏེ་རིག་སྔགས་འཆང་གིས་ཇི་སྐད་གསུངས་པའི་ཆོ་ག་ཞིབ་མོ་སྒྲུབ་པར་བགྱིད་ན། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། དེ་བཞིན་གཤེགས་པའི་བཀས་རྗེས་སུ་གནང་བ་དེ་དག་ཐམས་ཅད་བདག་གིས་སྩལ་བར་བགྱིའོ།། བཅོམ་ལྡན་འདས་གལ་ཏེ་རིག་སྔགས་འཆང་སྒྲུབ་པ་དང་བྲལ་བར་གྱུར་ན། བཅོམ་ལྡན་འདས་དེ་ནི་བདག་གིས་མ་ནོངས་སོ། ། དེ་ལྟ་བས་ན་རིག་སྔགས་འཆང་གིས་ཇི་སྐད་གསུངས་པའི་ཆོ་ག་དང་ཆོ་ག་ཞིབ་མོ་སྒྲུབ་པས། གསང་སྔགས་དང་ཕྱག་རྒྱ་བསྒྲུབ་པར་བགྱི་སྟེ། དགོས་པ་དེ་དག་ཐམས་ཅད་ཐེ་ཚོམ་མ་མཆིས་པར་འགྲུབ་པར་འགྱུར་རོ། ། དེ་ནས་གསང་སྔགས་བཟླས་ཏེ། ཨོཾ་ཨ་མོ་གྷ་པཱ་ཤ་དྷ་ར་ས་པྲ་ས་ར་ཧཱུཾ། མཆོད་ཕྱིར་ཐོགས་པའི་སྐུད་པའི་གསང་སྔགས་ཏེ། གཞོན་ནུ་མས་བཀལ་བའི་སྐུ་ད་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་མདུད་པ་གསུམ་དོར་བར་བགྱིའོ།། ཨོཾ་ཨ་མོ་གྷ་པྲ་བ་ར་ཎ། མུ་རུ་མུ་རི་དི་བྱ་ཀ་ཤི་ཀི། སཾ་བྷ་བ་ཏུ་ཏ་ར་ཏ་ར་སྭཱ་ཧཱ། ། གོས་ཀྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མོ་གྷ་བསྟྲ་ནྱོད་ཀྵི་བཱ་པི་བོ་དྷི་ནི་པདྨེ་སྭཱ་ཧཱ། གོས་བཏེག་པའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་དི་བྱོ་ད་ཀ་སཾ་བྷུ་ཏ་ཨ་མོ་གྷ་བ་རུ་ཎ་ཙ་རེ་བྷི་ཀྵིན་ཙུ་ཧཱུ~ཾ། ། ཁྲུས་ཀྱི་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མྲི་ཏ་ཨ་མོ་གྷ་པདྨ་ཨ་ས་ནེ། བཪྵ་ནི། ཙུ་རུ་ཙུ་རུ་སྭཱ་ཧཱ། ཉེ་རེག་གི་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མོ་གྷུ་རཀྵ་ཎི། ཀུ་རུ་ཀུ་རུ་སྭཱཧཱ། བདག་བསྲུང་བ་སྟེ། ཡུངས་ཀར་དང་ཆབ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་རང་གི་ལུས་ལ་དབང་བསྐུར་རོ།། ཨོཾ་ཨ་མོ་གྷ་ས་མ་ཡ། མ་ཧཱ་པད་མེ་ཏིཥྛ་ཏིཥྛ་ཧཱུཾ། དམ་ཚིག་གི་གསང་སྔགས་ཏེ་ལང་བདུན་བཟླས་སོ།། ཨོཾ་སརྦྦ་ཏྲ་ཨ་མོ་གྷ་བ་པ་ཏི་ཏིཥྛ་རཀྵཾ་ཏུ་ཧཱུཾ། སློབ་མ་དང་གྲོགས་བགྱིད་པ་སྲུང་བ་སྟེ། ཐལ་བ་ལ་ལན་བདུན་བཟླས་ནས་དཔྲལ་བར་ཐིག་ལེ་བགྱིའོ།། ཨོཾ་ཏྲཻ་ལོ་ཀྱེ་པད་མ་ཨ་མོ་སྭ་ཀྲ་མ་ན་མི་ལི་མི་ལི་སྭཱདྡྷ། གོས་པ་འདོར་བའི་སྔགས་ཏེ་ལན་ཏི་གུ་རྩཝ་གཅིག་བཟླས་སོ།། ཨོཾ་པདྨེ་མ་ཧཱ་པདྨེ་ས་ར་ས་ར། ས་མརྟེན་པ་རི་བཥྚཱ་ཡ། ཨ་མོགྷཱ་བཱ་ཤེན་སུ་ན་སུ་རྦ་ས། ཚོན་སྐུད་སཱ་ལྔ་ལ་ལན་བདུན་བཟླས་ཏེ་དཀྲི་བར་བགྱིའོ།། ཨོཾ་བོ་ཙིཏྟ་ཨ་མོ་གྷ་བསྟན་ན་རག་བི་ཤུད་དྷཱ་ཡ། ཀི་ཎི་ཀི་ཎི་སྭཱ་ཧཱ། བ་དན་གྱི་གསང་སྔགས་ཏེ་ལན་བདུན་བཀྲིས་སོ།། ཨོཾ་ཨ་མོ་གྷ་ཤ་ར་བཛྲ་དྷདྡྷ་ཐ་ར་ཐ་ར་སྭཱ་ཧཱ། མདའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་བི་པུ་ལ་ཨ་མོ་གྷ་མ་ཧཱ་དྷ་ར་བི་ཤུ་དེ་དྷེ། སི་རི་སི་རི་སྭཱ་ཧཱ། རྟ་བབས་ཀྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། སུ་དག་དེར་ཞུག་ན་མཐོ་རིས་ཀྱི་སྒོར་ཞུགས་པར་འགྱུར་རོ། ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ།། ཨོཾ་ནཱ་ནཱ་བི་ཙི་ཊི། ཨ་མོ་གྷ་པུཥྤ། ཕ་ལ་ཏཱ་ཀཱིརྞ་པཱུ་ར་ཡ། བ་ར་པ་ར་ཧཱུཾ། བུམ་པ་གང་བའི་གསང་སྔགས་ཏེ་ལན་བདུན་བཟླས་སོ། ། ཨོཾ་ཨ་མོ་གྷ་རཏྣ་བི་མ་ཎ། ཀ་ཊ་ཙ། ཨ་དྲིཥྚ་བི་བྱ་གན་དྷོ་ཛ་ལ་སྥ་ར་ཎ། ས་མནྟེ་ན་ཛྭ་ལ་ཛྭ་ལ་སྭཱ་ཧཱ། པོག་པོར་གྱི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་ཛྭ་ལ་བ་ཏི། རཏྣ་ག་ཏ། སི་རི་ཎི་ཏུ་ཊི་ཏུ་ཊི་སྭཱཧཱ། གཏོར་མའི་སྣོད་ཀྱི་གསང་སྔགས་ཏེ་ལེན་བདུན་བཟླས་སོ།། ཨོཾ་དི་བྱ་བཱ་ཛ་ན་ཨ་མོ་གྷ་ཅན་ག་མོ་གྷ་པདྨ་བ་པུར་ཡ་ཥྐཾ། ཁམ་པོ་དཀྱིགས་སྔགས་ཏེ་ལན་བདུན་པ་ཟླས་སོ་ཨོཾ་ཨ་མོ་གྷ་སཾ་པུ་ར་ཎི་དྲོ་ཎ་གན་དྷ་བ་ཏི་སྭཱ་ཧཱ། ཐིག་ལེའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་ས་ར་ནི་སཱ་ར་ཡ། ཨ་མོ་གྷ་བྷ་ཛི་ན་མཱ་ད་ནེ་ཧཱུཾ། རིལ་བ་མགྲིན་རིངས་ཀྱི་གསང་སྔགས་ཏེ་ལན་བདུན་བཟླས་སོ། ཨོཾ་རཏྣ་དི་པྱ་རཏྣ་ཀུམ་བྷ་བ་ཏི་སཱ་ག་ར། སཾ་པཱུ་ར་ཎི་སྭཱ་ཧཱ། བུམ་པའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་བི་ཙིད་ཏྲོ་ཛྭ་ལ་ནཱ་ར་རཾ་ག་བི་བྷཀྵ་ཡ་སཾ་ཤྭ་དྷཱ་ཡ་ཏུ་ཊི་སྭཱ་ཧཱ། ཚོན་རྩིའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་དི་བྱ་ཨ་ཝ་ལོ་ཀི་ནི་བི་བྷ་ཛ་ཡཾ་ཏུ་ས་མནྟེ་ན་ས་མ་ར་ནེ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་སོ་སོར་དབྱེ་བར་བགྱིའོ།། ཨོཾ་ནཱ་ནཱ་པྲ་ཧཱ་ར་ཎ་ཨ་མོ་གྷ་མུ་དྲཱ་ཛྭ་ལ་ཛྭ་ལ་སྭཱཧཱ། ཕྱག་མཚན་བྲི་བ་སྟེ་ལན་བདུན་བཟླས་སོ།། ཨོཾ་ཨ་མོ་གྷ་རཏྣ་སཱུ་ཏྲ་དྷ་རེ། ཀི་ཎི་ཀི་ཎི་སྭཱ་ཧཱ། ཐིག་སྐུད་ཀྱི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དཀྱིལ་འཁོར་རམ། རི་མོ་བྲི་བའི་རས་སམ། གཞན་གཞི་ཅིའང་རུང་བ་ལའང་གདབ་པར་བགྱིའོ།། ཨོཾ་བི་པུ་ལ་བ་རེ་པྲ་བ་རེ་ཤ་ཡ། ཨ་མོ་གྷ་པདྨེ་ཧཱུཾ། སྒོའི་ཆ་དབྱེ་བའི་གསང་སྔགས་ཏེ་སྒོ་རེ་རེར་ཡང་ལན་ཉི་ཤུ་རྩ་གཅིག་བཟླས་སོ། ། ཨོཾ་སུ་བྷི་བྷཀྵི་སུ་མཾ་ག་ལ་དྷཱ་ར་བཱ་བན་ཏི། ཨོཾ་དི་བྱ་བཱ་ཛཱ་ན། ཨ་མོ་གཱ་པཱ་ཤ་ན་པ་ན་བ་རེ། གི་རི་གི་རི་ཧཱུཾ། ཨོཾ་ས་པཱུརྞ། རཱུ་པྱ་དི་བྱ་བ་ཛ་ནི། ཨ་མོ་གྷ་པདྨེ་སྭཱཧྣ། ལན་བདུན་བཟླས་པར་བགྱིའོ།། ཨོཾ་བི་བི་དྷ་རཱུ་པ་ཧཱ་རོ་པཀྵ་ར་ཎ། ཙ་ལ་ཙ་ལ། ཨ་མོ་གྷ་བ་ཏི་སྭཱཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་དི་བྱ་གན་དྷཱ་ནུ་ས་ར་ཎི་ཨ་མོ་གྷ་བ་ལེ་དྷ་ར་དྷ་ར་སྭཱཧཱ། མཆོད་ཡོན་གྱི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་གན་དྷ་སྥ་ར་ཎི་ས་མནྟ། ཨ་མོ་གྷ་པྲ་སྥུ་ར་ཧཱུ~ཾ། དྲིའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་ནི་ར་མ་ལ་ཀཱ་ཡ་ཤོ་དྷ་ནི་དི་བྱ་གན་དྷ་པྲ་པཱུ་ར་ཎཾ་པཱུ་ར་ཡ་ཏྲཱུཾ། བྱུག་པའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་གཱན་དྷ་ཙུདྡྷ་པྲ་བཱ་ར་ཎི། ཙུ་རུ་ཙུ་རུ་སྭཱ་ཧཱ། དྲིའི་ཕྱེ་མའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་སམ་ས་མནྟེན། བི་མ་ལེགས་དྷོ་ཏ་ཏ་རེ་སྭཱ་ཧཱ། བསྐུལ་བའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་དི་བྱ་གན་དྷ་པྲ་བྷཱ་ར་ཎི་སཱ་ག་ར་ཛ་ལ་དིབ་བྱ་ཨ་དྷིཥྚི་ཏེ་ཀ་ལ་ཤོ་དྷ་ར། པཱུརྞ་པཱུ་ར་ཡ་ཛ་ཡ་སིད་དྷེ་སྭཱ་ཧཱ། བུམ་པའི་དྲི་ཆབ་ཀྱི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་སོ། ། ཨོཾ་ར་ས་སཱ་གྲ་པ་ཏི། སརྦྦ་བི་དྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སཾ་པཱུ་ར་ཡ་ཧཱུཾ། གཏོར་མ་རོ་སྣ་ཚོགས་ཅན་གྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་དིབ་བྷོ་ཛ་ན། སཾ་པཱུ་ར་ཡ། པི་པཱུ་ལ་པྲ་བྷེ་སྭཱ་ཧཱ། ཁ་ཟས་ཀྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཏྲི་ཤུཀྲ་བྷོ་ཛ་ན། བ་ལི་བི་པཱུ་ལ་ར་སཱ་གྲ་བ་ཏེ་སུ་ར་པྲ་སུ་ར་ཧཱུཾ། ཟས་དཀར་གསུམ་གྱི་གཏོར་མ་འམ། གཏོར་མ་གཞན་ལའང་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཕ་ལ་བ་ཏི་སཱ་ར་བ་ཏི་དིབ་བྱ་བ་ནི་སཱུ་ཏི། ཏ་ར་ཏ་ར་ཏུ་ནི་སྭཱ་ཧཱ། འབྲས་བུའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་དིབ་བྱ་ཀུ་སུ་མོད་པ་ལ་ནཱ་ནཱ་པུཥྤ་པྲ་བཪྵ་ཎི་བྷ་བ་བྷ་བ་སྭཱ་ཧཱ། མེ་ཏོག་གི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོ་བི་བི་དྷ་ལ་ཏ་པུཥྨཱ་པེ་ཀུཎ་ཎི་ཏ་བ་ན་སྤ་ཏི་ཨཱ་ཧ་ར་སཾ་པཱུ་རྞ། ཀུཾ་བྷེ་སྭཱ་ཧཱ། མེ་ཏོག་གཏོར་བའི་གསང་སྔགས་ཏེ་ལན་བདུན་བཟླས་སོ། ། ཨོཾ་མ་ཧཱ་དྷཱུ་བ་མེ་གྷ་པ་ཊ་ལ་སཉྩ་དཱ་ཡ། ས་མནྟེ་ན་ཧཱུཾ་སྭཱ་ཧཱ། བདུག་པའི་གསང་སྡིགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་ཐ་ར་པ་རྞི་ཛཱ་ལ་ཛྭ་ལ་དེ་བ་མུ་ཁེ་སྭཱ་ཧཱ། མེའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་བི་བི་དྷ་མ་ཎི་ཀ་ན་ཀ་རཏྣོ་ཛྭ་ལ་པཱུ་ཥ་ཎ་མ་ཎི་མ་ཎི་ཨ་མོ་གྷ་མ་ཎི་སྭཱ་ཧཱ། ཆ་ཞིང་བརྒྱན་པའི་གསང་། སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་པདྨ་ཀ་རེ་བི་མ་ལ་ན་ཥ། ཨང་གུ་ལི། ས་མ་ས་མ་སརྦྦ་ཏ་ཐ་ག་ཏ། ཨ་དྷི་ཥཱི་ཏེ་སྭཱ་ཧཱ། ཐལ་མོ་སྦྱར་བའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་སརྦ་གུ་ཎ་པྲ་ཎ་ཏ། ཤི་རོ་བྷན་དྷ་ནཱ་ཡ་ན་མོ་སྐ་རོ་མི། མི་ལི་མི་ལི་ཏུ་རི་ཎི་སྭཱ་ཧཱ། ཕྱག་བགྱི་བའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་ད་ཤ་དི་ཤ་ཨ་བྷི་བན་དྷ་དྷ་པྲ་ས་ར་ཏུ་ཧཱུཾ། བསྐོར་བའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ། ། ཨོཾ་བི་བི་དྷཱ་ཡུ་དྷཱ་ཛྭ་ལི་ཏ་པ་ནི། པྲ་ཛྭ་ལ་པྲ་སྥུ་ར་ཧཱུཾ། ཐལ་མོའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་དཱིབ་བྱ་ཨ་མོ་གྷ་བི་པུ་ལ་སྭཱ་ཧཱ། རེ་མ་དྷུ་ར་ནིར་གྷོ་ཥ་རུ་ཏེ་ན་ར་ཎ་ཧཱུཾ། དྲིལ་བུའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཡང་ན་བརྒྱ་རྩ་བརྒྱད་དོ།། ཨོཾ་རཤྨི་ཛྭ་ལ་ས་མནྟེ་ན་ཨ་བ་བྷཱ་ས་ཡ་མ་ཧཱ་མ་ཎི་རཏྣ་ཤི་ཁེ་སྭཱཧཱ། མར་མེའི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་སོ། ། ཨོཾ་དྷུ་རུ་དྷུ་རུ་ཨ་པ་ཧཱ་ཡ་ཤཱི་གྷཱ་ཛ་བེ་ཧཱུཾ། དགུག་པའི་གསང་སྔགས་ཏེ། གུ་གུལ་གྱི་བདུག་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་སོ།། ཨོཾ་དུཥྚས་དོ་བི་བོ་དྷ་ནི། ས་མ་ས་མ་ཡ་བ་རེ་སྭཱ་ཧཱ། དམ་ཚིག་གི་གསང་སྔགས་ཏེ་ལན་ཉི་ཤུ་རྩེ་གཅིག་བཟླས་སོ།། ཨོཾ་བི་ཙི་ཏྲ་མ་ཎི་བི་པུ་ལ་པྲ་བར་ཏ་ནི་ཧཱུཾ། བགྲང་འཕྲེང་གི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་སོ། ། ཨོཾ་བི་ཙི་ཏྲ་རཏྣོ་ཛྭ་ལོ་དཔེ་བྱ། ཀུ་སུ་མ་བ་རེ་པུམྦ་ར་ཏི་སྭཱཧཱ། མེ་ཏོག་འཕྲེང་བའི་གསང་བའི་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་དིབ་བྱ་ལོ་ཙ་ནེ་ཨ་མོ་གྷེ་པྲ་བ་རེ། སརྦ་དིབ་བྱ་ཨ་དྷིཥྛི་ཏ་སིད་དྷེ་ཤུད་དྷ་བི་ལོ་ཀཽ་ཏེ་སྭཱཧཱ། དགུག་པའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཨ་མོ་གྷ་པདྨེ་ས་མནྟེ་ཤུ་བྷ་ནེ་ཏ་ར་ཏ་ར། གཙྪ་སྭ་བྷཱ་བ་ན་མ་སྭཱ་ཧཱ། སླར་གཤེགས། སུ་གསོལ་བའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་དིབ་པྱ་སཾ་པཱུ་ར་ཎི། ནཱ་ག་བི་ལོ་ཀི་ན་ཧཱུཾ། འཁར་གསིལ་གྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་པད་ཊ་སྥུ་ར་ཎི་སྥུ་ར་ཡ། ཨ་མོ་གྷ་བི་ཏ་ས་མནྟ་པྲ་བྷེ་སྭཱ་ཧཱ། ལྷུང་བཟེད་ཀྱི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་དུར་བྷ་སཾ་སྠ་ར་བི་དྷྱ་ཨ་ཏིཥྛི་ཧ་པྲ་ས་ར། སུ་ར་སུ་ར། རི་ཥི་པཱུ་ཛི་ཏེ་སྭཱ་ཧཱ། ། རྩཝརྩ་གདིང་བའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཨོཾ་ཛྭ་ལ་དུ་མ་ཛྭ་ལ་ཤི་ཁི་ར་ཤླཽ་གར་བྷེ་སྭཱ་ཧཱ། སྦྱིན་སྲེག་གི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་སོ།། ཨོཾ་པདྨ་ནི་པདྨ་ས་ནེ་བ་རེ་པྲ་བ་རེ་ནཱ་ག་བྷུ་བ་ནེ་སྭཱ་ཧཱ། འབབ་ཆུ་དང་མཚོའི་གསང་སྔགས་ཏེ་ལན་བདུན་བཟླས་སོ།། ཨོཾ་ཁ་ག་ཙ་རི་ཎི། ག་མ་ག་མ་ཡ་པ་ད་པྲ་ཙ་རི་ཎི་ཧཱུཾ། ལེན་པའི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་སོ། ། ཨོཾ་སརྦ་ཏྲ་ཨ་མོ་གྷ་བྷི་ཥེ་མ་མ་ཧཱ་ཙཱ་ཌ་བི་མ་ལེ། ཨ་བྷི་ཥིཉྩ་ཏུ་མཱ་ན། པྲ་བ་ར་པཱ་ཎི་བྷུ་ཛེ་པདྨེ་དྷ་ཛེ་སྭཱ་ཧཱ། དབང་བསྐུར་བའི་གསང་སྔགས་ཏེ་ལན་ཉི་ཤུ་རྩ་གཅིག་བཟླས་སོ། ། རིག་སྔགས་འཆང་གིས་གསང་སྔགས་འདི་དག་ཐམས་ཅད་སོ་སོར་ཆོ་ག་ཞིབ་མོའི་སྒྲུབ་པ་ཇི་ལྟ་བ་བཞིན་དུ་ཐམས་ཅད་སོ་སོར་སྦྱར་ནས་ཆོ་ག་བསྒྲུབས་ན་དགོས་པ་རྒྱ་ཆེན་པོའི་འབྱོར་པའི་མཐུ་འདི་དག་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། རིན་པོ་ཆེའི་སྣོད་སྣ་ཚོགས་དང་། ནོར་བུ་སྣ་ཚོགས་ཀྱི་གཞལ་མེད་ཁང་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། ། ལྷའི་མེ་ཏོག་དང་། གདུགས་དང་། བ་དན་སྣ་ཚོགས་འབྱུང་བར་འགྱུར་རོ།། རོ་བརྒྱ་དང་ལྡན་པའི་ཁ་ཟས་ཀྱི་མཆོག་དང་། རོ་སྣ་ཚོགས་ཀྱི་མཆོག་རྣམས་འབྱུང་བར་འགྱུར་རོ། ། གཏོར་མ་བཟང་པོ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ།། ཇི་ཙམ་དེ་བཞིན་གཤེགས་པ་ལ་འོས་པའི་གཞལ་མེད་ཁང་དག་འབྱུང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་གཞལ་མེད་ཁང་ཇི་ལྟ་བ་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ།། ལྷ་རྣམས་ཀྱི་གཞལ་མེད་ཁང་ཇི་ལྟ་བ་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ།། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ལ་སོ་སོའི་གཞལ་མེད་ཁང་ཇི་ལྟ་བ་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ།། མི་རྣམས་ཀྱི་ཁང་པ་ཇི་ལྟ་བ་དང་། ཁ་ཟས་ཀྱི་མཆོག་ཇི་ལྟ་བུ་དག་འབྱུང་བར་འགྱུར་རོ།། དེ་ལྟ་བས་ན་དགོས་པའི་རྣམ་པ་ཐམས་ཅད་བགྱི་བ་དང་། དེ་ཁོ་ན་ཉིད་སྒྲུབ་པའི་ཇི་སྐད་གསུངས་པའི་ཆོ་ག་ཞིབ་མོ་དང་། ཆོ་ག་དང་། གསང་སྔགས་བསྒྲུབ་པ་རྣམས་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་གྲུབ་པ་བླ་ན་མེད་པ་ཐམས་ཅད་འཐོབ་པར་འགྱུར་རོ།། གལ་ཏེ་རིག་སྔགས་འཆང་གིས་ལས་ཡོངས་སུ་རྫོགས་པར་བགྱི་སྟེ། དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་བརྗོད་པ་ཙམ་གྱིས་རིག་སྔགས་འཆང་གིས་མདུན་དུ་བདག་རང་གི་གཟུགས་ཀྱིས་ཉེ་བར་མཆིས་ནས་བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། ། སྡིག་པ་དང་། སྒྲིབ་པ་དང་། གནོད་པ་ཐམས་ཅད་འཇིགས་པར་འགྱུར་རོ།། ཡོངས་སུ་དག་པའི་ལྷ་ཆེན་པོ་ལྟར་ལུས་དག་པར་བགྱིའོ།། ཆོ་ག་ཞིབ་མོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། སྙིང་པོ་དང་། དཀྱིལ་འཁོར་དང་། དོན་ཡོད་པའི་ཞགས་པའི་རྒྱལ་པོའི་རྣམ་པར་ཐར་པའི་དཀྱིལ་འཁོར་གྲུབ་པའི་མཆོག་ཐམས་ཅད་སྩལ་བར་བགྱིའོ།། རིག་སྔགས་འཆང་འཁོར་ལོས་སྒྱུར་བ་ཆེན་པོའི་དབང་བསྐུར་བས་དབང་བསྐུར་བར་བགྱིའོ། ། དེ་ཁོ་ན་ཉིད་ཡང་དག་པར་སྒྲུབ་པའི་གྲུབ་པ་སྩལ་བར་བགྱིའོ།། དོན་ཡོད་པའི་ཞགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྒྲུབ་པ་འི་གྲུབ་པ་ཆེན་པོ་སྩལ་བར་བགྱིའོ། ། ཤིན་ཏུ་རྒྱ་ཆེ་ཞིང་བག་ཚ་བ་མ་མཆིས་པ་དང་། མཆོད་པ་དང་། བཀུར་སྟི་ཆེན་པོ་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཁྱད་པར་དུ་འཕགས་ཤིང་ནོར་འདུ་བའི་བཀྲ་ཤིས་དང་དཔལ་སྩལ་བར་བགྱིའོ། ། འདི་ལ་ཡིད་གཉིས་དང་སོམ་ཉི་བསྐྱེད་པར་མི་བགྱི་ཞིང་། དངོས་པོ་གཞན་དུའང་ཡིད་ལ་མི་བགྱིའོ།། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་བརྩེ་བ་ལ་མཆོག་ཏུ་བརྩོན་པར་བགྱིའོ།། བུ་གཅིག་པུ་བཞིན་དུ་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིའོ། ། བདེན་པར་སྨྲ་བ་དང་། བདེན་པར་དགའ་བ་དང་། སྙན་པར་སྨྲ་བ་དང་། སྙིང་རྗེའི་ལྷག་པའི་བསམ་པས་དམིགས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླ་བར་བགྱིའོ།། བཟླས་བརྗོད་ཀྱི་ཆོ་ག་བགྱི་ཞིང་། ཕྱག་རྒྱ་དང་གསང་སྔགས་ཀྱང་བཟླ་བར་བགྱིའོ།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བགྱིས་ནས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བགྱིའོ།། འཕགས་པ་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བགྱིས་ནས་མངོན་གསུམ་དུ་བསྒོམ་པར་བགྱིའོ། ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་ཕྱག་བགྱིས་ཏེ། མདུན་དུ་རྩཝའི་གདིང་བ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མཆི་ནས་གཞན་མི་སྨྲ་བར་བཟླས་པ་བགྱི་སྟེ། འདི་ནི་གསང་བའི་དེ་ཁོ་ན་ཉིད་སྒྲུབ་པའོ།། དེ་ནས་ཕྱག་རྒྱ་དང་གསང་སྔགས་བརྗོད་པར་བགྱིའོ།། བདག་ལ་དོན་ཡོད་པའི་ཞགས་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པར་གྱུར་ཅིག། འཇིག་རྟེན་དབང་ཕྱུག་མགོན་པོ་ཐུགས་རྗེ་ཅན་སེམས་ཅན་ལ་བྱམས་པ་དང་། སེམས་ཅན་དག་པ་ལག་ན་པདྨ་ཅན། སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་གྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཀུན་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། སྲིན་པོ་ལྷ་མིན་གསང་བ་པ།། འཇིག་རྟེན་སྐྱོང་དང་ཚངས་པ་དང་། ། དྲག་པོ་ཁྱབ་འཇུག་གཞོན་ནུ་སོགས།། གཤིན་རྗེ་ཆུ་ལྷ་ལུས་ངན་དང་།། དྲང་སྲོང་ཚོགས་དང་དེ་བཞིན་དུ།། ཟླ་ཉི་ཀུན་འགྱེད་གཞོན་ནུ་དང་།། དེ་བཞིན་དབང་ཕྱུག་དབང་ཆེན་དང་།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། ། དེ་དག་མྱུར་དུ་འདུ་བར་འགྱུར།། སྒྲོལ་མ་བདུན་ནི་འདུ་བར་འགྱུར།། དེ་བཞིན་ཕ་རོལ་ཕྱིན་བཅུ་དང་།། མགྲིན་སྔོན་དེ་བཞིན་གོས་དཀར་ཅན།། དེ་བཞིན་པདྨ། གར་གྱི་དབང་།། རྒྱལ་དང་རྣམ་རྒྱལ་ཉིད་དང་ནི།། ལྕགས་སྒྲོག་རྡོ་རྗེ་ལྕགས་སྒྲོག་དང་།། ལྷ་མོ་ཁྲོ་གཉེར་མཱ་མ་ཀཱི།། དཔེ་མེད་ཕོ་ཉ་མོ་དང་ནི།། འཇིགས་མེད་དཔལ་དང་དབྱངས་ཅན་དང་། པདྨ་ཀོ་ཏི་ཨུཏྤ་ལ།། པདྨའི་སོ་ཅན་དེ་བཞིན་དུ།། ཏི་སེ་ཡི་ནི་རྩེ་མོ་ན།། འཕྲོག་མ་འབྱུང་པོ་མ་དག་དང་།། དེ་བཞིན་ལག་ན་རྡོ་རྗེ་བཅུ།། མཐུ་ཆེན་ཇི་བཞིན་རིག་འཛིན་དབང་།། རྡོ་རྗེ་འཆང་ཆེན་དེ་བཞིན་དུ། ། བཅུ་གསུམ་ལྷ་དབང་ལྷན་ཅིག་དང་།། སུམ་ཅུ་གཉིས་ནས་ལྷ་དག་ནི།། གསང་སྔགས་ཕྱག་རྒྱ་བཅིངས་ཙམ་གྱིས།། དེ་དག་ཐམས་ཅད་འདུ་བར་འགྱུར།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གཟིགས་ཤིང་སྟོན་པར་མཛད་དོ། ། དེའི་མོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་གཟིགས་ཤིང་རྟག་ཏུ་མཆོག་སྩོལ་བར་འགྱུར་རོ། ། རྟག་ཏུ་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་པ་དང་། ཕྱག་རྒྱ་སྣ་ཚོགས་འཛིན་པ་ལྟ་འཚལ་བར་འགྱུར་རོ།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། ། བྲམ་ཟེའི་ཆ་ལུགས་དོན་ཡོད་ཞགས།། མཐོང་བར་འགྱུར་ཏེ་སོ་མ་ཉི་མེད།། མགྲིན་སྔོན་དང་ནི་རྟ་མགྲིན་དང་།། དེ་བཞིན་རྒྱ་མཚོའི་གློང་དང་ནི།། མགོན་པོའི་ཞལ་ནི་བཅུ་གཅིག་དང་། ། དེ་བཞིན་ཞལ་ནི་བཞི་དག་དང་།། མགོན་པོ་འཇིགས་པ་བརྒྱད་འཕྲོག་དང་།། དེ་བཞིན་གཟིགས་པ་བསམ་མི་ཁྱབ།། རྣམ་པ་སྣ་ཚོགས་གཟུགས་དང་ནི།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། མགོན་པོས་ཐམས་ཅད་སྟོན་པར་མཛད།། བདེ་བ་ཅན་གྱི་འཇིག་རྟེན་ཁམས།། རྒྱལ་བ་འདྲེན་པ་འོད་དཔག་མེད།། བྱང་ཆུབ་སེམས་དཔའི་ཚོགས་བསྐོར་བ། ། མགོན་པོ་མོད་ལ་མཐོང་བར་འགྱུར།། གཞན་ཡང་སངས་རྒྱས་ཞིང་ནི་སྟོང་དག་གི། ཆུ་བོ་གངྒཱའི་བྱེ་མ་དང་མཉམ་པའི།། དེ་བཞིན་གཤེགས་འབུམ་བྱེ་བ་བརྒྱ་ཕྲག་སྟོང་། ། བྱང་ཆུབ་སེམས་དཔའི་ཚོགས་བཅས་ཡོངས་བསྐོར་མགོན།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་མཐོང་བར་འགྱུར།། མཐོང་བ་ཆེན་པོའི་རྣམ་པར་གཞན་མཐོང་སྟེ།། ཉིན་གཅིག་བཞིན་དུ་བྱང་ཆུབ་སྙིང་པོ་དང་། ། ཆོས་ཀྱི་འཁོར་ལོ་དེ་བཞིན་རྡོ་རྗེའི་གདན།། དེ་དག་རྨི་ལམ་སྣང་བ་མཐོང་འགྱུར་བས།། དེ་ལ་ཡིད་གཉིས་སོམ་ཉི་ཐེ་ཙོམ་མེད།། སངས་རྒྱས་རྣམས་ཀྱིས་གཤུང་བའམ་མཚམས་མེད་ལྔ། ། མགོན་པོ་ཆེ་ལ་གདུག་སེམས་ཉིད་དང་ནི།། བྱང་ཆུབ་སེམས་དཔའི་བར་ཆད་འཕགས་པ་ལ།། ཁ་ཟེར་ཉིད་དང་དམ་ཆོས་སླུ་བ་དང་།། རྒྱལ་བས་གསུང་སྤོང་མནར་མེད་གཞོལ་བ་དང་། ། མི་བཟད་དམྱལ་བ་བཅུ་དྲུག་གནས་པ་དང་།། བསྐལ་པ་འབུམ་པོ་ཐམས་ཅད་སྐད་ཅིག་གྲོལ།། ཕྱག་རྒྱ་གསང་སྔགས་བཟླས་པ་ཙམ་གྱིས་སམ།། ཐོས་སམ་མཐོང་ངམ་མིང་ནི་གཟུང་བས་ཀྱང་།། སྡིག་པ་དེ་ཀུན་འཇིག་འགྱུར་སོམ་ཉི་མེད།། དོན་ཡོད་ཞགས་སྙིང་ཕྱག་རྒྱ་མཐོང་བ་ཡང་།། འཇིག་རྟེན་མགོན་དང་མཚུངས་ཏེ་ཁྱད་པར་འཕགས། ། སངས་རྒྱས་འབུམ་ཕྲག་སྟོང་དང་གངྒཱ་ཡི།། བྱེ་མ་བརྒྱ་སྟོང་དག་ནི་མཐོང་བར་འགྱུར།། བྱང་ཆུབ་སྙིང་པོར་གཏོགས་པ་ཐམས་ཅད་དང་།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཚུངས། ། དོན་ཡོད་རྒྱལ་པོའི་སྙིང་པོ་ཕྱག་རྒྱ་དང་།། གསང་སྔགས་མཐོང་ན་བསོད་ནམས་ཕུང་ཆེན་གྱིས།། བསོད་ནམས་ཕུང་པོ་འདི་དག་འཕེལ་བར་འགྱུར།། དེ་ཡི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར། ། དེ་ནི་དཔག་ཏུ་མེད་པར་སོམ་ཉི་མེད།། དེ་ནས་རིག་སྔགས་འཆང་བ་གཙང་གྱུར་ནས།། གཙང་མའི་གོས་བགོས་ནས་ནི་ཐོག་མར་ཡང་།། ཡོ་བྱད་སྒྲུབ་པ་གཙང་ཞིང་སྤྱོད་པ་གཙང་། ། རྟག་ཏུ་ཡན་ལག་སྤོས་ནི་སྣ་ཚོགས་དང་།། སྣ་ཚོགས་བདུག་པས་རབ་ཏུ་བདུག་བགྱིས་ཤིང་།། དཔུང་པ་ལག་པ་ལྷ་ཡི་སྤོས་ཀྱིས་བྱུག། གཙང་མའི་ས་ཕྱོགས་གཙང་མའི་སྟན་བཤམས་པར། ། སྐྱིལ་མོ་བཀྲུང་བཅས་ནས་ནི་བྱམས་སེམས་དང་།། སྙིང་རྗེའི་ལྷག་བསམ་དེ་ཉིད་མཉམ་བཞག་ནས།། ཕྱོགས་བཅུ་དུས་གསུམ་གཤེགས་པའི་སངས་རྒྱས་དང་། ། རྟག་ཏུ་འཇིག་རྟེན་དབང་ལ་ཕྱག་བགྱི་ཞིང་།། རྟག་ཏུ་བླ་མ་མཆོད་རས་ཆོས་ལ་བརྩོན།། ཤིན་ཏུ་རིག་པས་ཚིག་གཞན་མི་སྨྲ་བར།། ཤིན་ཏུ་རིག་པས་སྲུང་བའི་ཆོ་ག་བགྱི། ། ཤིན་ཏུ་བཀྲ་ཤིས་བླ་མ་དེ་ཉིད་གུས།། བདེན་པར་སྨྲ་ཞིང་སྙན་པར་སྨྲ་བ་དང་།། སེམས་ཅན་ཀུན་ལ་སྙིང་རྗེའི་བདག་ཉིད་ཅན།། ལྷན་ཅིག་རྗེས་མཐུན་གྱུར་ནས་དེ་ནས་ནི།། ཕྱག་རྒྱུ་འདི་བཅིང་བར་བགྱི་སྟེ། ། ལག་པ་པདྨའི་ཚུལ་དུ་གཞག་ལ་སོར་མོ་རྣམས་མཉམ་པར་བཅིངས་ཏེ་མཐེའུ་ཆུང་ཟླ་བའི་ཚུལ་དུ་སྙིང་ཁར་བཞག་གོ།། ཕྱག་རྒྱ་འདི་ནི་དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་རྩ་བའི་ཕྱག་རྒྱ་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྩོལ་བར་འགྱུར་རོ།། མགོན་པོ་འཇིག་རྟེན་དབང་ཕྱུག་དགུག་པའི་གསང་སྔགས་འདི་བརྗོད་དོ།། ཨོཾ་ཨ་མོ་གྷ་བི་ཀུར་བི་ཏ། ས་མནྟ་ཨ་ཝ་ལོ་ཀ་ཡ་ན་མ་སྟྲཻ་ཡ་དྷཱ། ཨ་དྷིཥྛི་ཏ་ཨ་མོ་གྷ་པདྨེ་ཙ་ར་སཉྫ་ར་ཧཱུཾ་ཧཱུཾ། དེ་མ་ཐག་ཏུ་དུས་གསུམ་ལ་རྣམ་པར་ལྟ་བ་དོན་ཡོད་པའི་རྒྱལ་པོའི་པདྨ་འབར་བ་གསལ་བའི་ཆོ་འཕྲུལ་དང་བཅས་པའི་ཕྱག་རྒྱའི་རྒྱལ་པོས་ཤིན་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་མཐའ་དག་ཆེར་གཡོས་པར་འགྱུར་རོ། ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་ལས་འོད་ཟེར་སྣ་ཚོགས་འབུམ་ཕྲག་བརྒྱ་སྟོང་དུ་མ་དག་བྱུང་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རབ་ཏུ་དགྱེས་ཤིང་སངས་རྒྱས་ཀྱི་ཞིང་ལ་མཛད་པའི་ཐུགས་རྗེ་ཆེན་པོས་ཕྱག་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་ནས་རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ། ། གྲུབ་པ་དམ་པ་དོན་ཡོད་པའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་སྩོལ་བར་འགྱུར་རོ། ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ལྷའི་བུ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། ཁྱབ་བདག་དང་། ཀུན་འགྱེད་གཞོན་ནུ་ལ་སོགས་པ་ལྷ་རྣམས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ།། ཕྱག་རྒྱ་བཅིངས་པ་ཙམ་གྱི་མོད་ལ་སྡིག་པ་དང་། སྒྲིབ་པ་ཐམས་ཅད་དང་། འཇིགས་པ་བརྒྱད་རྣམས་དང་། ཆད་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། དེའི་གྲུབ་པ་ཡིད་དུ་མཆིས་པར་འགྱུར་རོ།། ལས་ཐམས་ཅད་བགྱིད་པའི་ཕྱག་རྒྱ་ཐམས་ཅད་དུ་མཆོག་ལགས་པར་གྲགས་པ་ལགས་སོ།། དོན་ཡོད་དམ་ཚིག་མཆོག་གྲགས་པ།། པདྨ་རྒྱས་པའི་ཕྱག་རྒྱ་བཅིང་།། མཛུབ་མོ་གུང་མོ་རྣམས་པདྨ་ལྕགས་ཀྱུའི་ཚུལ་དུ་བགྱིས་ལ། སེན་མོ་མཉམ་པར་གཞག་པའི་ཕྱག་རྒྱ་འདི་བསྟན་ཏེ། རྣམ་པར་གྲོལ་བའི་དཀྱིལ་འཁོར་བརྩེ་བའི་ཕྱག་རྒྱ་འཛིན་པའི་གསང་སྔགས་འདི་བརྗོད་དོ། ། ཨོཾ་ཨ་མ~ཾ་གྷ་པདྨི་ཀུ་ཤ་ས་མ་ཡཱ་ན། གྲིཧྞ་གྲིཧྞ། དྷ་ར་དྷ་ར། མ་ཧཱ་སཏྭ་ཧཱུཾ། ཕྱག་རྒྱ་བཅིངས་ཏེ་བཅིངས་མ་ཐག་ཏུའམ། གཟུང་བ་ཙམ་གྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བགྱི་བརྩོལ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་དག་ཐམ་ཅད་དགྱེས་པ་དང་། མཉེས་པ་དང་། རབ་ཏུ་དགྱེས་པ་དང་། ཚིམ་པ་དང་། ཐུགས་དགྱེས་པ་སྐྱེ་བར་འགྱུར་ཞིང་། རིག་སྔགས་འཆང་ལ་ཐུགས་རྗེ་ཆེན་པོ་རྒྱས་པའི་སྙིང་པོ་གྲུབ་པ་དམ་པ་སྩོལ་བར་འགྱུར་ཞིང་། ཡང་རས་ཡང་དུ་མཐོང་བར་སྩོལ་བར་འགྱུར་རོ།། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། དོན་ཡོད་པའི་དམ་ཚིག་གྲུབ་པ་སྩོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མེ་ཕྱག་རྒྱ་དང་། གསང་སྔགས་འཛིན་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གཟུང་བ་ཙམ་གྱིས་དམ་ཚིག་གི་རྗེས་སུ་འཇུག་པར་འགྱུར་རོ། ། ཐམས་ཅད་དུ་འཕགས་པ་སྤྱན་རས་གཟིག་དབང་ཕྱུག་གི་གསང་བའི་དཀྱིལ་འཁོར་ཕྱག་རྒྱ་དང་དམ་ཚིག་འཚལ་བར་འགྱུར་རོ།། ཐམས་ཅད་དུ་དགོས་པའི་གསང་སྔགས་གྲུབ་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་རྟག་ཏུ་ལྟ་འཚལ་བར་འགྱུར་རོ།། ལག་མཐིལ་པདྨ་ལྔར་བགྱིས་ལ། མཛུབ་མོ་གུང་མོ་རྡོ་རྗེ་ལྟར་བགྱི་ཞིང་། མཐེའུ་ཆུང་བརྐྱང་བའི་ཕྱག་རྒྱ་ནི། པདྨ་འཆང་ལ་བདུག་པ་དང་།། མེ་ཏོག་ལ་སོགས་དྲི་རྣམས་དང་།། འཕྲེང་བ་བྱུག་པ་ཕྱེ་མ་དང་།། བ་དན་གོས་དང་བརྒྱན་དང་ནི།། གཏོར་མ་མཆོད་ཡོན་རབ་ཏུ་དབུལ། ། བུམ་པ་གང་བའི་དྲི་སོགས་དང་།། མཚོན་སྐུད་སྣ་ལྔ་ཚོན་ཕྱེའོ།། གཞན་ཡང་ཟས་ནི་སྣ་ཚོགས་ལ།། ཕྱག་རྒྱ་འདི་ནི་ཀུན་ལ་མཆོག། འདི་ནི་དབུལ་བའི་ཕྱག་རྒྱར་གསུངས། ། ཐམས་ཅད་དུ་ནི་དོན་ཡོད་མཆོག། གོ་བར་བགྱིད་པའི་ཕྱག་རྒྱ་ནི།། པདྨའི་ཕྱག་གིས་བྱིན་གྱིས་བརླབས།། གུང་མོར་ནོར་བུ་དཀྲིས་པ་ལྟ་བུའི་ཕྱག་རྒྱ་འདི་ནི་བག་ཆེ་བ་མེད་པའི་པདྨ་རིན་པོ་ཆེའི་ཕྱག་རྒྱ་ལགས་ཏེ། འདི་ནི་གྲུབ་པ་དམ་པ་ལགས་སོ།། སྤྱན་དྲང་བའི་གསང་སྔགས་ནི། ཨོཾ་ཨ་མོ་གྷ་པདྨ་མ་ཧཱ་སཏྭ་ཨ་ཡ་ཏུ་མི་ཧ་མཎྜ་ལེ། བཻ་རོ་རི་པདྨ་བྷུ་ཛེ་སྭཱ་ཧཱ། དུས་གསུམ་གཤེགས་པའི་སངས་རྒྱས་རྣམས།། གསོལ་བ་གདབ་པའི་གསང་སྔགས་ཏེ།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། ཕྱག་ན་པདྨ་གསོལ་གདབ་དགུག། ལྷ་རྣམས་ཀུན་དང་དེ་བཞིན་དུ།། དཀྱིལ་འཁོར་གྱི་ནི་ལྷ་རྣམས་དགུག། ཕྱག་རྒྱ་འདི་ནི་བཅིངས་པ་ཡིས།། ཕྱོགས་བཅུ་ཀུན་གྱི་སངས་རྒྱས་དང་།། དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་འདུ། ། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་མིན་དེ་བཞིན་དུ།། ནམ་མཁའ་ལྡིང་དང་མི་འམ་ཅི།། ལྟོ་འཕྱེ་ཆེན་པོ་ཉིད་དག་སྟེ།། དེ་ཀུན་སྐད་ཅིག་འདུ་འགྱུར་ཞིང་།། སྲུང་བའི་ཕྱིར་ནི་སོམ་ཉི་མེད།། ལག་པ་རྡོ་རྗེའི་ཚུལ་དུ་གཞག་ལ།། ལག་པའི་མཐེའུ་ཆུང་རྣམས་པདྨའི་མཚམས་སུ་བྱ་སྟེ། གུང་མོ་རྣམས་ཡིད་ཙམ་བསྐུམ་པའི་ཕྱག་རྒྱ་བཅིངས་པ་ནི། གྲུབ་ལྡན་འདི་ནི་ཕྱོགས་བཅིང་དང་།། དཀྱིལ་འཁོར་བཅིང་བར་བགྱི་བ་ཡི།། སྲུང་བའི་ལས་ལ་བག་ཚ་མེད།། ཕྱག་རྒྱ་འདི་ནི་བཅིངས་ཙམ་དང་།། གསང་སྔགས་སྟོང་ནི་བཟླས་ཙམ་གྱིས། ། དཔག་ཚད་བདུན་ནི་ཁོར་ཡུག་ཏུ།། མཚམས་བཅིང་དཀྱིལ་འཁོར་བཅིང་བ་དང་།། སྲུང་བའི་ལས་ནི་བགྱིས་པར་འགྱུར།། ཨོཾ་ཨ་མོ་གྷ་བཛྲ་དྲི་ནྟ་པདྨ་བན་དྷ་ས་མནྟེ་ན་མ་ཧཱ་ས་མནྡ་རཀྵནྣ་མཱཾ། ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ་ནས་དོན་ཡོད་ཕྱག་རྒྱ་སྟེ།། གྲུབ་ལྡན་སེམས་ཅན་ཀུན་སྨྲ་ན།། དོན་ཡོད་པ་ནི་ཕྱག་རྒྱ་ནི།། ཁྱད་པར་འཕགས་པ་གཞན་ཡང་བསྟན། ། རྡོ་རྗེ་ཐལ་མོ་སྦྱར་ནས། སོར་མོ་རྣམས་མཉམ་པར་གཞག་སྟེ། སྲིན་ལག་ཁ་གདེངས་ལ་སོར་མོ་རྣམས་ཡིད་ཙམ་བསྐུམས་པ་ནི། དོན་ཡོད་སྣ་ཚོགས་རྒྱལ་པོ་ཡི།། པདྨའི་ཕྱག་རྒྱ་ཆེན་པོར་བསྒྲགས། ། ཕྱག་རྒྱ་འདི་ནི་ལས་ཀུན་དང་།། འཇུག་པའི་ལས་ཀུན་སྦྱར་བ་དང་།། དཀྱིལ་འཁོར་ཕྱག་རྒྱ་མཆོག་ཀུན་གསུངས།། ཕྱག་རྒྱ་འདི་ནི་གཟུང་ཙམ་དང་།། གསང་སྔགས་དམ་པས་བསྲུང་བགྱིས་ན། ། རིག་སྔགས་འཆང་བ་འཇུག་པར་འགྱུར།། དུས་གསུམ་གཤེགས་པ་རྣམ་ཐར་པའི།། དཀྱིལ་འཁོར་དམ་པ་གྲུབ་པར་འགྱུར།། ཨོཾ་བཛྲེ་བཛྲ། ། དྷིཥྨིད་པདྨེ་བི་ཤྭ་རཱུ་པ་དྷ་རེ། དྷ་ར་དྷ་ར་ཧཱུཾ། པྲ་བེ་ཤ་ཏུ་སྟྲཻ་ཡ་དྷཱ་ནུ་ག་ཏ་ན་དྷི་རི་ཏུ་ཊི་སྭཱ་ཧཱ། ཕྱག་རྒྱ་འདི་ནི་བཅིངས་ཙམ་གྱིས།། དེ་ཉིད་གྲུབ་པས་ཕྱོགས་བཅུ་ཡི།། སངས་རྒྱས་ཞིང་ནི་རྣམ་དྲུག་ཏུ། གཡོས་པར་འགྱུར་བར་སོམ་ཉི་མེད།། ཕྱག་ན་པདྨའི་ལུས་འབར་ནས།། མགུ་བ་ཆེན་པོ་འབྱུང་བར་འགྱུར།། རིག་སྔགས་འཆང་ལ་འཛུམ་བཞིན་གྱིས།། རྟག་ཏུ་ལྟ་ཞིང་མདུན་ན་མཆིས།། སངས་རྒྱས་ཀྱི་ནི་ཞིང་ཀུན་དང་།། མཐོ་རིས་སྒོ་རྣམས་འབྱེད་པར་འགྱུར།། སུམ་ཅུ་རྩ་གཉིས་གནས་རྣམས་ན།། གནས་པའི་ལྷ་རྣམས་སྒོ་འབྱེད་ཅིང་།། སུམ་ཅུ་རྩ་གསུམ་གནས་སྒོན།། གནས་པ་ཐམས་ཅད་སྒོ་འབྱེད་དོ།། བདེ་ཅན་འཇིག་རྟེན་ཁམས་དག་ནི།། སྒོ་ན་གནས་པ་སྒོ་འབྱེད་དོ།། ཕྱག་རྒྱ་འདི་ནི་བཅིངས་ཙམ་གྱིས།། གནས་ཀུན་ཏུ་ནི་འཇུག་པར་འགྱུར།། ཕྱག་རྒྱ་སྡིག་པ་ཐམས་ཅད་འཕྲོག། ཉེ་བའི་ཉོན་མོངས་ཐམས་ཅད་འཇོམས།། སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ།། གནོད་པ་ཐམས་ཅད་འཇིག་པར་བགྱིད།། དམྱལ་བ་བཅུ་དྲུག་རྣམ་ལས་ཐར། ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། མི་བཟང་འཇིགས་པ་བརྒྱད་རྣམས་དང་།། ཉེས་བྱས་ཐམས་ཅད་འཇིག་པར་བགྱིད།། དམྱལ་བའི་སྒོ་ནི་གཅད་པར་འགྱུར།། མི་བཟད་འཇིགས་ལས་བསྒྲལ་བར་འགྱུར། ། ཕྱག་རྒྱ་འདི་ཉིད་མཐོང་ཙམ་གྱིས།། མཚམས་མེད་ལྔ་ནི་བགྱིས་པ་དང་།། སྡིག་པ་ཀུན་ལས་རྣམ་པར་ཐར།། སེམས་ཅན་ཀུན་ལ་རྟག་ཏུ་སྡུག། དེ་བཞིན་གཤེགས་ཀུན་བྱིན་གྱིས་རློབ། ། ཕྱག་རྒྱ་འདི་ཉིད་མཐེ་བོའི་རྩེ་མོ་ཅུང་ཟད་བཀུག་ལ་བཟུང་སྟེ། གུང་མོ་པདྨའི་རལ་པའི་ཚུལ་དུ་བགྱིས་ཏེ། སྤྱི་བོའི་རལ་པ་ས་ལ་གཞག་པ་ནི། པདྨའི་རལ་པའི་ཕྱག་རྒྱ་ལགས་ཏེ། འདི་ནི་དོན་ཡོད་པའི་ཞགས་པ་ཞེས་བསྒྲགས་ཏེ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་གསང་སྔགས་འདི་བརྗོད་པར་བགྱིའོ།། ཨོཾ་ཨ་མོ་གྷ་པདྨོ་ཛ་ལེ་བི་ཤོ་དྷ་ཡ་ཧཱུཾ། བི་རི་བི་རི་བི་མ་ལེ་སྭཱ་ཧཱ། ཕྱག་རྒྱ་སྤྱི་བོར་བཞག་ནས་ཆབ་དག་གིས།། བཀྲུས་ནས་གཙང་མས་གསང་སྔགས་ནི།། བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ།། ཕྱག་རྒྱ་གསང་སྔགས་དོགས་མེད་པས། ། རྟག་ཏུ་བཀྲུས་པའི་མོད་ཙམ་གྱིས།། མི་གཙང་བ་ནི་གཙང་བར་འགྱུར།། མི་གཙང་སྤྱོད་པ་གཙང་བ་དང་།། ཚངས་སྤྱོད་མ་ཡིན་ཚངས་སྤྱོད་འགྱུར།། མི་ཐུབ་པས་ནི་ཐུབ་པར་འགྱུར། ། བསོད་ནམས་ཕུང་པོས་ལྷ་བཞིན་འབར།། ཟླ་བ་ཉི་མ་བཞིན་དུ་མཛེས།། འཇིག་རྟེན་ཀུན་སྙིང་རྟག་ཏུ་སྡུག། གསང་སྔགས་བླ་ན་མེད་པ་འགྲུབ།། གྲུབ་པ་དོན་ཡོད་ཞགས་པ་ཡི། ། དོན་ཡོད་དེ་ཉིད་འགྲུབ་པར་འགྱུར།། ལྷ་རྣམས་ཀུན་ནི་འདུ་འགྱུར་ཏེ།། སྲུང་བའི་ཕྱིར་ནི་སོམ་ཉི་མེད།། མགོན་པོ་འཕགས་པ་སྤྱན་རས་གཟིགས།། སེམས་དཔའ་མཆོག་སྦྱིན་དག་པ་པོ། ། མཆོག་སྦྱིན་རྒྱུན་དུ་ཐམས་ཅད་དུ།། ཉི་མ་རེ་རེ་མཐོང་འགྱུར་ཞིང་།། ཚེ་འཕེལ་རྟག་ཏུ་ནད་མེད་འགྱུར།། དེ་བཞིན་མགུ་དང་རྒྱས་པར་འགྱུར།། ཐམས་ཅད་དུ་ནི་ལས་འགྲུབ། སྟེ།། གནོད་པ་ཀུན་ལས་རྣམ་པར་གྲོལ།། སྡིག་པ་ཀུན་ལས་རྣམ་པར་ཐར།། ཐམས་ཅད་དུ་ནི་བཀྲ་ཤིས་མཆོག། ཁྲུས་ཀྱི་རྣམ་པར་འདི་དག་ནི།། དོན་ཡོད་ཁྲུས་ཀྱི་མཆོག་ཡིན་ནོ།། ལག་གཉིས་བསྡམས་ལ་འོག་ཏུ་བསྟན། ། སྲིན་ལག་གཉིས་ཡིད་ཙམ་བསྐུམ་པ་ནི་པདྨའི་ནོར་བུ་ཕྱག་རྒྱ་ལགས་ཏེ། ཀུན་ནས་ཀྱང་ནི་མཉམ་པར་གཞག། ཕྱག་རྒྱ་ཏིང་འཛིན་ལྟ་བུ་འདི།། སྐྱིལ་མོ་ཀྲུང་བཅས་མཆིས་ནས་སུ། ། ཕྱག་རྒྱ་འདི་དག་བཅིང་བགྱིས་ཤིང་།། མཉམ་པར་བཞག་ནས་གསང་སྔགས་བཟླས།། བཅིངས་པ་ཙམ་གྱིས་མོད་ནས་ནི།། སྐྱིལ་ཀྲུང་རྡོ་རྗེ་ལྷུན་མཉམ་འགྱུར།། ཀུན་ནས་གོ་ཆར་གྱུར་ནས་ནི།། བགེགས་དང་ལོག་འདྲེན་ཐམས་ཅད་དང་།། གནོད་སྦྱིན་སྲིན་པོ་འབྱུང་པོར་བཅས།། ལྷ་མིན་མཁའ་ལྡིང་གིས་མི་མཐོང་།། ཕྱོགས་དང་ཕྱོགས་མཚམས་རྣམས་དག་ཏུ། ། དེ་དག་ཐམས་ཅད་རྒྱང་རིང་འགྲོས།། བགེགས་མེད་པར་ནི་ལས་འགྲུབ་པ།། བཟླས་པའི་ལས་ལ་སོམ་ཉི་མེད།། ཨོཾ་ཨ་མོ་གྷ་བཛྲ་དྲི་དྷ་པདྨེ་ཤྭ་ར་ཧཱུཾ། ཐལ་མོ་མཉམ་པར་སྦྱར་ལ་མཛུབ་མོ་རྐ་འགུང་མོ་བཀུག་ནས་མཐེ་བོང་པདྨ་ཁ་ཕྱེ་བ་ལྟར་བགྱི་སྟེ། དོན་ཡོད་པའི་དབང་ཕྱུག་རྒྱལ་པོའི་ཕྱག་རྒྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་གསང་སྔགས་དང། ཕྲག་རྒྱ་བཅིང་བར་བགྱིའོ།། ཨོཾ་པདྨེ་ཤ་ར་ཨ་མོ་གྷ་བ་ར་ད། བྷི་རི་བྷི་རི་སྭཱཧཱ། འདིས་ཐོག་མར་བཟླས་བརྗོད་ཉི་ཤུ་རྩ་གཅིག་བགྱིའོ།། དེའི་འོག་ཏུ་ཕྱག་རྒྱ་བཅིངས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ད་ཁོ་ན་ཉིད་སེམས་པའི་བསམ་པ་རྩེ་གཅིག་པས་བཟླས་བརྗོད་བགྱིའོ། ། ལན་ཅིག་བརྣས་པ་ཙམ་གྱི་མོད་ལ་དུས་གསུམ་དུ་རྒྱུན་དུ་གཤེགས་པའི་སངས་རྒྱས་འབུམ་ཕྲག་བརྒྱ་སྟོང་གངྒཱ་ཀླུང་གི་བྱེ་མ་དང་མཉམ་པ་གཡོ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རིག་སྔགས་འཆང་དེ་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། ། དབུགས་འབྱིན་པར་མཛད་དོ།། རིག་སྔགས་འཆང་དེ་ལ་འོད་ཟེར་སྣ་ཚོགས་གཏོང་བར་མཛད་དོ།། མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དྲན་པར་བགྱིས་པ་ཙམ་གྱི་མོད་ལ་མདུན་དུ་མཆིས་པར་འགྱུར་རོ། ། འདི་ལྟར་བཅིངས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པར་འགྱུར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་འགྱུར་རོ།། མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ།། ཕྱག་རྒྱ་འདི་བཅིངས་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བགྱིས་པ་ཙམ་གྱི་མོད་ལ་ཡོན་ཏན་དང་ཕན་ཡོན་རྣམས་འཐོབ་པར་འགྱུར་རོ། ། བཟླས་བརྗོད་བརྒྱ་རྩ་བརྒྱད་བགྱིས་ལ་ཕྱག་རྒྱ་བརྒྱ་རྩ་བརྒྱད་བཅིངས་ནས་ཞག་གཅིག་སྤྱང་བ་བགྱིས་ཏེ་བཟླས་བརྗོད་བགྱིས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་བཞིན་དུ་མདུན་དུ་མཆིས་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་ཏེ། རིག་སྔགས་འཆང་ལ་ལེགས་སོ་ལེགས་སོ།། འདི་ནི་བཟླས་བརྗོད་ཀྱི་དམ་པ་ཡིན་ནོ་ཞེས་དཔུང་པ་གཡས་པ་བརྐྱང་བའི་ལག་པས་རིག་སྔགས་འཆང་གི་སྤྱི་བོར་བཞག་ནས་དབུགས་འབྱིན་པར་འགྱུར་ཏེ། ཚུར་ཤོག་བུ་གང་འདོད་པའི་མཆོག་སློངས་ཤིག་དང་སྦྱིན་ནོ། ། ཁྱོད་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་ངའི་བུ་རིག་སྔགས་འཆང་གི་ཐུ་བོར་གྱུར་ཅིག། རིག་སྔགས་འཆང་ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་གྲུབ་པས་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རིམ་པར་དབྱེ་བ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་ལ་བརྟན་པར་བགྱིས་ཤིག། སྙིང་རྗེ་ཆེན་པོའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་གོམ་པར་གྱིས་ཤིག། ཁྱོད་འདི་ནས་མ་འོངས་པའི་མངལ་དུ་གནས་ནས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་ཞིང་། ཁྱོད་པདྨའི་ནང་དུ་རྫུས་ཏེ་སྐྱེས་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དང་དཔེ་བྱད་ཀྱིས་རབ་ཏུ་བརྒྱན་པ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ཚེ་དཔག་ཏུ་མེད་པར་འགྱུར་རོ།། འདི་ལྟར་ཚིག་གཞན་མི་སྨྲ་བར་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཕྱག་རྒྱ་བརྒྱ་རྩ་བརྒྱད་བཅིངས་པས་ལན་སྟོང་རྩ་བརྒྱད་ཚང་ནས་ནམ་མཁའ་ལ་མཆི་བར་འགྱུར་རོ།། དོན་ཡོད་པའི་རྣམ་པར་འཕྲུལ་པ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བར་འགྱུར་རོ། ། རིག་སྔགས་འཆང་འབུམ་ཕྲག་བྱེ་བ་བརྒྱ་སྟོང་ཕྲག་བཅོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ།། ཚེ་དཔག་ཏུ་མ་མཆིས་པར་འགྱུར་རོ།། དོན་ཡོད་རྒྱ་ཆེར་སྣང་བ་ཞེས་བགྱི་བའི་རྫུ་འཕྲུལ་འཐོབ་པར་འགྱུར་རོ། ། རྫུ་འཕྲུལ་གང་གི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་དཔུང་པ་བསྐུམ་པ་ལས་བརྐྱང་བ་ཙམ་གྱིས་མཆི་ཞིང་སླར་ལྡོག་པར་འགྱུར་རོ། ། བཟླས་བརྗོད་བརྒྱ་སྟོང་བགྱིས་ལ་ཕྱག་རྒྱ་བརྒྱ་སྟོང་བཅིངས་ན། ཚེ་འདི་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་འདྲ་བར་འགྱུར་རོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་དོན་ཡོད་པའི་མིག་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ལྷའི་བུ་དང་། དྲག་པོ་དང་། དབང་པོ་དང་། ཉི་མ་དང་། ཟླ་བ་དང་། གཞོན་ནུ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་ལ་སོགས་པའི་གཟུགས་སྣ་ཚོགས་མཐོང་བར་འགྱུར་རོ།། ཀླུའི་རྒྱལ་པོའི་གཟུགས་རྣམ་པ་སྣ་ཚོགས་ཀྱི་བར་དུ་མཐོང་བར་འགྱུར་རོ། ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་འདུལ་བར་གྱུར་པ་དེ་ལྟ་དེ་ལྟ་བུའི་གཟུགས་མཐོང་བར་འགྱུར་ཏེ། འདི་ནི་འཇིག་རྟེན་པའི་བཟླས་བརྗོད་སྒྲུབ་པ་འབུམ་ལགས་སོ།། འབུམ་བཟླས་པས་འཇིག་རྟེན་ལས་འདས་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་སྡང་བའང་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ལས་ལུང་བསྟན་པ་འཐོབ་པར་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཕྱིར་མི་ལྡོག་པར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ།། ཕྱག་རྒྱ་བཅིངས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་། འབྱུང་པོ་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བའི་སེམས་ཀྱི་རང་བཞིན་གྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཅིག་བཟླས་བརྗོད་བགྱིའོ།། བཟླས་བརྗོད་བགྱིས་མ་ཐག་ཁོ་ནར་ལན་དྲུག་བརྒྱ་བཞི་བཅུར་བཟླས་བརྗོད་བགྱིས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དབུགས་འབྱིན་པར་མཛད་ཅིང་དྲན་པ་དང་། བློ་གྲོས་དང་། གཟི་བརྗིད་ལུས་ལ་འཇུག་པར་བགྱིད་དོ།། བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། རི་མོའི་སྐུ་གཟུགས་དེ་ལའང་འོད་ཟེར་འབྱུང་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡོངས་སུ་དག་པའི་བདག་ཉིད་རྨི་ལམ་དུ་མཐོང་བར་འགྱུར་རོ།། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་བསལ་བ་དང་བཏུགས་པར་འགྱུར་རོ།། ནད་ཐམས་ཅད་སྤངས་པར་འགྱུར་རོ།། འཇིག་རྟེན་པའི་དགོས་པ་སྒྲུབ་པ་རྣམས་ཀྱི་དམ་པ་ཐམས་ཅད་འགྲུབ་པར་འགྱུར་བས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། ། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་གསུམ་པ། ཐལ་མོ་ལྷན་ཅིག་བསྡམས་ཏེ་སྦྱར་ལ་རྩེ་མོ་ཡིད་ཙམ་བཀུག་སྟེ་ཁར་གཏད་ལ། སྲིན་ལག་གཉིས་ཕྱིར་འགྱེད་ཅིང་གུང་མོ་པདྨ་ལྟ་བུར་བགྱིས་ཏེ་སྔགས་འདི་བརྗོད་དོ།། ཨོཾ་ཏུ་རུ་ཏུ་རུ་པདྨེ་ཨ་མོ་གྷ་སིད་དྷིནྟུ། ཕྱག་རྒྱ་འདི་ནི་དོན་ཡོད་གྲུབ།། ལས་རྣམས་གྲུབ་དང་ལྡན་པ་ཡི།། འདི་ནི་བཅིང་བ་བགྱིས་པ་ཡིས།། ཀུན་རིག་མྱུར་དུ་འགྲུབ་པར་འགྱུར།། མྱུར་དུ་སྟོན་པ་སྩོལ་འགྱུར་ཏེ། ། རྙེད་དཀའ་དོན་ཡོད་གྲུབ་པ་མཆོག། མཆོག་ཀུན་རབ་ཏུ་སྟོབས་པར་འགྱུར།། འཇིག་རྟེན་འདས་པ་དེ་བཞིན་འཇིག་རྟེན་པ།། སྒྲིབ་པ་ཐམས་ཅད་ལས་ནི་རྣམ་པར་གྲོལ།། བསོད་ནམས་ཕུང་པོ་དག་ནི་རྟག་ཏུ་འཕེལ། ། བཀྲ་ཤིས་སྒྲ་ནི་འབྱུང་བར་འགྱུར་བའོ།། ལྷ་རྣམས་རྟག་ཏུ་སྲུང་བར་འགྱུར།། རྡོ་རྗེ་བཅིང་བ་ཤིན་ཏུ་བཅིང་།། རྟག་ཏུ་སེམས་ནི་བརྟན་པོར་བགྱི།། མཛུབ་། མོ་དག་ནི་ཡིད་བསྐུམས་ནས།། སྙིང་ཁ་དག་ཏུ་རབ་ཏུ་བརྐྱང་།། དོན་ཡོད་པའི་པདྨས་པདྨའི་དཀྱིལ་འཁོར་ཕྱག་རྒྱ་དང་།། སྙིང་པོ་གསུངས་པ་དང་། པདྨའི་དབང་ཕྱུག་གི་ཕྱག་རྒྱ་ལས་དང་དོན་ཐམས་ཅད་གྲུབ་པའི་གསང་སྔགས་དེ་དག་གསུངས་ནས། དེ་ནས་དོན་ཡོད་པའི་རྒྱལ་པོ་གསུངས་པ། ཨོཾ་ཨ་མོ་གྷ་ཧྲི་ད་ཡ། པདྨེ་དྷ་ར་དྷ་ར་པདྨ་དྷ་ར་མ་ཧཱ་མཎྜ་ལ་ཧྲི་ད་ཡ་ཧཱུཾ། སྙིང་པོ་ཕྱག་རྒྱ་འདི་ནི་བཅིངས་བ་ཡིས། ། པདྨ་འཆང་བའི་དོན་ཡོད་སྙིང་པོ་ཡི།། གྲུབ་པ་དེ་ཉིད་ཡང་དག་སོམ་ཉི་མེད།། ཐམས་ཅད་དུ་ནི་ལས་རྣམས་ཐམས་ཅད་དག། དེ་ནི་གྲུབ་པར་འགྱུར་ཏེ་སོམ་ཉི་མེད།། ཤིན་ཏུ་གསང་བའི་ཕྱག་རྒྱ་གཟུང་། ། ཤིན་ཏུ་གསང་བའི་གསང་སྔགས་བཟླས།། ཤིན་ཏུ་བཀྲུས་པས་གོས་གཙང་བགོ། གཙང་མའི་སེམས་ཀྱིས་འཆང་བགྱིད་ཅིང་།། སེམས་ཅན་ཀུན་ལ་བརྩེར་གྱུར་ནས།། རྟག་ཏུ་བླ་མ་གུས་པར་སྒོམ། ། རྟག་ཏུ་ཤིན་ཏུ་དང་བགྱི་ཞིང་།། པདྨའི་ཕྱག་ལ་དགའ་བར་བགྱི།། མྱུར་དུ་ལས་འགྲུབ་མྱུར་དུ་ནི།། པདྨ་འཆང་དང་སངས་རྒྱས་འཐོབ།། མྱུར་དུ་འཇིག་རྟེན་དབང་ཕྱུག་འཐོབ། ། མྱུར་དུ་སེམས་ཅན་ཀུན་ཕན་ལྡན།། ལག་པ་གཡོན་པ་བརྐྱང་བ་ཙམ་གྱི་ཁར་པདྨའི་ཚུལ་དུ་བཞག་ལ། ལག་པ་བསྒྱུར་ནས་མཛུབ་མོ་གྱེན་དུ་སྒྲེང་། མཐེ་བོང་ཡིད་ཙམ་པ་བཀུག་ལ་ལག་པ་གཡས་པ་བརྐྱང་སྟེ། སོར་མོ་རྣམས་པདྨའི་ཚུལ་དུ་བཞག་ལ་མཐེ་བོང་ཡིད་ཙམ་བཀུག་སྟེ། གུང་མོ་དོན་ཡོད་པའི་ཞགས་པར་བགྱི་བ་ནི་དོན་ཡོད་པའི་ཞི་བའི་ཆོ་ག་ཆེན་པོའི་མིག་སེམས་ཅན་ཐམས་ཅད་། ལ་བྱམས་པའི་སེམས་དང་། སྙིང་རྗེའི་བདག་ཉིད་ཅན་ལགས་ཏེ། གསང་སྔགས་འདི་བརྗོད་དོ།། ཨོཾ་པ་ཤུ་པ་ཏི་པཱ་ཤཱ་དྷ་ར་ས་ཧ་སྲ་རཤྨི་པྲ་ཏི་མཎ་ཌི་ཏ་ཀ་ཡ། ཨཱ་ཀ་རི་ཥ་ནི། སཉྩོད་ནི། བྷུ་རུ་བྷུ་རུ། ཨ་མོ་གྷ་པཱ་ཤ་སིད་དྷི་ཧཱུཾ། ཕྱག་རྒྱ་འདིས་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་ནས་ལག་པ་གཡས་པ་ཞགས་པའི་ཕྱག་རྒྱའི་ཚུལ་དུ་གདེག་ཅིང་། སླར་ཡང་རང་གི་གནས་བཟུང་ཞིང་གསང་སྔགས་ལན་བདུན་བཟླས་ཏེ་ལན་བདུན་དུའང་གདེག་གོ།། དོན་ཡོད་རྒྱལ་པོ་བཟླས་པ་ནི།། བསམ་པ་མཆོག་ཏུ་དག་པར་བགྱི།། བཟླས་པ་ཙམ་གྱི་མོད་ལ་ནི། ། དོན་ཡོད་ཞགས་པའི་ཕྱག་རྒྱ་ཡིས།། བྱང་ཆུབ་ཐམས་ཅད་དགུག་པ་དང་།། མོད་ལ་སངས་རྒྱས་ཉིད་དུ་འགྱུར།། གཞན་ཡང་དགོས་པ་སྣ་ཚོགས་དག། ཇི་ལྟར་ཡིད་ལ་བསམ་པ་བཞིན། ། མོད་ལ་གྲུབ་པ་བླ་མེད་དང་།། མོད་ལ་ཐམས་ཅད་དགུག་པར་འགྱུར།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་།། མི་འམ་ཅི་དང་ལྷོ་འཕྱེ། ཆེ།། རིག་སྔགས་འཆང་ལ་བལྟ་བའི་ཕྱིར།། ཐམས་ཅད་དེ་ཡི་མོད་ལ་འདུ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དག། དེ་ཉིད་གཟིགས་པས་གཟིགས་པར་འགྱུར།། རིག་སྔགས་འཆང་ལ་བས། བགྱིའི་ཕྱིར།། བྱང་ཆུབ་སེམས་དཔའ་འདུ་བར་འགྱུར།། མགོན་པོ་འཕགས་པ་སྤྱན་རས་གཟིགས།། མཆོག་སྦྱིན་སྤྱི་བོར་ཕྱག་འཇོག་འགྱུར།། ཡོངས་སུ་དག་པའི་བདག་ཉིད་ཀྱི།། རང་བཞིན་མོད་ལ་སྟོན་པར་མཛད། ། གང་དག་མནར་མེད་སོང་བ་དང་།། སེམས་ཅན་མཚམས་མེད་ལྔ་བགྱིད་དང་།། གང་དག་འཕགས་ལ་སྐུར་འདེབས་དང་།། གང་དག་དམ་ཆོས་སྤོང་བ་དང་།། ཕྱག་རྒྱ་འདི་མཐོང་འཛིན་བཅུག་དང་། ། བཅིངས་པས་མོད་ལ་སྡིག་པ་ཀུན།། འཇིག་འགྱུར་མོད་ལ་འདྲེན་པ་མཐོང་།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། དགོས་པ་ཐམས་ཅད་འགྲུབ་པར་འགྱུར།། ཕྱག་རྒྱ་འདི་ནི་མཐོང་ཙམ་དང་།། གསང་སྔགས་ཟློས་པར་བགྱིད་པ་དང་།། རིག་སྔགས་འཆང་བ་མཐོང་བ་དེ།། འཕགས་པ་སྤྱན་རས་གཟིགས་དབང་ནི།། མངོན་དུ་མཐོང་བར་བལྟ་བར་བྱ།། ཚེ་རབས་བརྒྱུད་པར་བསྐལ་པ་ནི།། བརྒྱ་དང་སྟོང་དུ་བསགས་པ་ཡི།། སྡིག་པ་ལས་ཀྱི་སྒྲིབ་པ་རྣམས།། ཕྱག་རྒྱ་བཅིངས་སོམ་མཐོང་ཙམ་གྱིས།། དེ་ཀུན་འབྱང་འགྱུར་སོམ་ཉི་མེད།། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ། མཁས་པས་པདྨའི་ཚུལ་དུ་བགྱིས་ལ་མཛུབ་མོ་ནོར་བུར་བགྱིས་ཏེ། གུང་མོ་ཡིད་ཙམ་ཞིག་བཀུག་པ་ནི་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་སྟེ། ལག་པ་སྤྱི་བོར་བརྐྱང་ནས་སྤྱི་བོར་དབང་བསྐུར་བ་སྩོལ་བའི་གསང་སྔགས་འདི་བརྗོད་དོ།། ཨོཾ་སྟཱ་དྷཱ་ནུ་ག་ཏ། ཨ་བྷི་ཥིཉྩ་ཏུ། སརྦ་སྱཱ་དྷཱ། ཨ་བྷི་ཥེ་ཀེཿཔདྨ་མ་ཎི་སུ་པདྨེ། ཨ་མོ་གྷེ་སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ་ཧཱུཾ། འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གིས་དབང་བསྐུར་བར་འགྱུར་རོ། ། རིག་སྔགས་འཆང་གི་རྒྱལ་པོ་ཆེན་པོར་འགྱུར་རོ།། རིག་སྔགས་འཆང་ཐམས་ཅད་འགྲུབ་པར་འགྱུར་རོ།། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོ་གཅིག་པུའི་གནས་སུ་འགྱུར་རོ།། སྤྱི་གཙུག་རྡོ་རྗེ་པདྨ་བཅིང་།། རྟག་ཏུ་སོར་མོའི་རྩེ་མོ་བརྐྱང་།། མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བགྱི།། རང་གི་གདོང་གྲི་ཁྲོ་གཉེར་བཞིན།། ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་ཆེ།། ལས་ཀུན་སྒྲུབ་པར་བགྱིད་པ་ཡི།། ཐམས་ཅད་སྒྲུབ་བགྱིད་ཕྱག་རྒྱ་སྟེ།། ཀུན་སྒྲུབ་དམ་པས་གསང་སྔགས་པས།། འདི་དྲན་གྲུབ་པ་ཀུན་གྱི་མཆོག། ཨོཾ་ཀྲོ་དྷ་རཱ་ཛཱ་དྷཱ་མ་མ་ཧཱ་ཨ་མོ་གྷ་ཧ་ན་ཧ་ན། སརྦ་དུཥྚཱན་ཧཱུཾ། ཕྱག་རྒྱ་འདི་དྲན་ཙམ་གྱིས་ཀྱང་།། མཐུ་ཆེན་པོ་ཡི་གསང་སྔགས་ཀྱིས།། གདུག་པ་ཀུན་ནི་རྣམ་འཇིག་སྟེ།། རི་རབ་ཀྱང་ནི་སྙིལ་བར་བགྱིད། ། ཕྱག་རྒྱ་བཅིང་བར་བགྱིས་པ་ཡིས།། སྡིག་པ་ཐམས་ཅད་འཇིག་པར་བགྱིད།། སེམས་ཅན་གདུག་དང་གདུག་པའི་ཀླུ།། བགེགས་དང་ལོག་འདྲེན་གདུག་པ་སྟེ། ། དེ་དག་ཐམས་ཅད་ཞི་བར་འགྱུར།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། ཐམས་ཅད་དབང་དུ་གྱུར་ནས་མཆིས།། ལྷ་དང་མི་དང་དགེ་སྦྱོང་དང་།། བྲམ་ཟེ་རྒྱལ་རིགས་དམིགས་གང་ལགས། ། ཐམས་ཅད་དབང་དུ་གྱུར་ནས་ནི།། མཆིས་པར་འགྱུར་བས་སོམ་ཉི་མེད།། རྒྱུད་ནི་རྟག་ཏུ་མཉག་བཞག་ལ།། མཐེ་བོང་མཉམ་དུ་བཏེག་ནས་ནི།། གུང་མོ་ཡིས་ནི་གུང་མོ་ཉིད།། ཡིད་ཙམ་བཀུག་ནས་བསྒྲེང་བར་བགྱི། ། འདི་ནི་པདྨ་ཆེན་པོ་ཡི།། ལྷ་མོ་སྒྲོལ་མའི་ཕྱག་རྒྱ་སྟེ།། གྲུབ་པ་བླ་ན་མེད་པ་ཡི།། ཐམས་ཅད་ཀྱི་ནི་དམ་པ་ལགས།། ཐལ་མོ་པདྨའི་ཚུལ་དུ་སྦྱར།། མཐེ་བོང་ཉིད་ནི་བརྐྱང་བགྱིས་ལ། ། མཐེའུ་ཆུང་ཡིད་ཙམ་བཀུག་པ་ནི།། དཀར་ཤམ་ཆེན་མོའི་ཕྱག་རྒྱ་སྟེ།། འདི་ནི་ཀུན་གྲུབ་བླ་ན་མེད།། རྡོ་རྗེའི་ཚུལ་དུ་ཐལ་སྦར་དམ་བཅིངས་ཤིང་།། ཤེས་རབ་ཅན་གྱིས་གཡས་པའི་ལག་བསྒྱུར་ལ། ། ཁྲོ་གཉེར་བཞིར་ནི་དེ་བཞིན་ཁྲོ་བ་དང་།། ཕྱག་རྒྱ་ཆེན་པོ་ཀུན་འདོད་རབ་ཏུ་སྦྱིན།། ལག་པ་གཉིས་ཀྱི་ཐལ་སྦྱར་བརྐྱང་ནས་ནི།། གསང་བ་དེ་བརྐྱང་གུང་མོ་བསྐུམ་ནས་སུ།། མཐེའུ་ཆུང་བརྐྱང་ནས་ལྕགས་སྒྲོག་པདྨ་ཡི།། ཚུལ་དུ་སྙིང་ཁའི་གནས་སུ་གཞག་པར་བགྱི།། ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ།། ཕྱག་རྒྱ་འདི་ནི་བཅིངས་པ་ཡིས།། དཀྱིལ་འཁོར་ཀུན་ནས་ལྷ་དག་དང་། དཀྱིལ་འཁོར་ལྷ་ཀུན་དགའ་བར་འགྱུར།། ཐམས་ཅད་ཚོགས་ཤིང་འདུ་བ་དང་།། ཀུན་གྱིས་སྲུང་བགྱིད་སོམ་ཉིད་མེད།། ཕྱག་རྒྱ་འདི་ཉིད་བཤིག་ནས་ལག་པ་ནི།། ཐལ་སྦྱར་པདྨའི་ཚུལ་བཞིན་དུ་བྱས་ཏེ། ། སྙིང་ཁར་བཞག་པ་གནོད་སྦྱིན་ཕོ་ཉ་མོ།། འདི་ནི་ཕྱག་རྒྱ་ལགས་པར་ལེགས་པར་བསྒྲགས།། དང་པོ་རྡོ་རྗེ་ཁུ་ཚུར་ལེགས་བཅིངས་ལ།། གུང་མོ་ལྷག་མ་བསྐུམ་ཞིང་མཐེ་བོང་གཞག། པདྨའི་ཚུལ་གྱི་བཞིན་དྲམ་སྒྲོལ་མདུན་གྱིས།། གྲུབ་པ་ཀུན་གྱི་བླ་མེད་ཕྱག་རྒྱ་འདི།། སྡིག་པ་ཐམས་ཅད་འཇིག་ཅིང་ཉོན་མོངས་ཀུན།། ནད་ཀུན་ཉེ་བར་ཞི་བར་སོམ་ཉི་མེད།། དོན་ཡོད་པའི་གྲུབ་པ་བླ་མེད་ཀྱིས། ། ཆོ་ག་ཞིབ་མོ་ཐམས་ཅད་རབ་ཏུ་འགྲུབ།། ལག་པ་གཉིས་ནི་མཉམ་བཞག་སྟེ།། རྡོ་རྗེའི་ཚུལ་དུ་པདྨ་བཅིང་།། མཛུབ་མོ་བསྐུམ་པ་བགྱིས་ནས་ནི།། མཐེ་བོང་ཡང་ནི་དགུག་པར་བགྱི།། འདི་ནི་རྟ་མགྲིན་ཕྱག་རྒྱ་སྟེ།། ཆོ་ག་ཞིབ་མོའི་དམ་པ་ལགས།། པདྨའི་ཚུལ་དུ་ཐལ་མོ་སྦྱར།། མཛུབ་མོས་འཁྱུད་ལ་གུང་མོ་ནི།། ལྕགས་ཀྱུའི་ཚུལ་དུ་བསྒྲེང་བར་བགྱི།། དོན་ཡོད་ཞགས་པའི་ཕྱག་རྒྱ་འདི། ། རྒྱ་མཚོའི་གློང་གི་ཁ་ལྟ་བུར།། རྡོ་རྗེ་ཟ་བ་ཉིད་ཀྱིས་གསུངས།། འདི་ནི་ལས་ཀུན་བགྱིད་པ་པོ།། གྲུབ་པ་ཀུན་གྱི་བླ་ན་མེད།། ཕྱག་རྒྱ་འདི་ནི་མཛུབ་མོའི་མཐེ་བོང་ཉིད།། ལྕགས་སྒྲོག་ལྷག་མ་བསྐུམ་ནས་པདྨའི་ཚུལ།། སྙིང་ཁའི་གནས་སུ་བཞག་པ་མགྲིན་སྔོན་གྱི།། འདི་ནི་དོགས་མེད་ལས་ཀུན་ཕྱག་རྒྱ་ལགས།། ལག་གཉིས་པདྨའི་ཁུ་ཚུར་ཏེ།། གཡས་གཡོན་དུ་ནི་བཞག་ནས་སུ། ། ཀུན་ནས་ཞི་བའི་བཞིན་དུ་གཞག། བྱམས་པའི་མིག་གཉིས་བགྱིས་པ་ནི།། ཞལ་ནི་བཅུ་གཅིག་ཕྱག་རྒྱ་སྟེ།། དེ་བཞིན་ཀུན་གྱིས་མི་ཐུབ་པའོ། ། མཐེ་བོང་མཉམ་པར་མཉམ་བགྱིས་ལ།། སོར་མོའི་རྩེ་མོ་བསྐུམས་པ་དང་།། མཛུབ་མོ་གཉིས་ནི་པདྨའི་ཚུལ།། རིག་པའི་དབང་ཕྱུག་ཕྱག་རྒྱ་ལས།། ཕྱག་རྒྱ་འདི་ཉིད་དབུས་སུ་ནི།། འཁོར་ལོའི་ཚུལ་དུ་མཛུབ་མོ་བསྐུམ།། གཡོན་པ་བརྐྱང་བ་དབང་ཆེན་གྱི།། ཕྱག་རྒྱ་འབྱུང་པོ་ཐམས་ཅད་འཇོམས།། ལྕགས་སྒྲོག་དམ་དུ་བགྱིས་ནས་ནི།། ལག་པ་གཉིས་པོ་བརྐྱང་ནས་ཀྱང་།། སྙིང་ཁར་བཞག་པའི་ཕྱག་རྒྱ་སྟེ། ། འདི་ནི་རྒྱུན་དུ་གཤིན་རྗེ་ལགས།། ལག་པ་གཡོན་པ་བརྐྱང་ནས་སུ།། སོར་མོ་བསྒྲེང་བའི་ཐོར་ཏོ་དགུག། གཡས་པ་སྙིང་ཁར་བཞག་ནས་སུ།། མཐེ་བོང་དང་ནི་མཐེའུ་ཆུང་དགུག། ལྷག་མ་རྣམས་ནི་བརྐྱང་བགྱིས་ཏེ།། འདི་ནི་ཆུ་ལྷའི་ཕྱག་རྒྱ་སྟེ།། ཀླུ་ཀུན་དགུག་པའི་མཆོག་ལགས་སོ།། ལག་པ་གཉིས་ནི་བསྡམས་བགྱིས་ལ།། སོར་མོ་ཕྱིང་ག་ལོག་ཏུ་སྦྲེལ།། གཡཱ་པ་དང་ནི་གཡོན་པ་དག། སྙིང་ཁའི་གནས་སུ་བཞག་བགྱི་སྟེ།། ཕྱག་རྒྱ་འདི་ནི་ལུས་ངན་གྱི།། གནོད་སྦྱིན་ཐམས་ཅད་སྐྲག་པར་བགྱིད།། ལག་པ་གཡས་པ་སྤྱི་བོར་ཡང་།། མཐེ་བོང་མཛུབ་མོ་དགུག་བགྱིས་ལ། ། ལག་པ་གཡོན་པ་བརྐྱང་ནས་སུ།། མཛུབ་མོ་གྱེན་དུ་བསྒྲེང་བ་ནི།། འདི་ནི་ཚངས་པའི་ཕྱག་རྒྱ་སྟེ།། ཐམས་ཅད་དུ་ནི་ལས་སྒྲུབ་པའོ།། ཕྱག་རྒྱ་འདི་ཉིད་གཡས་པ་ཡི།། མཐེའུ་ཆུང་སོར་མོ་དགུག་བགྱིས་ཏེ། ། དྲང་སྲོང་ཚོགས་ཀྱི་ཕྱག་རྒྱ་འདི།། ལྷ་རྣམས་ཀུན་གྱིས་ཕྱག་བགྱིས་པའོ།། ལག་པ་གཉིས་ནི་དམ་བཅིངས་ལ།། བལྟ་སྡུག་འཁོར་ལོའི་ཕྱག་རྒྱ་སྟེ།། ལྷ་མིན་ཐམས་ཅད་འགུགས་པ་ཡི། ། ཁྱག་འཇུག་ཕྱག་རྒྱ་འདི་ཞེས་གསུངས།། གཡས་པ་བི་ཛ་པུ་རར་བགྱི།། གཡོན་པ་རྩེ་གསུམ་ཚུལ་དུ་བགྱི།། མཐེ་བོང་མཐེའུ་ཆུང་བསྐུམ་པ་ནི།། འབྱུང་པོ་ཐམས་ཅད་སྐྲག་བགྱིད་པ། ། འདི་ནི་དྲག་པོའི་ཕྱག་རྒྱར་གསུངས།། གཡས་པ་ཁུ་ཚུར་བཅིངས་ནས་སུ།། མཛུབ་མོ་བརྐྱང་ནས་གཡོན་པ་ནི།། དཀུར་བརྟེན་ཁུ་ཚུར་བཅངས་ནས་བཞག། སོར་མོ་རྣམས་ནི་བརྐྱང་བར་བགྱི། ། དྲག་པོ་རྒྱུན་ཏུ་ལྟ་བགྱིད་པ།། དེ་བཞིན་ལྷ་ཡི་སྡེ་དཔོན་གྱི།། གཞོན་ནུ་ཕྱག་རྒྱ་འདི་ཞེས་གསུངས།། གྱེན་དུ་ལག་པ་གཉིས་བསྒྲེངས་ནས།། སོར་མོ་གསུམ་ནི་བརྐྱང་བགྱི་ཏེ།། མཐེ་བོང་མཛུབ་མོ་བཀུག་པ་ནི། ། འོད་ཟེར་སྟོང་དག་འཕྲོ་བགྱིད་པ།། འདི་ནི་ཉི་མའི་ཕྱག་རྒྱ་ལགས།། ཕྱག་རྒྱ་འདི་ཉིད་སོར་མོ་གསུམ།། བཀུག་ནས་སོར་མོ་གཉིས་གཉིས་བརྐྱང་།། སྐར་མའི་ཚོགས་ཀྱི་མཛེས་གྱུར་པ། ། འདི་ནི་ཟླ་བའི་ཕྱག་རྒྱར་གསུངས།། གསང་སྔགས་ཆེན་པོ་ཕྱག་རྒྱ་འདི་དག་ནི།། ལས་དང་དོན་ཀུན་གྲུབ་པ་སྒྲུབ་པར་བགྱིད།། སྡིག་པ་ཐམས་ཅད་སྤོང་ཞིང་ཉོན་མོངས་ཀུན།། ཉམས་པར་བགྱིད་ཅིང་སྒྲིབ་པ་ཐམས་ཅད་འབྱང་།། ལས་ཀུན་ཟད་པར་བགྱིད་ཅིང་དོན་ཡོད་པའི།། ལས་གྲུབ་དོན་ཡོད་གྲུབ་པ་འགྲུབ་པར་འགྱུར།། ཨོཾ་པདྨ་ཏཱ་རེ་ཏཱ་ར་ཡ་པདྨ་བྷུ་ཛེ་ཧཱུཾ། ཨོཾ་མ་ཧཱ་པདྨེ་ཤྭེ་ཏཾ་གེ་ཧུ་རུ་ཧུ་རུ་སྭཱ་ཧཱ། ཨོཾ་བྷྲྀ་ཀུ་ཊི་པདྨེ་ཏ་ར་ཏ་ར་ཧཱུཾ། ཨོཾ་པདྨེ་པཱཎྜ་ར་བཱ་སི་ནི་ཀུཎྜ་ཀུཎྜ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་པདྨ་བ་ར་དེ་སིད་དྷི་སིད་དྷྱཾ་ཏུ་ཧཱུཾ། ཨོཾ་སརྦ་ཏྲ་གཱ་མི་ནི་ཨཱ་བྷཱ་ཡ། རོ་དྲི་ནི་ཧཱུཾ། ཨོཾ་ཨ་མོ་གྷ་ནི་ཏཱ་རེ་ཏཱ་ར་ཡ་པདྨེ་བྷུ་ཛེནྡྷཾ། ཨོཾ་དཱ་རུ་ཏ་རུ་ལ་པདྨེ་ཨ་མོ་གྷ་ཧཱུཾ། ཨོཾ་བ་ཌ་བ་མུ་ཁེ་ནི་ཀྲིན་ཏ་ཡ་དུཥྚཱན་ཧཱུཾ། ཨོཾ་པདྨེ་ནཱི་ལ་ཀརྟྟི་ཤྭ་ར། བྷུ་རུ་བྷུ་རུ་ཧཱུཾ། ཨོཾ་སཽ་མྱ་། བ་ད་ནེ་པྲ་སི་ད་ཤྭཱ་ས་མ་ཡ་ཧཱུཾ། ཨོཾ་པདྨེ་ཤྭ་རི་སཱ་དྷ་ཡ་ཧཱུཾ། ཨོཾ་ཨ་མོ་གྷེ་ཤྭ་རེ་ཧཱུཾ། ཨོཾ་ས་མ་རི་ཏ་རེ་ཏ་རེ་ཧཱུཾ། ཨོཾ་ནཱ་ག་པདྨ་ནི་ཧཱུཾ། ཨོཾ་ཡཀྵཱ་དྷི་པ་ཏི་མུ་རུ་མུ་རུ་ཧཱུཾ། ཨོཾ་ཨ་མོ་གྷེ་བྲཧྨ་ར་ཏེ་ཧཱུཾ། ། ཨོཾ་ཤི་ར་བི་ར་དེ་ཨ་མོ་གྷ་བྷུ་ཛེ་ཧཱུཾ། ཨོཾ་ཨ་མོ་གྷ་བིཥྞུ་རཱ་ཛ་པདྨ་ནཱ་བྷེ། ས་ར་ས་ར་ས་མནྟ་བྷུ་ཛེ་སྭཱ་ཧཱ། ཨོཾ་རུ་དྲ་རུ་ཊི་མི་ལི་མི་ལི་སྭཱ་ཧཱ། ཨོཾ་ཤཾ་ཀ་ཏི་དྷ་རེ་ཨ་མོ་གྷ་བ་ཏི་སྭཱ་ཧཱ། ཨོཾ་ས་ཧ་སྲ་ཀི་ར་ཎེ་ཧཱུཾ་རུ་ཏི་སྭཱ་ཧཱ། ཨོཾ་སོ་མ་པྲ་བྷེ་ཧཱུཾ། དེ་བཞིན་ཕྱག་རྒྱ་གསང་སྔགས་གསུངས་པ་ཡང་།། ཕྱག་རྒྱ་ཐ་དད་གསང་སྔགས་ཐ་དད་སྒྲུབ།། གསང་སྔགས་འཆང་གིས་ཇི་སྐད་གསུངས་པའི་ལས།། རྟག་ཏུ་ཀུན་གྱིས་མདོར་ན་ཐམས་ཅད་བགྱིད།། གཙང་མ་སྤྱོད་མ་གཙང་མ་དག། ལེགས་བཀྲུས་གཙང་མའི་གོས་བགོས་ནས།། དྲི་ཞིམ་དྲི་ཡིས་དཔུང་པ་དང་།། ལག་པ་ཡན་ལག་བྱུགས་ནས་སུ།། ཕྱག་རྒྱ་ལན་རེ་བཅིངས་པ་ན།། གསང་སྔགས་ལན་རེ་བཟླས་པར་བགྱི།། ཕྱག་རྒྱ་དག་ནི་བཅིངས་པ་དང་།། གསང་སྔགས་བཟླས་པའི་མོད་ལ་ནི།། བརྒྱ་སྟོང་ཕྲག་ནི་འབུམ་ཕྲག་འབུམ།། ཕྱག་རྒྱ་དག་ནི་བཅིངས་པར་འགྱུར།། ཕྱག་རྒྱ་བཅིངས་པ་བགྱིས་པ་ན་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལུང་བསྟན་པ་དང་བྱིན་གྱིས་བརླབས་པར་འགྱུར་རོ། ། ལྷ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་པར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་མཆོད་གནས་གཅིག་པུར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་གཅིག་པུར་འགྱུར་རོ། ། དཀྱིལ་འཁོར་གྱི་ཕྱག་རྒྱའི་ཆོ་གའི་རིམ་པར་ཕྱེ་བ་དང་དམ་ཚིག་ཐམས་ཅད་ལ་ཞུགས་པར་འགྱུར་རོ།། ཚེ་དཔག་ཏུ་མ་མཆིས་པར་འགྱུར་རོ།། དོན་ཡོད་པའི་རིག་སྔག་གྲུབ་པར་འགྱུར་རོ། ། ཚིག་བཙན་པར་འགྱུར་རོ།། དྲན་པ་དང་བློ་གྲོས་བག་ཚ་བ་མ་མཆིས་པར་འགྱུར་རོ།། བློ་གྲོས་ཐོགས་པ་མ་མཆིས་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་རྟག་ཏུ་ལྟ་འཚལ་བར་འགྱུར་རོ། ། རྟག་ཏུ་དམ་པ་སྩོལ་བར་འགྱུར་རོ།། རྟག་ཏུ་དགྲ་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། གདུག་པ་དང་། རབ་ཏུ་གདུག་པ་ཐམས་ཅད་ཕམ་པར་བགྱིས་པར་འགྱུར་རོ། ། རྟག་ཏུ་ཐམས་ཅད་དུ་རྒྱལ་བར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་བྷ་དང་། བགེགས་དང་། ལོག་འདྲེན་དང་། ལྷ་མ་ཡིན་དང་། ཀླུ་ཐམས་ཅད་མཐོང་བར་འགྱུར་རོ།། འཕགས་པ་ཆེན་པོ་ཐམས་ཅད་ལ་བག་ཚ་བོ་མ་མཆིས་པར་འགྱུར་རོ།། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། ཐམས་ཅད་དུ་གཙོ་བོ་གཅིག་པུར་འགྱུར་རོ།། ཐམས་ཅད་དུ་བླ་མའི་གནས་གཅིག་པུར་འགྱུར་རོ།། ཚེ་རིང་བར་འགྱུར་རོ། ། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ།། སྐྱོན་གྱི་དྲི་མ་དང་། སེར་སྣ་དང་། ཕྲག་དོག་ཐམས་ཅད་དང་བྲལ་བར་འགྱུར་རོ།། ལེགས་པར་དྲན་ཞིང་ལུས་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ།། འཆི་བའི་དུས་ཀྱི་མོད་ལ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་ཞིང་། དེ་དག་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སོང་ཞིག་ཅེས་ཤིན་ཏུ་དྲན་པ་ཉེ་བར་བཞག་ནས་དུས་བགྱིད་པར་འགྱུར་རོ།། དམྱལ་བའི་སྒོ་ཐམས་ཅད་བཅད་པར་འགྱུར་རོ།། ངན་སོང་གི་འགྲོ་བ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། འདི་ནས་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ།། སྐྱེ་བ་ན་རྟག་ཏུ་སྐྱེ་བ་དྲན་པར་འགྱུར་རོ།། ཐམས་ཅད་དུ་པདྨ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ།། དེ་ནས་འཇིག་རྟེན་དབང་ཕྱུག་སྤྲུལ་པ་ཡི།། ཕྱག་རྒྱའི་རྟག་ནི་རྗོད་པར་བགྱིད།། ཝུ་གང་ཁོ་ནའི་ཚད་དག་གི། དཀྱིལ་འཁོར་ལྷམ་གྱིས་བྲི་བར་བགྱི།། གང་ཞིག་མཐོང་བའི་མོད་ཙམ་གྱིས།། དགའ་བ་དང་ནི་མགུ་བར་འགྱུར།། སྡིག་པ་ཀུན་ལས་གྲོལ་བ་དང་།། དེ་ཉིད་དག། ནི་འགྲུབ་འགྱུར་རོ།། རྒྱུན་དུ་གང་གི་གོ་ཆ་ཡིས།། རྟག་ཏུ་གོ་ཆ་བགོས་པར་འགྱུར།། གོ་ཆའི་གོ་ནི་འབར་བ་དང་།། མཛེས་པ་རྟག་ཏུ་སྩོལ་བར་འགྱུར།། ཆོ་ག་ཞིབ་མོ་ལེགས་གྲུབ་སྟེ།། གསང་སྔགས་བླ་མེད་ཐམས་ཅད་འགྲུབ།། ཕྱག་རྒྱའི་དཀྱིལ་འཁོར་བྲིས་ཙམ་གྱིས།། གནོད་སྦྱིན་སྲིན་པོ་འབྱེར་བར་འགྱུར།། མཐོང་བ་ཙམ་གྱིས་དོན་ཀུན་ཀྱང་།། འཇིག་པར་འགྱུར་ཏེ་སོམ་ཉི་མེད། ། གནོད་པ་ཀུན་ལས་གྲོལ་འགྱུར་ཏེ།། ནད་ཀུན་ལས་ཀྱང་དེ་བཞིན་ནོ།། ཕ་རོལ་དཔུང་ངམ་རང་དཔུང་ངམ།། མི་ཐུབ་པ་ཡི་དགྲ་ཀུན་ལས།། རྟག་ཏུ་ལེགས་པར་རྒྱལ་བར་འགྱུར།། རྟག་ཏུ་གདོན་ལས་སྲུང་བ་དང་།། དུས་ཀུན་ཏུ་ཡང་འགྲུབ་པར་འགྱུར།། རིག་སྔགས་འཆང་ཡང་བདེ་བགྱིའི་ཕྱིར།། དེ་ཉིད་དམ་པ་འགྲུབ་འགྱུར་ཞིང་།། འཕགས་པ་སྤྱན་རས་གཟིགས་དབང་གིས། ། ཕྱག་རྒྱའི་མཚན་མ་མཚོན་ཆ་དག། དགོས་པ་ཀུན་གྱི་རྗེས་མཐུན་པར།། གང་དང་གང་དུ་བཀོད་པ་དག། དེ་དང་དེར་ནི་ཕྱག་རྒྱར་འགྱུར།། པདྨ་ཁ་བྱེ་ཞེས་བགྱི་བ།། པདྨ་འདབ་མས་མཛེས་པ་དང་། ། ཀུན་ནས་འཁོར་བར་འབར་བའི་འཕྲེང་།། རྣམ་པར་རྟོག་པ་མེད་པར་བགྱི།། ཕྱག་རྒྱ་འདི་ཀུན་སྲོག་ལས་བྱུང་།། འདི་ནས་ཐམས་ཅད་འབྲས་བུ་སྩོལ།། རྡོ་རྗེ་གསུམ་རྡོ་རྗེའི་མདའ། ། དཀྱིལ་འཁོར་པདྨ་རྡོ་རྗེ་དང་།། པདྨའི་འཕྲེང་བ་རྡོ་རྗེའི་མཚན།། པདྨ་རབ་གནས་པདྨ་གཉིས།། རྟག་ཏུ་པདྨ་ལེགས་པར་བགྱིད།། པདྨའི་ཁུ་ཚུར་དེ་བཞིན་དུ། པདྨའི་མཛུབ་མོ་པདྨ་བགྱིས།། པདྨའི་ལྕགས་ཀྱུའི་ཐལ་མོ་སྦྱར།། པདྨའི་ལྕགས་སྒྲོག་པདྨའི་གཟེབ།། རྟག་ཏུ་པདྨ་སེམས་པ་དང་།། ནོར་བུ་པདྨ་རྡོ་རྗེར་གསུངས། དོན་ཡོད་པདྨ་དེ་བཞིན་དུ།། པདྨའི་རལ་གྲི་པདྨའི་དྲིལ།། རྩེ་གསུམ་ཞེས་བགྱི་གཏུན་ཤིང་འཆང་།། ནོར་བུ་དབྱུག་པ་མེ་ཏོག་དབྱུག། དེ་བཞིན་ཞགས་པ་གཏུན་ཤིང་དང་།། ཆུ་སྲིན་འཛིན་དུང་འཁོར་ལོ་ཕྱེད། ། བི་ཛ་པཱུ་ར་རྟག་ཏུ་སེའུ་འབྲུ།། ཟླ་འཛིན་ཉི་མ་འཛིན་པ་དང་།། ཐོ་བ་འཛིན་དང་ཚེམས་ཤིང་དང་།། མེ་ཏོག་ཕུར་མ་བགྲང་འཕྲེང་དང་།། རྡོ་རྗེ་རྩེ་ལྔ་དོན་ཡོན་ཞགས།། དོན་ཡོན་གྲུབ་པ་དེ་དག་སྟེ།། ཐམས་ཅད་པདྨའི་སྟེང་དུ་དགོད།། ལག་པའི་ཕྱག་རྒྱ་འདི་བྲི་བ།། གང་དང་གང་དུ་དགོད་པ་ནི།། ལག་པའི་ཕྱག་རྒྱ་བཞི་བཅུ་ཐམ།། འདི་དག་ཀྱང་ནི་བྲི་བར་བགྱི། ། ཀུན་ནས་ཀྱང་ནི་འབར་བར་བགྱི།། ནོར་བུའི་རྒྱན་གྱིས་གྲུབ་པར་བགྱི།། དཀྱིལ་འཁོར་ལྡན་པའི་རས་སམ་ནི།། ར་བའམ་རྩིག་པར་བགྱིས་པའམ།། ཅི་ཡང་རུང་བ་དེ་དག་སྟེ།། དེ་དག་མཐོང་བ་ཙམ་གྱིས་སམ།། མཐོང་བ་ཙམ་གྱི་མོད་ལ་ནི།། རྟག་ཏུ་སྡིག་པ་ཐམས་ཅད་སྤོང་།། མནར་མེང་གནས་སུ་གཏོགས་པ་དང་།། མཚམས་མེད་པ་ནི་ལྔ་ཉིད་དེ།། ཐམས་ཅད་སྐད་ཅིག་ཙམ་གྱིས་འབྱང་། ། སེམས་ཅན་དག་པ་དྲན་བགྱིད་ན།། ཕྱིར་མི་ལྡོག་པ་ཉིད་དུ་འགྱུར།། སེམས་དཔའ་ས་བཅུ་རབ་ཏུ་གནས།། འདི་ནི་ཕྱིར་མི་ལྡོག་པའི་གནས།། གང་ལགས་དཀྱིལ་འཁོར་མཐོང་བ་ནི། ། སྤྱན་རས་གཟིགས་དབང་མཆོག་སྦྱིན་ནི།། རྒྱུན་དུ་སྤྱི་བོ་ལག་ན་ཐོགས།། གང་གིས་ཕྱག་རྒྱ་འདི་མཐོང་བ།། རྒྱུན་དུ་མཆོག་སྦྱིན་འཇིག་རྟེན་དབང་།། རྟག་ཏུ་མངོན་སུམ་མཐོང་བ་ཡི།། དེ་དང་མཚུངས་ཏེ་ཁྱད་པར་འཕགས། ། གསང་སྔགས་སུམ་ཅུ་རྩ་ལྔའི་ཚིག། རྟག་ཏུ་དྲན་བགྱིད་ཐམས་ཅད་འགྲུབ།། དེ་ནི་དུས་རྣམས་ཀུན་ཏུ་ཡང་།། ངན་འགྲོར་མཆི་བར་མི་འགྱུར་རོ།། རྣམ་གྲོལ་དཀྱིལ་འཁོར་རབ་མྱུར་བར། ། མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར།། འོད་དཔག་མེད་ཀྱི་སྲས་པོ་ཡི།། ཐུ་བོར་གྱུར་པར་སོམ་ཉི་མེད།། འཇིག་རྟེན་མགོན་གྱི་ཐུགས་ཞལ་ནས།། སྐྱེས་སྲས་རྟག་ཏུ་ཐུ་བོར་འགྱུར། ། འདྲེན་པས་འདི་ནི་ཆོས་ཉིད་དང་།། ཆོས་ལས་སྐྱེས་པར་ལུང་སྟོན་འགྱུར།། གངྒཱའི་ཀླུང་ས་ཡ་བྱེ་བ་བརྒྱ་སྟོང་དང་མཉམ་པའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོ་འཐོབ་པར་འགྱུར་རོ།། གང་གི་སུག་པར་ཕྱག་རྒྱ་དང་གསང་སྔགས་ཀྱི་ཚིག་འདི་མཆིས་པར་གྱུར་ན། ཕྱག་རྒྱ་འདི་ལས་འདི་ལྟ་བུའི་ཕན་ཡོན་མང་ཞིང་ཆེ་བ་མཆིས་པར་བསྒྲགས་སོ།། དེ་ལ་གསང་སྔགས་ནི། ཨོཾ་ཨ་མོ་གྷ་མཾ་ཛ་ལི་མི་ལི་མི་ལི་ཙི་ལི་ཧཱུཾ། ཨོཾ་ཨ་ཤྭཱ་ས་ཡཀྵ་ཎ་བི་ག་ཏེ་ཧཱུཾ། ཨོཾ་ཨ་བྷ་ཡ་བ་ར་དེ་ཌི་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ། དྷི་རི་དྷི་རི་ཧཱུཾ། ཨོཾ་པདྨ་ཧྲིད་ཡ་མུཥྚིཙྪ། ཨོཾ་བྷི་ས་ར་བྷི་ས་ར་སརྦྦ་མཱ་ལཱན་ཏ་རཱ་ཛ་ཡ་ཧཱུཾ། བཎྜི་སནྣཊྚརྦནྟུ། ས་རྨྨ་ཨཱ་ས་གྷཱ་ཨཱ་ཀཪྵ་མརྡྷ། ཨོཾ་ཀ་བ་སས་ཏྤནྣ་དྷརུརྞྞ། ཨོཾ་ཨུ་ཨོཾ་། མ་མ་མནྡྷ། ཨོཾ་ཨ་མོཿཙནྣ་ཏྲཱརྶ་ཨུ0f7fབྷྱདྡྷ། ཨ་མོ་གྲཱ་མ་ཎི་ཙི་ལི་ཙི་ལིནྡྲ། ཨོཾ་བཛྲ་ཏུ་ཊ་ཙི་ལིཛྫ། ཨོཾ་ཨ་མོ་གྷ་ཧྲྀ་ད་ཡ་ཙ་ར་ཙ་ར་ཤུདྡྷ་སཏྭཱ་ནྟུ། ཨོཾ་གྲཱྀ་ཥ་པྲ་ཏི་ཙི་ཊི་ཙི་ཊི་ཧཱུ~ཾ། ཨོཾ་བིངྒ་ཁད་ག་ཙིན་ཏ་ཡ་ཤ་ཏྲུན་ཧཱུ~ཾ། ཨོཾ་ཛྲྀ་མ་ལ་བ་ར~ཾ་ཤུདྡྷེ་བྷི་ཊིཥྚྲཱི་ཙིཊཱིཧཱུཾ། ཨོཾ་སུ་རུ་སུ་རུ་ཧཱུཾ། ཨོཾ་མ་ཎི་མ་ཎི་ཧཱུཾ། ཨོཾ་པུཥྤ་བ་ཏི་ཛ་ཡེ་ཧཱུཾ། ཨོཾ་བོ་དྷི་ཙིཏྟ་པཱ་ཤ་དྷཱ་ར་དྷ་ར་ཧཱུཾ། ཨོཾ་པདྨ་པཱ་ཤ་བི་ཤུད་དྷེ་ཧཱུཾ། ཨོཾ་བཛྲེ་པཱ་ཤེ་བྷ་བ་ཏུ་མུ་རུ་མུ་རུ་ཧཱུཾ། ཨོཾ་ཙནྟ་མ་ཎི་པཱ་ཤ་བ་ར་དེ་ཧཱུཾ། ཨོཾ་ཙཀྲ་པཱ་ཤ་སྭ་ནི་ར་གྷ་ཏ་ཀ་དྷུ་རུ་དྷུ་རུ་ཧཱུཾ། ཨོཾ་ཏྲི་ཤུ་ལཱི་པཱ་ཤ་བི་ལོ་ཀ་ཏཱ་ར་ཡ་ཧཱུཾ། ཨོཾ་ནཱ་ག་པཱ་ཤ་བྷན་དྷཱ་ཡ་ཀརྞྞ་ཡ་དུཥྚ་ནཱ་ག་ན་པཱ་ཤ་པཱ་ཏ་ཡ་ཧཱུཾ། ཨོཾ་ཛ་ལོད་བྷ་བ་དྷ་རཱ་ཡ་ཧཱུཾ། ཨོཾ་ཙནྡྲ་བི་མ་ལེ། བཻ་ཤོ་དྷ་ཡ་ཨན་དྷ་ཀཱ་ར་རཤྲཱི་བ་རེ་ཧཱུཾ། ཨོཾ་ཤྲྀ་བོ་དྷ་ཡ་ཧཱུཾ། ཨོཾ་བི་ཛ་ཡ་པཱུརྞ་བ་རེ་ཧཱུཾ། ཨོཾ་ཕ་ལོད་བྷ་བེ་ཏུ་རི་ཧཱུཾ། ཨོཾ་པཱུརྞ་མཎྜ་ལེ་ཛ་ཡ་ཧཱུཾ། ཨོཾ་ས་ཧ་སྲ་རཤྨི་ཀི་ར་ཎ་ཧཱུཾ། ཨོཾ་སརྦ་དུཥྚཱ་ན་པྲ་ཧ་ར་ཤཱ་སཱ་ཡ་ཧཱུཾ། ཨོཾ་མ་ཎ་བི་ཤོ་དྷ་ཡ་མཱ་ལཱ་བི་མ་ལེ་ཧཱུཾ། ཨོཾ་པུཥྤ་བ་ཏི་སུ་གྷ་དྷ་བ་རེ་ཧཱུཾ། ཨོཾ་པཱ་ཤ་ས་ཧ་སྲ་གུ་ཎི་ཏེ་ཀྵ་ཎཀྵ་ཎ་ཧཱུཾ། ཨོཾ་བཛྲོད་ཀྵེ་པ་སུ་ཙི་མུ་ཥ་ཙི་ཊི་ཙི་ཊི་ཧཱུཾ། ཨོཾ་ཨ་མོ་གྷ་ཨ་པྲ་ཏིཿ་ཏ་པཱ་ཤ་ཧ་སྟེ་ཏྲཱཾ། ཨོཾ་སརྦ་ཏྲ་ཨ་མོ་གྷ་སིདྷྱ་སིདྡྷ་སཱ་དྷ་ཡ་ཧཱུཾ། ལག་པའི་ཕྱག་རྒྱ་འདི་དག་དང་།། དེ་བཞིན་གསང་སྔགས་ཕྱག་རྒྱ་དག། ལན་གཅིག་བཟླས་པ་ཙམ་དང་ནི།། ཕྱག་རྒྱ་མཐོང་བ་ཁོ་ནས་ཀྱང་། ། སྡིག་པ་ཐམས་ཅད་མོད་ལ་འཇོམས།། མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར།། ཆོ་ག་ཞིབ་མོ་མྱུར་དུ་འགྲུབ།། དོན་ཡོད་ཞགས་པ་རྣམ་གྲོལ་བའི།། དཀྱིལ་འཁོར་དམ་པ་འགྲུབ་པར་འགྱུར། ། དེ་ལ་མཚོན་ཆའི་ཕྱག་རྒྱ་ནི་ནོར་བུ་རིན་པོ་ཆེ་དང་། མེ་ཏོག་དང་། པདྨ་དང་། རིལ་བ་སྤྱི་བླུགས་དང་། ནོར་བུའི་འཕྲེང་བ་དང་། བགྲང་འཕྲེང་དང་། དུང་དང་། འཁོར་ལོ་དང་། དབྱུག་ཏོདང་། ། མདུང་ཐུང་དང་། རྡོ་རྗེ་དང་། རྩེ་གསུམ་དང་། རྩེ་གསུམ་ཁ་གདེངས་དང་། མཚོན་ཤག་ཏི་དང་། རྡོ་རྗེ་དང་། དགྲ་སྟ་དང་། རྩེ་གསུམ་པ་གཉིས་དང་། ནོར་བུ་དང་། རྡོ་རྗེ་དང་། མཚོན་ཤུ་ལི་དང་། ལས་ཀྱི་རྡོ་རྗེ་དང་། ཡིད་བཞིན་ནོར་བུ་དང་། མཚོན་ཆ་དང་། བེ་ཅོན་དང་། དབྱུག་པ་དང་། དབང་ཕྱུག་ཆེན་པོའི་རྩེ་གསུམ་དང་། རལ་གྲི་དང་། ཞགས་པ་དང་། ལྕགས་ཀྱུ་དང་། སྦྲུལ་དང་། ལྗོན་ཤིང་དང་། བྷུ་རུ་དང་། དགྲ་སྟ་དང་། འཁོར་ལོ་དང་། དགྲ་སྟ་ཡུ་བ་སྦོམ་པོ་ཅན་དང་། ལག་པ་དང་། གཙུག་པུད་དང་། ནོར་བུ་སྒྲོན་མ་དང་། འོད་དང་། འོད་ཟེར་དང་། གཏུན་ཤིང་དང་། འཕྱང་མོ་ཉུག་པ་དང་། དགྲ་སྟ་དང་། སྣོད་ཟླུམ་པོ་དང་། བུམ་པ་དང་། བྲག་དང་། རི་དང་། ལྷུན་པོ་དང་། སྦྲུལ་འཁྱིལ་བ་དང་། གདུགས་དང་། རྒྱལ་མཚན་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། གཡུང་དྲུང་འཁྱིལ་བ་དང་། རིག་སྔགས་ཀྱི་དཀྱིལ་འཁོར་དང་། རིག་སྔགས་དང་། ཕྱག་རྒྱ་དང་། རྩེ་གསུམ་དང་། དཀྱིལ་འཁོར་དང་། རལ་གྲི་དང་། གྲི་དང་། པདྨའི་འཕྲེང་བ་དང་། རྩེ་གསུམ་དང་། མུ་སུན་དི་དང་། མཚོན་རྩེ་གཅིག་པ་དང་། ཕྱག་རྒྱ་བཞི་དང་། མཆེ་བ་བཞི་དང་། ཟླུམ་པོ་དང་། དུང་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྩེ་གསུམ་དང་། དུང་དང་། ནོར་བུའི་དུང་དང་། པདྨའི་དུང་དང་། ཨུརྡ་དང་། གོས་དང་། སེང་གེའི་གདོང་དང་། ཤང་ཤང་ཏེའུ་དང་། ཀ་ལ་བིང་ཀ་དང་། ངང་པ་དང་། བཞད་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། གཤིན་རྗེའི་དབྱུག་པ་དང་། གདོང་བཞི་པ་དང་། དཀྱིལ་འཁོར་བཞི་དང་། རྩེ་གསུམ་དང་། བུམ་པ་གང་བ་དང་། ཟླ་བ་ཕྱེད་དང་། ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་འོད་དང་། པདྨ་བཞི་དང་། པདྨ་གསུམ་དང་། རྒྱ་མཚོ་དང་། མེ་ཏོག་དང་། ཕུར་མ་དང་། གླེགས་བམ་དང་། རི་དགས་ཀྱི་གཡང་གཞི་དང་། རྡོ་རྗེ་དང་། ལྕགས་སྒྲོག་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྟ་བབས་དང་། ལྷུང་བཟེད་དང་། ཆོས་གོས་དང་། འཁར་གསིལ་དང་། སོ་མངས་དང་། ཁ་ཁྱེར་དང་། སྐ་རགས་དང་། གཙུག་པུད་དང་། མཆོད་ཕྱིར་ཐོགས་དང་། འཕྲེང་བ་ཆེན་པོ་དང་། གྲུ་གསུམ་དང་། ཀུན་ནས་རྡོ་རྗེ་སྡེ་དང་། ཕྱག་རྒྱ་མཚོན་ཆ་འདི་དག་ནི།། འཇིག་རྟེན་འདྲེན་པས་གསུངས་པ་བཞིན།། རྣམ་གྲོལ་དཀྱིལ་འཁོར་གསང་བ་འདི།། དོན་ཡོད་ཞགས་པའི་ཆོ་གར་དྲན།། རས་སམ་གོས་སམ་རྩིག་པ་འམ། ཅི་ཡང་རུང་བར་འདྲི་བགྱིད་པ།། དོགས་མེད་ལེགས་གསལ་ལེགས་འབྱོར་པས།། མཚོན་གསལ་ཀུན་ཏུ་པདྨར་གཞག། ཕྱག་རྒྱ་ཀུན་ནས་འབར་བར་བགྱི།། ཐམས་ཅད་སྲོག་ལས་བྱུང་བས་ནི།། དོན་དང་ལས་རྣམས་ཀུན་སྩོལ་ཅིང་། ། ཕྱག་རྒྱ་མོད་ལ་སྡིག་པ་འཕྲོག། དེ་ནི་མོད་ལ་འབྲས་བུ་སྟེར།། འདྲེན་པ་འཇིག་རྟེན་དབང་ཕྱུག་ཀུན།། ཕྱག་རྒྱ་འདི་ནི་བྱིན་གྱི་བརླབས།། སངས་རྒྱས་ཀུན་དང་ཤཱཀྱ་ཡི།། རྒྱལ་པོ་དེ་བཞིན་གཤེགས་པས་བརླབས།། དེ་ལྟ་བས་ན་མཁས་པས་སུ།། རྟག་ཏུ་ཀུན་ནས་མཚོན་བཅངས་ན།། སངས་རྒྱས་རྣམས་ནི་དགྱེས་འགྱུར་ཏེ།། སྲས་ཀྱི་ཐུ་བོར་སོམ་ཉི་མེད།། ཕྱག་རྒྱ་རིམ་ཕྱེད་དམ་པ་འཆང་བ་གང་།། འཇིག་རྟེན་མགོན་པོའི་སྲས་ཀྱི་ཐུ་བོར་འགྱུར།། དོན་ཡོད་ཞགས་པའི་སྙིང་པོ་གསང་བ་ཡི།། རྣམ་པར་གྲོལ་བའི་སྙིང་པོ་བླ་ན་མེད།། ཕྱག་རྒྱ་དང་ནི་གསང་སྔགས་དམ་པ་དག། འདི་འཆང་བ་ལ་མྱུར་དུ་འགྲུབ་པར་འགྱུར།། དེ་ནས་དོན་ཡོད་པ་ལས་ཐམས་ཅད་པ་དང་རྗེས་སུ་མཐུན་པའི་ཞགས་པ་བདུན་བཤད་པར་བགྱི་སྟེ། དེ་ཉིད་འགྲུབ་པས་ཇི་ལྟ་བུའི། ། ཆོ་གའི་ཆོ་ག་སྒྲུབ་པ་བཞིན།། སོ་སོ་སོ་སོར་འཚམ་པ་ཡི།། དེ་དག་ཀུན་ནི་རྟོགས་པར་བགྱི།། དེ་ཉིད་གྲུབ་པའི་ཇི་ལྟ་བུའི།། མཚན་ཉིད་གཟུགས་ནི་ཇི་བཞིན་པ།། དེ་ཉིད་བསྒྲུབ་པས་ཞགས་པས་ནི། ། སྐུད་པ་ལྔ་ལས་འགྲུབ་འགྱུར་ཏེ།། གསང་སྔགས་འཛིན་པས་མོད་ལ་ནི།། འགྲུབ་པར་འགྱུར་ཏེ་སོམ་ཉི་མེད།། རས་སྐུད་པདྨའི་སྐུད་པ་དང་།། ཨརྒ་ཁ་ཆེ་དར་དག་གིས། སྐུད་པ་ཤུན་པའི་སྐུད་པ་སྟེ།། སྐུད་པ་འདི་དག་བཀལ་ནས་དེ་ན་ཉིད་ཀྱི་ཆོ་ག་དང་། ཆོ་ག་ཞིབ་མོ་སྒྲུབ་པས་ཞགས་པས་རས་སྐུད་ཀྱི་རྒྱུ་ལས་ལངས་ཏེ། ཚད་བཞིན་བཀལ་ནས་རྟག་ཏུ་སྨྱུང་བ་བགྱིས་ལ་ལེགས་པར་བཀྲུས་པ་གོས་གཙང་མ་ཅན་ཚངས་པར་སྤྱོད་པས་ཟས་དཀར་གསུམ་འཚལ་ནས། གནས་གཙང་མའི་ཕྱོགས་སུ་དོན་ཡོད་པའི་ཞགས་པའི་སྙིང་པོ་མདོར་ན་བྱམས་པའི་སེམས་དང་ལྡན་པས་དྲན་པར་བགྱིའོ། ། དེ་ནས་ཤིན་ཏུ་མཉམ་པར་བཞགས་པས་བརྒྱད་སྒྲིལ་དུ་བཀལ་ཏེ། དོན་ཡོད་རྒྱལ་པོ་ཐལ་མོ་སྦྱར་བས་པདྨ་ཁ་ཕྱེ་བ་ཐོགས་པ། རལ་པའི་ཐོར་ཚུགས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པའི་ལུས་ཕྱེད་པ་སོར་བཞི་པའི་ཚད་དུ་བགྱིའོ།། བགྱིས་ནས་གཟུགས་རྣམ་པ་གསུམ་དུ་བགྱིས་ཏེ། ངེས་པའི་གཟུགས་དང་། ཁྲོ་གཉེར་གྱི་བཞིན་དང་། ཁྲོ་བོའི་རྒྱལ་པོའི་གཟུགས་ཏེ། དངུལ་ལམ་གསེར་ལས་བགྱིའོ།། དེ་ནས་ཞགས་པ་སྲིད་ཀྱི་ཚད་ཁྲུ་བཅུ་དྲུག་པ་ཞགས་པའི་ཐོར་ཏོ་གཅིག་རྡོ་རྗེ་རྩེ་གསུམ་པ་དང་། སྐྱུ་རུ་ར་ལྷན་ཅིག་སྦྲེལ་བ་གདགས་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཡར་གྱི་ངོའི་ཚེས་བཅོ་ལྔ་འམ། ཚེས་བརྒྱད་ལ་ལེགས་པར་བཀྲུས་གོས་གཙང་མ་བགོས་ནས་ཞག་གཅིག་མཆིས་ཏེ་སྐྱིལ་མོ་ཀྲུང་བཅས་ནས། སངས་རྒྱས་ལ་མཆོད་པ་རྣམ་པ་སྣ་ཚོགས་བགྱིས་ཏེ། ཚིག་གཞན་མི་སྨྲ་བར་ཞགས་པ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། དེ་ནས་སྟོང་རྩ་བརྒྱད་ཚང་བ་དང་། སྟན་བཟང་པོ་བཤམས་ནས་དེའི་སྟེང་དུ་ཞགས་པ་གཞག་པར་བགྱིའོ།། དོན་ཡོད་པའི་ཞགས་པའི་ཕྱག་རྒྱས་དབང་བསྐུར་བར་བགྱིའོ། ། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། བ་དན་བཟང་པོ་ལ་སོགས་པས་མཆོད་པར་བགྱིའོ།། ཨ་ཀ་རུ་དང་། ཙནྡ་དན་དང་། དུ་རུ་ཀའི་བདུག་པ་དབུལ་བར་བགྱིའོ།། མར་མེའང་དབུལ་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་ཞགས་པའི་སྟེང་དུ་གཏོར་བར་བགྱིའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལའང་ཅི་འབྱོར་པས་མཆོད་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཞགས་པ་དེའི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ། མ་འཁྲུས་པས་གདུགས་རྩེ་བའི་བར་དུ་མཆོད་པ་བགྱིས་ནས་བཟླས་བརྗོད་བགྱིའོ།། ཡུངས་ཀར་རེ་རེ་ལ་བཟླས་བརྗོད་རེ་རེ་བགྱིས་ཏེ་ཞགས་པའི་སྟེང་དུ་གཏོར་ཞིང་། སྟོང་རྩ་བརྒྱད་ཚང་གི་བར་དུ་གདུགས་རེ་རེ་མཆིས་པར་བགྱི་སྟེ། རྔོ་ཅི་ཐོགས་པས་གདུགས་རྩེའི་བར་དུ་བཟླས་བརྗོད་བགྱིའོ།། མཆོད་པར་བགྱིའོ།། ཁ་ཟས་ངན་པ་སྤང་བར་བགྱིའོ། ། ལྷག་མ་དང་སྦགས་པ་སྤང་བར་བགྱིའོ།། གོས་གཙང་མ་བགོ་བར་བགྱིའོ།། སྟོང་རྩ་བརྒྱད་ཚང་ནས་ཞགས་པ་འབར་བར་འགྱུར་ཏེ། གལ་ཏེ་འཇིག་རྟེན་པའི་གྲུབ་ན་ནི་མེའི་ཁ་དོག་ཏུ་འབར་བར་འགྱུར་རོ། ། གལ་ཏེ་འཇིག་རྟེན་ལས་འདས་པའི་གྲུབ་ན་ནི་ཁ་དོག་སྣ་ཚོགས་འབར་བར་འགྱུར་རོ།། དོན་ཡོད་པའི་ལུས་དེའང་འབར་བར་འགྱུར་རོ།། སྒྲ། འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཞགས་པ་འདི་གྲུབ་ཀྱིས། ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ཁུག་ཅིག། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ་ཡོངས་སུ་རྫོགས་པར་བགྱིས་ཤིག། འོན་ཏེ་འཇིག་རྟེན་པའི་སྒྲུབ་ན་ནི་ཡིད་བཞིན་གྱི་ནོར་བུས་བསམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཇི་ལྟར་ཡིད་ལ་བསམས་ཤིང་སྨོན་པ་བཞིན་ལག་པས་འཕངས་ན་གསང་སྔགས་ཀྱིས་ཐམས་ཅད་སྒྲུབ་པར་བགྱིད་དེ། ཐམས་ཅད་བཀུག་པར་འགྱུར་རོ། ། ཕྱོགས་གང་དང་གང་དུ་འཕངས་པ་དེ་ལོགས་སུ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་པར་བགྱིས་ཏེ། མོད་ལ་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། གལ་ཏེ་མཚམས་མེད་པ་ལྔ་བགྱིས་པ་འམ། མནར་མེད་པར་མཆི་བ་ཞིག་ནའང་དེའི་ལེགས་པར་འགྲུབ་པར་འགྱུར་ཏེ། དེ་ལ་ཡིད་གཉིས་དང་སོམ་ཉི་བསྐྱེད་པར་མི་བགྱིའོ།། ཁྲོ་གཉེར་གྱི་བཞིན་གྱིས་གང་དུ་འཕངས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་བཀུག་ནས་རིག་སྔགས་འཆང་གི་མདུན་དུ་མཆི་བར་འགྱུར་ཞིང་། ཇི་སྲིད་འཚོའི་བར་དུ་བྲན་བཞིན་དུ་མཆིས་པར་འགྱུར་རོ།། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་ཐམས་ཅད་མཆིས་པར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱིས་ཆེར་མཆོད་པར་འགྱུར་རོ། ། གང་གི་དོན་དུ་ཞགས་པ་འཕངས་པའི་དོན་དུ་འགྲུབ་པར་འགྱུར་རོ།། ཁྲོ་བོའི་རྒྱལ་པོའི་ཞགས་པ་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་འཕང་བར་བགྱིའོ། ། འཕངས་པ་ཙམ་གྱི་མོད་ལ་བགེགས་དང་། ལོག་འདྲེན་དང་། གདུག་པའི་སེམས་ཅན་ཐམས་ཅད་ཞགས་པས་བཅིངས་པར་འགྱུར་རོ།། གལ་ཏེ་འཚལ་ན་ལོ་འམ། ལོ་བརྒྱ་འམ། སྟོང་ངམ། བསྐལ་པ་བརྒྱ་སྟོང་གི་བར་དུ་ཞགས་པས་བཅིངས་པར་འགྱུར་རོ།། ནམ་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་དེའི་ཚེ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་གསུམ་བཟླས་ནས་ཕྱིར་དཀྲོལ་བར་འགྱུར་རོ། ། དཔུང་གི་ནང་དུ་འཕངས་ན་དཔུང་རྣམས་ཞགས་པས་བཅིངས་པར་འགྱུར་རོ།། གཡུལ་འགྱེད་པའི་དབུས་སུ་འཕངས་ན་མཚོན་དང་། གོ་མཚོན་དང་། གཞུ་དང་། མདའ་དང་། མདུང་དང་། རལ་གྲི་དང་། གཏུན་ཤིང་དང་། མུ་སུན་དི་དང་། འཁོར་ལོ་དང་། ཐག་མདུང་དང་། མཚོན་ཆ་ཐམས་ཅད་དང་། གོ་ཆ་དང་། ཡ་ལད་ཐམས་ཅད་ཞགས་པས་བཅིངས་པར་འགྱུར་རོ། ། ཆབ་དང་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་གཏོར་ན་གྲོལ་བར་འགྱུར་རོ།། ཞགས་པ་ལ་གདུགས་གཅིག་བཞིན་ཅི་འབྱོར་པས་མཆོད་པར་བགྱིའོ།། གང་གི་དོན་དུ་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། ། དོན་ཡོད་པའི་ཞགས་པ་སྒྲུབ་པའི་ཆོ་གའོ།། །། འོན་ཏེ་མི་སྣང་བ་སྒྲུབ་པར་འཚལ་ན། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལག་པས་བཅིངས་ཏེ། གཡས་པ་དང་གཡོན་པས་གོང་དུ་ཇི་སྐད་གསུངས་པ་བཞིན་ཞགས་པ་བཟུང་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་མི་གདའ་བར་འགྱུར་རོ། ། བརྒྱ་རྩ་བརྒྱད་ལན་གཉིས་བཟླས་བརྗོད་བགྱིས་ན་ནམ་མཁའ་ལ་མཆིས་པར་འགྱུར་རོ།། དོན་ཡོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ།། རིག་སྔགས་འཆང་བརྒྱ་སྟོང་ཕྲག་འབུམ་གྱིས་ཡོངས་སུ་བསྐོར་བར་འགྱུར་རོ།། ལོ་བྱེ་བ་བཅུར་འཚོ་བར་འགྱུར་རོ།། སྐྲ་ཅུང་ཟད་འཁྱིལ་བར་འགྱུར་རོ།། སྟོབས་དང་བརྩོན་འགྲུས་ཕ་རོལ་གྱིས་ཟིལ་གྱིས་མི་ནོན་པར་ཐོགས་པ་མེད་པར་འགྱུར་རོ། ། ཆར་པ་འཚལ་བས་མཆོད་པ་བགྱིས་ན་ཇི་ཙམ་གསོལ་བ་བཏབ་པ་བཞིན་འབབ་པར་འགྱུར་རོ།། ཧ་ཅང་ཆར་ཆེས་པ་དགག་པའི་སླད་དུ་མཆོད་པ་བགྱིས་ན་ཆར་པ་བཀག་པར་འགྱུར་རོ། ། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། འཁྲུགས་པ་ཐམས་ཅད་དང་། མིངས་ཐམས་ཅད་རབ་ཏུ་ཞི་བར་འཚལ་བས། རིག་སྔགས་འཆང་ལེགས་པར་ཁྲུས་བགྱིས་པ་གཙང་མས་གོས་གཙང་མ་བགོས་ལ། ལག་པས་ཞགས་པ་བླངས་ཏེ་གནས་མཐོན་པོར་འཛེགས་ནས། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་དང་ཞགས་པ་བཅིངས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ཕྱོགས་བཞིར་ལན་བདུན་བཟླས་ནས་ཞགས་པ་འཕངས་ན་དེ་དག་ཐམས་ཅད་དྲན་པ་ཙམ་གྱིས་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། རང་གི་དཔུང་དང་། གཞན་གྱི་དཔུང་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་དང་། མི་ངས་ཆེན་པོ་དང་། མུ་གེའི་དགོན་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། ཧ་ཅང་ཆར་ཆེ་བ་དང་། དུས་མ་ལགས་པའི་ཆར་དང་། གྲང་བ་དང་། རླུང་དང་། ཚ་བ་མི་བཟད་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། དཔག་ཚད་བརྒྱ་སྟོང་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིངས་པ་བགྱིས་པར་འགྱུར་རོ།། ཇི་ལྟ་ཇི་ལྟར་ཡིད་ལ་བསམས་པ་དེ་ལྟ་དེ་ལྟར་ཐམས་ཅད་འགྲུབ་པར་འགྱུར་པས། དོན་ཡོད་རྒྱལ་པོ་མཆོད་པར་བགྱི་ཞིང་བཟླས་བརྗོད་བགྱི། གསོལ་བར་ཡང་བགྱིའོ།། མཆོད་པ་དང་གསོལ་བ་བགྱིས་པ་ཙམ་གྱི་མོད་ལ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་ཏེ། དེ་ལ་ཡིད་གཉིས་དང་སོམ་ཉི་བསྐྱེད་པར་མི་བགྱིའོ། ། ཆོ་ག་ཞིབ་མོ་ལས་ཇི་སྐད་གསུངས་པ་བཞིན་ལས་བགྱིད་པ་རྣམས་ཀྱི་ཆོ་ག་དེ་བཞིན་དུ་བསྒྲུབ་པར་བགྱིའོ།། དེ་ནས་སྐད་ཅིག་དེའི་མོད་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བགྱིའོ།། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱིའོ། ། དཀོན་མཆོག་གསུམ་ལ་གུས་པར་བགྱིའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་གུས་པ་དང་། བླ་མར་ཡིད་ལ་བསྒོམ་པར་བགྱིའོ། ། མི་གཙང་བ་སྤྱོད་པ་གཙང་བར་བགྱི་ཞིང་ཡོངས་སུ་དག་པའི་ངང་ཚུལ་ཅན་དུ་བསྒོམ་པར་བགྱིའོ།། དོན་ཡོད་པའི་ཞགས་པ་དེ་ཁོ་ན་ཉིད་ཀྱི་ཆོ་ག་སྒྲུབ་པ་ཡིད་བཞིན་གྱི་ནོར་བུ་བྱང་ཆུབ་དགུག་པར་བགྱིའོ། ། དེ་ནས་ཞགས་པའི་འཁོར་ལོའི་ཆོ་ག་སྒྲུབ་པ་བཤད་པར་བགྱི་སྟེ། རིག་སྔགས་འཆང་དེ་ཁོ་ན་ཉིད་སྒྲུབ་པས་ཕུག་ཏུ་འཇུག་པའི་སྒྲུབ་པ་ཐམས་ཅད་ཀྱི་མཆོག་ཕུག་ཏུ་འཇུག་པ་དང་། ལྷ་མ་ཡིན་གྱི་གནས་སུ་འཇུག་པ་དང་། མི་འམ་ཅིའི་གནས་སུ་འཇུག་པ་དང་། དྲི་ཟའི་གནས་སུ་འཇུག་པ་དང་། ལྷའི་གནས་སུ་འཇུགས་པ་དང་། ནམ་མཁའ་ལ་རྒྱུ་བ་དང་། སུམ་ཅུ་རྩ་གསུམ་པའི་གནས་སུ་འཇུག་པ་དང་། འོག་མིན་གྱི་གནས་ཀྱི་བར་དུ་འཇུག་པ་དང་། ཀླུའི་རྒྱལ་པོའི་གནས་སུ་འཇུག་པ་དང་། ཐང་ལ་རྒྱུ་བ་དང་། ཉི་མའི་གནས་སུ་འཇུག་པ་དང་། ཟླ་བའི་གནས་སུ་འཇུག་པ་དང་། སྐར་མའི་གནས་སུ་འཇུག་པ་དང་། རྒྱུ་སྐར་གྱི་གནས་སུ་འཇུག་པ་དང་། ནགས་སུ་འཇུག་པ་དང་། རི་ལ་རྒྱུ་བ་དང་། འབབ་ནུ་ཆེན་པོ་འཇུག་པ་སྟེ། ཇི་ལྟ་ཇི་ལྟར་ཡིད་ལ་བསམས་པ་དེ་ལྟ་དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཞགས་པའི་ཆོ་ག་སྒྲུབ་པ་ཚེགས་ཆུང་ངུ་དང་། བརྩོལ་བ་ཆུང་ངུས་འགྲུབ་པར་འགྱུར་ཏེ། དེ་ལ་ཡིད་གཉིས་དང་སོམ་ཉི་བསྐྱེད་པར་མི་བྱའོ།། རིག་སྔགས་འཆང་གཙང་མར་གྱུར་པ་ལེགས་པར་ཁྲུས་བགྱིས་ཏེ། གོས་གཙང་མ་བགོས་ནས་ཟས་དཀར་གསུམ་འཚལ་ལ། གཙང་མ་དེ་ཁོ་ན་ཉིད་ལ་གུས་པས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། ། བྱམས་པའི་སེམས་ལ་མཉམ་པར་བཞག་ནས་སྙིང་རྗེའི་བསམ་པ་དག་པའི་ཡིད་ཀྱིས་ཚེས་བཅུ་གསུམ་ནས་བརྩམས་ཏེ། ཟླ་བ་ཉེ་བའི་བར་དུ་གསལ་བ་ཤིན་ཏུ་བཀྲ་ཤིས་པ་ལ་དུས་གསུམ་དུ་ཅི་འབྱོར་པའི་རྣམ་པ་རྣམས་ཀྱིས་མཆོད་པར་བགྱིས་ལ། རྟག་ཏུ་བརྒྱ་རྩ་བརྒྱད་པ་ཡི།། དུས་གསུམ་རྒྱུན་དུ་བཟླས་བརྗོད་བགྱི། ། ཉིན་པར་དུས་གསུམ་ལན་གསུམ་སྟེ།། མཚན་མོའི་དུས་སུ་ལན་གསུམ་བགྱི།། འཁོར་ལོ་ཞགས་པ་བླ་མེད་འདི།། སྐུད་པ་གསུམ་ལས་བསྒྲུབ་བགྱི་སྟེ། རས་སྐུད་པདྨའི་སྐུད་པ་དང་།། ཨརྒའི་སྐུད་པ་སུམ་འགྱུར་དུ།། དེ་ནི་ལེགས་པར་ཚད་བཞིན་དུ།། ཁྲུ་ནི་སུམ་ཅུ་རྩ་དྲུག་བགྱི།། འཁོར་ལོ་རྣམ་པ་ལས་ནི་བགྱི།། རྒྱར་ནི་སོར་བཞིའི་ཚད་ལགས་ཏེ། ། སྙིང་པོར་བཅས་ཤིང་མུ་ཁྱུད་བཅས།། ཀུན་ནས་རྩིབས་དང་ལྡན་པ་དང་།། གསེར་དང་དངུལ་དང་ཟངས་ལས་བགྱི།། ཆོས་བསྟན་ལེགས་པར་བརྒྱན་པ་ཡི།། བཟང་པོའི་སྟན་ལ་གཞག་པར་བགྱི། ། སྤོས་ཀྱི་དཀྱིལ་འཁོར་མེ་ཏོག་གི། སིལ་མ་བཀྲམ་ནས་བུམ་པ་དགོད།། དེ་བཞིན་མཆོད་ཡོན་སྣོད་ཀྱང་བཤམ།། རི་མོའི་གཟུགས་ཀྱི་མངོན་དུ་ཕྱོགས་པར་བཞག་སྟེ་ཆོས་ཀྱི་སྙན་བཤམ་པར་བགྱིས་པའི་སྟེང་དུ་འཁོར་ལོའི་ཞགས་པ་བཞག་སྟེ་མཆོད་པ་བགྱིས་ལ། བསམས་པ་ཇི་ལྟ་བ་བཞིན་དུ་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བགྱིའོ། ། དེ་ནས་ཚེས་བཅོ་ལྔའི་ཟླ་བ་ཉ་ལ་ཉིན་ཞག་གཅིག་མཆིས་པར་གྱུར་པས་ཚིག་གཞན་མི་སྨྲ་བར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པར་བགྱི་ཞིང་གདུག་པ་རྣམ་པ་གསུམ་པོ་ཨ་ཀ་རུ་དང་། ཙན་དན་དང་། གུ་གུལ་རྣམས་དབུལ་བར་བགྱིའོ།། རི་མོའི་གཟུགས་ཀྱི་མདུན་ན་ཆོས་ཀྱི་སྟན་མཆིས་པ་ལ་མངོན་དུ་ཕྱོགས་ཏེ་མཆིས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཡུངས་ཀར་རེ་རེ་ལ་བཟླས་བརྗོད་བགྱིས་པས་ཞགས་པའི་སྟེང་དུ་གཏོར་བར་བགྱིའོ།། སྟོང་རྩ་བརྒྱད་ཚང་ནས་ཞགས་པ་འབར་ཞིང་འཁོར་ལོ་ནམ་མཁའ་ལ་མཆིས་ནས་འབར་ཞིང་ལྡིང་བར་འགྱུར་རོ། ། རིག་སྔགས་འཆང་གི་ལུས་ཀྱི་སྟོད་དང་སྤྱི་བོ་ནས་འོད་ཟེར་འབྱུང་བར་འགྱུར་རོ།། རི་མོའི་གཟུགས་ལས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་ཞགས་པའི་སྙིང་པོའི་འཁོར་ལོ་ཞགས་པའི་ཆོ་ག་རྒྱ་ཆེན་པོ་འདི་འགྲུབ་པར་འཚལ་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་མཆོད་པ་ཆེན་པོ་བགྱིས་ལ། དོན་ཡོད་ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱི་སྟེ། དེའི་འོག་ཏུ་རིག་སྔགས་འཆང་གིས་ཞགས་པ་བླང་བར་བགྱིའོ།། ལག་པ་གཡོན་པ་འཁོར་ལོའི་ཕྱག་རྒྱའི་ཚུལ་དུ་བཅིང་བར་བགྱི་ཞིང་། གཡས་པ་ཞགས་པའི་ཕྱག་རྒྱ་དང་འཁོར་ལོའི་ཚུལ་ལ་བརྟེན་ནས་བླངས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་བརྗོད་ནས་ཕྱོགས་བཞིར་འཕང་བར་བགྱིའོ། ། དེ་ནས་ཕྱོགས་བཅུར་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ།། དེ་ནས་བདག་ཉིད་ཀྱི་ལུས་ལ་དབང་བསྐུར་བའི་ཚུལ་དུ་ལན་བདུན་དུ་བསྐུར་བར་བགྱིའོ།། དེ་ནས་ཕྱག་རྒྱའི་ཚུལ་དུ་བསྐོར་བ་ཙམ་གྱི་མོད་ལ་རིག་སྔགས་འཆང་འཁོར་ལོས་སྒྱུར་བའི་དབང་བསྐུར་བར་འགྱུར་རོ།། དམ་པ་ཆེན་པོ་འགྲུབ་པར་འགྱུར་རོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ལེགས་མཐོང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས། རིག་སྔགས་འཆང་གི་རྐང་པ་སྤྱི་བོས་བླངས་ནས་འདི་སྐད་ཅེས་ཀྱང་སྨྲ་བར་འགྱུར་ཏེ། རིག་སྔགས་འཆང་གིས་ཅི་བཀའ་སྩལ་པ་དེ་བགྱིའོ་ཞེས་ཅི་བསྒོ་བའི་དོན་དེ་དང་དེ་ཐམས་ཅད་བགྱིད་པར་འགྱུར་རོ། ། བྲན་གྱི་རང་བཞིན་གྱིས་ཐམས་ཅད་དུ་ལས་བགྱིད་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གང་གི་ཚེ་གནས་སུ་འཇུག་པར་འཚལ་བས། འདི་ལྟར་ནུབ་གསུམ་དུ་མཆིས་པར་གྱུར་པས་ཞགས་པའི་ཕྱག་རྒྱ་ལག་པས་བླང་བར་བགྱིའོ། ། ཕུག་གི་སྒོ་གང་ལགས་པ་དེར་ཞགས་པ་ལན་གསུམ་དུ་བསྐོར་བར་བགྱིའོ།། དོན་ཡོད་པའི་རྒྱལ་པོ་བཟླས་བརྗོད་བགྱིས་ཏེ་ཞགས་པ་གདབ་པར་བགྱིའོ། ། ཞགས་པ་བཏབ་པ་ཙམ་གྱི་མོད་ལ་གནས་ཀྱི་ཕུག་གི་སྒོ་ཐམས་ཅད་བྱེ་བར་འགྱུར་རོ།། འཁྲུལ་འཁོར་དང་། གཏན་པ་དང་། ཕུག་དང་། འབབ་ཆུ་ཆེན་པོ་དང་། བརྩེགས་མ་དང་། འབབ་ཆུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལམ་མི་བདེ་བ་ཐམས་ཅད་བསལ་བ་དང་། བཅོམ་པ་དང་། བཤིག་པར་འགྱུར་རོ།། གཏན་པ་དང་། སྒོ་གླེགས་དང་། འཁྲུལ་འཁོར་དང་། ལྕག་སྒྲོག་རྣམས་དུམ་བུ་དུམ་བུར་ཆད་ཅིང་གྱེས་པར་འགྱུར། ཉམས་པར་འགྱུར།། འཇིག་པར་འགྱུར་རོ།། ཤིན་ཏུ་དག་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་རྒྱ་ཆེ་བའི་གཞལ་མེད་ཁང་འབྱོར་པ་རྣམ་པར་འཕྲུལ་པ་དག་མཐོང་བར་འགྱུར་རོ། ། རིན་པོ་ཆེ་སྣ་ཚོགས་ཀྱིས་བཀྲ་བ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་གནས། རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་ཤིང་གིས་བརྒྱན་པའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། ། མེ་ཏོག་སྣ་ཚོགས་ཀྱི་ར་བ་ཤིན་ཏུ་དྲི་ཞིམ་པའི་གཞལ་མེད་ཁང་མཐོང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་ལག་པའི་ཞགས་པ་དང་། འཁོར་ལོའི་ཕྱག་རྒྱའི་ཚུལ་མངོན་སུམ་དུ་བགྱིས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་ཏེ་འཇུག་པར་བགྱིའོ། ། རིག་སྔགས་འཆང་གནས་སུ་ཞུགས་པ་ཙམ་ཁོ་ནས་གནས་མཆོག་དེའང་རྣམ་པ་དྲུག་དུ་འགུལ་བ་དང་། གཡོ་བ་དང་། ལྡེག་པ་དང་། འུར་འུར་ཆེམ་ཆེམ་སྟེ། ལྷའི་འོད་ཟེར་གྱི་སྣང་བ་ཆེན་པོས་སྣང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་འཇུག་པར་བགྱིའོ།། དེ་ནས་དོན་ཡོད་པ་རྣམ་པར་དག་པ་དྲི་མ་མེད་ཞེས་བགྱི་བའི་སྨན་བུད་མེད་ཀྱི་གཟུགས་ལྷའི་རྒྱན་གྱིས་བརྒྱན་པ། ལྷའི་གོས་ཀྱི་རྒྱན་གྱིས་ཀླུབས་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ལྷའི་གཟུགས་ཆེན་པོ་འཆང་བ་བི་ཛ་པུར་ཐོགས་པ་མཆི་བར་འགྱུར་རོ། ། སྨན་བུད་མེད་ཀྱི་གཟུགས་འཆང་བ་དེ་མཐོང་བ་ཙམ་ཁོ་ནས་དཔག་ཚད་གང་ཙམ་ནས་གཟི་བརྗིད་ཐམས་ཅད་དང་། སྟོབས་ཐམས་ཅད་ཉེ་བར་སྒྲུབ་པར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་འཁོར་ལོའི་ཞགས་པ་མདུན་དུ་བཅིང་བར་བགྱི་སྟེ། མཐོང་བ་ཙམ་གྱི་མོད་ལ་དེའི་སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་ཉམས་པར་འགྱུར་རོ།། མཐུ་ཆུང་བར་འགྱུར་རོ། ། དེ་ནས་བུད་མེད་དེ་དགོད་པ་དང་། ཨོཾ་ཞེས་བགྱི་བས་མནན་པར་བགྱིའོ།། ཁྲོ་བོའི་རྒྱལ་པོ་བཟླས་པ་བགྱི་སྟེ། ཁ་སྦུབ་ཏུ་འགྱེལ་ནས་ཆབ་འབྱུང་བར་འགྱུར་ཏེ། ཆབ་དེ་ལ་རེག་པར་མི་བགྱིའོ།། དོན་ཡོད་རྒྱལ་པོ་བཟླས་པར་བགྱི་སྟེ། དེ་ནས་མིག་ཚུགས་ཀྱིས་ལྟ་བར་བགྱིད་ན་རིག་སྔགས་འཆང་གིས་ཞགས་པས་གཞུ་བར་བགྱིའོ།། དེའི་འོག་ཏུ་བདུད་རྩིའི་ཆབ་འབྱུང་སྟེ། བླང་བར་བགྱི། བྱུག་པར་བགྱིའོ།། ཀུན་ཏུ་བྱུག་པ་ཙམ་གྱིས་ནམ་མཁའ་ལ་མཆི་བར་འགྱུར་ཏེ། ཐོག་མར་རླུང་གི་ཕུང་པོ་ནས་འཛེག་པར་འགྱུར་རོ།། མིག་ལ་བྱུགས་ནས་ཕྱོགས་བཅུ་ཐམས་ཅད་དུ་གཏོགས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་དང་བཅས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་དེའི་གཞལ་མེད་ཁང་དང་། གནས་ཀྱི་རྣམ་པར་འཕྲུལ་པ་དང་། གང་དག་བཞུགས་ཤིང་བཞེས་ལ་འཚོ་བ་དག་ཇི་ལྟར་ལག་མཐིལ་ན་མཆིས་པ་དེ་བཞིན་དུ་མཐོང་བར་འགྱུར་རོ། ། གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་དག་ད་ལྟར་བྱུང་བ་དང་། སངས་རྒྱས་པ་རྣམས་དང་། གང་དག་རིང་བསྲེལ་སྙིང་པོའི་མཆོད་རྟེན་ཆེན་པོའི་སྲོག་ཤིང་གི་ཚོགས་ཅན་དག་དང་། དེ་བཞིན་དུ་ཇི་ལྟར་འཁོར་གྱི་དཀྱིལ་འཁོར་གྱི་ཁང་པ་དེ་དག་ཐམས་ཅད་མཐོང་བར་འགྱུར་རོ། ། བདག་ཉིད་ལ་ཀུན་ནས་བྱུགས་ཏེ། དེས་བྱུགས་པ་ཙམ་གྱིས་པགས་པའི་མདོག་ལྷའི་གསེར་དང་འདྲ་བར་འགྱུར་རོ།། སྒྲ་སྔོ་ལ་ཅུང་ཟད་འཁྱིལ་བར་འགྱུར་རོ། ། མིག་ལྷའི་ཨུཏྤ་ལ་སྔོན་པོ་མཆོག་འདྲ་བར་འགྱུར་རོ།། ཚེ་ལྷའི་བསྐལ་པ་བརྒྱ་སྟོང་དུ་འགྱུར་རོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་འབུམ་ཕྲག་བརྒྱ་སྟོང་ཕྲག་བཅོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། ། ལྷའི་བུ་མོ་བརྒྱ་བཞི་བཅུ་དང་། མི་འམ་ཅིའི་བུ་མོ་དང་། རིག་སྔགས་འཆང་གི་བུ་མོ་གངྒཱའི་ཀླུང་གི་བྱེ་མ་བརྒྱ་སྟོང་ཕྲག་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། ། ཇི་ལྟར་ཡིད་ལ་བསམས་པ་དང་། ཡིད་ལ་བརྣགས་པ་ཙམ་གྱིས་ལྷའི་ཟས་ཀྱི་མཆོག་རོ་བརྒྱ་དང་ལྡན་པ་དག་མདུན་དུ་འབྱུང་བར་འགྱུར་རོ།། ལྷའི་བཏུང་བ་ཆེན་པོ་བདུད་རྩིའི་རོ་བྲོ་བ་དག་འབྱུང་བར་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ལེགས་མཐོང་མདུན་ནས་རྒྱུག་པར་བགྱིད་དོ།། དགྲ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་བཅོམ་པ་དང་། ཉམས་པ་དང་། གཏུགས་པ་དང་། གཤེགས་པ་དང་། བརྩལ་བ་དང་། གྱེས་པ་དང་། ཕྱེ་མར་བགྱིས་པར་འགྱུར་རོ།། ཡང་ན་སྨན་གྱི་བུད་མེད་དེའི་སྒྲ་ཀུན་བཏོན་ཏེ་སྐ་རགས་སུ་བགྱིས་ནས་བཅིང་བར་བགྱིའོ། ། གང་དུ་བཅིངས་པ་དེའང་རིན་པོ་ཆེ་སྣ་བདུན་དུ་འགྱུར་རོ།། གང་དུ་བཞུགས་པ་ཐམས་ཅད་མི་སྣང་བར་འགྱུར་རོ།། དེ་ལ་ལྷ་ཐམས་ཅད་གནས་འཆའ་བར་འགྱུར་རོ། ཀླུ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། མི་འམ་ཅི་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་དེའི་དབང་དུ་མཆིས་པར་འགྱུར་རོ།། འཁོར་དེ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གནས་སུ་འཇུག་པར་འཚལ་ཞིང་། སླར་ཡང་ལྡོག་པར་འཚལ་ན་སྨན་གྱི་བུད་མེད་དེ་དང་གཏམ་མི་བགྱི། རེག་པར་མི་བགྱི་བར་ལག་པ་ཞགས་པའི་ཕྱག་རྒྱས་གནས་མཆོག་ཏུ་འཇུག་པར་བགྱིའོ།། དེ་ནས་གནས་ཐམས་ཅད་ན་གནས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཕྱིར་བྱུང་ནས་མདུན་ན་སྡོད་པར་འགྱུར་ཏེ། ཁ་གཅིག་གི་ལག་ན་ནི་བུམ་པ་གང་བའོ།། ཁ་ཅིག་གི་ལག་ན་གདུགས་སོ།། ཁ་ཅིག་གི་ལག་ན་ནི་ལྷའི་གོས་ཐོགས་སོ།། ཁ་ཅིག་ནི་ལྷ་རེ་ནོར་བུ་རིན་པོ་ཆེ་ཐོགས་སོ། ། ཁ་ཅིག་ནི་དྲི་དག་གོ།། ཁ་ཅིག་ནི་མེ་ཏོག་དག་གོ།། ཁ་ཅིག་ནི་འཕྲེང་བ་དག་གོ། ཁ་ཅིག་ནི་རྒྱན་དང་ལྷབ་ལྦུབ་སྣ་ཚོགས་ཐོགས་སོ།། ཁ་ཅིག་ནི་བྱུག་པ་དག་གོ། ཁ་ཅིག་ནི་དྲིའི་ཕྱེ་མ་དག་གོ།། ཁ་ཅིག་ནི་སྤོས་ཆུའི་རིན་པོ་ཆེ་སྣ་བདུན་གྱི་སྣོད་བཀང་བ་དག་གོ།། ཁ་ཅིག་ནི་ལྷའི་འབྲས་བུ་སྣ་ཚོགས་པ་དག་གོ།། ཁ་ཅིག་ནི་ལྷའི་མེ་ཏོག་སྣ་ཚོགས་ཐོགས་ཏེ། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་ད་ར་བ་དང་། མན་དར་བ་ཆེན་པོ་དང་། མཉྫུ་ཤ་ཀ་དང་། མཉྫུ་ཤ་ཀ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། བར་ཤི་ཀ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཀ་དམ་པ་དང་། སྣ་མ་དང་། ཡུ་ཏི་ཀ་དང་། ཀླུའི་མེ་ཏོག་དང་། ཀོན་ཏ་དང་། གྷན་དྷ་བར་ཤི་ཀའི་མེ་ཏོག་དག་ཐོགས་སོ།། ཁ་ཅིག་ནི་ལྷའི་ཙན་དན་གོ་ཤཱི་ར་ཤ་དང་། སྦྲུལ་གྱི་སྙིང་པོའི་བདུག་པ་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། ཏ་མ་ལའི་ལོ་མའི་བདུག་པ་ཐོགས་སོ། ། ཁ་ཅིག་གི་ལག་པ་ན་ནི་རྨ་བྱའི་བསིལ་ཡབ་ཐོགས་སོ།། ཁ་ཅིག་གི་ལག་པ་ན་ནི་རལ་གྲིའོ།། ཁ་ཅིག་གི་ལག་པ་ན་ནི་མདུང་ཐུང་ངོ་།། ཁ་ཅིག་གི་ལག་པ་ན་ནི་རྡོ་རྗེ་དང་། དགྲ་སྟ་དང་། མདའ་བོ་ཆེ་དང་། མདུང་དང་། གཏུན་ཤིང་དང་། མདུང་རྩེ་གསུམ་པ་དང་། གཟོང་ཁ་གཉིས་པ་དག་གོ།། ཁ་ཅིག་ནི་གོ་ཆ་དང་ཡ་ལད་བགོས་ནས་སྲུང་བའི་ཕྱིར་ཀུན་ནས་འདུ་ཞིང་མཆི་བར་འགྱུར་རོ། ། ཁ་ཅིག་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་དང་། གསེར་གྱི་སྣོད་དང་། དངུལ་གྱི་སྣོད་དག་ཐོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མ་ཏོག་དག་གིས་བཀང་ནས་ཐོགས་ཏེ། དེ་དག་ཐམས་ཅད་རིག་སྔགས་འཆང་ལ་དབུལ་བར་བགྱིད་དོ།། རིག་སྔགས་འཆང་གིས་བྱམས་པ་དང་སྙིང་རྗེ་ཆེན་པོ་ཡིད་ལ་བགྱིད་པ་དང་། སངས་རྒྱས་ཡིད་ལ་བགྱིད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་ཆ་ལུགས་འཆང་བ་ཡིད་ལ་བགྱིའོ། ། མཆོག་ཏུ་བརྩེ་བ་ཡིད་ལ་བགྱིད་པས་བག་ཡོད་པས་ཚིག་གཞན་མི་སྨྲ་བར་དབུགས་དབྱུང་བར་བགྱི་ཞིང་ལམ་དྲང་པོ་ནས་འཇུག་པར་བགྱི་སྟེ། སེང་གེའི་ཁྲི་ལ་མངོན་དུ་མཆིས་ནས་དོན་ཡོད་པའི་འཁོར་ལོའི་ཞིགས་པ་ཐོགས་མར་སེང་གེའི་ཁྲིའི་སྟེང་དུ་གཞག་པར་བགྱིའོ། ། །། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཞི་པ།། དེའི་འོག་དུ་རིག་སྔགས་འཆང་རང་ཉིད་མཆིས་ནས་སྟེང་དུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བགྱི་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པའང་ཕྱག་བགྱིའོ།། དེས་དགྲ་ཐམས་ཅད་ཕམ་པར་བགྱིས་པར་འགྱུར་རོ། ། གལ་ཏེ་འོག་ཏུ་ཕྱོགས་ནས་ཕྱག་བགྱིས་ནས། དེ་ནས་འཁོར་ལོས་རིག་སྔགས་འཆང་གི་ཕྱིར་རྒོལ་བ་རྣམས་མགོ་བཅད་པར་འགྱུར་རོ།། རིག་སྔགས་འཆང་མཆིས་མ་ཐག་ཏུ་གནས་རྣམ་པ་དྲུག་དུ་གཡོས་ནས་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། ། ཅ་ཅོའི་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ།། ལྷའི་རོལ་མོའི་ཆ་བྱད་ཡན་ལག་ལྔ་དང་ལྡན་པ་དག་འབུད་པར་འགྱུར་རོ། ། ནམ་མཁའི་ལྷ་རྣམས་ཀྱིས་ཀྱང་གཞལ་མེད་ཁང་ཆེན་པོ་ནས་དབུ་རྒྱན་དང་ཅོད་པན་གྱིས་རིག་སྔགས་འཆང་གི་མགོ་བོ་ལ་དབང་བསྐུར་བར་བགྱིད་དོ།། དབང་བསྐུར་བ་ཙམ་གྱི་མོད་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པར་འགྱུར་རོ། ། གསེར་གྱི་ཆར་དང་གོས་ཀྱི་ཆར་འབབ་པར་འགྱུར་རོ།། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ལྷའི་མེ་ཏོག་བ་སྣ་ཚོགས་ཀྱི་ཆར་དང་། ལྷའི་རྒྱན་གྱི་ཆར་འབབ་པར་འགྱུར་རོ།། དེ་ནས་ལྷའི་བུ་མོས་རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བདུད་རྩིའི་བཅུད་འཚལ་ཏེ་མཆིས་ནས་དབུལ་བར་བགྱིད་དོ།། རིག་སྔག་འཆང་གིས་བླངས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་པར་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་རེག་པར་བགྱིའོ།། རིག་སྔགས་འཆང་གིས་རེག་པ་ཙམ་གྱི་མོད་ལ་ལྷའི་ལུས་རྣམ་པར་དག་པ་ཐོབ་ནས་པགས་པའི་མདོག་གསེར་འདྲ་བར་འགྱུར་རོ། ། སྐྲ་ལྷག་པར་སྔོ་བ་དང་། མིག་ཨུཏྤལ་སྔོན་པོ་ལྟར་ལྷའི་མིག་ཡོངས་སུ་དག་པར་འགྱུར་རོ།། ཚེའི་ཚད་ལྷའི་བསྐལ་པ་འབུམ་ཕྲག་བརྒྱ་སྟོང་དུ་འགྱུར་རོ། ། གལ་ཏེ་ཕྱིར་མི་ལྡོག་པར་འཚལ་ན་དེའི་བཅུད་ཀྱིས་ལེན་མཆོག་ལས་ཇི་ཙམ་འཚལ་བ་བླངས་ཏེ། ལྷའི་ཆབ་ཙན་དན་གྱི་དྲི་དང་ལྡན་པའི་ནང་དུ་ཞུགས་ནས་ཁྲུས་བགྱིའོ། ། ཁྲུས་བགྱིས་པ་ཙམ་གྱི་མོད་ལ་ཕུག་གི་སྒོ་རང་འབྱེ་བར་འགྱུར་ཞིང་། ཇི་ལྟར་དབང་ཕྱུག་ཆེན་པོའི་གཟུགས་འདྲ་བར་མཐོང་ན་ནི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་གནས་ཀྱི་གཙོ་བོ་གཅིག་པུར་འགྱུར་རོ། ། ཇི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞིན་དུ་རིག་སྔགས་འཆང་འདིའང་མཆོད་པ་དང་། བཀུར་སྟི་དང་། བླ་མས་བླ་མར་བགྱི་བ་དེ་ལྟ་བུར་འགྱུར་རོ།། གང་དུ་བཅུད་ཀྱིས་ལེན་མཆོག་འདིས་རེག་ན་འཛམ་བུའི་ཆུ་བོའི་གསེར་ཡོངས་སུ་དག་པར་འགྱུར་རོ། ། རྩིག་པ་འམ། རི་འམ། ཀ་བ་འམ། ལྗོན་ཤིང་ངམ། སྣོད་དམ། བུམ་པ་འམ། རྫ་བོ་འམ། གོས་སམ། བོང་བ་ལ་རེག་ན་དེ་དག་ཐམས་ཅད་འཛམ་བུའི་ཆུ་བོའི་གསེར་ཡོངས་སུ་དག་པར་འགྱུར་བ་ནས། དགོས་པའི་བར་དུ་འགྱུར་རོ།། དེ་ནས་རིག་སྔགས་འཆང་ཀླུ་མོ་འམ། ལྷ་མོ་འམ། མི་འམ་ཅི་མོ་འཚལ་ན། རིག་སྔགས་འཆང་དེ་གོས་གཙང་མ་བགོས་ནས་ལེགས་པར་ཁྲུས་བགྱིའོ།། ཚེས་བརྒྱད་དམ། བཅུ་བཞི་འམ། བཅོ་ལྔ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པ་བགྱིས་ནས་ཉིན་ཞག་གཅིག་གནས་པར་བགྱིའོ། ། འཁོར་ལོའི་ཞགས་པ་ཆེན་པོ་འདི་ཆོས་ཀྱི་སྟན་ལེགས་པར་བརྒྱན་པའི་སྟན་བཟང་པོའི་སྟེང་དུ་གཞག་པར་བགྱི་ཞིང་མཆོད་པ་ཆེན་པོ་བགྱི་སྟེ། དེ་ཉིད་ཀྱི་མདུན་དུ་ཚིག་གཞན་མི་སྨྲ་བར་ལན་སྟོང་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་རེ་རེ་ནས་བཟླས་བརྗོད་བགྱིས་པ་ཞགས་པའི་སྟེང་དུ་གཏོར་བར་བགྱིའོ། ། ལན་སྟོང་རྩ་བརྒྱད་ཚང་བ་དང་ཞགས་པ་དེའང་སྤྲུལ་བཞིན་དུ་ཡོངས་སུ་འཁྱིལ་ལ་འཁོར་ལོའི་གདེངས་ཀའི་ཚུལ་དུ་མཆིས་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་ཞགས་པ་བླངས་ཏེ་ཀླུ་གནས་པའི་མཚོ་འམ། མི་འམ་ཅི་གནས་པའི་མཚོ་འམ། ལྷ་མོ་གནས་པའི་མཚོ་འགྲམ་དུ་མཆིས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་ཏེ། གནས་ཀྱི་ནང་དུ་ཞགས་པ་འཕང་བར་བགྱིའོ།། འཕང་མ་ཐག་ཁོ་ནར་སླར་ཡང་དྲང་བར་བགྱི་སྟེ། ཇི་ལྟ་བུའི་དོན་ཡིད་ལ་བསམས་པའི་དོན་དེ་ཞགས་པས་བཅིངས་ནས་ཇི་ལྟར་བསམ་པ་དེ་བཞིན་དུ་བགྱི་བར་འགྱུར་རོ། ། གཞན་ཡང་ཇི་ལྟར་ཡིད་ལ་བསམས་པའི་ནོར་རམ། དབྱིག་གམ། གསེར་རམ། ནོར་བུ་འམ། མུ་ཏིག་གམ། བཻ་ནྡུརྻ་འམ། ཤང་ཀ་ཤི་ལའམ། བྱུ་རུ་འམ། ས་ལེ་སྦྲམ་མམ། དངུལ་ལམ། གོས་སམ། ཆས་སམ། རྒྱན་ནམ། གཞན་ཡང་གཞལ་མེད་ཁང་ཇི་ལྟ་བུར་འབྱོར་པ་ཅན་དག་དོན་དུ་གཉེར་ན་ཞགས་པ་འཕང་བར་བགྱི་སྟེ། དེ་ཐམས་ཅད་འདྲེན་པར་བགྱིད་དོ།། གང་དང་གང་དུ་འཕང་པ་དེ་དང་དེར་ཇི་ལྟར་ཡིད་ལ་བསམས་པ་དེ་ཉིད་ཤིན་ཏུ་གསལ་བར་ཡོངས་སུ་རྫོགས་པར་འགྱུར་རོ། ། དངོས་པོ་གཞན་དུ་མི་འགྱུར་རོ།། རྒྱལ་པོའི་རིགས་སམ། བྲམ་ཟེའི་རིགས་སམ། རྒྱལ་རིགས་སམ། ཁྱིམ་བདག་གི་རིགས་སམ། རྗེའུ་རིགས་ཀྱི་ཅི་དང་ཅི་བསམས་པ་འགྲུབ་པར་བགྱིད་དོ།། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོའི་མིང་ནས་བརྗོད་དེ་ཞགས་པ་འཕངས་པ་ཙམ་གྱི་མོད་ལ་ཞགས་པས་བཅིངས་ནས་འདྲེན་པར་འགྱུར་རོ། ། ཐ་ན་རི་དགས་དང་། བྱ་དང་། སེང་གེ་དང་། སྟག་དང་། གླང་པོ་ཆེ་དང་། མ་ཧེའང་འདྲེན་པར་བགྱིད་དོ།། གང་གིས་མིང་ནས་བརྗོད་དེ་གཡུལ་འགྱེད་པའི་ནང་དུ་འཕངས་ན། དེའང་ཞགས་པས་བཅིངས་ནས་མདུན་དུ་མཆིས་ཏེ། ཇི་ལྟར་ཡིད་ལ་བསམས་པ་དེ་བཞིན་དུ་ཐམས་ཅད་འགྲུབ་པར་བགྱིད་དོ།། ཟླ་བ་དང་ཉི་མ་དབབ་པར་འཚལ་ན་ཟླ་བ་དང་ཉི་མའི་མདུན་དུ་མཆིས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་ཏེ། ཟླ་བ་དང་ཉི་མའི་མངོན་སུམ་དུ་ཞགས་པ་འཕངས་ནས་སླར་ཡང་དྲང་བར་བགྱི་སྟེ། ཟླ་བ་དང་ཉི་མ་ཞགས་པས་བཅིངས་ནས་དྲངས་པར་འགྱུར་རོ། ། ནམ་མཁའ་ལས་བབ་ནས་རིག་སྔགས་འཆང་གི་མདུན་དུ་མཆིས་ཏེ། ཇི་ལྟར་ཡིད་ལ་བསམས་པ་བཞིན་དགོས་པ་ཐམས་ཅད་སྒྲུབ་པར་བགྱིད་དོ།། འོན་ཏེ་ཟླ་བ་དང་ཉི་མའི་གནས་སུ་མཆི་བར་འཚལ་ན་ཞགས་པའི་ཕྱག་རྒྱ་བཅིངས་པ་ལག་པས་བླངས་ཏེ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་པ་དང་། རིག་སྔགས་འཆང་ནམ་མཁའ་ལ་འཕུར་ནས་ཉི་མ་དང་ཟླ་བའི་སྟན་ལ་ཇི་སྲིད་དུ་འཚལ་བར་ལོངས་སྤྱོད་པར་འགྱུར་ཞིང་། སླར་བདེ་བ་དང་། མ་སྣད་པ་དང་། མ་སྨྲས་པ་དང་། ལེགས་པར་འགྲུབ་པར་འགྱུར་རོ།། ནགས་ཁུང་དུ་འཇུག་པར་འཚལ་ན་གཙང་མ་ལེགས་པར་ཁྲུས་བགྱིས་པས་གོས་གཙང་མ་བགོ་བར་བགྱི་ཞིང་། ནགས་ཁུང་གི་སྒོར་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་ཞགས་པ་འཕང་བར་བགྱིའོ།། ལག་པས་ཞགས་པ་འཕངས་པ་ཙམ་གྱིས་ནགས་ཁུང་གི་གནས་ཀྱི་གཞལ་མེད་ཁང་གི་ཀླུ་ཐམས་ཅད་བཅིངས་ནས་ཐམས་ཅད་རིག་སྔགས་འཆང་གི་མདུན་ན་མཆིས་པར་འགྱུར་ཞིང་། རིག་སྔགས་འཆང་ལ་ཕྱག་བགྱིས་ནས། རིག་སྔགས་འཆང་ཁྱོད་གནས་ཆེན་པོ་མཆོག་ཏུ་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་ཏེ། ལག་པ་ཞགས་པའི་ཕྱག་རྒྱས་ནགས་ཁུང་དུ་འཇུག་པར་བགྱིའོ། ། ཞུགས་པ་ཙམ་ཁོ་ནས་ནགས་ཀྱི་གནས་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་ཞིང་། དབུས་ཀྱི་ནགས་ཀྱི་མཐའ་ན་རིན་པོ་ཆེ་སྣ་བདུན་གྱི་རྫིང་ལྷའི་ཆབ་དངས་ཤིང་རྙོག་པ་མ་མཆིས་པ། ཤིན་ཏུ་གསལ་བ། ལྷའི་ཙན་དན་གྱི་དྲི་དང་ལྡན་པ། ཧ་ཅང་མི་གྲང་བ། ཧ་ཅང་མི་དྲོ་བ། རེག་ན་བདེ་བ། རོ་དང་ལྡན་པ། བདུད་རྩིའི་བཅུད་ཅན་མཆིས་ཏེ། འདི་ལྟར་དོན་ཡོད་པའི་རྒྱལ་པོ་སྙིང་པོ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་རྫིང་གི་དབུས་སུ་ཞགས་པ་འཕང་བར་བགྱིའོ།། འཕངས་པ་ཙམ་གྱི་མོད་ལ་བུད་མེད་རིན་པོ་ཆེའི་གཟུགས་འདྲ་བའི་ལྷའི་བུ་མོའི་ལུས་ཕྱེད་བྱུང་ནས། ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ཅིང་། རིན་པོ་ཆེ་སྣ་བདུན་གྱི་བུམ་པ་གང་བ་ཐོགས་ཏེ་རིག་སྔགས་འཆང་ལ་དབུལ་ཞིང་སྤྱི་བོ་སྨད་དེ་འཛེམ་པ་དང་བཅས་པས་རིག་སྔགས་འཆང་ལ་སྨྲས་པ། རྗེ་བཙུན་རིག་སྔགས་འཆང་ཁྱོད་མ་བཞེངས་པར་གནས་སུ་ཞུགས་ཤིག། རིག་སྔགས་འཆང་གིས་གྲུབ་པའི་ཚིག་གསུམ་བརྗོད་པར་བགྱི་སྟེ། འཇིག་རྟེན་ཕ་རོལ་གྱི་དོན་དང་། རིག་སྔགས་འཆང་ཉིད་དང་། འཇིག་རྟེན་པའི་དངོས་གྲུབ་གྲུབ་སྟེ། བདག་ཉིད་ཀྱི་མ་དང་། སྲིང་མོ་དང་། མངག་གཞུམ་ཞེས་གར་བདེ་བར་བརྗོད་ལ། དེའི་འོག་ཏུ་རིག་སྔགས་འཆང་གིས་སྨྲ་བར་བགྱི་སྟེ། སྲིང་མོ་ཁོ་བོ་ལ་འཇིག་རྟེན་ཕ་རོལ་གྱི་དོན་བྱིན་ཅིག་ཅེས་འཇུག་པར་བགྱིའོ།། དེ་ཡང་རིག་སྔགས་འཆང་ཁྱོད་རང་གི་གནས་སུ་སྣོམས་ཏེ་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་ལག་པ་ཞགས་པའི་ཕྱག་རྒྱས་འཇུག་པར་བགྱི་ཞིང་། དོན་ཡོད་རྒྱལ་པོའི་སྙིང་པོ་བཟླས་སོ།། དེ་ནས་གནས་ཆེན་པོ་མཆོག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ལྷའི་དྲིལ་བུ་གཡེར་ཁའི་དྲ་བ་དང་། གསེར་དང་། གོས་སྦྱངས་པ། དར་གྱི་ཆུན་འཕྱང་རབ་ཏུ་སྦྱངས་པ་གདའ་བ་ནས་བུ་མོ་དེ་ཡང་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་ཏེ། རིག་སྔགས་འཆང་འཇིག་རྟེན་ཕ་རོལ་གྱི་དོན་དུ་རིན་པོ་ཆེ་ཆེན་པོ་བཞེས་ཤིག་ཅེས་དབུལ་བར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་སྟན་བཤམས་པའི་སྟེང་དུ་ཞགས་པ་ལེགས་པར་ཡོངས་སུ་སྐྱིལ་ཏེ། སྟན་དུ་བཏིང་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཞགས་པའི་སྟེང་དུ་བཞག་ཅིང་མེ་ཏོག་དང་བདུག་པ་དབུལ་བར་བགྱིའོ།། དོན་ཡོད་རྒྱལ་པོའི་སྙིང་པོ་བཟླས་པར་བགྱིའོ།། བཟླས་པ་ཙམ་གྱི་མོད་ལ་ཞགས་པ་ནོར་བུ་རིན་པོ་ཆེ་དང་བཅས་ཏེ་འབར་བར་འགྱུར་རོ།། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལས་ཡང་འོ་མའི་ཆབ་འབྱུང་བར་འགྱུར་རོ།། རིག་སྔགས་འཆང་གིས་འོ་མའི་ཆབ་དེ་ལས་བླངས་ལ་སྦྱོར་ཆུ་ལན་བདུན་དུ་རེག་པར་བགྱིའོ། ། འོ་མའི་ཆབ་ཀྱིས་རེག་པ་ཙམ་གྱི་མོད་ལ་ལུས་ཐམས་ཅད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་འགྱུར་རོ།། དོན་ཡོད་སྣང་བ་ནོར་བུ་གཞལ་མེད་ཀྱི་དཀྱིལ་འཁོར་གྱི་འོད་ཟེར་གྱི་དྲ་བ་འོད་ཟེར་ཞེས་བགྱི་བ་ཐོབ་ནས་ས་བཅུ་ལ་གནས་ཏེ་ཕྱིར་མི་ལྡོག་པར་འགྱུར་རོ། ། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་སྒྱུ་མ་ལྟ་བུས་རྣམ་པར་འཕྲུལ་པ་ཐོབ་པར་འགྱུར་ཞིང་། ཤིན་ཏུ་ཡོངས་སུ་དག་པའི་བདག་ཉིད་ཀྱི་རང་བཞིན་གྱིས་དོན་ཡོད་པའི་ཞགས་པའི་ཆ་ལུགས་འཆང་བ་རིག་སྔགས་འཆང་གི་མདུན་དུ་མཆིས་ནས་ལག་པ་གཡས་པ་སྤྱི་བོར་བཞག་སྟེ། ངའི་རིག་སྔགས་འཆང་གི་བུ་ཐུ་བོ་ཁྱོད་ཀྱིས་གྲོལ་བ་ཆེན་པོའི་དཀྱིལ་འཁོར་སངས་རྒྱས་ཀྱི་སྐུ་ཡོངས་སུ་དག་པ་འཐོབ་བོ་ཞེས་དབུགས་འབྱིན་པར་འགྱུར་རོ། ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མཐོང་ནས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་ཏེ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས།། ཁྱོད་ནི་བྱང་ཆུབ་ལམ་དུ་ཞུགས།། ཁྱོད་ཀྱིས་སངས་རྒྱས་ཉིད་འཐོབ་སྟེ།། གྲོལ་བའི་ལམ་ཞེས་བྱ་བ་བསྒྲུབས།། འོན་ཏེ་རིག་སྔགས་འཆང་ཉིད་དོན་དུ་གཉེར་ན། དེའི་ཚེ་གསེར་གྱི་མེ་ཏོག་སྩོལ་བར་འགྱུར་ཏེ། བླངས་ལ་བུ་མོ་དེ་ཉིད་ཀྱི་སྤྱི་བོར་བཞག་ནས། ཨོཾ་ཞེས་བགྱི་བས་མནན་པར་བགྱིའོ།། ཨོཾ་ཞེས་བགྱི་བའི་སྒྲ་བརྗོད་ནས་སྤྱི་བོར་བཞག་པ་ཙམ་གྱི་མོད་ལ་བུ་མོ་དེའི་མིག་མཆོག་གཉིས་ནས་མཆི་མ་འཛག་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་བླངས་ཏེ་ཉེ་རེག་བགྱིའོ།། ཉེ་རེག་བགྱིས་པ་ཙམ་གྱི་མོད་ལ་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། ། སྦ་བཅུང་ཟད་འཁྱིལ་ཅིང་ལག་པ་ན་འཁོར་ལོའི་ཞགས་པ་ཐོགས་ཏེ་ནམ་མཁའ་ལ་མཆི་བར་འགྱུར་རོ།། རིག་སྔགས་འཆང་བྱེ་བ་འབུམ་ཕྲག་བཅོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། ། ཚེ་ལོ་དྲུག་ཁྲི་ཉིས་སྟོང་དུ་འགྱུར་ཞིང་སྐྱེ་བ་བདུན་སྟོང་རྗེས་སུ་དྲན་པར་འགྱུར་རོ།། འོན་ཏེ་གསང་སྔགས་འཆད་འཇིག་རྟེན་པའི་དངོས་གྲུ་ཀྱི་ཆོ་ག་སློང་ན། དེའི་ཚེ་འདི་ལྟ་བུར་འགྱུར་ཏེ། རིག་སྔགས་འཆང་གིས་བདག་གི་སྒྲ་འདི་སྡོམས་ཤིག་ཅེས་དེའི་ཚེ་བུད་མེད་དེས་རང་གི་སྐྲའི་རལ་པ་བཏོན་ནས་རིག་སྔགས་འཆང་ལ་འབུལ་བ་ན། སྒྲ་ཐམས་ཅད་བླངས་ཏེ་དུམ་བུ་གསུམ་དུ་བཀུམ་ནས་སྲད་བུ་ལ་མདུད་པ་ཉི་ཤུ་རྩ་གཅིག་བགྱི་སྟེ།། མགོ་ལ་བཏགས་པས་ནི། ཇི་ལྟར་ཡིད་ལ་བསམས་པ་དེ་བཞིན་དུ་མིག་འཕྲུལ་སྟོན་པར་འགྱུར་རོ། ། འབྲས་བུ་དང་མེ་ཏོག་འཚལ་བ་ཐམས་ཅད་སྟོན་པར་འགྱུར་རོ།། བདེན་པ་ཇི་ལྟར་འཚལ་བ་བཞིན་སྟོན་པར་འགྱུར་རོ།། མགུལ་དུ་བཏགས་པས་ནི་མི་གདའ་བར་འགྱུར་ནས།། གནོད་སྤྲིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མ་ཡིན་པ་རྣམས་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། དཔྲལ་བ་ལ་བཏགས་པས་ནི་ལྷ་དང་ཀླུ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། དཔུང་པ་གཡས་པ་ལ་བཏགས་པས་ནི་གླང་པོ་ཆེ་བཅུའི་སྟོབས་དང་ལྡན་པར་འགྱུར་ཏེ། ཕས་ཀྱི་དགྲ་བོ་དང་། མི་འཛའ་བ་དང་། གདུག་པ་ཐམས་ཅད་ཀྱིས་མི་ཚུགས་པས་སྟོབས་ཀྱིས་འཁོར་ལོས་སྒྱུར་བར་འགྱུར་རོ།། དཔུང་པ་གཡོན་པ་ལ་བཏགས་པས་ནི་རིགས་བཞིའི་འཇིག་རྟེན་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ལག་པ་གཡོན་པ་ལ་བཏགས་པས་ནི་གང་ལ་རེག་པ་དེ་དབང་དུ་འགྱུར་ཞིང་བདག་གི་ནོར་དུ་འགྱུར་རོ།། ལག་པ་གཡས་པ་ལ་བཏགས་པས་ནི་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་རྒྱལ་པོའི་སྒོ་ལ་ཐལ་མོ་ལན་གསུམ་བརྡབས་ན། རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་བཅས་པ་བདག་ཉིད་དམ་ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བྱ་དང་། གཅན་གཟན་དང་། རི་དགས་དང་། གདུག་པ་དང་། གཞན་ཡང་གདུག་པ་དང་བཅས་པའི་སྲོག་ཆགས་རྣམས་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། བརླ་གཡས་པ་ལ་བཏགས་པས་ནི་འཚལ་ལམ། སེར་ག་འམ། རི་འོར་རམ། ཕུག་གམ། དགོན་པ་འམ། བསྟི་གནས་གང་དུ་ཞུགས་ཏེ། ཞུགས་པ་ཙམ་གྱི་མོད་ལ་ནོར་ཐམས་ཅད་དང་། སྨན་ཐམས་ཅད་དང་། ལྷ་ཐམས་ཅད་རང་གི་གཟུགས་སུ་མངོན་ནས་མཆིས་པར་འགྱུར་རོ། ། བྱིན་པ་གཡས་པ་དང་རྐང་པ་གཡས་པ་ལ་བཏགས་པས་ནི་རྒྱ་མཚོ་ཆེན་པོའི་ཕ་མཐར་ཡང་རྒལ་བར་འགྱུར་ན། ཆུ་ཀླུང་ཆེན་པོའི་ཆབ་ཀྱིས་བྱིན་པ་ནུབ་ཙམ་དུ་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ།། བྱིན་པ་གཡོན་པ་ལ་བཏགས་པས་ནི་ཉི་མ་རེ་རེ་ཞིང་དཔག་ཚད་བརྒྱར་ཕྱིན་ནས་དུབ་པ་མ་མཆིས་པར་སླར་ཡང་ལྡོག་པར་འགྱུར་རོ།། བརླ་གཡོན་པ་ལ་བཏགས་ནས་དུར་ཁྲོད་ཆེན་པོར་ཞུགས་ན་དུར་ཁྲོད་ཐམས་ཅད་ན་གནས་པའི་གཅེར་བུ་པ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གནས་དེ་ཉིད་ན་སྤྱོད་ན་རིག་སྔགས་འཆང་དེས་ལག་པ་གཡོན་པས་བུམ་པ་གང་བ་བཟུང་ཞིང་། ལག་པ་གཡས་པས་བུད་མེད་དེ་བཟུང་ནས་གནས་ཆེན་པོའི་མཆོག་ཏུ་འཇུག་པར་བགྱིའོ།། གནས་མཆོག་དེའི་དབུས་ན་རྫིང་མེ་ཏོག་གིས་ཆལ་པར་བཀྲམ་པ་བགྱི་སྟེ། རྫིང་དེར་གཉིས་ཀ་ཁྲུས་བགྱི་ཞིང་ཆབ་ཀྱིས་ཉེ་རེག་བགྱིའོ།། བཀྲུས་ཤིང་རེག་པ་ཙམ་ཁོ་ནས་འཁོར་ལོ་རིག་སྔགས་འཆང་ཞགས་པ་དང་། འཁོར་ལོས་སྒྱུར་བའི་རིག་སྔགས་འཆང་དུ་འགྱུར་རོ།། རིག་སྔགས་འཆང་འབུམ་ཕྲག་བདུན་སྟོང་གིས་ཡོངས་སུ་བསྐོར་ཅིང་ཚེ་བསྐལ་པ་ཁྲིར་འགྱུར་རོ།། སྐྲ་ཅུང་ཟད་འཁྱིལ་པར་ཡང་འགྱུར་རོ།། ནགས་ཀྱི་གནས་ཀྱི་གཞལ་མེད་ཁང་བདུན་ཅུ་རྩ་གཉིས་ཀྱི་དཔོན་པོ་རྒྱལ་པོར་འགྱུར་རོ། ། གལ་ཏེ་མ་ཞེས་བགྱི་བས་དོན་དུ་གཉེར་བ་ནི་བུ་གཅིག་པ་བཞིན་དུ་ཡོངས་སུ་སྐྱོང་བར་འགྱུར་རོ།། འབྲས་དང་། འབྲུ་དང་། གོས་དང་། ཆས་དང་། ནོར་བུ་དང་། མུ་ཏིག་དང་། བྱུ་རུ་དང་། གསེར་དང་། དངུལ་ཡོངས་སུ་གྲུབ་པར་བགྱིད་དོ།། སྲིང་མོ་ཞེས་བགྱི་བས་ནི་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་སྟོབས་པར་འགྱུར་ཞིང་ཡན་ལག་སྤོང་བར་བགྱིད་དོ། ། ཉི་མ་རེ་རེ་ཞིང་རྒྱན་ཐམས་ཅད་ཀྱིས་ཀླུབས་པའི་ལྷའི་བུ་མོ་ཁྲིད་དེ་མཆི་བར་འགྱུར། ལྷའི་གཞལ་མེད་ཁང་འབྱོར་པ་སྟོབས་པར་བགྱིད། ལྷའི་ཁྱིམ་དང་གཞལ་མེད་ཁང་སྟོབས་པར་བགྱིད་དོ། ། མངག་གཞུག་མ་ཞེས་བགྱི་བས་ནི་གང་དང་གང་དུ་མངགས་པ་དེ་དང་དེར་མཆི་བར་འགྱུར་ཏེ། ལྷའི་གནས་སམ། ཀླུའི་གནས་སམ། གནོད་སྦྱིན་གྱི་གནས་སམ། སྲིན་པོའི་གནས་སམ། འབྱུང་པོའི་གནས་སམ། གཞན་ཡང་མངག་གཞུག་པའི་སྒྲུབ་པ་རྣམ་པ་སྣ་ཚོགས་ཡིད་ལ་བསམས་པ་བཞིན་དུ་བགྱིད་དོ།། ནགས་སྒྲུབ་པའི་ཆོ་གའོ། ། ། དེ་ནས་རིག་སྔགས་འཆང་ཐང་ལ་རྒྱུ་བར་འཚལ་ན་གཙང་མ་ཁྲུས་བགྱིས་པས་གོས་བཙང་མ་བགོ་བར་བགྱི། གནས་དབེན་པ་གཙང་མའི་ས་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞིར་བགྱིས་ལ་དྲི་སྣ་ཚོགས་ཀྱིས་བྱུག། རོ་སྣ་ཚོགས་དང་ལྡན་པའི་གཏོར་མ་བཤམས་ལ། ཨ་ཀ་རུའི་བདུག་པས་བསྲེགས་ཏེ། ནུབ་གསུམ་དུ་མཆིས་ནས་འཁོར་ལོ་ཞགས་པའི་ལག་པའི་ཕྱག་རྒྱས་དོན་ཡོད་རྒྱལ་པོའི་སྙིང་པོའི་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་ཏེ། ལན་སྟོང་རྩ་བརྒྱད་ཚང་བ་དང་། དཀྱིལ་འཁོར་གྱི་དབུས་ནས་དུ་བ་འབྱུང་བར་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླ་བར་བགྱིའོ། ། དེ་ནས་དཀྱིལ་འཁོར་གྱི་དབུས་ནས་སྐྱེས་པ་ནག་པོ་ཆེན་པོའི་ཚུལ་མི་སྡུག་པ། མཆེ་བ་གཙིགས་པ། སྐྲ་གྱེན་དུ་འགྲེང་བ། མགོ་འབར་བ། མིག་དམར་བ་མཆུ་དང་ལྕེ་དམར་བ། སེན་མོ་དམར་བ། སྐྲ་སྔོ་བ། དཔུང་པ་མཁྲང་ཞིང་བརྟན་པ། གསུས་པ་འཕྱངས་པོ། མཆོད་ཕྱིར་ཐོགས་པ་དང་ལྡན་པ། མགོ་ལྔ་པ། སྦྲུལ་ལྟར་ལྕེ་བསྒྱུར་བ། སྟག་གི་ཤམ་ཐབས་བགོས་པ། ལག་པ་ན་དགྲ་སྟ་དང་དྲིལ་བུ་ཐོགས་པ་ཞིག་ལུས་ཕྱེད་ཙམ་བྱུང་ནས་ཕྱོགས་བཅུར་ལྟ་བར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་སྐྲག་པར་མི་བགྱི་སྟེ་བརྟན་པར་བགྱི་ལ། ཁྲོ་བོའི་རྒྱལ་པོ་བཟླས་ནས་འཁོར་ལོའི་ཞགས་པ་འཕངས་ཏེ་མགོ་གཅད་ལ་ཁྲག་མང་དུ་བྱུང་བ་དང་། རིག་སྔགས་འཆང་གིས་ཁྲག་དེས་ལུས་ཐམས་ཅད་བྱུག་པར་བགྱིའོ།། ། བྱུག་པ་ཙམ་གྱི་མོད་ལ་བདག་ཉིད་ཀྱི་ལུས་མི་ཆོད་པ་དང་མི་ཤིགས་པས་རྡོ་རྗེར་བྱིན་གྱིས་བརླབས་པར་འགྱུར་རོ།། མིག་གཉིས་ཕྱུང་ལ་རང་གི་མིག་ཕྱིས་ནས་མིག་ལ་བསྐུས་ན་ལྷའི་མིག་ཏུ་འགྱུར་རོ། ། རྐང་བྲུས་ཏེ་བྱུག་ནས་ཚེ་བསྐལ་པ་སྟོང་ཕྲག་བཅུར་འགྱུར་ཞིང་ཐོས་པ་གསལ་བའི་རྒྱ་མཚོར་འགྱུར་རོ།། བསྐལ་པ་བརྒྱ་སྟོང་གི་སྐྱེ་བའི་སྐྱེ་བ་དང་ཚེ་རབས་དྲན་པར་འགྱུར་རོ།། སྙིང་ཕྱུང་སྟེ་འཚལ་ན་ནམ་མཁའ་ལ་མཆིའོ།། ཁྲག་གིས་སྙིང་ཁར་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར་རོ།། ལྕེ་གཅད་ན་རལ་གྲིར་གྱུར་ནས་དགྲ་ཐམས་ཅད་རླག་པར་བགྱིད་དོ།། གལ་ཏེ་ཐང་ལ་རྒྱུ་བར་འཚལ་ན། དེའི་ཚེ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་ཞགས་པ་དང་འཁོར་ལོ་ལ་བཟླས་བརྗོད་བགྱིའོ།། འཁོར་ལོ་ཞགས་པ་གསང་བའི་ཕྱག་རྒྱའི་ཚུལ་གྱིས་ཐལ་མོ་ས་ལ་བརྡབ་པར་བགྱི་སྟེ། ལན་གསུམ་དུ་ཐལ་མོ་བརྡ་བྲ་བ་དང་། དེའི་འོག་ཏུ་ཐང་གི་སྒོ་དབྱེ་བར་འགྱུར་རོ།། ཇི་ལྟར་རང་གི་ཁྱིམ་བཞིན་དུ་འཇུག་པར་བགྱི་སྟེ། ཞུགས་ནས་སླར་ཡང་མཆི་ཞིང་དགོས་པ་གཞན་ཐམས་ཅད་བགྱིད་པ་དང་། ཐང་ཐམས་ཅད་ལ་གནས་པ་ཐམས་ཅད་དབང་དུ་གྱུར་ནས་གནས་པར་འགྱུར་རོ།། འོན་ཏེ་ནམ་མཁའ་ལ་མཆི་འཚལ་ན་གྱེན་དུ་བལྟས་ནས་དོན་ཡོད་རྒྱལ་པོའི་སྙིང་པོ་ཡུངས་མར་ལ་སྟོང་རྩ་བརྒྱད་བཟླས་ཏེ། ལན་སྟོང་རྩ་བརྒྱད་བཟླས་ནས་བདག་ཉིད་ལ་བྱུགས་ཏེ། ལག་པའི་ཞགས་པའི་ཕྱག་རྒྱས་ནམ་མཁའ་ལ་མཆི་བར་འགྱུར་ཞིང་ནམ་མཁའ་གོ་འབྱེད་པར་འགྱུར་རོ། ། ལྷའི་གནས་སུ་མཆི་བར་འཚལ་ན་ལྷའི་ཁྱིམ་དུ་མཆིས་ནས་ཞགས་པས་ལྷའི་མགུ་ལ་ནས་བཅིང་བར་བགྱི་ཞིང་། དོན་ཡོད་རྒྱལ་པོའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་ནས། ལྷ་བཅིས་པ་གང་ལགས་པ་དེའི་མིང་ནས་བརྗོད་ན། ལྷ་དེ་བབས་ནས་རིག་སྔགས་འཆང་གི་མདུན་ན་མཆིས་པར་འགྱུར་རོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རིག་སྔགས་འཆང་ལ། རིག་སྔགས་འཆང་ཅི་ཞིག་དོན་དུ་གཉེར་བ་དེ་སྣོམས་ཤིག་ཅེས་སྨྲ་བར་འགྱུར་རོ། ། རིག་སྔགས་འཆང་གིས་ལྷའི་གནས་སུ་འགྲོའོ་ཞེས་བརྗོད་པར་བགྱིའོ།། གལ་ཏེ་གཞན་བསམས་པ་ཞིག་མཆིས་ན་མཆོག་ཐམས་ཅད་སྩོལ་བར་བགྱིད་དོ། ། དེ་ནས་ལྷའི་གནས་ནས་མཆི་བ་ན་ལྷའི་གནས་ལྷའི་རྫུ་འཕྲུལ་གྱིས་ལག་པ་ན་ཐོགས་ཏེ་ནམ་མཁའ་ལ་མཆི་བར་འགྱུར་རོ།། ཇི་སྲིད་འཚལ་བར་ལྷའི་གཞལ་མེད་ཁང་ཆེན་པོ་ལོངས་སྤྱོད་པར་འགྱུར་ཞིང་། འོན་ཏེ་མི་འཚལ་ན་ལྷའི་གནས་ནས་སླར་ཡང་འབེབས་པར་འགྱུར་རོ།། གཞན་ཡང་ཇི་ལྟར་རང་གི་བློ་གྲོས་དང་ཡིད་ལ་བསམས་པའི་དགོས་པ་ཐམས་ཅད་བགྱིད་པར་འགྱུར་ཞིང་ཐམས་ཅད་གྲུབ་པར་འགྱུར་ཏེ། དེ་ལ་སོམ་ཉི་དང་ཡིད་གཉིས་བསྐྱེད་པར་མི་བགྱིའོ།། འཁོར་ལོའི་ཞགས་པ་སྒྲུབ་པའི་ཆོ་གའོ།། །། དེ་ནས་རིག་སྔགས་འཆང་པདྨའི་ཞགས་པ་སྒྲུབ་པར་འཚལ་བས། རིག་སྔགས་འཆང་དེ་གཙང་མ་ལེགས་པར་བཀྲུས་ཏེ་གོས་གཙང་མ་བགོ་བར་བགྱིའོ།། ནུབ་གསུམ་མཆིས་སམ། ནུབ་ལྔ་མཆིས་སམ། ནུབ་གཅིག་མཆིས་ནས་རིག་སྔགས་འཆང་གིས་ཞགས་པའི་སྐུད་པ་བསྒྲུབ་པར་བགྱི་སྟེ། རས་ཀྱི་སྐུད་པའམ་པདྨའི་སྐུད་པ་བཻ་ཌཱུཪྻའི་ཁ་དོག་ལྟ་བུར་མཚོན་གྱིས་ཁ་བསྒྱུར་བར་བགྱི་ཞིང་། ཁྲུ་ཉི་ཤུ་རྩ་གཅིག་པར་བཀལ་ཏེ། དེ་ལའང་པདྨ་བགྱི་སྟེ། རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཁ་ཕྱེ་བ་སོར་བཞི་པའི་ཚད་ཀྱིས་པདྨ་གསེར་གྱི་འདབ་མ་དང་། དངུལ་གྱི་འདབ་མ་དང་། བཻ་ཌཱུཪྻ་དང་། ཨིནྡྲ་ནཱི་ལ་དང་། རིན་པོ་ཆེ་རྐ་ཏི་ཀ་ལས་བགྱི་ཞིང་མུ་ཏིག་གིས་བསྐོར་བ་བགྱི་སྟེ། དེ་ནས་ཞགས་པ་ལ་གདགས་པར་བགྱིའོ། ། ཞགས་པའི་ཐོར་ཏོ་གཅིག་ལ་ནི་པདྨའི་ཕྱག་རྒྱ་གདགས་པར་བགྱིའོ།། དེ་ནས་ལེགས་པར་བརྒྱན་པའི་ཆོས་ཀྱི་སྟན་བཟང་པོ་བཤམ་པར་བགྱིའོ།། བའི་ལྕི་བས་དཀྱིལ་འཁོར་བགྱིས་ལ། དཀྱིལ་འཁོར་གྱི་སྟེང་དུ་དྲིའི་པདྨ་བསམ་པར་བགྱི་ཞིང་། དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཀྱི་གདན་བཤམས་ལ་བུམ་པ་གང་བས་བརྒྱན་པར་བགྱིའོ།། མེ་ཏོག་གི་སིལ་མ་བཀྲམ་ཞིང་ཨ་ཀ་རུ་དང་། བཙན་དན་དང་། དུ་རུ་ཀའི་བདུག་པ་དབུལ་བར་བགྱིའོ།། མཆོད་ཡོན་དང་ཞབས་བསིལ་གྱི་སྣོད་ཀྱང་གཞག་པར་བགྱིའོ།། པདྨའི་ཞགས་པ་དེའང་ཆོས་ཀྱི་སྙན་གྱི་སྟེང་དུ་གཞག་པར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་རིག་སྔགས་འཆང་གིས་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་དོན་ཡོད་ཞགས་པའི་སྙིང་པོ་ལན་ཁྲི་བཟླས་ཏེ། བཟླས་པའི་ཡུངས་ཀར་རེ་རེ་ནས་དེའི་སྟེང་དུ་གཏོར་བར་བགྱིའོ། ། ལན་ཁྲི་རྫོགས་ནས་དེ་ནས་ཚེས་བཅོ་ལྔའི་ཟླ་བ་ཉའི་ནུབ་མོ་མཆིས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱིའོ།། ཞགས་པ་དེའང་མཆོད་པར་བགྱིའོ། ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ནས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་སོ།། དེ་ནས་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཉིན་མཚན་གསུམ་དུས་གསུམ་དུ་བཟླས་བརྗོད་དང་མཆོད་པ་བགྱིའོ། ། དེ་ནས་པདྨའི་ཞགས་པ་འབར་ཞིང་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འབྱུང་བར་འགྱུར་རོ།། ལེགས་སོ་ལེགས་སོ་ཞེས་བགྱི་བའི་ཚིག་འབྱིན་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་ལ་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འབྱུང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་ཕྱག་རྒྱའི་སྐྱིལ་མོ་ཀྲུང་གིས་མཆིས་ནས་མིག་མི་འཛུམ་ཞིང་བཞིན་འཛུམ་པས་སྙིང་རྗེ་ཆེན་པོ་ཡིད་ལ་བསྒོམ་པར་བགྱིའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདོང་དུ་བལྟས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སུམ་སྟོང་བཟླས་པར་བགྱིའོ། ། དེའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་ལྷའི་རང་བཞིན་མདུན་དུ་མཆིས་ནས་ལག་པ་གཡས་པ་བརྐྱང་སྟེ། རིག་སྔགས་འཆང་གི་སྤྱི་བོར་བཞག་ནས་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་ཞིང་། འདི་སྐད་ཅེས་ཀྱང་དབུགས་འབྱིན་པར་འགྱིད་དོ།། རིག་སྔགས་འཆང་བའི་བུ་སྙིང་ནས་སྐྱེས་པའི་ཐུ་བོ་བཟླས་བརྗོད་ཀྱི་ཆོ་ག་ཆེན་པོ་དང་། མཆོད་པའི་ཆོ་ག་ཆེན་པོ་འདིས་ང་ལ་མཆོད་པའི་མཆོག་བྱས་པ་དང་། བཟླས་བརྗོད་ཀྱི་མཆོག་དང་གྲུབ་པའི་མཆོག་སྟེ། ཁྱོད་ཀྱིས་དོན་ཡོད་རྒྱལ་པོའི་སྙིང་པོ་གྲུབ་ཅིང་། ཁྱོད་ཀྱིས་པདྨའི་ཞགས་པ་ཆེན་པོ་གྲུབ་ཀྱིས། ཇི་ལྟར་ཡིད་ལ་བསམས་པ་བཞིན་དུ་མཆོག་ཁྱེར་ཅིག། ཁྱོད་ཀྱི་ཡིད་ཀྱི་བརྣག་པ་ཐམས་ཅད་ནི་ཡོངས་སུ་རྫོགས་པར་བྱས། ཁྱོད་འཁོར་བའི་འཇིགས་པ་རྒྱུ་བ་ལས་ནི་གྲོལ། ཁྱོད་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མྱ་ངན་མི་བཟད་པའི་འཇིགས་པ་ལས་ཐར་ན། ཁྱོད་དམྱལ་བ་ཆེན་པོ་མི་བཟད་པ་བཅུ་དྲུག་ལས་ནི་ཡོངས་སུ་གྲོལ། འཇིགས་པ་ཆེན་པོ་མི་བཟད་པའི་སྡུག་བསྔལ་གྱི་ཚོར་བ་བརྒྱད་ལས་ནི་ཡོངས་སུ་ཐར། འདི་ནས་ཕྱི་མའི་སྐྱེ་བའི་མངལ་དུ་གནས་ནས་སྡུག་བསྔལ་མི་བཟད་པ་ལས་ཤི་འཕོས་ཏེ། རིག་སྔགས་འཆང་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། ། ཁྱོད་ཀྱིས་གངྒཱའི་ཀླུང་འབུམ་ཕྲག་སྟོང་བརྒྱད་ཅུ་རྩ་བཞི་སྙེད་ཀྱི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་ཆེར་བསྐྱེད་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ནི་ལྡན།། རིག་སྔགས་འཆང་ཁྱོད་ཀྱིས་ལྷག་པར་བྱ་བ་མང་པོ་ནི་བྱས། ཁྱོད་རིག་སྔགས་འཆང་ཆེན་པོར་ནི་ལུང་བསྟན། དམྱལ་བ་དང་སྔོན་གྱི་ལས་ཀྱི་སྒྲིབ་པ་མི་བཟད་པ་ཐམས་ཅད་ལས་ནི་གྲོལ་གྱིས། ཇི་ལྟར་ཡིད་ལ་བསམས་པ་བཞིན་མཆོག་ཁྱེར་ཅིག། དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་པ་བཞིན་དེའི་ཚེ་མཆོག་ཐོབ་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་པདྨའི་ཞགས་པ་དེ་བླངས་ཏེ། གནས་གཙང་མར་གུས་པས་མཆོད་པ་རྒྱ་ཆེར་བགྱིའོ།། ནམ་དགོས་པ་དེའི་ཚེ་ཞགས་པ་བླང་བར་བགྱི་སྟེ། ལས་ཐམས་ཅད་བགྱིད་པར་འགྱུར་རོ།། པདྨ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལག་པ་གཡོན་པར་བཞག་ལ། ལག་པ་གཡས་པས་ཞགས་པ་བཟུང་སྟེ། དོན་ཡོད་རྒྱལ་པོའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས། སེམས་ཅན་ནམ་ལྷ་གང་གི་མིང་ནས་བརྗོད་དེ་བཟླས་བརྗོད་བརྒྱ་རྩ་བརྒྱད་ཚང་བ་དང་། བྱང་ཆུབ་སེམས་དཔའ་མདུན་དུ་མཆིས་ནས་འདོད་པའི་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བྱང་ཆུབ་ཏུ་ལུང་བསྟན་པ་དོན་དུ་གཉེར་བར་འཚལ་ན། རིག་སྔགས་འཆང་གཙང་མས་ལེགས་པར་ཁྲུས་བགྱིས་ཏེ། གོས་གཙང་མ་བགོས་པས་ཉིན་ཞག་གཅིག་མཆིས་པར་གྱུར་པས། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ནས། པདྨའི་ཞགས་པ་དེའང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་ཏུ་དབུལ་བར་བགྱིའོ།། ཞགས་པའི་ཐོར་ཏོ་ཡ་གཅིག་གིས་ནི་རང་གི་མགུལ་དུ་བཏགས་ལ། དོན་ཡོད་རྒྱལ་པོའི་སྙིང་པོ་ལན་སྟོང་རྩ་བརྒྱད་ཚང་བར་བཟླས་བརྗོད་བགྱིའོ།། སྟོང་རྩ་བརྒྱད་ཚང་བ་དང་། སངས་རྒྱས་བཅོམ་ལྡན་འདས་སྐུ་གསེར་གྱི་མདོག་ཅན་རིག་སྔགས་འཆང་གི་མདུན་དུ་བཞུགས་ནས། རིག་སྔགས་འཆང་གི་སྤྱི་བོར་ཕྱག་བཞག་སྟེ་དབུགས་འབྱིན་པར་མཛད། ལུང་སྟོན་པར་མཛད། ཡིད་ཀྱི་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པར་འགྱུར་རོ།། སྒྲིབ་པ་དང་སྡིག་པ་ཚེ་རབས་བརྒྱ་སྟོང་དུ་བསགས་པ་ཐམས་ཅད་གཏུགས་པར་འགྱུར། ལྷག་མ་མ་ལུས་པར་གཏུགས་པར་གྱུར་ནས། ལུས་ཡོངས་སུ་དག་པར་འགྱུར་རོ།། དྲི་མ་དང་བྲལ་ཞིང་ཕྲག་དོག་དང་སེར་སྨྲ་སྤངས་པར་འགྱུར་རོ། ། འདི་ནས་མ་འོངས་པའི་སྐྱེ་བའི་མངལ་དུ་གནས་ནས། ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་བགྱིས་ནས་སེམས་ཅན་ཐམས་ཅད་ཀྱི་བླ་མ་གཅིག་པུར་འགྱུར་རོ།། མཆོད་པར་འོས་པ་དང་བླ་མའི་གནས་སུའང་འགྱུར་རོ། ། ནད་རྣམས་དང་བྲལ་བར་འགྱུར་རོ།། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། འགུམས་པའི་དུས་སུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། ། དབུགས་འབྱིན་པར་མཛད། ལེགས་པའི་ལམ་སྟོན་པར་མཛད་པར་ཡང་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་ན་མཆིས་ནས་དབུགས་འབྱིན་པར་བགྱིད་ཅིང་ལག་པ་གཡས་པ་སྤྱི་བོར་འཇོག་པར་བགྱིད་དོ། ། དེ་བདེ་བས་ཤིན་ཏུ་དྲན་པ་ཉེ་བར་བཞག་ནས་ལུས་འདོར་བར་འགྱུར་རོ།། བོར་བ་ཙམ་གྱི་མོད་ལ་སྐལ་བ་མཉམ་པ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་ལུས་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། ཚེ་རབས་དྲན་པར་འགྱུར་ཏེ། བསྐལ་པ་བརྒྱ་སྟོང་གི་སྐྱེ་བའི་ཚེ་རབ་དྲན་པར་འགྱུར་རོ། ། དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་འདི་མཐའ་དག་རྫོགས་པར་གཡར་ཐོན་དུ་བགྱིས་ནས། ས་བཅུ་ལ་གནས་ཤིང་ཕྱིན་ཅི་ལོག་ཏུ་མ་གྱུར་པས་ཕྱིར་མི་ལྡོག་པར་འགྱུར་རོ།། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། ཆོ་འཕྲུལ་ཆེན་པོས་ལྷའི་ཁང་པ་བརྩེགས་པ་དང་། གཞལ་མེད་ཁང་དང་། གནས་མཆོག་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་མཆི་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་མཐོང་བའི་ཆོས་ཁོ་ན་ལ་ལྟ་བར་འཚལ་ན། རིག་སྔགས་འཆང་གི་གནས་གཙང་མའི་ཕྱོགས་སམ། གནས་སམ། ཁང་པ་འམ། དགོན་པའི་གནས་སམ། འཁོར་གྱི་ཁྱམས་སམ། འཆག་ས་འམ། ཁང་པ་བརྩེགས་མ་འམ། སྤྱིལ་པོ་གཙང་མ་ཕྱི་བདར་ལེགས་པར་བགྱིས་པའི་ས་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་དབྱེས་པ་ཁྲུ་གང་བ་ཙམ། ཁྲུ་དོ་པའི་དཀྱིལ་འཁོར་བགྱི་སྟེ། གྲུ་བཞི་ལྷམ་པ། གྲཝ་ཀུན་ནས་ཆ་འབྱེས་པ། ས་དང་སྦྱར་བའི་ལྕི་བས་ཤིན་ཏུ་ལེགས་པར་ཕྱི་བདར་བགྱིས་ལ་རྩཝ་སྔོན་པོ་མཉེན་པོ་ལྟ་བུ་ལ་མཁས་པས་དཀྱིལ་འཁོར་མཐའ་དག་གི་ཆ་དབྱེ་བའི་ཐིག་གདབ་པར་བགྱིའོ། ། དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོ་ལ་པདྨ་རྒྱ་ཆེན་པོས་དབྱེས་པ། འདབ་མ་བརྒྱ་པ་ཚོན་སྣ་བརྒྱད་ཀྱི་ཚོན་རྩིས་བཀྲ་བར་བགྱི་ཞིང་འབྱེས་པར་བགྱིས་ལ། སྙིང་པོ་ནི་རིན་པོ་ཆེ་རྐ་ཏི་ཀ་ལས་བགྱིའོ། ། པདྨའི་མཐའ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བསྐོར་ལ། གྲཝ་བཞི་ནས་ཁ་ཁྱེར་སོར་བཞི་པའི་ཚད་དུ་བགྱིའོ།། པདྨའི་བར་གྱི་ཕུར་བྱུར་དུ་ཨུཏྤ་ལ་སྔོན་པོ་ལེགས་པར་བྲིསཱ་ལ། ཁ་ཁྱེར་གྱི་ཕྱི་རོལ་ནོར་བུས་འཁོར་བའི་མཐའ་དེ་མཆོས་བསྐོར་བར་བགྱིའོ། ། ལྷའི་ཆབ་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གིས་མཛེས་པར་བགྱིས་ལ། ཆབ་ལ་མེ་ཏོག་སྣ་ཚོགས་ཀྱི་སིལ་མ་བཀོད་པ་བྱ་སྣ་ཚོགས་གནས་འཆའ་བ། ངང་པ་དང་། བཞད་དང་། ཁྲུང་ཁྲུང་དང་། དུར་པ་དང་། ཤང་ཤང་ཏེའུ་དང་། ཀ་ལ་བིངྒ་དང་། བྱའི་ཚོགས་ཀྱིས་མཛེས་པར་བགྱིས་ལ། ཉ་དང་། ཆུ་སྲིན་དང་ཆུ་སྲིན་བྱིས་པ་གསོད་ཀུན་ནས་རྟེན་འཆའ་བར་བགྱིད་དོ། ། མཚོའི་འགྲམ་ན་རིན་པོ་ཆེའི་ལྗོན་ཤིང་དང་། མེ་ཏོག་གི་ལྗོན་ཤིང་དང་། འབྲས་བུའི་ལྗོན་ཤིང་སྣ་ཚོགས་ཁ་ཁྱེར་དང་བཅས་པར་བགྱིའོ།། དཀྱིལ་འཁོར་གྱི་ཁ་ཁྱེར་གྱི་ཕྱི་རོལ་ན་ལག་པ་དང་ཐལ་མོའི་ཕྱག་རྒྱ་བྲིས་ལ་སྒོ་བཞི་རྣམས་སུ་རྒྱལ་པོ་ཆེན་པོ་བཞི་བགྱིའོ།། དེ་ནས་དབུས་ཀྱི་དཀྱིལ་འཁོར་ལ་པདྨའི་གདན་བཟང་པོ་བཤམས་ཏེ། དེའི་སྟེང་དུ་བཅོམ་ལྡན་འདས་འོད་དཔག་མེད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་གཞག་པར་བགྱིའོ།། དཀྱིལ་འཁོར་བུམ་པ་གང་བས་བརྒྱན་པར་བགྱིའོ།། མེ་ཏོག་སིལ་མ་དང་། དྲི་དང་། བྱུག་པའང་དབུལ་བར་བགྱིའོ།། བ་དན་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པར་བགྱིའོ།། གཏོར་མ་དཀར་པོ་དབུལ་བར་བགྱིའོ།། ཡོན་ཆབ་དང་ཞབས་བསིལ་གྱི་སྣོད་དང་། མར་མེའི་འཕྲེང་བ་དབུལ་བར་བགྱིའོ། ། པདྨའི་ཞགས་པ་འོད་དཔག་མེད་ཀྱི་ཕྱག་ཏུ་དབུལ་བར་བགྱིའོ།། རིག་སྔགས་འཆང་གཙང་མས་གོས་བཙང་མ་བགོ་བར་བགྱིའོ།། ལེགས་པར་ཁྲུས་བགྱིས་ནས་པའི་རྣམ་ལྔས་ཉེ་རེག་བགྱིས་ལ། ཟླ་བ་ཉ་ལ་ཉིན་ཞག་གཅིག་མཆིས་པར་གྱུར་པས་ཁ་ཤར་ཕྱོགས་སུ་བལྟས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་ལག་པས་ཞགས་པའི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་བགྱིའོ།། བྱམས་པ་དང་བརྩེ་བའི་སེམས་ཀྱིས་ལྷག་པར་བརྩོན་པར་བགྱིའོ།། སྙིང་རྗེ་མཆོག་ཏུ་བརྩེ་བར་གྱུར་པས་སེམས་ཅན་ཐམས་ཅད་ལ་བརྩེ་བར་བགྱིས་ན་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བགྱི་སྟེ། ཇི་ཙམ་ན་ཐུན་ཐ་མ་ལ་འོད་དཔག་མེད་འབར་བར་གྱུར་ནས་དཀྱིལ་འཁོར་ཆེན་པོ་དེ་ལའང་འོད་ཟེར་འབྱུང་བར་འགྱུར་རོ།། རིག་སྔགས་འཆང་གཡོ་བར་གྱུར་ནས་ལུས་འབར་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་སྐྱ་རེངས་ཤར་ཙམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་འོད་དཔག་མེད་གསེར་སྤངས་པ་ལྟ་བུ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་གིས་རིག་སྔགས་འཆང་གི་མདུན་དུ་བཞུགས་ནས། ཕྱག་གཡས་པ་རིག་སྔགས་འཆང་གི་སྤྱི་བོར་བཞག་སྟེ་དབུགས་འབྱིན་པར་མཛད་ཅིང་། ཡིད་ཀྱི་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་ནས་མི་གདའ་བར་གྱུར་པ་དང་། ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པའི་སྣང་བ་ཞེས་བྱ་བའི་གཉིད་ཐོབ་ནས། ཇི་ལྟར་ཉལ་བ་ཙམ་མམ་མིག་བཙུམ་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གཞལ་མེད་ཁང་དང་། གནས་དང་། འཇིག་རྟེན་དང་། ཡུལ་ལྗོངས་དང་། བྱང་ཆུབ་སེམས་དཔའི་འཁོར་མཐའ་དག་དང་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་མཐོང་བར་འགྱུར་ལགས་སོ། ། དེ་བཞིན་གཤེགས་པ་དེ་ཆོས་སྟོན་པར་མཛད་པའང་མཐོང་བར་འགྱུར་ལགས་སོ།། འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་དབུགས་འབྱིན་པར་བགྱིད་པ་དང་། གཞལ་མེད་ཁང་དང་། རྣམ་པར་འཕྲུལ་པ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་ཐམས་ཅད་མཐོང་བར་འགྱུར་ལགས་སོ།། འདི་ནས་མ་འོངས་པའི་སྐྱེ་བ་ནས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་ཏེ། སྐྱེ་བ་བདུན་སྟོང་རྗེས་སུ་དྲན་པར་འགྱུར་རོ།། དེ་སད་ནས་ཞགས་པ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ལག་པ་གཡས་པས་བཟུང་ན་ནམ་མཁའ་ལ་འཕུར་བར་འགྱུར་རོ། ། ལོ་ཁྲིར་འཚོ་བར་འགྱུར་རོ།། ཞགས་པ་གྲུབ་པ་རྣམས་དང་རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ།། འཁོར་ཁྲི་བརྒྱད་སྟོང་དང་ལྡན་པར་འགྱུར་རོ། ། པདྨའི་ཞགས་པ་སྒྲུབ་པའི་ཆོ་གའོ།། ། དེ་ནས་རིག་སྔགས་འཆང་རྡོ་རྗེའི་ཞགས་པ་སྒྲུབ་པར་འཚལ་ན། ཤིང་ཤུན་དང་། རས་སྐུད་དང་། ཁ་ཆེདར་གྱི་སྐུད་པ་མཉམ་དུ་ལྷན་ཅིག་བཀལ་ཏེ། ཁྲུ་ཉི་ཤུ་རྩ་གཅིག་གི་ཚད་ཙམ་དུ་བགྱིས་ལ། ཙན་དན་དཀར་པོ་ལས་རྡོ་རྗེ་སོར་བཞི་པའི་ཚད་དུ་བགྱིས་ཏེ། རྩེ་ལྔ་པ་འབྱུང་པོ་ལ་སོགས་པའི་མགོ་དང་སྦྲུལ་གྱི་སྐྲ་རགས་བཅིངས་ལ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོའི་དྲ་བའི་འཕྲེང་བས་དཀྲི་བ་བགྱིས་ནས་ཞགས་པ་ལ་གདགས་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། ། ལེགས་པར་ཁྲུས་བགྱིའོ།། བའི་རྣམ་ལྔས་ཉེ་རེག་བགྱིའོ།། རྩཝའི་སྟན་བཏིང་ནས་རི་མོའི་གཟུགས་ཀྱི་མདུན་དུ་ལག་པ་གཡས་པ་ཞགས་པས་མནན་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲི་བཟླས་སོ། ། ཁྲོ་བོའི་རྒྱལ་པོའི་སྙིང་པོ་སྟོང་བཟླས་སོ།། དེ་ནས་ཞགས་པ་དེ་འབར་བར་འགྱུར་ཏེ། དེ་བཟུང་ནས་ནམ་མཁའ་ལ་འཕུར་བར་འགྱུར་རོ།། རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། པདྨའི་རིགས་གང་དག་ལགས་པ་དེ་དག་ཐམས་ཅད་མདུན་ན་བཞུགས་པར་འགྱུར་རོ།། ལག་ན་རྡོ་རྗེ་དང་འདྲ་བར་གཟུགས་དང་། མཐུ་དང་། བརྩོན་འགྲུས་ཕ་རོལ་གྱི་ཟིལ་གྱིས་མི་ནོན་པར་འགྱུར་རོ། ། ལག་ན་རྡོ་རྗེ་དང་འདྲ་བར་རིག་སྔགས་འཆང་གི་དབང་པོར་འགྱུར་རོ།། ལྷའི་ལོ་ཁྲི་ཉིས་སྟོང་དུ་འཚོ་བར་འགྱུར་རོ།། ལས་ཐམས་ཅད་བགྱིད་པ་རྡོ་རྗེའི་ཞགས་པ་དགྲ་ཐམས་ཅད་འཇོམས་པར་བགྱིད་པའི་ཞགས་པ་སྟེང་ངམ། འོག་གར་འཕངས་པར་ཡིད་ལ་བསམས་པ་བཞིན་ཐམས་ཅད་བཅིངས་ནས་དགུག་པར་བགྱིད་དོ།། ཕྱོགས་བཅུར་འཕངས་ཏེ་ཁྲོ་བོའི་རྒྱལ་བོཔོ་བཟླས་ནས་སྐྱེས་པ་འམ། བུད་མེད་དམ། གཞན་གང་ཅིའང་རུང་བ་ཐམས་ཅད་ཞགས་པས་བཅིངས་ནས་མྱུར་དུ་འགུགས་པར་བགྱི་སྟེ་སོམ་ཉི་མི་བགྱིའོ།། གལ་ཏེ་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅི་འམ། འབྱུང་པོ་འམ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཞགས་པས་བཅིང་ནས་མྱུར་དུ་འགུགས་པར་བགྱིད་དེ་སོམ་ཉི་མི་བགྱིའོ།། ཞགས་པ་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། མར་གྱི་ངོའི་ཚེས་བཅུ་བཞིའི་མཚན་མོ་ནམ་ཕྱེད་ན་ཞགས་པ་ཕྱོགས་བཞིར་འཕང་བར་བགྱིའོ།། འཕངས་པ་ཙམ་གྱི་མོད་ལ་བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། གདུག་པ་ཐམས་ཅད་ཞགས་པས་བཅིངས་ནས། རིག་སྔགས་འཆང་གིས་མདུན་ན་མཆིས་ཤིང་། ཇི་སྲིད་འཚོའི་བར་དུ་དབང་དུ་གྱུར་ནས་མཆིས་ཏེ་བྲན་བཞིན་ལས་ཐམས་ཅད་བགྱིད་པར་འགྱུར། བལྟས་པ་ཙམ་གྱིས་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ།། ཞགས་པ་ལ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ལག་པས་ཞགས་པ་བླངས་ཏེ་དུར་ཁྲོད་དུ་ཞུགས་ན་མི་སྣང་བར་འགྱུར་ཞིང་གནས་ཐམས་ཅད་ཀྱི་སྒོ་ཕྱེ་བར་འགྱུར་རོ། ། ཕུག་གི་སྒོར་མཆིས་ནས་རྡོ་རྗེ་ཞགས་པས་བརྡབས་ན་ཕུག་ཐམས་ཅད་ཀྱི་སྒོ་འབྱེད་པར་འགྱུར་ཞིང་། འཁྲུལ་འཁོར་དང་གཏན་པ་ཐམས་ཅད་དུམ་བུར་ཆག་པར་འགྱུར་རོ།། ལམ་ངན་པ་དང་། མི་ངན་པ་དང་། མི་མ་ཡིན་པ་དང་། འབབ་ཆུ་ངན་པ་དང་། སྦྲུལ་དང་། དབུགས་གདུག་པ་དང་། སྲོག་ཆགས་གོ་ན་ས་དང་། གདུག་པ་དང་བཅས་པའི་སྲོག་ཆགས་སུ་གཏོགས་པ་ཐམས་ཅད་མི་གདའ་བར་འགྱུར་རོ།། མི་དྲང་པོ་དང་ལམ་དྲང་པོར་ཇི་ལྟར་རང་གི་གནས་སམ། གཙུག་ལག་ཁང་ངམ། ཁང་པ་བཞིན་དུ་ཞུགས་ནས་དགོས་པ་ཐམས་ཅད་བསྒྲུབས་ཏེ། སླར་ཡང་གནས་ནས་ཕྱིར་ལྡོག་པར་འགྱུར་རོ།། རྡོ་རྗེ་ཞགས་པ་ལས་ཐམས། ཅད་བགྱིད་པ་སྒྲུབ་པའི་ཆོ་གའོ།། ། དེ་ནས་རིག་སྔགས་འཆང་ནོར་བུའི་ཞགས་པ་སྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་ནོར་བུ་སྩལ་བར་བགྱི་སྟེ། རྡོ་རྗེ་འམ། བཻ་ཌཱུཪྻ་འམ། ཤེལ་རང་བྱུང་ངམ། མར་གད་དམ། ཨིནྡྲ་ནཱི་ལ་སོར་མོའི་ཚིགས་པ་བས་ལྷག་ཙམ་ཤིན་ཏུ་ཕྱིས་པཾ། ཤིན་ཏུ་ཡོངས་སུ་དག་པར་བགྱིས་པ། གསེར་གྱི་མེ་ཏོག་གི་ཚུལ་དུ་བགྱིས་པ། མུ་ཏིག་གིས་དཀྲིས་པ། གེ་སར་ཁ་བྱེ་བ། ཙམ་པ་ཀའི་མེ་ཏོག་ཇི་ལྟ་བ་དེ་བཞིན་དུ་བགྱིས་ལ། རས་བཟང་པོའི་སྐུད་པ་ཚོན་རྩིས་དབྱེས་པས་ཁ་སྦྱར་བ། ཤིན་ཏུ་ཚད་ལ་བབ་པར་བཀལ་བ། ཁྲུ་ཉི་ཤུ་རྩ་གཅིག་པ། སོར་མོ་གུང་མོའི་ཚད་ཙམ་གྱི་ནོར་བུས་བརྒྱན་ལ། ཐོར་ཏོ་ཅིག་ཤོས་སུ་ནི་ནོར་བུའམ་གསེར་ལས་བགྱིས་པའི་ལྕགས་ཀྱུ་གདགས་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གཙངས་གོས་གཙང་མ་བགོ་བར་བགྱིའོ། ། ལེགས་པར་བཀྲུས་ནས་པའི་རྣམ་ལྔས་ཉེ་རེག་བགྱིའོ།། དེའི་འོག་ཏུ་རི་མོའི་གཟུགས་ཀྱི་མདུན་དུ་སྤོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཚད་དང་ལྡན་པ་བགྱིས་ལ། གྲཝ་བཞིར་བུམ་པ་གང་བ་བཞག་ཅིང་པོ་གཔོར་གྱི་སྣོད་པཤམས་ནས་ཨ་ཀེ་རུའི་བདུག་པ་དང་། ཙན་དན་དང་། དུ་རུ་ཀའི་བདུག་པ་དབུལ་བར་བགྱིའོ།། དཀྱིལ་འཁོར་གྱི་དབུས་སུ་ཆོས་ཀྱི་སྟན་བབང་པོ་ཚད་དང་ལྡན་པ་བཤམས་ལ། བ་དན་སྣ་ཚོགས་ཀྱིས་དཀྱིལ་འཁོར་བསྐོར་བར་བགྱིའོ།། མེ་ཏོག་སིལ་མ་དང་། དྲི་དང་། རོལ་མོའི་ཆ་བྱད་དག་དགོད་པར་བགྱིའོ།། རིག་སྔགས་འཆང་གིས་ཟས་དཀར་གསུམ་འཚལ་བར་བགྱིའོ། ། བཏུང་བ་ངན་པ་དང་། ཁ་ཟས་ངན་པ་དང་། གནས་ངན་པ་དང་། ལྷག་མ་དང་སྤགས་པ་རྣམས་ཡོངས་སུ་སྤང་བར་བགྱིའོ།། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཉི་ཁྲི་ཚིག་སྟོང་བཟླས་ནས་ལག་པ་གཡས་པས་ཆོས་ཀྱི་སྟན་གྱི་སྟེང་དུ་བཞག་པའི་ཞགས་པ་ལ་མནན་ནོ། ། ལན་ཉི་ཁྲི་ཚིག་སྟོང་ཚང་བ་དང་། དེ་ནས་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་ཚང་བར་བཟླས་ཏེ། ཡུངས་ཀར་རེ་རེ་ནས་དབང་བསྐུར་བར་བགྱིའོ།། ལན་སྟོང་རྩ་བརྒྱད་ཆང་བ་དང་། རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བགྱིའོ། ། བཅོམ་ལྡན་འདས་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལའང་མཆོད་པ་རྒྱ་ཆེར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཚེས་བཅོ་ལྔའི་ཉལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ནས་མཆོད་པ་རྒྱ་ཆེར་བགྱིས་སྟེ། མཆོད་པའི་ཡོ་བྱད་གང་ཅིའང་རུང་བ་དེ་དག་ཐམས་ཅད་ལ་རེ་རེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཉི་ཤུ་རྩ་རེ་རེ་བཟླས་བརྗོད་བགྱིས་ནས་དབུལ་བར་བགྱིའོ། ། དེ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་ཉིན་མཚན་ཀུན་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་རེ་རེ་ནས་བརྡེག་པར་བགྱིའོ། ། ལན་སྟོང་རྩ་བརྒྱད་ཚང་བ་དང་། ས་ཆེར་གཡོ་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་དག་འབྱུང་བར་འགྱུར་རོ། ། ནོར་བུའི་ཞགས་པ་དེའང་འབར་བར་འགྱུར་རོ།། རིག་སྔགས་འཆང་གི་མགོ་བོའང་འབར་བར་འགྱུར་རོ།། འབར་བ་ཙམ་གྱི་མོད་ལ་རིག་སྔགས་འཆང་གིས་ལག་པ་གཡས་པས་ནོར་བུའི་ཞགས་པ་བླངས་པ་ན་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། ། དེ་ནས་འཕགས་པ་སྨན་རས་གཟིགས་དབང་ཕྱུག་ལྷའི་བདག་ཉིད་ཀྱི་རང་བཞིན་གྱིས་རིག་སྔགས་འཆང་གི་མདུན་ན་མཆིས་པར་འགྱུར་རོ།། ། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་འཕགས་པ་སྤྱན་རས་གཟིགས་འོད་ཀྱི་རྒྱལ་པོའི་སྐུ་གསེར་གྱི་ཁ་དོག་གིས་ནམ་མཁའ་ལ་རྫུ་འཕྲུལ་གྱིས་བཞུགས་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར། ཕྱག་དཔུང་པ་གསེར་གྱི་ཁ་དོག་འདྲ་བ་བརྐྱང་བའི་ཕྱག་གིས་རིག་སྔགས་འཆང་གི་མགོ་བོར་བཞག་ནས་རིག་སྔགས་འཆང་ལ་དབུགས་འབྱིན་པར་མཛད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དོན་ཡོད་པའི་ཞགས་པ་རྣམ་པར་དག་པ་གྲུབ་པོ།། ཁྱོད་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལས་སྒྲུབ་པའི་ཆོ་ག་བླ་ན་མེད་པ་གྲུབ་སྟེ། རིག་སྔགས་འཆང་གིས་འདོད་དགུར་སྒྱུར་བ་ཐམས་ཅད་དེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་གྲུབ་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི། གས་པ་ཐོགས་ནས། རིག་སྔགས་འཆང་གིས་འབད་མི་དགོས་པར་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དོན་ཡོད་པའི་ཞགས་པའི་གྲུབ་པའི་རང་བཞིན་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་པ་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པ་ལ་ལྟོས་ཤིག། ཡིད་ལ་ཇི་ལྟར་བསམས་པ་བཞིན་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ལ་ལྟོས་ཤིག། རིག་སྔགས་འཆང་ཁྱོད་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སོང་ཞིག། འོན་ཏེ་བདེ་བ་ཅན་ལྟ་བར་འཚལ་ལམ། ཇི་ལྟར་དེ་བཞིན་གཤེགས་པ་ལ་འོས་པའི་ལྷ་རྫས་ཀྱིས་མཆོད་པར་འཚལ་ལམ། དེ་བཞིན་གཤེགས་པ་ལ་མཆོད་པའི་སྤྲིན་གྱིས་མཆོད་པར་འཚལ་ལམ། ལྷའི་མེ་ཏོག་དང་། ལྷའི་དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། ལྷབ་ལྷུབ་དང་། རྒྱན་དང་། གོས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་སྤྱི་བོའི་གཙུག་ཏུ་དྲིའི་དཀྱིལ་འཁོར་བགྱི་ལ་མེ་ཏོག་དང་བདུགས་པའང་དབུལ་བར་བྱ། ཡིད་བཞིན་གྱི་ནོར་བུ་ཆེན་པོ་དོན་ཡོད་ཞགས་པའི་མཆོག་འདི་ལག་པ་གཡོན་པས་མནན་ལ། ལག་པ་གཡས་པས་དོན་ཡོད་ཡིད་བཞིན་ནོར་བུའི་མཆོག་བཟུང་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འདི་ལྟ་བུའི་ཡིད་ལ་བགྱིས་པ་ཆེན་པོ་ཇི་ལྟ་བུའི་བསམ་པ་ཡིད་ལ་བགྱིད་པ་དེ་ལྟ་བུའང་བསམས་ནས་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་ཏེ་ཕྱག་བགྱིའོ། ། ཡིད་བཞིན་གྱི་ནོར་བུ་ཆེན་པོ་རྒྱ་ཆེན་དོན་ཡོད་པ་འདི་བཟླས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོས་ཡོངས་སུ་གདུངས་པའི་སྙིང་གིས་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིས་ནས་གསང་སྔགས་བཟླས་བརྗོད་བཀྱིས་འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་ལྔ་པ། ། །། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་མཐའ་ཡས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་འབྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བློ་གྲོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ།། གནས་ཀྱི་མཆོག་དགའ་ལྡན་ན་གནས་པ་འཕགས་པ་བྱམས་པ་ལ་སོགས་པ་ཚོགས་དང་བཅས་པའི་མཆོག་ལ་ཕྱག་འཚལ་ལོ། ། བདེ་བ་ཅན་གྱི་དཀྱིལ་འཁོར་ན་བཞུགས་པ་དེ་བཞིན་གཤེགས་པ་འཕགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷའི་བུ་གཟུགས་སྣ་ཚོགས་མངའ་བ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ་ཡཱ། ཨོཾ་མ་ཧཱ་པདྨ་ཙནྡྲ་མ་ཎི་མ་ཎི། ཨ་མོ་གྷ་མ་ཎི་སུ་མ་ཎི། མ་ཧཱ་མ་ཎི། སརྦ་ཏ་ཐཱ་ག་ཏ་ཨ་ལཾ་ཀཱ་ར། མ་ཧཱ་ཨ་མོ་གྷ་མ་ཎི། ཙ་ར་ཙ་ར་སཉྩ་ར། ནི་ཤ་ཙ་ཙ་རེ་ཤྭ་ར་མ་ཧཱ། པདྨ་བྷུ་ཛ་བ་ར་ད། མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་བི་ཤྭ་རཱུ་པ་དྷ་ར། པྲ་བ་ར་མ་ཧཱ་བོ་དྷི་སཏྭ་པདྨ་དྷར་པདྨ་ཨཱ་སན་པདྨ་མ་ཀུ་ཊ། མཱ་ལཱ་དྷ་ར། པདྨ་གཽ་ར། པདྨ་ཨ་ལཾ་ཀྲི་ཏ་ཏ་ནུ་ས་ཧ་སྲ་བྷུ་ཛ་ས་ཧ་སྲ་ནེ་ཏྲ། ནཱ་ནཱད་བྷུ་ཏ། པྲ་བ་ར་ཎ། མུ་དྲ་བི་བྷུ་ཥི་ཏཱ་སི་ཧ་སྲ་བྷུ་ཛ། ཛ་ཡ་ཛ་ཡ། ཤ་ཏ་ས་ཧ་སྲ་རཤྨི་པྲ་ཏི་མཎྜི་ཏ་ཤ་རཱི་ར། བྷ་ར་བྷ་ར། བི་ཙི་ཏྲ། ཨཱ་བྷ་ར་ཎ་དྷ་ར། མ་ཎི་ཀ་ན་ཀ། བཛྲ་བཻ་རཱུརྻ། མ་ར་ཀ་ཏ། ཨིན་དྲ་ནཱི་ལ་པདྨ་ར་ག་བྷུ་ཥི་ཏ་ཤ་རཱི་ར། ཙི་རེ་ཙི་རི། བི་ཙི་ཏྲ། ཙ་རཎཱ། མ་ཧཱ་བོ་དྷི་སཏྭ་བ་ར་ད་བྲཧྨ། བིཥྞུ་མ་ཧེ་ཤྭ་ར། རཱུ་པཱ་དྷ་ར། པདྨེ་ཤྭ་ར་ལོ་ཀེ་ཤྭ་ར། ཨ་ནཏྟེ་ཤྭ་ར། ཡ་མ་བ་རུ་ཎ། ཀུ་བེ་ར་རྀ་ཥི་ག་ཎ་ཀུ་མཱ་ར། སེ་ནཱ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། མ་ཧཱད་བྷཱུ་ཏ་བེ་ཥ་དྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་བྷིཀྵྨཱི་ས་མཱ་ཡ་མ་ནུ་སྥ་ར་བྷ་ག་བནྡ། བྷཱ་ར་ཡ་མེ་ཨཱ་ཏཱ་ཤཱཏྟ་ར་ཡ་པཱ་རད། ཤཱ་ཡ་ཡཱ་སཏྭཱཾ། ཏ་རཱ་ད་ཡ་དུནྡྷ་ནཱ་པཱ་ཏ་ཡ་བིསྠཱན། མཱ་ར་ཡ་ཏྲི་དོ་ཤྲ་མཱ་ལ~ཾ། ས་ས་ར། པཱ་བཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སི་དྷྱ་སི་དྷྱ། མ་ཧཱ་ཙིན་ཏཱ་མ་ཎི། ཨ་མོ་གྷ་པཱ་ཤ་དྷ་ར། སཱ་དྷ་ཡ་སཱ་དྷ་ཡ། བི་པུ་ལཾ་སིད་དྷི། མ་མཻ་ཏྲི་བྷུ་བ་ན་དེ་བྷཱ་པྲ་ཡཙྪ་མ་ཧཱ་ཀ་རུ་ཎི་ཀ། བུདྡྷ་བུནྱ་བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷཱ་ཡ། མ་དྷཱུ་པ་ཤུ་པ་ཏི་པཱ་ཤཱ་དྷ་ར། ཨ་ནནྟི་བ་ཀུར་བཱན། རིདྡྷི་སནྣ་རཱ་ཡ། ཏུ་མུ་ཧུ་རུ། ཏ་ར་ཏ་ར། ག་ག་ནེ་བི་པུ་ལ་བི་མཱན། སན་དྷ་རཱིཥིཿ་ནམོ་སྟུ་ཏེ་བི་བུ་ལ་པུ་ཎྱ་ཀོ་ཥ་དྷ་ར། མ་ཧཱ་ཨ་མོ་གྷ་སིད་དྷེ་ཧཱུཾ་ཧཱུཾ། ཨ་བྷི་ཥིཉྩ་ཏུ་མཱཾ། ཏྲི་བྷཱ་བ་ན་དེ་བྱཱ། པི་པུ་ལ་ཀཱིརྟི་ཀ་རེ་སྭཱ་ཧཱ། བྷུ་བ་སྭཱ་ཧཱ། བྷུར་བྷུ་བ་སྭཱཧཱ། ཨ་མོ་གྷ་པི་པུ་ལེ་སྭཱཧཱ། མ་ཧཱ་ཙིན་ཏཱ་མ་ཎི་སིད་དྷེ་སྭཱ་ཧཱ། མ་ཧཱ་ཙིན་ཏཱ་མ་ཎི་སིད་དྷེ་བ་ར་དེ་སྭཱ་ཧཱ། སརྦ་སིད་དྷི་བ་ར་དེ་སྭཱ་ཧཱ། ཨོཾ་བི་པུ་ལེ་ཤྭ་ར། ལོ་ཀེ་ཤྭ་ར། མ་ཧཱ་ཙིནྟཱ་མ་ཎི། མ་ཧཱ་ཨ་མོ་གྷ་སིད་དྷེ་ཧཱུཾ་ཕཊ་སྭཱ་ཧཱ། དོན་ཡོད་ནོར་བུའི་ཞགས་པ་ཆེན་པོ་འདི་ལན་བརྒྱ་རྩ་བརྒྱད་བཟླས་མ་ཐག་ཏུ་རིག་སྔགས་འཆང་གི་ལུས་ཐམས་ཅད་འབར་བར་འགྱུར་རོ། ། དོན་ཡོད་པའི་ཞགས་པ་ལག་པས་མནན་ན་ནམ་མཁའི་ངོས་ལ་རྫུ་འཕྲུལ་གྱིས་མཆི་བར་འགྱུར་རོ། ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་འདྲ་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་སྟོན་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་བདེ་བ་ཅན་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས། པ་འོད་དཔག་མེད་ཀྱང་ཚོགས་དང་བཙས། འཁོར་དང་བཅས། བྱང་ཆུབ་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་དང་གཞལ་མེད་ཁང་མཆོག་དང་བཅས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་མཐོང་བར་འགྱུར་རོ། ། བདེ་བ་ཅན་གྱི་གནས་མཐའ་དག་ཏུ་མཆོད་པའི་ཆར་གྱི་སྤྲིན་ཆེན་པོ་འབྱུང་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་མཐུས་མཆོད་པའི་སྤྲིན་ཆེན་པོར་གནས་པར་འགྱུར་རོ།། བདེ་བ་ཅན་ན་གནས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ།། རིག་སྔགས་འཆང་དེས་ཀྱང་སྒྲ་དེ་དག་ཐམས་ཅད་ཐོས་པར་འགྱུར་ཞིང་མཆོད་པའི་ཆར་ཆེན་པོའང་མཐོང་བར་འགྱུར་རོ། ། གལ་ཏེ་རིག་སྔགས་འཆང་ནམ་མཁའ་ལ་འབེབས་པར་འཚལ་ན། དེའི་ཚེ་བསམས་པ་ཙམ་གྱིས་འབེབས་པར་འགྱུར་རོ། ། འོན་ཏེ་མི་འཚལ་ན་ནམ་མཁའ་དེ་ཉིད་ན་ནམ་མཁའ་ལ་གྲུབ་པ་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་དོན་ཡོད་རྒྱ་ཆེན་གྲུབ་པ་ཡིད་བཞིན་ནོར་བུ་ལག་པ་ཞེས་བྱ་བའི་འཁོར་ལོས་སྒྱུར་བ་མཆོག་ཏུ་འགྱུར་རོ། ། དཔག་ཏུ་མ་མཆིས་པའི་འཁོར་ལོས་སྒྱུར་བའི་རིག་སྔགས་འཆང་གིས་ཡོངས་སུ་བསྐོར་བར་འགྱུར་རོ།། ཚེ་བསྐལ་པ་ཆེན་པོ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་སུ་འགྱུར་རོ། ། འོན་ཏེ་བབས་ན་ལོ་ཁྲིར་འཚོ་བར་འགྱུར་རོ།། འཇིག་རྟེན་དབང་ཕྱུག་དང་འདྲ་བར་མཆོད་པ་དང་གུས་པ་ཆེར་བགྱིད་པར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོར་གཅིག་པུར་འགྱུར་རོ།། ། ལྷ་རྣམས་ཀྱང་བབས་ནས་རིག་སྔགས་འཆང་དེ་ལ་མཆོད་པའི་མཆོག་རྒྱ་ཆེན་པོ་དག་བགྱིད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་མངོན་པར་དགའ་བར་འགྱུར་རོ།། མཆོད་པའི་འོས་སུའང་འགྱུར་རོ། ། ལྔ་ཐམས་ཅད་ཀྱིས་ཀྱང་ཀུན་ཏུ་སྲུང་ཞིང་ཕྱག་བགྱི་བའི་འོས་སུ་འགྱུར་རོ།། ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་འགྱུར་རོ།། གལ་ཏེ་རིག་སྔགས་འཆང་ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་དང་བཅས་པ་ལ་མཆོད་པ་བགྱིད་པར་འཚལ་བའམ། ཕྱོགས་བཅུ་དུས་གསུམ་དུ་གཏོགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་རྫོགས་པར་འཚལ་བའམ། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འཚལ་བའམ། ལྷའི་ཟས་ཀྱི་མཆོག་རོ་བྲོ་བའི་མཆོག་དང་ལྡན་པའི་བཟའ་བ་དང་། ལྷའི་བཅུད་ཀྱིས་ལེན་གྱི་མཆོག་གིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་བསྟབས་པར་འཚལ་བ་འམ་སྦྱིན་པ་མང་པོ་དང་ཆེན་པོ་གཏོང་བར་འཚལ་བའམ། ཉིན་རེ་ཞིང་མཆོད་པའི་སྤྲིན་བགྱིད་པར་འཚལ་ན་རིག་སྔགས་འཆང་དེས་ལེགས་པར་བཀྲུས་ཏེ། གཙང་མས་གོས་གཙང་མ་བགོས་ནས་ཅི་འབྱོར་པས་དཀྱིལ་འཁོར་གྲུབ་བགྱི་བ་བཞི་པ་བགྱིས་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མེ་ཏོག་དང་བདུག་པའང་དབུལ་བར་བགྱིའོ། ། པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཞགས་པ་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བགྱིའོ།། ཡིད་བཞིན་གྱི་ནོར་བུ་ཆེན་པོ་རྒྱ་ཆེན་དོན་ཡོད་འདིའང་མཆོད་པར་བཀྲུའོ།། འཕགས། པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ལན་བདུན་བཟླས་པར་བགྱིའོ།། ཡིད་ལ་བགྱིད་པ་ཡངས་པ་རྒྱ་ཆེན་པོ་མཆོད་པའི་སྤྲིན་ཆེན་པོ་དང་། སྦྱིན་གཏོང་ཆེན་པོ་དང་། ཁ་ཟས་དང་། བཏུང་། དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། བརྒྱན་དང་། ལྷབ་ལྷུབ་དང་། རྒྱན་འཕྱ་དང་། རོལ་མོ་དང་། སིལ་སྙན་དང་། ཕེག་རྡོབ་དང་། རིན་པོ་ཆེའི་ལྗོན་ཤིང་དང་། འབྲས་བུའི་ལྗོན་ཤིང་དང་། མེ་ཏོག་གི་ལྗོན་ཤིང་དང་། མར་མེའི་ལྗོན་ཤིང་དང་། དཔག་བསམ་གྱི་ལྗོན་ཤིང་ཡིད་ལ་བགྱི་སྟེ། གསང་སྔགས་ཀྱི་གཟུངས་བཟླས་ནས་ཇི་ལྟར་ཡིད་ལ་བསམས་ཤིང་དོན་དུ་གཉེར་བ་བཞིན་ཕྱོགས་བཅུར་འཕངས་ན། དེའི་ཚེ་ཕྱོགས་བཅུར་དུས་གསུམ་དུ་གཤེགས་པ་དཀྱིལ་འཁོར་མཐའ་དག་ཏུ་གཏོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མ་མཆིས་པར། ཅི་བསམས་པ་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་སྤྱན་སྔར་མཆོད་པའི་ཆར་གྱི་སྤྲིན་ཆེན་པོ་འབྲང་བར་འགྱུར་རོ། ། དེ་བཞིན་དུ་མཁོ་བའི་ཡོ་བད་ཐམས་ཅད་ཀྱི་མཆོད་པ་ཆེན་པོ་མཚང་བ་མ་མཆིས་པ་འབྱུང་བར་འགྱུར་རོ།། དེ་བཞིན་མཐུ་ཆེན་པོ་འཚ་བུ་རྒྱ་ཆེན་དོན་ཡོད་ལ་མཆོད་པའི་གཟུངས་བཟླས་ཤིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འདིའང་ཉིན་གཅིག་བཞིན་དུ་ཐུན་གསུམ་དུ་ལ་ན་གསུམ་དུ་བཟླ་བར་བགྱིའོ། ། དེས་ན་རིག་སྔགས་འཆང་གིས་དུས་གསུམ་དུ་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་དག་མཉེས་པར་བགྱིས་པ་དང་། མཆོད་པ་བགྱིས་པ་དང་། རིམ་གྲོ་བགྱིས་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོའི་ཚོགས་ཆེན་པོ་དང་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ།། དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་རིག་སྔགས་འཆང་ལ་དྲན་པ་དང་། བློ་གྲོས་དང་། སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་སྩོལ་བར་མཛད་དོ།། ཉིན་གཅིག་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ།། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། རྟག་ཏུ་མཆོག་སྦྱིན་པ་མཐོང་བར་འགྱུར་རོ།། མཐོང་བའི་ཆོས་ལ་འཁོར་བའི་སྡུག་བསྔལ་འཇིགས་པ་འཇིགས་སུ་རུང་བ་དང་། སྐྲག་པ་དང་། སྡང་བ་རྣམས་རྣམ་པར་ཞི་བར་འགྱུར་རོ།། ནད་ཀྱི་ཀྱང་གནོད་པར་མི་འགྱུར་རོ།། རིམས་ཀྱིས་མ་ལགས། དུག་གིས་མ་ལགས། དུག་སྦྱར་མས་མ་ལགས། སྦྱོར་བས་མ་ལགས། མཚོན་གྱིས་མ་ལགས། མེས་མ་ལགས། ཆུས་མ་ལགས་ཏེ། ལུས་ལ་གསེར་བ་འབབ་པར་མི་འགྱུར་རོ།། དགྲས་འཇིགས་པར་མི་འགྱུར་ཏེ། ཕ་རོལ་གྱི་དཔུང་གི་འཇིགས་པས་མ་ལགས། ཕ་རོལ་གྱི་སྡེའི་འཇིགས་པས་མ་ལགས། ཕས་ཀྱི་རྒོལ་བ་དང་མི་མཛའ་བའི་འཇིགས་པས་མ་ལགས། ལྷའི་འཇིགས་པས་མ་ལགས། ཀླུའི་འཇིགས་པས་མ་ལགས་ཏེ། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། མཁའ་འགྲོ་མ་དང་། འདོད་དགུར་སྒྱུར་བ་དང་། སྦྱོར་བ་རྩུབ་མོའི་འཇིགས་པ་འབྱུང་བར་མི་འགྱུར་རོ། ། དཔག་ཚད་གཅིག་གི་ནང་ཚུན་ཆད་གཟུང་བར་མི་ནུས་ཤིང་རྒྱང་རིང་པོར་འབྲོས་པར་འགྱུར་ཏེ། དེ་ལ་བགེགས་བགྱིད་པར་མི་འགྱུར་རོ།། གང་དག་མནར་མེད་པར་གནས་པར་འགྱུར་བའི་སེམས་ཅན་ནམ། མཚམས་མེད་པ་ལྔ་བགྱིད་པ་འམ། འཕགས་པ་ལ་སྐུར་པ་འདེབས་པ་འམ། དམ་པའི་ཆོས་སྤོང་བ་འམ། བསྐལ་པ་བྱེ་བར་བསགས་པའི་ལས་ཀྱི་སྒྲིབ་པས་ལུས་ཡོངས་སུ་དཀྲིས་པ་གང་ལགས་པ་དེའང་མཐོང་བའི་ཆོས་ལ་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་གཏུགས་པར་འགྱུར། ཡོངས་སུ་གྲོལ་བར་འགྱུར་རོ།། གལ་ཏེ་ཚིག་གཞན་མི་སྨྲ་བར་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིད་ཅིང་སྨྱུང་པ་ལན་ཅིག་བགྱིས་ཏེ་བཟླས་བརྗོད་བྱས་ན། དེ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་འཁོར་བར་སྐྱེ་བ་ལས་ཕྱིར་ལྡོག་པར་འགྱུར། གཟུངས་ཀྱི་བཟླས་བརྗོད་ཀྱིས་ལས་ཀྱི་སྒྲིབ་པ་སྔ་མ་རྣམས་ཀྱང་འབྱུང་བར་འགྱུར་ཞིང་། བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་རྣམས་ཉམས་པར་འགྱུར་རོ།། འཁོར་བའི་ཉེས་པས་ཕྱིར་ཡང་གོས་པར་མི་འགྱུར་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱིས་པདྨ་བཞིན་དུ་གོས་པར་མི་འགྱུར་རོ། ། མཐོང་བའི་ཆོས་ལ་ས་ལྔ་པ་ཐོབ་པར་འགྱུར་རོ།། བསྟེན་པ་ཙམ་མམ། མོ་གའི་བཟླས་བརྗོད་ལ་ངེས་པར་གནས་ན་ཕྱིར་མི་ལྡོག་པའི་གནས་འཐོབ་པར་འགྱུར་རོ།། དྲན་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་བཅུའི་རྗེས་སུ་མཆི་བར་འགྱུར་རོ།། ཉིན་གཅིག་བཞིན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་མཐོང་བའི་ཆོས་ལ་ཀུན་ཏུ་བཟང་པོ་ཉིད་འཐོབ་པར་འགྱུར་རོ། ། གསང་སྔགས་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། དམ་ཚིག་ཐམས་ཅད་ལ་ཞུགས་པར་འགྱུར་རོ།། ཡང་དག་པར་བསྐྱེད་པ་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་འགྱུར་རོ།། རིག་སྔགས་འཆང་མཐོང་བ་ཙམ་གྱིས་མནར་མེད་པར་གནས་པ་རྣམས་ཀྱི་སྡིག་པ་རྣམ་པར་འཇིག་པར་འགྱུར་རོ།། ཆུང་ངུན་རིག་སྔགས་འཆང་དུར་ཁྲོད་དུ་ཞུགས་ནས་གུམ་པའི་རུས་པའམ། གུམ་པའི་ཤའམ། གུམ་པའི་རོ་རུལ་པའམ། གུམ་པའི་ཞུན་ནམ། ཆུང་ངུ་ན་གུམ་པའི་གོས་བོར་བ་འམ། རྩིག་པའི་རི་མོ་ལ་རིག་སྔགས་འཆང་དེའི་གྲིབ་མས་ཕོག་པར་འགྱུར་ན། སེམས་ཅན་གང་དང་གང་གི་དམྱལ་བར་གཞོལ་བར་གྱུར་པ་དེ་དང་དེ་ནས་མོད་ལ་ཐར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ལ་ཡིད་གཉིས་སམ་སོམ་ཉི་བསྐྱེད་པར་མི་བགྱིད་ན། གང་དག་ཆེ་མང་དུ་ལྷག་པར་བགྱིད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། གང་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་བསྙེན་པ་འམ། དགེ་བསྙེན་མ་དད་པའི་རྗེས་སུ་འབྲང་བ་འགའ་ཞིག་བཟུང་འདི་འཆང་བར་བགྱིད། རྗོད་པར་བགྱིད། ཀློག་པར་བགྱིད། གདོན་པར་བགྱིད། སེམས་པར་བགྱིད། སྒོམ་པར་བགྱིད།། མཆོད་པར་བགྱིད། འདྲི་བར་བགྱིད། འདྲིར་འཇུག་པར་བགྱིད་ན། དེ་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། མཐོང་བའི་ཆོས་ལ་ཡོན་ཏན་ཆེན་པོ་བརྒྱ་སྟོང་མང་པོ་འཐོབ་པར་འགྱུར་རོ། ། འདི་ཉིད་བཅངས་ན་མཐོང་བའི་ཆོས་ལ་དགེ་བའི་རྩ་བའི་ཚོགས་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འགྱུར་རོ། ། གཟུང་འདི་ཉིད་རེ་ཞིག་ཀུན་ཆུབ་པར་བགྱིས་ནས་མཁོ་བའི་ཡོ་བྱད་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། དགོས་པ་མང་པོས་གྲིམས་པར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་རིག་སྔགས་འཆང་དོན་ཡོད་ཡིད་བཞིན་ནོར་བུའི་ཞགས་པ་བསྒྲུབས་ནས་ཡིད་ལ་བསམས་ཏེ། བསམས་པའི་ལས་ཐམས་ཅད་བགྱིས་ན་ཐམས་ཅད་འགྲུབ་པར་འགྱུར། དགོས་པ་དང་བགྱི་བ་ཐམས་ཅད་གྲུབ་པར་འགྱུར་རོ། ། ཇི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་མངོན་སུམ་དུ་མཐོང་ནས་ལུང་བསྟན་པ་བཞིན་དུ་དོན་ཡོད་པའི་ཡིད་བཞིན་ནོར་བུའི་ཞགས་པ་འདི་དེ་བཞིན་དུ་བལྟ་བར་བགྱི་སྟེ། འདི་ལ་ཡིད་གཉིས་མི་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཞོགས་པ་མགྲིན་པར་བཏགས་ལ་ལག་པ་གཡས་པས་ནོར་བུ་བླངས་ཏེ། ལག་པ་གཡོན་པས་ལྕགས་ཀྱུ་བླངས་ན་མི་གདའ་བར་གྱུར་ནས་གར་དགའ་བ་དེར་འཇུག་པར་འགྱུར་ཏེ། མཚན་མོའང་ནོར་བུའི་འོད་ཀྱི་སྣང་བས་ཉིན་པར་ཇི་ལྟ་བ་བཞིན་དུ་འགྱུར་རོ།། ཐམས་ཅད་དུ་ལྷའི་གནས་སུ་འཇུག་པ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅིའི་གནས་དང་། ལྟོ་འཕྱེ་ཆེན་པོའི་གནས་དང་། རི་སུལ་གྱི་ཕུག་དང་། རི་དང་། ནགས་ཚལ་དང་། ཐང་གི་སྒོ་རྣམས་འབྱེ་བར་འགྱུར་ཞིང་། ཐམས་ཅད་དུ་མི་མངོན་པར་ཞུགས་ནས་སླར་ཡང་ལྡོག་པར་འགྱུར་རོ།། ཞིང་ཅི་འཚལ་བ་དེ་བགྱིད་པར་འགྱུར་རོ།། མི་རྣམས་ཀྱི་ནང་དུ་ལྷའི་ཚེ་ལོ་བརྒྱར་འཚོ་བར་འགྱུར་རོ། ། ཉོན་མོངས་པ་དང་ཉེས་པའི་སྐྱོན་ཐམས་ཅད་སྤངས་པར་འགྱུར། འོན་ཏེ་རིག་སྔགས་འཆང་གིས་གྲུབ་པའི་དོན་ལ་བརྟག་པར་འཚལ་ན། ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་ལེགས་པར་ཁྲུས་བགྱིའོ། ། གཙང་མས་གོས་གཙང་མ་བགོ་བར་བགྱིའོ།། གཙང་མའི་གནས་སམ་ཕྱོགས་སུ་བའི་ལྕི་བ་སྟེ་བའི་རྣམ་ལྔས་ཡོངས་སུ་སྦྱང་བར་བགྱིའོ།། གནས་དེའི་ནང་ལོགས་ཀྱི་དབུས་སུ་དྲིའི་དཀྱིལ་འཁོར་བགྱིའོ། ། མེ་ཏོག་སིལ་མ་དགྲམ་ཞིང་བུམ་པ་གང་བས་བརྒྱན་ཅིང་སྤོས་སྣ་ཚོགས་ཀྱིས་བསྒོས་པའི་བདུག་པ་གཞག་པར་བགྱིའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་སྟན་བཟང་པོ་བཤམས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ཞགས་པ་སྦྲུལ་འཁྱིལ་བའི་ཚུལ་དུ་ཟླུམ་པོ་བསྐྱིལ་ནས་བཞག་པར་བགྱིའོ།། དབུས་སུ་ནོར་བུ་གཞག་པར་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་མཆོད་པར་བགྱིའོ།། དོན་ཡོད་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། ། དེ་ནས་དོན་ཡོད་ཡིད་བཞིན་ནོར་བུའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དེའི་འོག་ཏུ་ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀའི་བདུག་པ་དབུལ་ཞིང་ནོར་བུ་ལ་བརྟག་པར་བགྱི་སྟེ། ཞགས་པ་དང་དེ་ཐམས་ཅད་ནོར་བུའི་ནང་ནས་གདའ་བར་འགྱུར་རོ།། དེ་བཞིན་གཤེགས་པ་གདའ་བ་འམ། བྱང་ཆུབ་སེམས་དཔའ་གདའ་བ་འམ། ལྷ་གདའ་བ་འམ། ཀླུ་གདའ་བ་འམ། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་གདའ་བ་འམ། འབྱུང་པོ་དང་། ལྟོ་འཕྱེ་ཆེན་པོ་གདའ་བ་འམ། གཡུལ་འགྱེད་པ་གདའ་བ་འམ། ཚེ་རིང་བ་གདའ་བའམ། ཚེ་ཉམས་པ་གདའ་བ་འམ། ཚེ་འཕོས་པ་གདའ་བ་འ་རྒྱལ་སྲིད་གདའ་བ་འམ། གྲོང་འཐོབ་པའམ། ཡུལ་འཐོབ་པའམ། གྲོང་ཁྱེར་འཐོབ་པ་འམ། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། ཤང་ཀ་ཤི་ལ་དང་། བྱུ་རུ་དང་། ཀ་ལེ་སྦྲམ་དང་། དངུལ་དང་། གོས་དང་། ལྷབ་ལྦུབ་དང་། རྒྱན་གདའ་བ་འམ། ནོར་སྒྱུར་བ་སྨ་བ་འམ། མིག་འཕྲུལ་སྨྲ་བ་འམ། ཞིང་སྨྲ་བ་འམ། གཏེར་སྨྲ་བའམ། འབྲུ་སྨྲ་བ་འམ། བུད་མེད་འཕྲོག་པ་འམ། ལས་སྒྲུབ་པའམ། གསང་སྔགས་འགྲུབ་པ་འམ། དབང་དུ་བགྱི་བ་འམ། ངོ་མཚར་བ་དེ་དག་ཐམས་ཅད་ནོར་བུའི་ནང་ན་གདའ་བར་འགྱུར་ཞིང་། དགེ་བ་འམ་མི་དགེ་བ་དེ་དག་ཐམས་ཅད་ཀྱང་གདའ་བར་འགྱུར་རོ།། ལོ་འམ། ལོ་ཕྱེད་དམ། གནོད་པ་འམ། འཚེ་བ་འམ། ཡམས་སམ། མི་ངས་སམ། མི་ངས་ཆེན་པོ་འམ། ཕྱུགས་ངས་སམ། གོར་རམ། རྟ་ནད་དམ། གླང་པོ་ཆེའི་ནང་ངམ། རང་གི་དཔུང་ངམ། གཞན་གྱི་དཔུང་གི་འཇིགས་པ་དང་སྐྲག་པ་ཆེན་པོ་དེ་དག་ཐམས་ཅད་མེ་ལོང་གི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་གདའ་བར་འགྱུར་ལགས་སོ། ། གང་བསམས་ཤིང་གང་གཉེར་བར་འགྲུབ་པའམ། མི་འགྲུབ་པའམ། དགེ་བའམ། མི་དགེ་བ་ཐམས་ཅད་གདའ་བར་འགྱུར་ཏེ། དེ་ལ་ཐེ་ཙོམ་དང་། ཡིད་གཉིས་དང་། སོམ་ཉི་མི་བགྱི་སྟེ། དངོས་པོ་དོན་ཡོད་གཞན་དུ་མི་འགྱུར་རོ།། ཆར་མི་འབབ་པའི་དུས་སུ་ཀླུའི་གནས་སུ་ནོར་བུ་གཞག་ན་ཅི་ཙམ་འཚལ་བར་ཆར་གྱི་རྒྱུན་འབབ་པར་འགྱུར་རོ། ། ཧ་ཅང་ཆར་ཆེས་ན་ནམ་མཁའ་ལ་ནོར་བུ་བསྟན་ན་ཆར་ཆེན་པོ་འཆད་པར་འགྱུར་རོ།། ཉི་མ་ཆར་ཀར་ཉི་མ་ལ་བསྟན་ན་ཉི་མ་བབས་ནས་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། ། ཟླ་བ་ཚེས་པ་ལ་བསྟན་ན་ཟླ་བ་བབས་ནས་འདོད་དགུ་ཐམས་ཅད་ཀྱི་མཆོག་སྩོལ་བར་བགྱིད་དོ།། ཆུ་ཀླུང་ཆེན་པོར་བསྟན་ན་རིན་པོ་ཆེ་རྣམས་འབྱུང་བར་འགྱུར་རོ།། ནགས་ཁུང་དུ་བསྟན་ན་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་གང་གཉེར་བ་དེ་ལེན་པར་འགྱུར་རོ།། རི་ཕུག་ཏུ་བསྟན་ན་སྨན་ཐམས་ཅད་འབབ་པར་འགྱུར་ཏེ། ཅི་འཚལ་པ་དེ་བླང་བར་བགྱིའོ། ། འབྲུའི་ཕུང་པོ་ལ་བསྟན་ན་འབྲུ་ཐམས་ཅད་འདུ་བར་འགྱུར་ཏེ། གང་དུ་འཚལ་བ་དེར་འབྱུང་བར་འགྱུར་རོ།། མ་མོའི་གནས་སམ་ནག་པོ་ཆེན་པོ་ལ་བསྐན་མ་ལ་གཅིག་བཞག་ན། ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་དབང་དུ་འགྱུར་ཞིང་དགོས་པ་དང་ལས་ཐམས་ཅད་བགྱིད་པར་འགྱུར་རོ།། རྒྱལ་པོའི་མངོན་སུམ་དུ་བསྟན་ན་ཡན་ལག་བཞིའི་དཔུང་དང་བཅས་པ། བློན་པོའི་ཚོགས་དང་བཅས་པ། བཙུན་མོའི་འཁོར་དང་བཅས་པ། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། ཤང་ཀ་ཤི་ལ་དང་། བྱུ་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་དང་། རྒྱན་དང་། ལྷབ་ལྦུབ་དང་། རྒྱན་འཕྱང་དང་། ཁང་པ་དང་། ངོ་མཚར་དུ་བཅས་པ་དབང་དུ་གྱུར་ནས། ཇི་སྲིད་འཚོ་བའི་བར་དུ་བསྙེན་བཀུར་བགྱིད་པར་འགྱུར་རོ། ། སྐྱེ་བོའི་ཚོགས་ཆེན་པོའི་ནང་དུ་ཞགས་པ་འཕངས་ཏེ། དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུའི་གཟུངས་བཟླས་ན་ཇི་ལྟར་འཚལ་བ་ཡིད་ལ་བསམས་པ་བཞིན་མེ་ཏོག་དང་། འབྲས་བུ་དང་། གཞལ་མེད་ཁང་གི་ཆར་འབབ་པར་འགྱུར་རོ།། རྒྱལ་མཚན་བསྒྲེང་བའི་རྩེ་མོར་བཞག་སྟེ། རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཁྱིམ་གྱི་སྟེང་ངམ་ཁྱམས་སུ་བཞག་ལ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་བསྙེན་གནས་ཀྱིས་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིའོ།། དོན་ཡོད་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བགྱིའོ། ། དེ་ནས་དོན་ཡོད་ཡིད་བཞིན་ནོར་བུའི་གཟུངས་ལན་བརྒྱ་རྩ་བརྒྱད་གསང་བསྟོད་དེ་བཟླས་བརྗོད་བགྱིའོ།། ལན་བརྒྱ་རྩ་བརྒྱད་ཚངས་ནས་ཇི་ལྟར་ཡིད་ལ་བསམ་པ་བཞིན་དུ་ཆར་འབབ་པར་འགྱུར་རོ། ། ནོར་བུ་དང་། འབྲུ་དང་། གོས་དང་། ལྷབ་ལྷུབ་ལ་སོགས་པ་མེ་ཏོག་དང་འབྲས་བུའི་ཆར་འབབ་པར་འགྱུར་རོ།། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། མུ་གེའི་དགོན་པའི་འཇིགས་པ་དང་། ཡམས་དང་། གནོད་པ་དེ་དག་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུས་བས་པར་འགྱུར། ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྩོལ་བར་འགྱུར་རོ།། འཇིགས་པ་དང་ཤ་ཁོ་ན་ཐམས་ཅད་ལས་ཐར་པར་འགྱུར་རོ།། གདུག་པ་ནས། གཅན་གཟན་ཁྲོ་བོ་ཐམས་ཅད་ཀྱི་བར་དུའང་བྱམས་པ་ལ་གནས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་མཐུན་པར་བགྱིད་པར་འགྱུར་རོ།། ཡིད་ཀྱི་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དོན་ཡོད་ཡིད་བཞིན་གྱི་ནོར་བུའི་ཞགས་པ་ཆེན་པོ་སྒྲུབ་པའི་ཆོ་གའོ། ། ། དེ་ནས་རིག་སྔགས་འཆང་རལ་གྲི་དང་ཞགས་པ་སྒྲུབ་པར་འཚལ་ན། རིག་སྔགས་འཆང་གིས་ལྕགས་ཆེན་པོ་ལས་རལ་གྲི་སོར་བཅུ་དྲུག་གི་ཚད་དུ་བགྱིས་ལ། ལག་ཟུངས་ཀྱི་ངོས་དངུལ་ལས་བགྱིས་ཏེ་གསེར་གྱིས་འབར་བར་བྲིའོ།། ཤིང་ཤུན་གྱི་སྐུད་པ་དང་། ཨརྐའི་སྐུད་པ་དང་།། ཁ་ཆེ་དར་གྱི་སྐུད་པ་ལྷན་ཅིག་ཏུ་ཁྲུ་བཅུ་དྲུག་བྱུང་བ་ཤིན་ཏུ་ཚད་ལ་བབ་པར་བཀུམ་པ། སྒྲུབ་པའི་དགོས་པ་ཡོངས་སུ་རྫོགས་པ་ལ་སུམ་སྒྲིལ་དུ་བཀལ་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ལེགས་པར་ཁྲུས་བགྱིས་ཏེ་གཙང་མས་གོས་གཙང་མ་བགོས་ཏེ། ཞགས་པ་དང་རལ་གྲི་མནན་ལ་ལག་པ་གཡས་པས་དཀྱིལ་འཁོར་ལ་བཞས་སྟེ་གཟུང་བར་བགྱིའོ།། ཁྲོས་པའི་ཁྲོ་གཉེར་གྱི་བཞིན་གྱིས་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ཀྱི་མདུན་དུ་ཁྲོ་བོའི་རྒྱལ་པོ་ལན་སྟང་རྩ་བརྒྱད་བརླབ་པར་བགྱིའོ། ། བཟླས་བརྗོད་ལན་སྟོང་རྩ་བརྒྱད་ཚང་ནས་རལ་གྲི་འབར་བར་གྱུར་ནས། རིག་སྔགས་འཆང་ནམ་མཁའ་ལ་འཕུར་བར་འགྱུར་ཞིང་། རལ་གྲི་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་གཙོ་བོ་འཁོར་ལོས་སྒྱུར་བར་འགྱུར་རོ།། གཞན་གྱི་མཐུས་གཟིལ་གྱིས་ནོན་པར་མི་འགྱུར་རོ།། ལོ་ཁྲི་བརྒྱ་སྟོང་དུ་འཚོ་བར་འགྱུར་རོ།། འོན་ཏེ་ལག་པ་གཡོན་པས་ཞགས་པ་བཟུང་ལ་གཡས་པས་རལ་གྲི་བཟུང་སྟེ། ཁྲོས་པས་ཧཱུཾ་ཞེས་བགྱི་བས་མནན་ན་མི་གདའ་བར་གྱུར་ནས་མི་གདའ་བ་དང་། ཞགས་པ་དང་རལ་གྲི་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་གཙོ་བོ་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ།། ཚེ་ལོ་ཁྲི་ཐུབ་པར་འགྱུར་རོ།། འོན་ཏེ་རིག་སྔགས་འཆང་ཁྲོས་པས་རལ་གྲི་བསྐོར་ན་བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་གདག་པ་ཅན་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱི་རིག་སྔགས་བཅད་པར་འགྱུར་རོ།། གཡུལ་གྱི་དབུས་སུ་ལན་ཅིག་བསྐོར་ན་གཡུལ་འགྱེད་པའི་མཚོན་ཆ་ཐམས་ཅད་གཏུབས་པར་འགྱུར། རེངས་པར་བགྱིས་པར་འགྱུར་ཏེ། ཐམས་ཅད་ཕྱོགས་བཅུར་འབྱེར་བར་འགྱུར་རོ།། དུར་ཁྲོད་ཀྱི་ནང་དུ་བསྐོར་ན་དུར་ཁྲོད་ན་གནས་པའི་གདུག་པ་རྒྱུ་བ་ཐམས་ཅད་ཀྱི་རིག་སྔགས་གཏུབས་པར་འགྱུར་ཞིང་གནས་ཐམས་ཅད་སྟོངས་པར་འགྱུར་རོ། ། ཕུག་གི་སྒོར་བསྐོར་ན་འཁྲུལ་འཁོར་དང་སྒོ་གླེགས་ཐམས་ཅད་གཏུབ་པར་འགྱུར་རོ། ། སྒོ་དང་གཏན་པ་ཐམས་ཅད་གཏུབས་པར་འགྱུར་རོ།། གདུག་པའི་མི་མ་ཡིན་པ་བར་ཆད་བགྱིད་པ་ཐམས་ཅད་བཅོམ་པར་འགྱུར་རོ།། ཐལ་བར་བརླག་པར་འགྱུར་རོ། ། གཞན་ཡང་དགོས་པ་ཐམས་ཅད་དུ་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་པར་འགྱུར་རོ།། རལ་གྲི་སྒྲུབ་པའི་ཆོ་གའོ།། །། དེ་ནས་རིག་སྔགས་འཆང་སྦྲུལ་གྱི་ཞགས་པ་སྒྲུབ་པར་འཚལ་ན་རིག་སྔགས་འཆང་དེས་སྐུད་པ་ལྔ་ལས་སྒྲུབ་སྟེ། ཚོན་རྩི་ལྔས་ཁ་བསྒྱུར་བའི་སྐུད་པ་ཚད་བཞིན་དུ་གཏུབས་ལ། སྒྲུབ་པར་ཤིན་ཏུ་འོས་པ་ལས་བསྒྲུབ་པར་བགྱིའོ།། དེ་ནས་ཟས་བཟང་པོའི་ཕྱེ་མ་དང་། མ་དྷུའི་མེ་ཏོག་དང་། ར་སའི་མེ་ཏོག་དང་། ལྡོང་རོས་དང་། པདྨེ་གེ་སར་དང་། ན་ག་པུས་པ་དང་། ཤིང་ཨརྒའི་འོ་མ་ལྷན་ཅིག་ཏུ་སྦྱར་བ་དེར་བཙག་བསལ་ཏེ། དུས་གཅིག་དུ་ལྷན་ཅིག་མཉམ་དུ་བཏགས་ཤིང་། སྤྱི་བོར་ལེགས་པར་སྤྲས་ཏེ། དེ་ལ་དོན་ཡོད་རྒྱལ་པོ་ལན་སྡོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་སྦྲུལ་འཁྱིལ་བ་མགོ་གསུམ་གྱི་གདེངས་ཀ་ཅན་ཡོངས་སུ་འཁྱིལ་བ་གསེར་གྱིས་གཡོགས་པ། ལེགས་པར་སྦྲེལ་བ་ནི་ཞགས་པའི་མཆོག་ལགས་སོ།། རིག་སྔགས་འཆང་གིས་ལེགས་པར་ཁྲུས་བགྱིས་ལ། གཙང་མས་གོས་གཙང་མ་བགོས་ནས་པའི་ལྕི་བའི་དཀྱིལ་འཁོར་གྲུ་བཞི་ཚད་བཞིན་བགྱིས་ཏེ་དྲིས་མཆོད་པར་བགྱིའོ། ། མེ་ཏོག་གི་སིལ་མ་དང་བུམ་པ་གང་བས་བརྒྱན་པར་བགྱིའོ།། བ་དན་གྱིས་ཀུན་ནས་བརྒྱན་པར་བགྱིའོ།། དཀྱིལ་འཁོར་གྱི་དབུས་ཀྱི་གནས་སུ་སྟན་བཟང་པོ་བཤམས་ཏེ། དེའི་སྟེང་དུ་ཀླུའི་ཞགས་པ་བསྐྱིལ་ནས་གཞག་པར་བགྱིའོ།། སྦྲུལ་གྱི་མགོའི་གདེངས་ཀ་དབུས་མ་ནི་ཁ་ཤར་ཕྱོགས་སུ་སྟོན་ནོ།། དཀར་གསུམ་གྱི་གཏོར་མ་གཞག་པར་བགྱིའོ། ། མཆོད་ཡོན་ཞབས་བསིལ་དཀར་པོའི་སྣོད་དང་། བདུག་པ་རྣམ་པ་གསུམ་པོ་ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་རྣམས་སྲེག་གོ།། འབྲས་ཡོས་དང་ཡུངས་ཀར་བཀྲམ་པའི་དཀྱིལ་འཁོར་བགྱིས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་བཞག་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ཏེ། རིག་སྔགས་འཆང་གིས་སྐྱིལ་མོ་ཀྲུངས་ཅེས་ཏེ་མཆིས་ནས་བཟླས་བརྗོད་མང་དུ་བགྱིའོ།། ཐོག་མར་དོན་ཡོད་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཚང་བ་དང་། ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་པའི་ཡུངས་ཀར་རེ་རེ་ནས་སྦྲུལ་གྱི་མགོ་ལ་གཏོར་བར་བགྱིའོ།། སྒྲུབ་པ་ཐམས་ཅད་ཚང་ནས་ནི།། རྒྱུན་དུ་སྦྲུལ་ནི་འབར་བར་འགྱུར།། སྟན་ལས་ཞགས་པ་གཡོ་བ་ནི།། སོར་བཞི་ཙམ་གྱི་ཚད་ཙམ་དུ།། སྟན་ལས་གྱེན་དུ་འཕར་བར་འགྱུར།། དེ་ནས་རིག་སྔགས་འཆང་གིས་གཟུང་ནས་མི་གདའ་བར་གྱུར་ནས་ཀླུའི་གནས་སུ་མཆིས་ཏེ། ཀླུའི་མཚོར་མཆིས་ན་ཀླུའི་གནས་ཀྱི་སྒོ་རྣམས་འབྱེ་བར་འགྱུར་རོ།། རིག་སྔགས་འཆང་གིས་ཞུགས་ཏེདོན་ཡོད་རྒྱལ་པོ་བཟླས་ནས་སྦྲུལ་གྱི་ཞགས་པ་ལན་གསུམ་དུ་བསྐོར་བར་བགྱིའོ། ། དེ་ནས་ཀླུའི་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་མཆིས་ནས་རིག་སྔགས་འཆང་ལ་མངོན་སུམ་དུ་སྨྲ་བས་རིག་སྔགས་འཆང་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་སྦྲུལ་གྱི་ཞགས་པ་བཟུང་སྟེ་བསྐོར་ནས་འཇུག་པར་བགྱིའོ།། དེས་ན་རིག་སྔགས་འཆང་གིས་ཀླུའི་སྐྱོན་དེ་མི་མཐོང་ཞིང་ནུབ་པར་འགྱུར་རོ། ། འཁྲུལ་འཁོར་དང་། སྒོ་གླེགས་དང་། གཏན་པ་ཐམས་ཅད་གཏུབས་ཤིང་བཅག་པར་འགྱུར་རོ།། ཞུག་པ་ཙམ་གྱི་མོད་ལ་ཀླུའི་བུ་མོ་གཟུག་བཟང་མོ་མཛེས་མ། རྒྱན་ཐམས་ཅད་ཀྱིས་ཀླུབས་མ་མཛེས་མ་མཆིས་ནས་རིན་པོ་ཆེའི་འཕྲེང་བ་ཐོགས་ཏེ། རིག་སྔགས་འཆང་ལ་དབུལ་བར་བགྱིད་དོ།། རིག་སྔགས་འཆང་གིས་བླངས་ནས་སྤྱི་བོ་ལ་གཞག་སྟེ། བཞག་པ་ཙམ་གྱི་མོད་ལ་ཀླུའི་བུ་མོ་ནམ་མཁའ་ལ་འཕུར་ནས་ནུ་མ་གཉིས་ནས་འོ་མ་ཟགས་པ་དང་། རིག་སྔགས་འཆང་གིས་བཟེད་ནས་བཏུང་བར་བགྱིས་ཏེ། ཚེ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ།། སྒྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ།། ཀླུའི་རྒྱལ་པོ་ཞེས་བགྱི་བ་ཐམས་ཅད་ཀྱི་བདག་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། ། མཐུ་དང་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་སྦྲུལ་གྱི་ཞགས་པ་བཞག་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་ཤིང་ཀ་ར་ཝཱི་རའི་ལྕུག་མ་ལ་བཟླས་ནས་བྱབ་པར་བགྱི་སྟེ། གང་དང་གང་གི་མིང་ནས་དྲངས་ཤིང་ཡིད་ལ་བསམས་པས་མོང་དུ་ཐམས་ཅད་འགྲུབ་པར་འགྱུར་རོ།། ཆར་མི་འབབ་པའི་དུས་སུ་སྦྲུལ་གྱི་ཞགས་པ་གནས་མཐོན་པོར་བསྐོར་བར་བགྱི་སྟེ། ལན་ཅིག་བསྐོར་བ་ཙམ་གྱིས་ཆར་གྱི་རྒྱུན་ཆེན་པོ་འབབ་བོ།། ཆར་ཧ་ཅང་ཆེ་བའི་དུས་སུ་སྦྲུལ་གྱི་ཞགས་པ་གནས་མཐོན་པོར་བཞགས་ན་ཆར་ཧ་ཅང་ཆེ་བ་ལས་འཆད་པར་འགྱུར་རོ། ། གྲང་བའི་རླུང་ངམ་སེར་བ་འབབ་པའི་དུས་སུ་ནང་པར་སྔར་ཀླུའི་ཞགས་པ་ཕྱོགས་བཞིར་བསྐོར་ན་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་སེར་བ་འབབ་པར་མི་འགྱུར་ཏེ། གྲང་བའི་རླུང་དང་སེར་དྲག་ཐམས་ཅད་བཅིངས་པར་འགྱུར་རོ།། ལོ་འཁྱུད་འཁོར་ཚང་བར་མཚམས་ཆེན་པོ་བཅིངས་པར་འགྱུར་རོ།། ཉིན་གཅིག་བཞིན་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་ཞགས་པ་ལག་པ་གཡས་པས་བསྡོགས་ལ། ལག་པ་གཡོན་པས་བསྐྲད་པ་བགྱིས་ན་ཉིན་གཅིག་བཞིན་ལྷའི་ཞལ་ཟས་དང་བཏུང་བ་འདོད་དགུ་ཐམས་ཅད་ཀླུའི་གནས་ནས་བྱུང་ནས་སྐྱེ་བོ་སྟོང་སྟོང་འཚལ་མ་སྩོལ་བར་འགྱུར་རོ། ། དེའི་དུག་ཐམས་ཅད་མཐོང་བ་ཙམ་གྱིས་དུག་མ་ལགས་པར་འགྱུར་རོ།། སྦྲུལ་གྱི་ཞགས་པ་ལག་པ་གཡས་པས་བཟུང་ལ་ལག་པ་གཡོན་པས་ཀླུ་བཟུང་ནས། དཔྱིད་དམ། སྟོན་ཀ་འམ། སྤྲིན་ཆགས་པའི་དུས་སུ་ཞགས་པ་བསྐོར་ལ་ཁྲོ་བོའི་རྒྱལ་པོ་བཟླས་བརྗོད་བགྱིས་ཏེ། ནམ་མཁའ་ལ་འཕངས་ན་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་གང་ཡང་རུང་བ་བཟང་པོ་ཤིན་ཏུ་སྨིན་པ་དང་། ཁ་ཟས་ཤིན་ཏུ་བཟང་པོ་ཐམས་ཅད་ནམ་མཁའི་ངོས་ལས་ས་ལ་འབབ་པར་འགྱུར་རོ།། གལ་ཏེ་ལན་ཉི་ཤུ་རྩ་གཅིག་བསྐོར་ལ་ཁྲོ་བོའི་རྒྱལ་པོ་བཟླས་བརྗོད་བགྱིས་ན། ཀླུའི་གཞལ་མེད་ཁང་དང་། གོས་དང་། ལྷབ་ལྷུབ་དང་། རྒྱན་འཕྱང་དང་། རྒྱན་ཐམས་ཅད་ས་ལ་འབབ་པར་འགྱུར་རོ།། གལ་ཏེ་རིག་སྔགས་འཆང་གིས་ལན་ཉི་ཤུ་རྩ་གཅིག་ལས་ལྷག་པར་བསྐོར་ཅིང་ཁྲོ་བོའི་རྒྱལ་པོ་བཟླས་བརྗོད་བགྱིས་ན། དེའི་ཚེ་ཀླུ་འཁོར་དང་བཅས་པ་གཞལ་མེད་ཁང་དང་བཅས་པར་སའི་སྟེང་དུ་ལྟུང་བར་འགྱུར་རོ།། གལ་ཏེ་རིག་སྔགས་འཆང་གི་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་བགྱི་བར་འཚལ་ན། ཞགས་པ་གཞག་ལ་ཡུངས་ཀར་ལ་དོན་ཡོན་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་བསྣུན་ལ། དེ་ནས་སྦྲུལ་གྱི་ཞགས་པ་བླངས་ཏེ་རྒྱལ་པོའི་ཁྱིམ་གྱི་ཕྱོགས་གང་ལགས་པ་དེར་ལྷག་པར་ཞགས་པ་བསྐོར་ན། རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དབང་དུ་གྱུར་ནས་ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ།། གཡུལ་འགྱེད་པ་ན་ཁྲོ་བོའི། རྒྱལ་པོ་བཟླས་བརྗོད་བགྱིས་ནས་ཞགས་པ་གཡུལ་གྱི་དབུས་སུ་འཕངས་ན་སྦྲུལ་གདུག་པ་མིག་བགྲད་པ། ལྕེ་སྒྱུར་བ། མིག་མེ་མདག་ལྟར་དམར་བ་འབྱུང་བར་འགྱུར་ཏེ། མཐོང་བ་ཙམ་གྱི་མོད་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་ཕྱོགས་བཅུར་འབྱེར་བར་འགྱུར་རོ། ། གཞན་ཡང་ཇི་ལྟ་ཇི་ལྟར་ཡིད་ལ་བསམས་པའི་དོན་དེ་ལྟ་དེ་ལྟ་བུར་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ།། སྦྲུལ་གྱི་ཞགས་པ་སྒྲུབ་པའི་ཆོ་གའོ། ། དེ་ནས་འབྱུང་པོའི་དབང་ཕྱུག་གི་ཞགས་པ་སྒྲུབ་པར་འཚལ་མ་འབྲིའི་རྩིད་པ་དང་། རྩིད་པ་ཆེན་པོ་ལྷན་ཅིག་ཏུ་བཀལ་བ་དང་། ལྕགས་ལས་མདུང་རྩེ་གསུམ་པ་སོར་བཞིའི་ཚད་ཙམ་དུ་བགྱིས་ལ། དེ་ནས་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་ཏེ། ཉིན་ཞག་གཅིག་མཆིས་ལ་ལེགས་པར་ཁྲུས་བགྱི་སྟེ་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། ། ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞིའི་ཉིན་ཞག་གཅིག་གིས་བསྒྲུབ་པར་བགྱིའོ།། དེ་ནས་མདུང་རྩེ་གསུམ་པའི་ཞགས་པ་བླངས་ན་འབྱུང་པོའི་དབང་ཕྱུག་གི་གཟུགས་འདྲ་བར་འགྱུར་རོ། ། འབྱུང་པོ་ཐམས་ཅད་ཀྱི་བདག་པོ་ལོ་བརྒྱ་སྟོང་དུ་འཚོ་བར་འགྱུར་རོ།། འབྱུང་པོའི་གནས་ཀྱི་གཞལ་མེད་ཁང་ཐམས་ཅད་ཀྱི་བདག་པོར་འགྱུར་རོ།། ཞགས་པ་ལག་པར་ཐོགས་ནས་དུར་ཁྲོད་དུ་ཞུགས་ན་དུར་ཁྲོད་ན་གནས་པ་ཐམས་ཅད་མདུན་དུ་མཆིས་ཏེ། གནས་ཀྱི་སྒོ་ཐམས་ཅད་འབྱེར་བར་འགྱུར་ཞིང་ཁྱོད་ཅི་དགར་ཞུགས་ཤིག་ཅེས་ཅི་འཚལ་བ་དེ་བགྱིད་པར་འགྱུར་རོ།། རོའི་མགུལ་དུ་བཏགས་ནས་ཁྲོ་བོའི་རྒྱལ་པོ་བཟླས་ན། དེ་ནས་རོ་ལངས་ནས་ཅི་དྲིས་པ་དེ་སྨྲ་བར་འགྱུར་ཞིང་ཅི་སྒོ་བདེ་བགྱིད་པར་འགྱུར་རོ།། བཀྲོལ་ན་མཆི་བར་འགྱུར་རོ།། གནོད་སྦྱིན་གྱི་མགུལ་དུ་བཏགས་ཏེ། ཁྲོ་བོའི་རྒྱལ་པོ་བཟླས་ལ་ཁྲོས་པས་དྲངས་ནས་གནོད་སྦྱིན་དེའང་མདུན་དུ་མཆིས་ནས། རིག་སྔགས་འཆང་ལ་རྗེ་བཙུན་བཀའ་སྩོལ་ཅིག་དང་ཐམས་ཅད་བགྱིའོ་ཞེས་སྨྲ་བར་འགྱུར་རོ།། རིག་སྔགས་འཆང་གིས་ཁྱོད་ཇི་སྲིད་འཚོའི་བར་དུ་ཁྲོ་བོའི་རྒྱལ་པོ་མ་ངག་གཞུག་པའི་ལས་གྱིས་ཤིག་ཅེས་སྨྲ་བར་བགྱི་སྟེ། བཀའ་བཞིན་འཚལ་ཞེས་དེ་ནས་ཉིན་གཅིག་བཞིན་བསྒོ་བ་བགྱིས་ན་ལས་ཐམས་ཅད་བགྱིད་པར་འགྱུར་རོ།། ། གནོད་སྦྱིན་མོའི་མགུལ་དུ་བཏགས་ཏེ་ཁྲོ་བོའི་རྒྱལ་པོ་བཟླས་ན། གནོད་སྦྱིན་མོ་མཆིས་ནས་རིག་སྔགས་འཆང་གི་མདུན་དུ་མཆིས་ཏེ། རིག་སྔགས་འཆང་ལ་མིག་མི་འཛུམས་པར་ལྟ་ཞིང་། རིག་སྔགས་འཆང་ཅི་ཞིག་དོན་དུ་གཉེར་ཞེས་སྨྲ་བར་འགྱུར་རོ། ། རིག་སྔགས་འཆང་གིས་ཁོ་བོ་ལམ་དང་། ཆུང་མ་དང་། སྲིང་མོས་བསྒྲུབ་པར་བྱ་བའི་དགོས་པ་གསུམ་བྱོས་ཤིག་ཅེས་བསྒོ་བར་བགྱིའོ།། གལ་ཏེ་མ་ཞིག་ཏུ་བགྱིད་ན་བུ་གཅིག་པ་བཞིན་དུ་བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། གོས་དང་། ནོར་དང་། འབྲུས་ཡོངས་སུ་སྐྱོང་བར་བགྱིད་དོ།། ཆུང་མ་ཞིག་ཏུ་བགྱིད་ན་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱི་དབང་ཕྱུག་དང་བདག་པོར་བགྱིད་ཅིང་། དེ་དང་ལྷག་པར་དགའ་བར་རྩེ་བས་ཕྱི་བཞིན་འབྲང་བར་འགྱུར་རོ།། གལ་ཏེ་སྲིང་མོ་ཞིག་ཏུ་བགྱིད་ན་ཡིད་ལ་བརྣག་པའི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་དོ། ། དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ།། ཐམས་ཅད་དུ་རྒྱུག་ཅིང་སླར་ཡང་ལྡོག་པར་འགྱུར་རོ།། ཉིན་གཅིག་བཞིན་ལྷབ་ལྷུབ་དང་། གོས་དང་། རྒྱན་རྣམས་སྩོལ་བར་བགྱིད་དོ།། ཉིན་གཅིག་བཞིན་གཞན་ཡང་ལྷའི་བུ་མོ་དག་རྩེད་མོའི་དོན་དུ་དགུག་པར་བགྱིད་དོ།། རྣམ་ཐོས་ཀྱི་མགུལ་ཏུ་བཏགས་ཏེ་ཁྲོས་པས་དྲངས་ནས་ཁྲོ་བོའི་རྒྱལ་པོའི་བཟླས་བརྗོད་བགྱིས་ན། དེ་ནས་རྣམ་ཐོས་མཆིས་ནས་ཉིན་གཅིག་བཞིན་དོང་རྩེ་སྟོང་སྩོལ་བར་འགྱུར། གསེར་སྟོང་སྩོལ་བར་འགྱུར་ཏེ། དེས་ཉིན་གཅིག་བཞིན་སྦྱིན་པའང་སྩ་ལ། བསོད་ནམས་ཀྱང་བགྱིའོ།། ནག་པོ་ཆེན་པོའི་མགུལ་དུ་བཏགས་ལ་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བགྱིས་ཏེ། ཁྲོས་པས་ལག་པ་གཡས་པའི་ཐལ་ལྕག་གིས་བརྡེག་པར་བགྱིའོ།། ནག་པོ་ཆེན་པོས་སྒྲ་ཕྱུང་བ་ན་རིག་སྔགས་འཆང་སྐྲག་པར་མི་བགྱིད་པར་སླར་ཡང་ཁྲོས་པས་བརྡེག་པར་བགྱིའོ། ། དེ་ནས་མཆི་མ་ཟགས་པ་དང་། རིག་སྔགས་འཆང་གིས་མཆི་མ་བཟེད་དེ་ཐིག་ལེ་བགྱིས་ན་མི་གདའ་བར་གྱུར་ནས་གཏེར་ཐམས་ཅད་མཐོང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆངགིས་ཡང་ཐལ་མོས་བརྡེག་པར་བགྱི་སྟེ། དེ་ནས་ནག་པོ་ཆེན་པོ་ཁྲག་ཏུ་སྐྱུག་པ་རིག་སྔགས་འཆང་གིས་བྱུགས་ན་ནམ་མཁའ་ལ་མཆིས་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོར་འགྱུར་རོ། ། གུ་གུལ་གྱི་བདུག་པས་བདུགས་ནས་ཁྲོ་བོའི་རྒྱལ་པོ་བཟླས་ན་ནག་པོ་ཆེན་པོ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་ཅི་འཚལ་བའི་མཆོག་ཐམས་ཅད་སྩོལ་བར་བགྱིད་ཅིང་། མ་མོའི་ཚོགས་དང་བཅས་པ་ཐམས་ཅད་དབང་དུ་མཆིས་པར་འགྱུར་རོ།། གཞན་ཡང་ཅི་འཚལ་བ་བགྱིད་པས་དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ།། མདུང་རྩེ་གསུམ་པའི་ཞགས་པ་སྒྲུབ་པའི་ཆོ་གའོ། ། །། དེ་ནས་ཞགས་པ་དང་རྗེས་སུ་མཐུན་པའི་རི་མོའི་ཆོ་ག་དེ་ཁོ་ན་ཉིད་སྒྲུབ་པའི་ཆོ་ག་བླ་ན་མེད་པ་བརྗོད་པར་བགྱི་སྟེ། འཇིག་རྟེན་མགོན་པོས་སྣ་ཚོགས་པའི།། རྣམ་པའི་ཁ་དོག་གཟུགས་བསྟན་པ། ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི།། ཆོ་འཕྲུལ་སྣ་ཚོགས་གཟུགས་བསྟན་ཏེ།། ལག་པ་སྟོང་དང་མིག་སྟོང་དང་།། མཐའ་ཡས་པ་ཡི་ཕྱག་རྒྱ་བསྐམ། རྣམ་པ་སྣ་ཚོགས་པ་ཡི་གཟུགས།། ཁམས་གསུམ་དག་ཏུ་བསྟན་པ་ནི།། གདུལ་བྱ་གདུལ་ཕྱིར་གཟུགས་བསྟན་ཏོ།། གསང་བ་འདི་ཡི་གཟུགས་བསྟན་པ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། རིག་སྔགས་གྲུབ་པ་བླ་མེད་པ། ། དེ་ཉིད་ཞགས་པ་སྒྲུབ་ཕྱིར་རོ།། དེ་བས་རིག་འཛིན་ཤེས་རབ་ཅན།། འཇིག་རྟེན་ཕ་རོལ་རྗེས་འཐུན་པ།། སངས་རྒྱས་ཉིད་དོན་གཉེར་བ་དང་།། དེ་བཞིན་གཤེགས་ཀུན་ལྟ་བ་དང་།། བདེ་ཅན་ལྟ་བར་འཚལ་བ་དང་། ། དེ་ཉིད་འཇིག་རྟེན་འདས་པ་ཡིས།། འཇིག་དབང་མགོན་པོ་མཐོང་འཚལ་ལ།། མཆོག་ཏུ་གུས་པས་བགྱི་བ་ཡི།། ཆོ་གའི་རྒྱལ་པོ་འདི་བརྗོད་ཀྱིས།། དེ་ཉིད་གུས་པར་དད་པ་དང་།། ཤིན་ཏུ་དང་བ་ཉིད་དུ་བགྱི། ། གྲོལ་བ་སྣ་ཚོགས་འཚལ་བ་ལ།། སྣ་ཚོགས་པ་ཡི་གཟུགས་བསྟན་ཏེ།། སྣ་ཚོགས་ཐབས་ཀྱིས་གྲོལ་བར་འགྱུར།། དོན་ཡོད་རྒྱལ་པོ་ཆོ་གའི་མཆོག། དོན་ཡོད་གྲུབ་པའི་འཇིག་རྟེན་འདས།། དོན་ཡོད་འབྲས་བུ་དམ་པ་པོ། ། དོན་ཡོད་ཀུན་ཏུ་གྲུབ་པ་འཐོབ།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དོན་ཡོད་འཇིག་རྟེན་འཇིག་རྟེན་མགོན།། འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་པ།། དོན་ཡོད་འཇིག་རྟེན་ཅི་འཚལ་བ། མཆོག་འཚལ་བ་ནི་གྲུབ་པར་འགྱུར།། དོན་ཡོད་རྒྱ་ཆེན་རྫུ་འཕྲུལ་གྱི།། ཆོ་འཕྲུལ་རྣམ་འཕྲུལ་རྒྱུན་མི་འཆད།། དེ་ལྟ་བས་ན་ཀུན་བསྒྲིམས་ཏེ།། བདག་ཉིད་ཡོངས་སུ་དག་བགྱིས་ནས།། ཇི་ལྟར་ཆོ་ག་བཀོད་པ་བཞིན་རྗེས་སུ་འཕྲུལ་པར་རི་མོའི་གཟུགས། ། རྟག་ཏུ་རི་མོའི་གཟུགས་ལྟ་ཞིང་།། ཞགས་པའི་གཟུགས་ནི་སྣ་ཚོགས་དང་།། དེ་བཞིན་ཁྲོ་བོའི་རྒྱལ་པོ་དང་།། རིག་སྔགས་རྒྱལ་པོ་དེ་བཞིན་དུ།། དཀྱིལ་འཁོར་ལྷ་དང་མེ་ལྷ་དང་། ། སྦྱིན་སྲེག་རླུང་ལྷ་ཆུ་ལྷ་དང་།། ཁྲོ་བོའི་གཟུགས་དང་ཞི་བ་དང་།། ལྷ་དང་ཀླུ་ཡང་སྟོན་པ་དང་།། གནོད་སྦྱིན་སྲིན་པོའི་གཟུགས་དང་ནི།། འབྱུང་པོ་ལྷ་མིན་དྲི་ཟ་དང་།། ནམ་མཁའ་ལྡིང་དང་མི་འམ་ཅི།། ལྟོ་འཕྱེ་ཆེན་པོའི་གཟུགས་ཀུན་ཏུ། ། འཇིག་རྟེན་མགོན་པོས་མཆོག་སྦྱིན་བསྟན།། གཤིན་རྗེ་དང་ནི་ལུས་ངན་དང་།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། གཞོན་ནུ་དབང་ཕྱུག་ལྷ་དང་ནི།། དབང་ཕྱུག་ཆེན་པོ་ཉི་མ་དང་། ། ཟླ་གཟུགས་རྒྱུ་སྐར་ཚེས་གྲངས་དང་།། འདི་དག་རྣམ་པ་སྣ་ཚོགས་པའི།། གཟུགས་སུ་འཇིག་རྟེན་མགོན་པོས་བསྟན།། སེམས་ཅན་རྣམས་ལ་ཕན་འཚལ་བས།། གདུལ་བའི་དོན་དུ་འགྲོ་བའི་ལམ། ། སེམས་ཅན་རྣམས་ལ་བསྟན་པས་ན།། དེ་བས་སོམ་ཉི་ཉིད་མི་བགྱི།། མཆོག་ཏུ་དད་པར་བགྱི་བ་ལགས།། ཇི་ལྟར་མཐུན་པའི་དགོས་པ་རྣམས།། ཇི་ལྟར་མཐུན་པ་བཞིན་དུ་སྒྲུབ།། ཇི་ལྟར་མཐུན་པའི་རི་མོའི་གཟུགས། ། ཇི་ལྟར་མཐུན་པའི་ཞགས་པ་སྒྲུབ།། གནས་ནི་གང་དུ་འོས་པ་དང་།། གང་དུ་སེམས་ནི་དགའ་འགྱུར་བ།། གོམས་པ་གང་གིས་ཕྱག་རྒྱ་དང་།། གང་གི་དཀྱིལ་འཁོར་ཆར་དབྱེ་བ། འཕགས་བསྤྱན་རས་གཟིགས་དབང་མགོན། ། ཀུན་ཏུ་སྒྲོལ་བ་འདྲེན་པའི་གཙོ།། དོན་ཡོན་འབྲས་བུ་སྩོལ་བ་པོ།། དོན་ཡོད་པ་ཡི་གྲུབ་པ་འཐོབ།། དོན་ཡོད་དགོས་པ་ཐམས་ཅད་དང་།། ཐུབ་པའི་ཆོས་ཀྱི་འཁོར་ལོ་ནི། ། མཆོག་ཉིད་ལ་ཡང་རེག་པར་འགྱུར།། ཞགས་པ་དང་རི་མོ་སྒྲུབ་པའི་ཆོ་གའོ།། ། དེ་ནས་དོན་ཡོད་པའི་ལས་དང་དགོས་པ་སྒྲུབ་པ་ཐམས་ཅད་ཀྱི་སྦྱིན་སྲེག་གི་ཆོ་ག་བཤད་པར་བགྱི་སྟེ། སྡིག་པ་ཐམས་ཅད་མོད་ལ་འཕྲོག་པ། སྒྲིབ་པ་ཐམས་ཅད་འཇིག་པར་བགྱིད་པ། དགྲ་ཐམས་ཅད་འཇོམས་པ། བགེགས་ཐམས་ཅད་རྣམ་པར་འཇོམས་པ། གདུག་པ་ཐམས་ཅད་བཟློག་པའི་མཆོག་སྡིག་པ་ཐམས་ཅད་འཇིག་པར་བགྱིད་པ། དམྱལ་བའི་སྡུག་བསྔལ་བཅུ་དྲུག་ལས་གྲོལ་བར་བགྱིད་པ། འཇིགས་པ་མི་བཟད་པ་བརྒྱད་རྟག་ཏུ་འཕྲོག་པ། མི་མཛའ་བ་རྣམས་རབ་ཏུ་འཇོམས་པ་ཕ་རོལ་གྱི་དཔུང་བཟློག་པའི་མཆོག་ནད་ཐམས་ཅད་འཇོམས་པ། མོད་ལ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཞི་བར་བགྱིད་པ། མུ་གེའི་དགོན་པ་འཇིག་པར་བགྱིད་པ། ཡམས་ཀྱི་ནད་དང་གནོད་པ་འཇོམས་པ། ལྷའི་བདེ་བ་འདྲེན་པར་བགྱིད་པའི་ཆོ་ག་དེ་ཁོ་ན་ཉིད་ཀྱི་སངས་རྒྱས་སྒྲུབ་པ། སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའི་མཆོག་ཐམས་ཅད་སྒྲུབ་པར་བགྱིད་པ། སེམས་ཅན་ཐམས་ཅད་ཀྱི་མཐུན་མོང་མཆོག་སྦྱིན་ཤིན་ཏུ་རྙེད་པར་དཀའ་བ། ལྷ་རྣམས་རྟག་ཏུ་མགུ་བར་འགྱུར་བ། ཀླུ་ཐམས་ཅད་དགའ་བ་འཐོབ་པར་འགྱུར་བ། དེ་བཞིན་གཤེགས་པ་རྣམས་རྟག་ཏུ་ཉིན་མཚན་དུ་གཟིགས་པར་སོམ་ཉི་མ་མཆིས་པ། བྱང་ཆུབ་སེམས་དཔའ་རྣམས་དགའ་བར་འགྱུར་བ། དུས་ཀུན་ཏུ་ཤིན་ཏུ་མཉམ་པར་བཞག་པས་འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་རྟག་ཏུ་མཆིས་པར་སོམ་ཉི་མ་མཆིས་པ། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས། བློན་པོ་དང་བཅས་པ་སྲུང་བའི་དོན་དུ་ཐམས་ཅད་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ལགས་སོ། ། དེ་ནས་རིག་སྔགས་འཆང་ཤེས་རབ་དང་ལྡན་པས་གཙང་མའི་གནས་སུ་མཆིས་ནས་སྦྱིན་སྲེག་བགྱིས་ཏེ། གཙང་མ་ཡི་ནི་ས་ཕྱོགས་སམ། ། ཅ་ཅོ་མ་མཆིས་དབེན་པར་ནི།། ཞི་བ་དང་ནི་རྒྱས་པ་དང་།། དྲག་ཤུལ་སྤྱོད་པ་རྣམས་བགྱིའོ།། ཞི་བ་སེམས་ཅན་ཐམས་ཅད་ཀྱི།། དོན་དུ་སྡིག་པ་ཐམས་ཅད་འཇོམས།། རྒྱས་པས་རྒྱས་པ་འཐོབ་འགྱུར་ཏེ།། ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར།། དགྲ་དང་ལོག་འདྲེན་གཏུག་པ་དང་།། གནོད་སྦྱིན་སྲིན་པོ་གསང་བ་པ།། གདུག་སེམས་ཅན་རྣམས་བྲེད་པ་དང་།། སྐྲག་པར་བསྡིགས་པ་དྲག་ཤུལ་སྤྱོད།། གསང་སྔགས་སྒྲུབ་པའི་སྤྲིན་སྲེག་སྟེ། ། གསང་སྔགས་སྒྲུབ་པའི་བླ་ན་མེད།། འཇིག་རྟེན་འཇིག་རྟེན་ཕ་རོལ་གྱི།། སྦྱིན་སྲེག་གི་ནི་ལས་བགྱིའོ།། མེ་ལྷའི་ལྷ་དང་ཀླུ་དག་དང་།། དེ་བཞིན་རིག་པ་འཛིན་པའང་དགུག་། ཁུང་བརྐོས་དེ་ལ་པདྨའི་ཚུལ།། པདྨ་རྟག་ཏུ་བྲི་བར་བགྱི།། ཆོ་ག་ཇི་བཞིན་ཁུང་ནང་གི། པདྨ་ལ་ནི་གེ་སར་བགྱི།། གྲུ་བཞི་འམ་ནི་ཟླུམ་པོ་སྟེ།། དེ་ལྟ་བུར་ནི་བརྐོ་བར་བགྱི།། ལེགས་པར་བྱུགས་ཤིང་ཤིན་ཏུ་བརྣག་ཤིན་ཏུ་སྦས་ཤིང་ཚད་ལ་དབབ། ། ཚེས་གྲངས་རྒྱུ་སྐར་ཉིད་དག་དང་།། ཤིན་ཏུ་བཀྲ་ཤིས་དག་ལ་བགྱི།། བཀྲ་ཤིས་ཕྱག་རྒྱ་ཆེན་པོ་དང་།། བཟང་པོའི་གཏོར་མའི་ལས་བགྱིའོ།། བདུག་པ་མེ་ཏོག་ལ་སོགས་པ། བཟང་པོ་དག་ནི་འཁོར་བར་དགོད།། ཐོག་མར་མེ་ལྷ་བཀུག་ནས་ནི།། དེ་ནས་སྦྱིན་སྲེག་ལས་རྣམས་བགྱི།། རིག་སྔགས་འཆང་བ་གཙང་གྱུར་པ།། ལེགས་བཀྲུས་གཙང་མའི་གོས་བགོས་ནས།། གསང་སྔགས་བཟླས་པའི་ཆོ་ག་བགྱི། ། དེ་ལ་མཚམས་ཀྱང་བཅིང་བར་བགྱི།། བདག་སྲུང་གཙུག་ཏོར་བཅིང་བ་དང་།། གཞན་སྲུང་དཀྱིལ་འཁོར་བཅིང་བ་དང་།། དེ་བཞིན་གྲོགས་བགྱིད་སྲུང་བ་དང་། རྒྱུན་དུ་ཨ་ཀའི་ཤིང་སྤར་ཏེ།། དྲི་ཡི་ཤིང་རྣམས་ཉིད་དག་དང་།། མར་དང་ཡུངས་ཀར་འབྲས་ཡོས་དག། ཉི་ཤུ་གཅིག་དབུལ་མེ་ཏོག་བགྱི།། དེ་ནས་མེ་ཡི་ལྷ་དགུག་གོ།། ཨོཾ་ན་མོ་ཨགྣི་ཛྭཱ་ལ་མ་ཧཱ་ཛཱ་ལ། རྗོད་སྣ་པྲ་བྷ་མཎྜ་ལ། སརྦྦ་བིད་ཨཱ་ཧཱུ་ཏི། པྲ་ཧཱུ་ཏི་རཀྟི་ནི་རད་ཏུཥྚ་ཛྭ་ལ། དྷུ་མ་ཤྭ་ས། ཨ་ཙི་ཥཱ་མུ་ཁ་ཏིཀྵྞ། རཤྲཱིད་པ་ཨགྣི་ཤྩ་བི་ཏུ་ཏ་ཤྩ་ཧཱུ་ཏ་ཤ་ན་མུ་ཁ་ན་ཏེ། སརྦྦ་དེ་བཱ་ནཱཾ། སརྦ་ཡཀྵ་མ་ཧཱ་བཱིརྱ་མ་ཧཱ་ཛ་ཡ། མ་ཧཱ་བཱཔཱ་ལ་ནིར་མ་རི་ཤན། སརྦྦ་ད་ཧ་ན་པྲ་པུ་ལ་ཨཱ་ཀ་ར་ཤ་ས་མུ་གད་ཀཤྩ་ཨ་བ་པྲ་སཾ་ཀཱ་ཤ་ན། མཎྜ་ལ་པཱུ་ཛི་ཏོ།། མ་ན་ཏི་སརྦྦ་ཏྲ་དི་བྱ་རཱུ་པ་བི་ཥཱ་ར་ད་ཨཱ་བཱ་ཧཱ་ན་སརྦྦ་ཏྲ་གཱན། དེ་བ་ཧཱུ་ཏ། ཤ་ན་ཧུ་ཏྲ། ཤ་ན་ཏ་མ་སི་བི་དྷ་མ་ཀན། ཨན་དྷུ་ཀ་ར་ན། མུཀྟཾ་ར་ཤཱི་མ་པྲི་ཡོ་ཀུ་གན་དྷ་ཕ་ལཱ་ཧ་ར། ས་ར་ས་ར། ཨ་གྲ་ཛ། སཱཀྵཱ་སུ་ཏཱི་ཀྵཱཤྩ་མྲི་ཏི་སན་ཛི་བེ་ན། པྲི་ཡཽ་བཤྨ་པུཥྤ་བསྠ་བསྟྲ་ཙ་བསྨ་བསྟ་ནི། སེ་བ་ཀ་མ། བསྨཱ་སཉྩ་དྷ་ནི་ཏྱན་དྷུ་མ་མཱ་ཀུ་ལ། ཛ་ཡ་སེ། བ་ཀ་སིད་དྷ་ར་ས་དྷ་ར་ས་གྲཱ་ཙ་ར་སརྦ་ཏྲ་པྲ་དྷ་བ་རི་ཤཱ། སརྦ་ཏྲི་ནི་ར་མ་རི་ཤི་ཎོ། ནཻ་ཏྱཻ་སྨིཥྤ་དཱཥྚ་ན་མུན་ཙ་སི། དཱ་ཏྲྀ་ཤ། བྷ་བ་ནོ་དྷ་བ་ཨགྣི། མུ་ཁེ་དེ་བཱ་ཏ། ཨ་རུ་ཙི་རུ་ཛཱ་བ་ལ་བ་ད་ཀ་མ་ཧཱ་ན་ཏ། ཨ་ཐ་པར་ཎོ། དེ་བ་དེ་བ་ན། བི་ཤཱ་ར་ད། ཨ་ཡཱན་ཏུ་སཱ་དྷ་ཡ་ཏ་ད་ཏཱ་ཏ། ཨོཾ་ཛྭ་ལ་ཛྭ་ལ། ཏིཥྛ་ས་མ་ཡན། ཧུ་རུ་ཧུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། གསང་སྔགས་འདིས་ནི་ལན་བདུན་དུ།། བཟླས་ནས་མེ་ནི་དགུག་པར་བགྱི། གུ་གུལ་ཡུངས་ཀར་མར་སྦྱར་བ།། སྤར་བདུན་སྤར་བས་མེ་ལ་དབུལ།། མཆོད་ཡོན་སྣོད་རྣམས་དབུལ་བ་ཡང་།། དེ་བཞིན་སྤར་བའི་སྤར་བས་སོ།། དྲི་རྣམས་དང་ནི་བྱུག་པ་དང་།། བདུག་པ་རྒྱ་ཆེན་དབུལ་བར་བགྱི། ། དེ་བཞིན་འབྲས་བུ་སྤར་བར་དབུལ།། དེ་ནས་ཆབ་ཀྱིས་གསང་བ་བགྱི།། ཇི་ལྟར་ལྷ་རྣམས་རིམ་བཞིན་དུ།། ཉེ་རེག་དག་ཀྱང་དབུལ་བར་བགྱི།། དེ་ནས་རིག་སྔགས་འཆང་གིས་སུ།། སྦྱིན་སྲེག་ལས་ནི་ཡང་དག་བརྩམས། དྲི་ཞིམ་ཤིན་ཏུ་དག་པ་དང་།། པླག་ཤ་ཨུ་དུམ་པ་ར་དང་།། སྣ་མའི་མེ་ཏོག་ཙམ་པ་དང་།། ཀར་ནི་ཀ་ར་ཉིད་དག་དང་།། པདྨ་ཨུཏྤལ་ཐང་ཤིང་དང་།། དེ་བཞིན་དྲི་བདའི་ཙན་དན་དང་།། བྱང་ཆུབ་ལྗོན་ཤིང་ཤིང་དག་དང་།། དེ་བཞིན་གཞན་ཡང་དྲི་གདའི་ཤིང་།། འོན་ཏེ་འབྲས་བུའི་ཤིང་མང་དང་།། ཤི་མ་ཤི་བའི་ལས་ལགས་པས།། མཆོད་ཡོན་དེ་བཞིན་རྩཝ་དག་སྟེ།། དེ་དག་གིས་ནི་མེ་སྦར་ནས།། སྦྱིན་སྲེག་གི་ནི་ལས་བགྱིའོ།། འབྲས་ཡོས་ཙན་དན་ཕྱེ་མ་དང་།། ཨ་ཀ་རུ་དང་དུ་རུ་ཀ། ཀུན་ཏུ་རུ་ལ་སོགས་པ་དང་།། དུ་རུ་ཀར་བཅས་སྤྲི་ཀ་དང་།། སྤང་སྤོས་པྲི་ཡང་ཀུ་བླངས་ཏེ།། དེ་དག་ལྷན་ཅིག་སྦྱར་བསྲེས་ཤིང་། ། མར་རམ་མར་གསར་ལྷན་ཅིག་བརྫི།། དོན་ཡོད་རྒྱལ་པོའི་གསང་སྔགས་ནི།། བརྒྱ་རྩ་བརྒྱད་བཟླས་མེ་ལ་དབུལ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་སྟོང་བརྒྱད་ཀྱི་སྦྱིན་སྲེག་བགྱིའོ། ། ལན་སྟོང་རྩ་བརྒྱད་ཚང་བ་དང་། ནམ་ཕྱེད་ན་མེ་ལྷ་རང་གི་གཟུགས་འབར་བར་ཤིན་ཏུ་གནས་པ་ལངས་ནས་ཕྱོགས་བཅུར་ལྟ་ཞིང་ཀུན་ཏུ་བརྟག་ནས་རིགས་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། བདག་ཚིམ་པར་བྱས་པས་རིག་སྔགས་འཆང་ཁྱོད་ཀྱིས་སྦྱིན་སྲེག་གི་ཆོ་ག་གྲུབ་ཀྱི། མཆོག་སློངས་ཤིག་དང་ཐམས་ཅད་སྦྱིན་ནོ། ། དེ་ནས་རིག་སྔགས་འཆང་གིས་ཇི་ལྟ་བུའི་འདོད་པའི་མཆོག་རྣམས་བླངས་པར་བགྱི་སྟེ། ཇི་ལྟར་བླངས་པ་བཞིན་ཐམས་ཅད་སྩོལ་བར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་མཆོད་ཡོན་གྱི་སྣོད་དང་ཞབས་བསིལ་གྱི་སྣོད་དག་དབུལ་ཞིང་གཏོར་མ་དབུལ་བའི་ལས་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་མར་དང་བསྲེས་པའི་གོང་བུ་ཆེན་པོ་དག་གིས་སྦྱིན་སྲེག་བགྱི་ཞིང་། འབྲས་བུའི་ཤིང་ལ་མེ་སྦར་ནས་དོན་ཡོད་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། སྟོང་རྩ་བརྒྱད་ཚང་བ་དང་། ཐབ་ཀྱི་དབུས་ནས་སྐྱེས་པ་ཞིག་ལུས་ཕྱེད་ཙམ་ཕྱུང་ནས་དངུལ་གྱི་གཞོང་པ་ཁ་བས་ཀྱིས་བཀང་སྟེ། པུས་མོ་ནུབ་ཙམ་དུ་དབུལ་བར་བགྱིད་དོ།། རིག་སྔགས་འཆང་གིས་བླང་བར་བགྱི་སྟེ། བླངས་པ་ཙམ་གྱིས་ནམ་མཁའ་ལ་འཕུར་བར་འགྱུར་ཞིང་། རིག་སྔགས་འཆང་གིས་ལུས་ལ་མེ་འབར་བའི་འོད་ཟེར་འབྱུང་བར་འགྱུར་རོ། ། དེ་འཚལ་ན་ཚེ་ལོ་ཁྲིར་འགྱུར་རོ།། ནམ་མཁའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ།། བསྐལ་པ་བཅུ་ཚུན་ཆད་ཀྱི་སྔོན་གྱི་སྐྱེ་བ་དྲན་པར་འགྱུར་རོ། ། དོན་ལོང་རྒྱལ་པོའི་ཆོ་ག་ཞིབ་མོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཁ་གཏོན་ཏུ་གནས་པར་འགྱུར་རོ།། གལ་ཏེ་སྣོད་མི་ལེན་ན་དེའི་ཚེ་ཡང་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་ན་ཆེར་གཡོ་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་མཆིས་ན་རིག་སྔགས་འཆང་ལ་དབུགས་འབྱིན་པར་བགྱིད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། རིག་སྔགས་འཆང་ཁྱོད་ཀྱིས་སྦྱིན་སྲེག་གི་ཆོ་ག་དེ་བསྒྲུབ་ཟིན་གྱིས། མཆོག་སློངས་ཤིག་དང་སྦྱིན་ནོ་ཞེས། དེའི་ཚེ་རིག་སྔགས་འཆང་གིས་ཅི་བསམས་པའི་མཆོག་སྨྲས་པ་དེའི་ཚེ་ཐམས་ཅད་སྩོལ་བར་བགྱིད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྐྱེས་པ་དེ་ལས་སྣོད་བླངས་ཏེ། རང་གི་ལག་ནས་རིག་སྔགས་འཆང་ལ་སྩོལ་བར་བགྱིད་དོ།། རིག་སྔགས་འཆང་གིས་བླངས་ནས་ཟས་ཀྱི་གོང་བུ་དེ་བཟའ་བར་འགྱིའོ། ། འཚལ་བ་ཙམ་གྱི་མོད་ལ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་མཆིས་པར་འགྱུར་རོ།། ལུས་ལས་མེའི་སྙིང་པོ་འབར་བའི་ཁ་དོག་སྣ་ཚོགས་འབྱུང་བར་འགྱུར་རོ།། དོན་ཡོད་རྒྱལ་པོའི་རིག་འཛིན་འཁོར་ལོས་སྒྱུར་བར་འགྱུར་རོ། ། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་དྲུག་པ།། ། གངྒཱའི་ཀླུང་བྱེ་བ་ཁྲག་། ཁྲིག་བརྒྱ་སྟོང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་དང་མཉམ་པའི་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་རྣམས་ཀྱི་རིག་སྔགས་འཆང་གིས་ཡོངས་སུ་བསྐོར་བར་འགྱུར་རོ།། གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་དང་མཉམ་པའི་གནས་ཀྱི་གཞལ་མེད་ཁང་དོན་ཡོད་རབ་ཏུ་གནས་པའི་གནས་རྣམས་འབྱུང་བར་འགྱུར་རོ། ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རི་དང་། ཚལ་དང་ནགས་ཚལ་དང་བཅས་པ། མེ་ཏོག་དང་འབྲས་བུའི་ཤིང་རྣམ་པ་སྣ་ཚོགས་ཡལ་ག་དང་། སྦལ་མིག་དང་། ལོ་མ་དང་། རྩ་བ་དང་། མྱུ་གུར་བཅས་པ་ཁ་ཅིག་ནི་གསེར་གྱི་མེ་ཏོག་དང་། ཁ་ཅིག་ནི་དངུལ་གྱི་མེ་ཏོག། ཁ་ཅིག་ནི་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་མེ་ཏོག་དག་གོ། གཞན་ཡང་ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་དག་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། ལྕུག་མའི་མེ་ཏོག་དང་། ཏ་ལ་དང་། གྷན་ད་བར་ཤི་ཀ་དང་། སྣ་མ་དང་། ཡུ་ཐི་ཀ་དང་། ཏ་ར་ན་དང་། ཀུ་བ་པྱ་ཀའི་མེ་ཏོག་དག་དང་། ཚལ་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དགའ་བར་འགྱུར་བའི་གནས་ཀྱི་གཞལ་མེད་ཁང་གིས་མཛེས་པར་བགྱིས་པའི་གཞལ་མེད་ཁང་ཐམས་ཅད་འབྱུང་བར་འགྱུར་ཞིང་དགའ་བ་དང་ཡིད་དུ་མཆི་བར་འགྱུར་རོ། ། ལྷའི་ཆུ་ཀླུང་དང་། འབབ་ཆུ་དང་། ལྟེང་ཀ་དང་། རྫིང་ལྷའི་ཙན་དན་གྱི་དྲི་ཆབ་ཀྱིས་ཡོངས་སུ་གང་བ་དེ་ལ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་གཞལ་མེད་ཁང་དང་། ལྷའི་པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ལེགས་པར་བརྒྱན་པའི་ཆབ་གསེར་གྱི་བྱེ་མ་ལེགས་པར་བདལ་བའི་གཞལ་མེད་ཁང་དག་འབྱུང་བར་འགྱུར་རོ། ། ལྷའི་བུ་མོ་དང་། མི་འམ་ཅིའི་ཚོགས་དང་། དྲི་བ་མོའི་ཚོགས་ཀྱིས་དགའ་བར་བགྱིས་པ། ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ཀླུ་དང་། རིག་འཛིན་དང་། མི་འམ་ཅིའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། ལྷའི་འབྱོར་པའི་གཞལ་མེད་ཁང་ལེགས་པར་བསྟབས་པའི་གནས་ན། ཐམས་ཅད་དུ་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པ་ནས། བྱང་ཆུབ་ལ་མཆིས་ཀྱི་བར་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་ཚེའི་ཚད་གཅིག་ཙམ་དུ་སྐྱོང་བར་བགྱིད་དོ།། དེ་བཞིན་དུ་གྲུབ་པ་བླ་ན་མེད། པ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ཏེ། དེ་ལྟར་ཟས་ཀྱི་གོང་བུ་སྒྲུབ་པའི་ཆོ་ག་ཤིན་ཏུ་རྙེད་པར་དཀའ་ལགས་སོ།། ཕྱོགས་བཅུ་མཐའ་དག་གི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་འགྲོགས་ནས་མཆི་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་སུམ་དུ་ཆོས་ཉན་པ་ཐོས་པར་འགྱུར་རོ། ། དེའི་འོད་ཟེར་འབར་བའི་སྙིང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་རོ།། དོན་ཡོད་པའི་ཞགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་གསང་སྔགས་དང་ཕྱག་རྒྱ་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་སྒྲུབ་པའི་ཆོ་ག་ཐམས་ཅད་དང་། ཆོ་ག་ཞིབ་མོའི་རྒྱ་ཆེན་པོ་མཐའ་དག་གི་དཀྱིལ་འཁོར་འདི་ཁོ་ན་ཉིད་དུ་གནས་པར་འགྱུར་ལགས་སོ།། ཀླུའི་རྒྱལ་པོ་བྱེ་བ་ཕྲག་བརྒྱ་སྟོང་རྣམས་དེའི་དབང་དུ་གྱུར་ནས་རྟག་པར་རྒྱུན་དུ་མཆིས་པར་འགྱུར་རོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། འོག་མིན་གྱི་གནས་ཀྱི་ལྷ་རྣམས་ཀྱི་བར་དུ་རིག་སྔགས་འཆང་དེའི་ཕྱི་བཞིན་རྟག་ཏུ་འབྲང་ཞིང་རྟག་པར་རྒྱུན་དུ་ཡོངས་སུ་བསྐོར་བར་འགྱུར་རོ། ། ལྷའི་རོ་བྲོ་བའི་མཆོག་དང་ལྡན་པའི་བཟའ་བ་དང་། བཏུང་བ་དང་། གཞལ་མེད་ཁང་རྣམ་པ་སྣ་ཚོགས་དག་ལྷུན་གྱིས་གྲུབ་པར་འབྱུང་བར་འགྱུར་རོ།། དེ་བཞིན་དུ་གོས་དང་། ལྷབ་ལྷུབ་དང་། རྒྱན་སྣ་ཚོགས་དང་ལྡན་པའི་གཞལ་མེད་ཁང་དག་འབྱུང་བར་འགྱུར་ཏེ། དེ་ལ་སོགས་པ་སྦྱིན་སྲེག་གི་ཆོ་ག་དོན་ཡོད་པ་སྒྲུབ་པ་དག་འབྱུང་བར་འགྱུར་བའི་གྲུབ་པ་འཐོབ་པར་འགྱུར་རོ། ། འོན་ཏེ་སྐལ་བ་ཆུང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་བོན་མ་མཆིས་པ་ཞིག་མཆིས་ལ། དེས་སྣོད་དེ་བླངས་པ་ཙམ་གྱི་མོད་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ་པར་འགྱུར་ཏེ། ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་འགྱུར་རོ།། རེག་པ་ཙམ་གྱི་མོད་ལ་ཚེ་ལྷའི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ།། དེ་ལ་ཕྱིས་ཀྱང་ནད་འབྱུང་བར་མི་འགྱུར་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱིས་ཉོན་མོངས་པར་མི་འགྱུར་རོ།། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། གདུག་པ་དང་། རབ་ཏུ་གདུག་པ་ཐམས་ཅད་ནུབ་པར་འགྱུར་རོ། ། སེམས་ཅན་དམྱལ་བ་དང་། དུད་གྲོའི་སྤྱི་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་མཆོད་གནས་གཅིག་པུར་འགྱུར་རོ། ། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། སེམས་ཅན་ཐམས་ཅད་ལྟ་འཚལ་བར་འགྱུར་རོ།། ཐམས་ཅད་དུ་རྒྱལ་བ་སྦྱིན་པར་འགྱུར་རོ།། ཚིག་བཙན་ཞིང་དོན་ཡོད་པ་འཐོབ་པར་འགྱུར་རོ། ། འགུམ་པའི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་བཞེད་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ།། དྲན་པ་ཤིན་ཏུ་ཉེ་བར་བཞག་ནས་དུས་བགྱིད་པར་འགྱུར་རོ། ། དུས་བགྱིས་ནས་སྐལ་བ་མཉམ་པ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཞིང་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ།། ལན་འགའ་ཡང་ཕྱིར་ངན་སོང་དུ་མཆིས་པར་མི་འགྱུར་ཏེ། ཕྱིས་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་བལྟ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བལྟ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྟག་ཏུ་མཆི་བར་འགྱུར་རོ། ། དཔྲལ་བར་ཐིག་ལེ་བགྱིས་ན་ཐམས་ཅད་དུ་མི་གདའ་བར་འགྱུར་རོ།། མེ་ལྷ་རྟག་པར་རྒྱུན་དུ་དྲན་པར་བགྱིས་པ་ཙམ་གྱིས་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་མཆོག་ཐམས་ཅད་སྩོལ་བར་བགྱིད་དོ། ། དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ།། དེ་ནས་དོན་ཡོད་བསྒོངས་པ་སྒྲུབ་པར་འཚལ་ན་རིག་སྔགས་འཆང་དེས་འབྲས་དང་སྲན་མ་ཤར་བསྲེས་ཏེ་བསྒྲལ་ལ་བསྒོངས་ནས་མར་དང་། བུ་རམ་དང་། ཤ་ཁ་ར་དང་། སྦྲང་རྩི་ལྷན་ཅིག་བརྫིས་ནས། བིལ་བའི་ཚད་ཙམ་དུ་བགྱིས་ཏེ། དེའི་འོག་ཏུ་ཤིང་ཀ་ར་ཝཱི་རའི་མེ་སྤར་ནས་བསྒོངས་པ་རེ་རེ་ལ་ལན་བདུན་བཟླས་བརྗོད་བགྱིས་ནས་མེའི་ནང་དུ་སྦྱིན་སྲེག་བགྱི་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བརྒྱ་རྩ་བརྒྱད་བརྒྱད་སྦྱིན་སྲེག་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཡུངས་ཀར་དང་མེ་ཏོག་ཇི་སྙེད་པ་དང་བསྲེས་ཏེ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་མེའི་དབུས་སུ་སྩལ་བར་བགྱིའོ།། འབྲས་ཡོས་དང་། ཡུངས་ཀར་དང་། ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གཏོར་བར་བགྱིལ་དེ་ནས་མེའི་དབུས་ནས་མེ་ལྷ་ལུས་ཕྱེད་ཙམ་ཕྱུང་ནས་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་སྣོད་ཟས་བསྒོངས་པས་བཀངས་ནས། རིག་སྔགས་འཆང་ལ་རིག་སྔགས་འཆང་ཁྱོད་ཀྱིས་ཟས་བསྒོངས་པ་སྒྲུབ་པའི་ཆོ་ག་གྲུབ་ཟིན་གྱིས། ལྷའི་ཟས་བསྒོངས་པ་ཆེན་པོ་ལོང་ཞིག་ཅེས་སྟོབས་པར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་ཟས་བསྒོངས་པའི་སྣོད་དེ་བླང་བར་བགྱིའོ།། བླངས་པ་ཙམ་ཁོ་ནས་བཅུད་ཀྱིས་ལེན་དུ་གྱུར་ནས་ནམ་མཁའ་ལ་འཕུར་བར་འགྱུར་རོ། ། སྒྲ་བ་ཅུང་ཟད་འཁྱིལ་པར་ཡང་འགྱུར་རོ།། པགས་པ་ཡོངས་སུ་དག་པར་ཡང་འགྱུར་རོ།། རིག་སྔགས་འཆང་འཁོར་ལོས་སྒྱུར་བར་འགྱུར་རོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་དྲུག་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་བར་འགྱུར་རོ། ། མེ་ལྷ་གནས་དང་གཞལ་མེད་ཁང་དང་བཅས། འཁོར་དང་བཅས་པ་དབང་དུ་མཆིས་ནས་ལས་ཐམས་ཅད་བགྱིད་པར་འགྱུར་རོ། ། གང་དང་གང་གིས་ཟས་བསྒོངས་པ་ལ་རེག་པ་དེའང་ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་འགྱུར་རོ།། དོན་ཡོད་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་གྲོལ་བའི་དཀྱིལ་འཁོར་ཕྱག་རྒྱ་དང་གསང་སྔགས་རིམ་པར་ཕྱེ་བ་དང་བཅས་པ་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་ཁ་ཏོན་དུ་གནས་པ་འདི་ཉིན་གཅིག་བཞིན་དུ་ཤོ་ལོ་ཀ་སྟོང་ཀློག་གམ་འཆང་བར་བགྱིད་ནཿཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། པདྨ་ལས་རྫུས་ཏེ་སྐྱེས་ནས་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ།། ལན་འགའ་ཡང་ཕྱིས་དྲན་པ་བརྗེད་པར་མི་འགྱུར་རོ།། ཚིག་བཙུན་པར་འགྱུར། ཏེ་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ།། མཆོད་པ་ཆེན་པོའི་འོས་སུའང་འགྱུར་རོ།། དཔྲལ་བ་ལ་ཐིག་ལེ་བགྱིས་ན་མི་གདའ་བར་གྱུར་ནས་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དབང་དུ་གྱུར་ནས་གནས་ཀྱི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ། ། བུད་མེད་གང་ཞིག་བུའི་ཆེད་དུ་ཟས་བསྒོད་པ་དེ་འཚལ་ན་བུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་རྙེད་ནས་ཡུན་རིང་དུ་འཚོ་ཞིང་ཡིད་གཞུངས་པ་དང་། མཁས་པ་དང་། བསྟན་བཅོས་ཐམས་ཅད་ལ་བག་ཚ་བ་མ་མཆིས་པར་འགྱུར་རོ།། དེ་ནས་སྐྱེ་བོ་འབུམ་ལ་ཟས་སྩལ་བར་འཚལ་ནའོ།། མའི་ཐུག་པ་བསྒྲུབ་པར་བགྱི་སྟེ། གནས་གཙང་མ་གཅོམ་བསྐྱུངས་པར་ཤིང་ཀ་ར་ཝཱི་རའི་ལྕུག་མས་དཀྲུག་ཅིང་དོན་ཡོད་ཞགས་པའི་སྙིང་པོའི་གསང་སྔགས་བཟླས་བརྗོད་བགྱིས་ཏེ། དེ་ནས་ཁྲོ་བོའི་རྒྱལ་པོ་ཆབ་དང་ཡུངས་ཀར་ལ་བཟླས་བརྗོད་བགྱིས་ནས་གཏོར་བར་བགྱིའོ། ། དེ་ནས་ཟས་བསྒོངས་པ་གཅིག་སྣོད་ཀྱི་ནང་ནས་ཕྱུང་ནས་འོ་ཐུག་གི་ནང་དུ་སྩལ་ལོ།། དེ་ནས་ཆར་བགོས་ཏེ་ཐོག་མར་དཀོན་མཆོག་གསུམ་ལ་བསོད་སྙོམས་དབུལ་བར་བགྱིའོ། ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དབུལ་བར་བགྱིའོ།། དེའི་འོག་ཏུ་འཕགས་པ་འཇམ་དཔལ་ལ་དབུལ་བར་བགྱིའོ།། དེའི་འོག་ཏུ་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་། ལམ་གྱིས་དུབ་པ་དང་། སློང་མོ་པ་རྣམས་ལ་རབ་ཏུ་སྩལ་བར་བགྱིའོ།། ཇི་ཙམ་དུ་སྐྱེ་བོ་འབུམ་ཅི་འཚལ་བར་ཁ་ཟས་འཚལ་དུ་སྩལ་ཀྱང་སྣོད་དེ་གང་བ་འམ་བྲི་བར་མི་མངོན་ཞིང་དེ་བས་པར་མི་འགྱུར་རོ། ། གང་དག་ཟས་དེ་འཚལ་བ་དེ་དག་སྔོན་གྱི་སྡིག་པ་དང་། སྒྲིབ་པ་དང་། བར་དུ་གཅོད་པ་ཐམས་ཅད་དང་འབྲལ་བར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། དགྲ་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་དང་མི་མཛའ་བའི་འཇིགས་པ་ཐམས་ཅད་ཀྱིས་ཚུགས་པར་མི་འགྱུར་རོ། ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོའི་འཇིགས་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། ལུས་མཉེན་ཅིང་འཇམ་པར་འགྱུར་རོ།། ང་རོ་ལ་ལྟར་མཉེན་ཞིང་སྙན་ལ་དགའ་བར་བགྱིད་པ་མི་འམ་ཅིའི་དབྱངས་སུ་འགྱུར་རོ། ། རྟག་ཏུ་དུབ་པའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ།། རྟག་ཏུ་ཇི་སྲིད་འཚོ་བའི་བར་དུ་བདེ་བ་ཡང་དག་པར་སྟོབས་པར་འགྱུར་རོ།། ཚེ་བརྗེས་ནས་བདེ་འགྲོ་ཐམས་ཅད་དུ་འགྲོ་བར་འགྱུར་རོ། ། འོ་མའི་ཐུག་པས་ལྷུང་བཟེད་བཀང་ནས་དེ་གནས་མཐོན་པོ་བླ་གས་མེད་པར་དཀྱིལ་འཁོར་བགྱིས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷུང་བཟེད་དེ་དབུལ་བར་བགྱིའོ། ། ཕུལ་བ་ཙམ་གྱི་མོད་ལ་ཆུ་བོ་གངྒཱ་བྱེ་བ་འབུམ་ཕྲག་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པའི་ལྷའི་ཟས་བསྒོངས་པ་དང་། ལྷའི་འོ་ཐུག་གིས་ལྷུང་བཟེད་བཀང་བ་དང་། ལྷའི་ཙན་དན་གྱི་དཀྱིལ་འཁོར་ལྷའི་མེ་ཏོག་སིལ་མ་བཀྲམ་པ་འབྱུང་བར་འགྱུར་རོ།། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའི་ཚོགས་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པའི་མཆོག་གིས་བསྟབས་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའི་ཚོགས་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་རིག་སྔགས་འཆང་ཡོན་བདག་དེའི་ཡོན་སྦྱོང་བར་མཛད་དོ། ། གང་གི་ཕྱིར་ཡོན་སྦྱངས་ནས་སྐལ་བ་དང་མཐུན་པའི་ཚེ་འདི་ཉིད་དང་གཞན་དུ་དབང་ཕྱུག་ཆེན་པོ་འཐོབ་པར་འགྱུར་རོ།། གྲུབ་པ་ཆེན་པོའི་གསེར་གྱིས་འབྱོར་པར་འགྱུར་རོ། ། མཛོད་དང་། བང་མཛོད་མང་པོས་རྒྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་བལྟ་འཚལ་བར་འགྱུར་རོ།། ལྷ་ཐམས་ཅད་ཀྱི་དེ་ལས་སྲུང་བ་དང་། སྐྱབ་པ་དང་། སྦ་བ་བགྱིད་པར་འགྱུར་རོ།། དེ་ནས་རྒྱལ་པོ་བཙུན་མོའི་འཁོར་དང་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་དབང་དུ་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་ལེགས་པར་ཁྲུས་བགྱིས་ཏེ། གཙང་མས་གོས་གཙང་མ་བགོས་ནས་འོ་ཐུག་མར་དང་བསྲེས་པ་འདིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིའོ།། སྒྲོན་ཤིང་དང་ཨརྒའི་ཤིང་གི་ཡམ་སྲེག་ཤིང་གི་མེ་སྤར་བར་བགྱིའོ།། སྦྱིན་སྲེག་ལན་སྟོང་རྩ་བརྒྱད་ཚང་བ་དང་། རྒྱལ་པོ་བཙུན་མོའི་འཁོར་དང་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་བདག་ཉིད་དམ་ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ནུབ་གསུམ་དུ་བགྱིས་ནས་ཀླུའི་རྒྱལ་པོ་ཐམས་ཅད་གནས་དང་འཁོར་དུ་བཅས་པ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། ནུབ་ལྔར་བགྱིས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མ་ལགས་པ་ཐམས་ཅད་དང་། མི་ཐམས་ཅད་འཁོར་དང་བཅས་པར་དབང་དུ་གྱུར་ནས་མཆི་བར་འགྱུར་རོ།། ནུབ་བདུན་དུ་བགྱིས་ན་རིག་འཛིན་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། ནུབ་ཐམས་ཅད་དུ་བགྱིས་ན་བརྒྱ་བྱིན་ལ་སོགས་ཏེ་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་རྣམས་དང་། ལྷའི་བུ་མོའི་ཚོགས་ཐམས་ཅད་དང་། གཙང་མའི་ལྷའི་བུ་མོ་རྣམས་བབས་ནས་དབང་དུ་གྱུར་ཏེ། ཇི་སྲིད་འཚེ་བའི་བར་དུ་བསྙེན་བཀུར་བགྱིད་ཅིང་མཆིས་པར་འགྱུར་རོ།། ཟླ་བ་ཉ་ནས་བརྩམས་ཏེ་མར་གྱི་ངོའི་ཚེས་ཉི་ཤུ་གསུམ་མམ་གནམ་སྟོང་གི་བར་དུ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་ལ། ཨརྒའི་ཤིང་གི་ཡམ་སྲེག་ཤིང་གིས་མེ་སྦར་ནས་གནམ་སྟོང་གིས་རྫོགས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་དུ་མཆིས་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་བགྱིད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། ང་མཉེས་པར་བྱས་ཀྱིས། རིག་སྔགས་འཆང་སྨྲོས་ཤིག་དང་མཆོག་སྦྱིན་ཏེ་གང་མཉེར་བ་དེ་ཐམས་ཅད་སྦྱིན་ནོ།། གཏེར་སྨྲ་བ་འམ། ནོར་བསྒྱུར་བ་སྨྲ་བ་འམ། ཞིང་སྨྲ་བ་འམ། ནམ་མཁའ་ལ་འགྲོ་བ་འམ། མི་སྣང་བར་བྱ་བ་འམ། གསང་སྔགས་སྨྲ་བ་འམ། ཆོ་ག་ཞིབ་མོ་སྒྲུབ་པ་དེ་དག་ཐམས་ཅད་སྦྱིན་ནོ།། རྒྱལ་པོ་ཉིད་དམ། བློན་པོ་ཉིད་དམ། ཡུལ་བདག་ཉིད་དམ། ཕྱུག་པ་ཉིད་དམ། གྲོང་རྡལ་འཐོབ་པ་འམ། གོས་འཐོབ་པ་འམ། བ་ལང་དང་། རྟ་དང་། མ་ཧེ་དང་། རྔ་མོ་དང་། ལུག་འཐོབ་པ་འམ། ནོར་འཐོབ་པ་འམ། འབྲུ་འཐོབ་པ་དེ་དག་ཐམས་ཅད་སྦྱིན་ནོ། ། ནམ་མཁའ་ལ་འགྲོ་བའམ། མི་སྣང་བར་བྱ་བ་འམ། རྫུ་འཕྲལ་འཐོབ་པ་འམ། ཏིང་ངེ་འཛིན་འཐོབ་པའམ། གཟུངས་འཐོབ་པ་འམ། ཕྱག་རྒྱ་དང་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་སྒྲུབ་པ་འམ། རོ་ལངས་བསླང་བ་འམ། རིག་འཛིན་གྲུབ་པ་ཉིད་དམ། རལ་གྲིའི་རིག་འཛིན་ཉིད་དམ། ནམ་མཁའི་རིག་འཛིན་ཉིད་དམ། ཕུག་ཏུ་འཇུག་པའམ། དུར་ཁྲོད་དུ་འཇུག་པའམ། ནགས་སུ་འཇུག་པ་འམ། རི་ལ་རྒྱུ་བ་དེ་དག་ཐམས་ཅད་སྦྱིན་ནོ།། དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་ཤིང་སྨྲས་པ་དེ་དག་ཐམས་ཅད་སྩོལ་བར་བགྱིད་དོ།། རིག་སྔགས་འཆང་ལ་བསྟན་པ་ཙམ་གྱི་མོད་ལ་དྲི་མེད་དོན་ཡོད་ལྟ་བ་ཞེས་བགྱི་བ་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། ། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་སུ་སྐྱེ་བར་འགྱུར་ཏེ། པདྨའི་ཟེ་བའི་དབུས་ནས་རྫུས་ཏེ་པདྨ་ལས་སྐྱེས་ནས་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ། ། དོན་ཡོད་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་གྲོལ་བའི་དཀྱིལ་འཁོར་ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་བཅས་པ་ཆོ་ག་ཞིབ་མོ་མཐའ་དག་དང་བཅས་པ་འདི་རྫོགས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཁ་ཏོན་དུ་གནས་པར་བགྱིའོ།། དེ་ནས་ལ་དུའི་སྦྱིན་སྲེག་གི་ཆོ་ག་སྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་ཁ་ཟས་ལས་ལ་དུ་སྟོང་རྩ་བརྒྱད་བགྱིས་ལ། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ།། དེ་ནས་ལེགས་པར་ཁྲུས་བགྱིས་ཏེ་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། ། དེ་ནས་ལ་དུ་མར་དང་བསྲེས་ཏེ་སྦྱིན་སྲེག་བགྱིའོ།། ཤིན་ཏུ་དྲི་ཞིམ་པོའི་ཤིང་གི་ཡམ་སྲེག་ཤིང་གི་མེ་སྤར་བར་བགྱིའོ།། སྟོང་རྩ་བརྒྱད་ཚང་བ་དང་། མེའི་དབུས་ནས་ཁྱེའུ་ཞིག་བྱུང་ནས་སྣོད་ལྷའི་ལ་དུས་བཀང་ནས་དབུལ་བར་བགྱིད་དོ། ། དེ་ནས་རིག་སྔགས་འཆང་གིས་ཡུཏྤ་ཀར་ལ་ལན་བདུན་བཟླས་ཏེ་ཁྱེའུ་དེའི་ལ་དུ་ལ་གཏོར་རོ།། ཁྱེའུ་དེས་རིག་སྔགས་འཆང་ལ་སྨྲས་པ། རིག་སྔགས་འཆང་ཅི་ཞིག་དོན་དུ་གཉེར། རིག་སྔགས་འཆང་གིས་འདོད་པ་ཐམས་ཅད་བྱིན་ཅིག་ཅེས་བརྗོད་པར་བགྱིའོ།། དེས་སྨྲས་པ། རིག་སྔགས་འཆང་སྣོད་ཀྱི་ལ་དུ་ཁྱེར་ཅིག་དང་། འདིས་ཁྱོད་ཀྱི་དགོས་པ་དཔག་ཏུ་མེད་པ་གྲུབ་པར་འགྱུར་རོ། ། འདི་ནི་ཁྱོད་ཀྱི་བཅུད་ཀྱི་མཆོག་ཡིན་ནོ།། རིག་སྔགས་འཆང་ལོང་ཞིག། འདི་ནི་ཁྱོད་ཀྱི་གྲུབ་པའི་མཆོག་ཏུ་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་སྣོད་གང་བ་དེ་བླངས་ཏེ་ཁྱེའུ་ལའང་ཁྱོད་ཀྱིས་ཁོ་བོའི་གྲོགས་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། ། ཁྱེའུས་སྨྲས་པ། དགོས་པ་ཐམས་ཅད་འགྲུབ་པའི་གྲོགས་བགྱིའོ།། རིག་སྔགས་འཆང་གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ་གུ་གུལ་དང་ཙན་དན་ལྷན་ཅིག་བསྲེས་ལ་མར་དང་ཡུངས་ཀར་སྦྱར་ནས་དོན་ཡོད་ལྕགས་ཀྱུས་ལན་བདུན་བཟླས་ཏེ་སྦྱིན་སྲེག་བགྱིའོ། ། ཨརྒའི་ཤིང་གི་མེ་སྦར་རོ།། སྦྱིན་སྲེག་བགྱིས་པ་ཙམ་གྱི་མོད་ལ་བདག་བཀུག་པས་མོད་ལ་མཆིས་ནས་དགོས་པ་ཐམས་ཅད་བསྒྲུབ་པར་བགྱིའོ། ། ལས་ཐམས་ཅད་བགྱིའོ།། ཇི་སྲིད་འཚོ་བའི་བར་དུ་བསྙེན་བཀུར་བགྱིས་ཤིང་བཀུར་སྟིར་སྤྱད་པར་བགྱིའོ།། བགེགས་དང་། ལོག་འདྲེན་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་བཟློག་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གི་ས་ལ་དུ་དེ་ལ་རེག་པར་བགྱིས་ན་ནམ་མཁའ་ལ་འཕུར་ནས་རིག་སྔགས་འཆང་གི་རིགས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། ། རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ས་ཡ་ཕྲག་གཉིས་དང་། བྱེ་བ་ཕྲག་བདུན་གྱིས་ཡོངས་སུ་བསྐོར་བར་འགྱུར་རོ། ། ཚེའི་ཚད་ལྷའི་བསྐལ་པ་དྲུག་ཁྲིར་འགྱུར་རོ།། སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ།། ལ་དུ་ལྷུང་བཟེད་ཀྱི་ནང་དུ་སྩལ་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་བཞག་ནས་དོན་ཡོད་རྒྱལ་པོའི་ཁྲོ་བོས་དབང་བསྐུར་ཏེ། དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་སྩོལ་བར་བགྱི་སྟེ། ལོངས་སྤྱོད་དུ་སྩལ་ཀྱང་བས་པར་མི་འགྱུར་གྱི། སླར་ཞིང་སླར་ཞིང་འཕེལ་བར་འགྱུར་རོ།། ཇི་སྲིད་དུ་ལྷུང་བཟེད་ནང་ན་ལ་དུ་མཆིས་པ་དེ་སྲིད་དུ་འཕེལ་བར་འགྱུར་རོ།། ཇི་སྲིད་དུ་སྐྱེ་བོ་འབུམ་འབུམ་མང་ཞིང་ཕལ་ཆེ་བར་སྩལ་ཀྱང་གཏུགས་པར་མི་འགྱུར་རོ། ། ལ་དུ་ལ་དོན་ཡོད་ཞགས་པའི་སྙིང་པོ་ལན་བདུན་བཟླས་བརྗོད་བགྱིས་ན། དེའི་འོག་ཏུ་གང་དུ་རེག་པ་དེའང་གསེར་བཟང་པོར་འགྱུར་རོ། ། ལ་དུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཀླུའི་གནས་སུ་འཕངས་ན། དེའི་ཚེ་རྒྱ་མཚོ་ཆེན་པོ་མཐར་གཏུགས་པའི་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་ཏེ། བསྒོ་ན་ཆར་མི་འབབ་པ་བསྒོ་བ་བཞིན་ཆར་འབེབས་པར་བགྱིད་དོ།། ཅི་བསྒོ་བ་བཞིན་བགྱིད་པར་འགྱུར་རོ།། ཧ་ཅང་ཆར་ཆེས་ན་བསྒོ་བ་བཞིན་ཧ་ཅང་ཆར་ཆེན་པོ་འགུམ་པར་བགྱིད་དོ། ། རླུང་དང་། གྲང་བ་དང་། ཚ་བ་དང་། སེར་བ་ཐམས་ཅད་བསྒོ་བ་ཙམ་གྱིས་གཅོད་པར་བགྱིད་དོ།། ཕུག་གི་སྒོར་ལ་དུ་ལ་ལན་བདུན་བཟླས་བརྗོད་བགྱིས་ནས་ཕུག་གི་སྒོར་བསྣུན་ན་ཕུག་གི་སྒོ་ཐམས་ཅད་འབྱེ་བར་འགྱུར་རོ། ། འཁྲུལ་འཁོར་དང་། གཏན་པ་དང་། སྒོ་གླེགས་ཐམས་ཅད་དུམ་བུར་བཅག་པར་འགྱུར་རོ།། གནས་ན་གནས་པ་ཐམས་ཅད་ཕྱིར་བྱུང་ནས་རིག་སྔགས་འཆང་གི་མདུན་དུ་མཆིས་ཏེ་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། ། ནགས་ཚང་ཚིང་གི་དབུས་སུ་འཕངས་ན་ནགས་ཚང་ཚིང་གི་གནས་ཀྱི་སྒོ་ཐམས་ཅད་ཕྱེ་ནས་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ།། ། ལ་དུལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་དུར་ཁྲོད་ཆེན་པོའི་དབུས་སུ་འཕངས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་བཅས་པའི་གནས་ཀྱི་སྒོ་ཐམས་ཅད་འབྱེ་བར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་སྒྲེན་མོར་གྱུར་ནས་ཐམས་ཅད་དབང་དུ་མཆིས་པར་འགྱུར་ཞིང་། ཇི་སྲིད་འཚོའི་བར་དུ་བསྒོ་བ་བཞིན་མཆིས་པར་འགྱུར་རོ།། རྨ་མ་བྱུང་བའི་མི་རོ་དྲི་ཆབ་ཀྱིས་ཁྲུས་བགྱིས་ལ་ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། ལག་པ་གཉིས་སུ་ལ་དུ་སྩལ་ལ་གོས་དཀར་པོས་རོ་གཡོགས་ནས། ཁྲོ་བོའི་རྒྱལ་པོ་ཡུངས་ཀར་དང་ཆབ་ལ་ལན་བདུན་བཟླས་ནས་དབང་བསྐུར་ན་ཅི་དྲིས་པ་དེ་དག་ཐམས་ཅད་སྨྲ་བར་འགྱུར་ཏེ། བདེ་བ་དང་། ལོ་ལེགས་པ་དང་། ལོ་ནོངས་པ་དང་། ནད་དང་། གནོད་པ་དང་། འཚེ་བ་དང་། ཕ་རོལ་གྱི་དཔུང་དང་། ཕས་ཀྱི་དགྲ་བོ་དང་། མི་མཛའ་བའི་འཇིགས་པ་དང་། མི་ངས་དང་། ཡམས་ཀྱི་ནད་དེ་དག་ཐམས་ཅད་སྨྲ་བར་འགྱུར་རོ།། ལྷའི་འཇིག་རྟེན་དུ་སྐྱེ་བ་འམ། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་སྨྲ་བར་འགྱུར་ཞིང་། དམྱལ་བར་སྐྱེ་བ་སྨྲ་བར་འགྱུར་རོ།། ཚེ་རིང་བ་འམ་ཆེ། ཐུང་བ་སྨྲ་བར་འགྱུར་རོ།། དུས་མ་ལགས་པའི་འཆི་བ་སྨྲ་བར་འགྱུར་རོ།། གཏེར་གྱི་གཏམ་སྨྲ་བར་འགྱུར་ཏེ། ནོར་བསྒྱུར་བའི་གཏམ་མམ། ཞིང་གི་གཏམ་མམ། མིག་འཕྲུལ་གྱི་གཏམ་སྨྲ་བར་འགྱུར་རོ།། ཆོ་ག་ཞིབ་མོ་འགྲུབ་པ་དང་། གསང་སྔགས་འགྲུབ་པ་དང་། ཕྱག་རྒྱའི་དཀྱིལ་འཁོར་འགྲུབ་པར་སྨྲ་བར་འགྱུར་རོ།། མིག་སྨན་འགྲུབ་པ་དང་། རིལ་བུ་འགྲུབ་པར་སྨྲ་བར་འགྱུར་རོ།། ནམ་མཁའ་ལ་མཆི་བ་དང་། མི་གདའ་བར་བགྱི་བ་དང་། རོ་ལངས་བསླང་བ་དང་། རིས་མངག་པ་དང་། དགྲ་ཆད་པས་བཅད་ཅིང་དབང་དུ་བགྱི་བ་དེ་དག་ཐམས་ཅད་སྨྲ་བར་འགྱུར་རོ།། སྒྱུ་ཐབས་སྨྲ་བར་འགྱུར་རོ།། ཉམས་པ་སྨྲ་བར་འགྱུར་རོ། ། འཕེལ་བ་སྨྲ་བར་འགྱུར་བ་ནས། བསྐལ་པ་ལས་འདས་པའི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བར་དུ་སྨྲ་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གི་ཆབ་ཀྱིས་ཁར་སྩལ་ལ་ལ་དུ་བླངས་ན་རོ་འགྱེལ་བར་འགྱུར་རོ། ། ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་རྒྱལ་པོའི་སྒོར་བསྣུན་ན། རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་བདག་ཉིད་དམ་ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། གྲོང་ཁྱེར་གྱི་སྒོར་བསྣུན་ན་གྲོང་ཁྱེར་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་ཞིང་ནོར་ཆེན་པོ་འདུ་བར་འགྲུབ་པ་འཐོབ་པར་འགྱུར་རོ། ། མཆོད་པའི་གནས་ཆེན་པོར་འགྱུར་རོ།། ལ་དུལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། དཔལ་ལྷ་མོ་ཆེན་མོའི་ལག་པ་སྤྲུལ་ན་དཔལ་ལྷ་མོ་ཆེན་པོ་དབང་དུ་གྱུར་ནས་ནོར་ཆེན་པོ་སྩོལ་ཅིང་། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ།། ལ་དུ་ལ་ཡན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཁུག་མའི་ནང་དུ་སྩལ་ཏེ་མཆན་ཁུང་དུ་བསྲེལ་བར་བགྱིས་སྟེ། ཇི་ཙམ་དུ་བསྲེལ་བ་དེ་སྲིད་དུ་མི་གདའ་བར་གྱུར་ནས་གང་དུ་སྩལ་བ་དེར་འཇུག་པར་འགྱུར་རོ།། གང་ན་ཤིང་གཅིག་གམ་འབབ་ཆུ་གཅིག་པར་ལ་དུ་ལ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱི་སྟེ། དབང་བསྐུར་ནས་ཤིང་གི་དྲུང་དུ་བརྡེགས་ན་འདོད་དགུར་སྒྱུར་བ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ཇི་ལྟར་བསམས་པའི་འདོད་པ་ཐམས་ཅད་ཉེ་བར་མཆིས་ནས་ཡོངས་སུ་སྤྱོད་པ་དང་། ཇི་སྲིད་མཚོའི་བར་དུ་མཆིས་པར་འགྱུར་རོ། ། ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། མ་མོའི་གནས་སུ་ནག་པོ་ཆེན་པོའི་སྤྱི་གཙུག་ཏུ་བཞག་ལ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་ཏེ་ཆབ་དང་ཡུངས་ཀར་གྱིས་དབང་བསྐུར་བར་བགྱིས་ན། དེ་ནས་སྦྱོར་བ་མོ་ཐམས་ཅད་དང་། མཁའ་འགྲོ་མ་ཐམས་ཅད་དབང་དུ་གྱུར་ནས་མངག་གཞུག་པ་ལས་ཐམས་ཅད་བགྱིད་པར་འགྱུར་རོ།། ལ་དུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ནག་པོ་ཆེན་པོའི་ལྟེ་བའི་ཕྱོགས་སུ་བཞག་ན། མ་མོའི་ཚོགས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་དུ་མཆིས་ནས་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། ལས་ཐམས་ཅད་བགྱིད་པར་འགྱུར་རོ།། ལ་དུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་འཕགས་པ་འཇམ་དཔལ་གྱི་ལྷུང་བཟེད་ཀྱི་ནང་དུ་སྩལ་ཏེ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་བགྱིས་ན་ཇི་སྲིད་དུ་ལྷུང་བཟེད་ན་ལ་དུ་མཆིས་པ་དེ་སྲིད་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ལྷའི་ཞལ་ཟས་རོ་སྣ་ཚོགས་ཀྱི་རོའི་མཆོག་དང་ལྡན་པ་དག་འབྱུང་བར་འགྱུར་ཞིང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་བཅས་པ་ཚིམ་པར་བགྱིས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གིས་རིག་སྔགས་འཆང་དེའི་ཡོན་སྦྱོང་བ་མཛད་པར་འགྱུར་རོ། ། ལ་དུ་ལ་ལན་བརྒྱད་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཁྲོ་བོའི་རྒྱལ་པོའི་དབང་བསྐུར་ལ་ལྕགས་ཀྱུའི་རྒྱལ་པོས་ཆབ་ལ་བཟླས་བརྗོད་བགྱིས་ནམ་ཐབ་ཀྱི་མཚམས་བཅིང་བར་བགྱིའོ། ། དེ་ནས་ཨརྒའི་ཡམ་སྲེག་ཤིང་གིས་མེ་སྤར་ལ་ལ་དུ་དེ་མ་ཐབ་ཀྱི་དབུས་སུ་བཞག་སྟེ། མར་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་བསྲེས་པས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིའོ། ། ལན་བརྒྱ་རྩ་བརྒྱད་ཚང་བ་དང་། མེ་ལྷ་མེའི་རང་བཞིན་གྱི་གཟུགས་ཀྱིས་བྱུང་ནས། རིག་སྔགས་འཆང་ལ་སྨྲས་པ། རིག་སྔགས་འཆང་ལེགས་སོ་ལེག་སོ། ། བདག་ཚིམ་པར་བྱས་སོ།། བདག་དགའ་བར་འགྱུར་ཏོ།། རིག་སྔགས་འཆང་བདག་གིས་མཆོག་ཏུ་དགའ་བ་ཐོབ་ཀྱིས། རིག་སྔགས་འཆང་ཇི་ལྟར་ཡིད་ལ་བསམས་ཤིང་འདོད་པ་སྨྲོས་ཤིག་དང་མཆོག་སྦྱིན་ནོ། ། རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་པ་བཞིན་མཆོག་བརྗོད་པར་བགྱིའོ།། མེ་ལྷ་དེས་ཀྱང་ཐམས་ཅད་སྩོལ་ཅིང་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ལས་ཐམས་ཅད་གྲུབ་པ་སྩོལ་བར་འགྱུར་རོ། ། མེའི་ཕུང་པོའི་དབུས་སུ་ཞུགས་ན་འོད་ཟེར་སྟོང་འཕྲོ་བ་རྣམས་གངས་བཞིན་དུ་བསིལ་བར་འགྱུར་ཏེ་ཆབ་ནས་བྱུང་བ་བཞིན་ནོ།། ལག་པས་མེ་རྣམས་ཚུགས་པར་བགྱིད་དོ།། འབར་བ་བཞིན་དུ་ཀླད་པའི་སྤྱི་བོར་བཞག་ན་སྐྲ་ཉག་མ་གཅིག་ཀྱང་འཚིག་པར་མི་བགྱིད་དེ། མེའི་དབང་དུ་མཆི་བར་མི་འགྱུར་རོ།། འབར་བཞིན་དུ་གཡར་གྱི་ནང་དུ་བསྲེལ་ན་ཅུང་ཟད་དྲོ་བ་ཙམ་དུའང་མི་འགྱུར་རོ།། ལུས་ལ་བབ་ན་ཇི་ལྟར་ཙར་དན་བཞིན་དུ་བསིལ་ཞིང་བདེ་བར་འགྱུར་རོ། ། གཞན་ཡང་དགོས་པ་སྣ་ཚོགས་བགྱིད་པར་འགྱུར་རོ།། གོས་ཀྱི་མཐའ་མར་ཐུམ་པོ་བགྱིས་ན་ཚིག་པར་མི་འགྱུར་རོ།། ཆབ་ཀྱི་ནང་དུ་སྩལ་ན་འགུམ་པར་མི་འགྱུར་རོ། ། སྦྱིན་སྲེག་ཐམས་ཅད་ཀྱི་ཆོ་ག་སོ་སོའི་གཟུགས་སུ་མཆིས་པར་འགྱུར་རོ།། ཐམས་ཅད་དུ་དགོས་པ་འདི་ཡན་གྲུབ་པ་སྩོལ་བར་འགྱུར་རོ།། དགོས་པ་གང་དང་གང་དུ་བསྐོས་པ་དེ་དང་དེར་དགོས་པ་ཐམས་ཅད་གྲུབ་པ་སྩོལ་བར་འགྱུར་རོ། ། ཐམས་ཅད་དུ་གསང་སྔགས་དང་། དཀྱིལ་འཁོར་དང་། ཆོ་ག་སྒྲུབ་པ་ཐམས་ཅད་ལུང་འབོགས་པར་འགྱུར་རོ།། དུ་བ་དང་། རླུང་དང་། མེ་འབར་བའི་ཤུགས་ཀྱིས་དཔག་ཚད་སྟོང་དུ་མཆིས་ཤིང་སླར་ཡང་ལྡོག་པར་འགྱུར་རོ། ། དགོས་པ་ཐམས་ཅད་ཉེ་བར་སྟོན་པར་འགྱུར་རོ།། དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ།། ཐམས་ཅད་དུ་གྲུབ་པ་སྩོལ་བར་འགྱུར་རོ། ། དེ་ནས་དོན་ཡོད་མེ་འབར་བ།། བླ་མེད་འབར་བཟང་སྒྲུབ་འཚལ་བ།། ཡིད་བཞིན་ནོར་བུ་ལྟ་བུ་དང་།། གཟི་བརྗིད་ཉི་མ་དང་མཉམ་པས།། ཕྱོགས་བཅུ་ཁོ་ར་ཁོར་ཡུག་གི། ཀུན་ནས་སུ་ནི་གསལ་བར་བགྱི། ། སྒྲུབ་པ་རྣམ་པ་སྣ་ཚོགས་དང་།། འཚེད་པ་བླ་ན་མེད་པ་འགྲུབ།། བཅུད་ཀྱི་མཆོག་སྟེ་དམ་པ་ལགས།། ནོར་སྒྱུར་སྨྲ་བ་བླ་ན་མེད།། གཞན་ཡང་འཚེད་པ་སྣ་ཚོགས་པ།། སྒྲུབ་པ་བླ་ན་མེད་པ་ལགས། ། ཇི་ལྟར་ཉིན་མཚན་གདའ་བས་ན།། ཉིན་པར་གྱི་ནི་གདུགས་དང་མཚུངས།། ལན་ཅིག་དགོས་པ་སྒྲུབ་པ་ན།། ལེགས་པར་ལས་བགྱིས་ནོར་བུ་དང་།། རྫས་བསྲེས་ལེག་པར་བགྱིས་པ་ལ།། གཙང་མས་བཟླས་པའི་ལས་རྣམས་དང་།། གཙང་མས་སྤྱད་པས་སྒྲུབ་པ་དང་།། དོན་ཡོད་ཆུ་དང་མེ་དང་ནི།། མེ་ཡི་ཤིང་རྣམས་བརྗོད་པར་བགྱི།། མེ་འབར་འོད་དང་མཚུངས་པ་སྟེ།། དེ་དག་ཐམས་ཅད་གཅིག་སྤུངས་པའི། ། ཡམ་སྲེག་ཆོ་ག་བླ་ན་མེད།། ཙན་དན་དང་ནི་སེང་ལྡེང་དང་།། པ་ཏང་ཀ་ར་ཝཱི་ར་དང་།། ཨརྒ་ཤ་མི་སྨྱུག་མ་དང་།། ཤིར་ཤ་ཀར་ན་རི་ཀ་དང་།། འོ་མའི་ཤིང་དང་བྱང་ཆུབ་ཤིང་། ། པླག་ཤ་དང་ནི་སྣ་མ་དང་།། གན་དྷ་བར་ཤི་པདྨ་ཡི།། རྩ་བ་དང་ནི་ལོ་མར་བཅས།། པདྨ་དཀར་པོ་ཀུ་མུ་དེ།། ཨུཏྤལ་མེ་ཏོག་ལྀ་མ་རྩ།། བི་ཛ་པུ་ར་བི་ལ་བ་ཤིང་།། སིན་དུ་བི་ར་ཙམ་པ་ཀ། དྲེ་ཀ་བི་ཙུ་མརྡེ་ཙ།། ས་ཧ་བ་ལ་ཙི་དྲ་ཀ། ཤིང་དེ་ཀུན་ཀ་བསྡུས་པ་ཡི།། ཡམ་སྲེག་ཤིང་གི་ལས་བགྱིས་ཏེ།། ཡུངས་ཀར་མར་དང་ཞོ་དང་ནི།། སྦྲང་རྩི་འབྲས་ཡོས་སྦྱིན་སྲེག་བགྱི།། བཟང་པོའི་ཟངས་ལས་སྲང་གསུམ་དང་། ། མཚལ་ལས་ཉིས་འགྱུར་གང་བསྐུས་ཀྱང་།། སྲང་གཅིག་ཙན་དན་དཀར་པོ་ཉིད།། སྲང་བཅུ་ལྡོང་རོས་སྲང་གཅིག་སྟེ།། དེ་དག་བསྲེས་པའི་རྫས་རྣམས་དང་།། དེ་བཞིན་ཡུང་ནི་ཉིས་འགྱུར་དག། ཞི་ག་དག་ནི་བཀང་ནས་སུ།། མེ་ཐབ་དབུས་སུ་གཞུག་པར་བགྱི།། སྦྱིན་སྲེག་སྟོང་ནི་རྩ་བརྒྱད་དུ།། ཤིན་ཏུ་མཉམ་བཞག་ལེགས་གསལ་བ།། གཙང་མ་གཙང་མར་སྤྱོད་པ་ཡི།། གོས་གཙང་ལེགས་པར་ཁྲུས་བགྱིས་པ།། དྲི་ཞིམ་དྲི་ཡིས་བསྒོས་པར་བགྱི།། རོ་སྣ་ཚོགས་པའི་གཏོར་མ་དང་།། མེ་ཏོག་འབྲས་བུ་ཉིད་ཀྱང་དགོད།། བཟླས་བརྗོད་ཀྱི་ནི་སྦྱིན་སྲེག་ཉིད།། སྟོང་རྩ་བརྒྱད་ནི་ཚང་བ་དང་། ། དེ་ནས་ལྷ་བཤོས་གཏོར་མ་དང་།། མེ་ཏོག་བདུག་པ་མཆོད་ཡོན་སྣོད།། དབུལ་ཏེ་འོ་མས་མདག་མ་དགུམ།། འོ་མས་ཞིག་ཞི་བར་བགྱི།། དེ་ནས་རིག་སྔགས་འཆང་གི་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་ནས་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། ། ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་ཏུ་དབང་བསྐུར་བར་བགྱིའོ།། དེ་ནས་ཞིག་འབར་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་ཞིག་དེ་ལ་མཆོད་པར་བགྱིའོ། ། དེ་ནས་ཟངས་ཀྱི་སྒྲོམ་བུ་འམ་དངུལ་གྱི་སྒྲོམ་བུར་ཞི་གནས་ནོར་བུ་བླངས་ཏེ། སྒྲོམ་བུ་དེར་གཞག་པར་བགྱི་སྟེ། ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བ་བཞིན་དུ་འདིའང་དོན་ཡོད་པ་འབར་བ་མཐུ་ཆེན་པོའི་མཐུ་དང་ལྡན་པར་འགྱུར་རོ། ། མཚན་མོ་ནི་ཟླ་བའི་འོད་བཞིན་དུ་གདའ་བར་འགྱུར་རོ།། ཉི་མོ་ནི་ཉི་མའི་འོད་བཞིན་དུ་གདའ་བར་འགྱུར་རོ།། ནམ་འཚེད་པའི་དུས་ཀྱི་ཚེ་ནོར་བུ་དེ་བཞག་ན་འཚོ་བ་དང་སྲེག་པ་དང་། འཚེད་པ་ཐམས་ཅད་གྲུབ་པར་འགྱུར་རོ།། ནམ་ཧོམ་བགྱིད་པ་དེའི་ཚེ་ཐབ་ཀྱི་དབུས་སུ་བཞག་སྟེ། སྲེག་བླུགས་ཀྱི་སྦྱིན་སྲེག་བགྱིས་ན་མེ་ཆེན་པོ་འབར་བར་འགྱུར་རོ།། ཐམས་ཅད་ཀྱི་ཐམས་ཅད་དུ་དགོས་པ་རྣམས་སྒྲོལ་མས་གསལ་བར་བགྱིས་པ་བཞིན་དུ་འགྱུར་རོ། ། གཡུལ་ངོ་ཆེན་པོར་གཡུལ་འགྱེད་པའི་དབུས་སུ་སྐྱེས་པ་དཔའ་བོ་ལེགས་པར་ཁྲུས་བགྱིས་པ། གོས་གཙང་མ་བགོས་པ། ཡ་ལད་དང་གོ་ཆར་བསྡམས་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དེའི་སྤྱི་བོའི་གཙུག་ཏུ་བཞག་ནས་གཅིག་པུ་གཡུལ་གྱི་དབུས་སུ་ཞུགས་ན་དེ་ནས་སྐྱེས་པ་དེ་མེ་འབར་བ་གཅིག་པུར་འགྱུར་རོ། ། དེ་ནས་གཡུལ་འགྱེད་པའི་ཕ་རོལ་གྱི་དཔུང་རྣམས་ཕམ་པར་གྱུར་ནས་ཕྱོགས་བཅུར་འཁྲུགས་ནས་འབྱེར་བར་འགྱུར་རོ། ། ཕྱི་ནས་ལན་འགའ་ཡང་ཕ་རོལ་གྱི་དཔུང་དང་དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། ཕ་རོལ་གྱི་དགྲ་དང་མི་མཛའ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། ། ལག་པས་ནོར་བུ་བཟུང་ནས་ཕུག་གི་གནས་སུ་ཞུགས་ན་གནས་ཀྱི་སྒོར་ཐམས་ཅད་འབྱེ་བར་འགྱུར་རོ།། གནས་ན་གནས་པ་ཐམས་ཅད་མདུན་དུ་མཆིས་པར་འགྱུར་རོ། ། ཀླུའི་གནས་ཐམས་ཅད་དུ་མཆིས་ནས་ལག་པས་ནོར་བུ་བཟུང་སྟེ་གནས་ཀྱི་ནང་དུ་ཞུགས་ན་ཆབ་ཐམས་ཅད་ཀྱི་ཕྱིར་མི་ཚུགས་པར་འགྱུར་རོ།། དེ་ནས་ཀླུ་ཐམས་ཅད་མདུན་དུ་མཆིས་ནས་བདེན་པར་དམ་བཅའ་བར་འགྱུར་རོ། ། དབང་དུ་གྱུར་ནས་ཇི་སྲིད་མཚོའི་བར་དུ་ལས་བགྱིད་པར་འགྱུར་རོ།། བསྒོ་བ་བཞིན་བགྱིད་པར་འགྱུར་རོ།། ལོ་ཏོག་དང་། རྩ་དང་། ཤིང་གེལ་བ་དང་། ནགས་ཚལ་ཐམས་ཅད་བདེ་བ་འཕེལ་བར་འགྱུར་རོ། ། སྙན་ཅིང་མདངས་དང་ལྡན་པ་དང་མཉེན་པར་འགྱུར་རོ།། གཟི་བརྗིད་དང་ལྡན་པ་དང་། དྲན་པ་དང་ལྡན་པ་དང་། མི་བདེ་བ་ཆུང་བར་ཡང་འགྱུར་རོ།། སེམས་ཅན་གང་དག་གིས་ཀྱང་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་བ་དེ་དག་ཐམས་ཅད་དང་། གཞན་ཆེས་མང་པོ་དག་གིས་དགོས་པ་མང་པོ་བགྱིད་པར་འགྱུར་བ་ནི་ནོར་བུ་ཆེན་པོ་དོན་ཡོད་འབར་བའི་ནོར་བུ་མེ་འབར་བའི་ཆེན་པོ་ལགས་སོ། ། དེ་ནས་དོན་ཡོད་སྣང་བ་རྣམ་པར་ལྟ་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀུག་སྟེ་རང་གི་གཟུགས་སུ་བལྟ་བར་འཚལ་ན། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། ། ལུས་ལེགས་པར་བཀྲུས་ཏེ་སྤོས་ཆབ་ཀྱིས་བྱུག་པར་བགྱིའོ།། ཤིང་ཨརྒའི་ཡམ་སྲེག་ཤིང་གིས་མེ་སྤར་བར་བགྱིའོ།། ཡུངས་ཀར་དང་། ཨ་ཀ་རུ་དང་། ཙན་དན་དང་། ཞོ་དང་། སྦྲང་རྩི་དང་། མར་སྦྱར་བས་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ།། དེ་ནས་དོན་ཡོད་ལྕགས་ཀྱུ་གུ་གུལ་ལས་ལན་ཉི་ཤུ་རྩ་གཅིག་གི་སྲེག་བླུགས་ཀྱིས་སྦྱིན་སྲེག་བགྱིས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས། མཆོག་ཐམས་ཅད་བསམས་པ་བཞིན་ཡོངས་སུ་རྫོགས་པར་བགྱིད་དོ།། ཇི་ལྟར་ཡིད་ལ་བགྱིད་ཅིང་བསམ་པའི་མཆོག་སྩོལ་བར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བགྱིས་ཤིང་བསམས་པའི་མཆོག་སྨྲས་པ་དང་། དེའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་སྩོལ་བར་བགྱིད་དོ།། དེ་ནས་མིག་སྨན་སྒྲུབ་པར་འཚལ་ན་རིག་སྔགས་འཆང་དེས་ལེགས་པར་བཀྲུས་ཏེ་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། ། ནུབ་གཅིག་སྨྱུང་བ་བགྱིས་ཏེ། དེས་ཟངས་ཀྱི་ཟ་མ་ཏོག་བགྱིས་ལ། དེ་ནས་མིག་སྨན་སོ་བི་ར་དང་ཡུང་བ་ཉིས་འགྱུར་དུ་བསྲེས་པས་དགང་བར་བགྱིའོ། ། དེ་ནས་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཐབ་ཀྱི་དབུས་སུ་གཞག་པར་བགྱིའོ།། དེའི་སྟེང་དུ་ཨུ་ཤི་ར་དང་། ཡུངས་ཀར་དང་། ཙན་དན་དང་། ཞོ་དང་། སྦྲང་རྩི་དང་། མར་དང་བསྲེས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ། ། ཤིང་ཨརྒའི་མེ་སྤར་བར་བགྱིའོ།། ལན་སྟོང་རྩ་བརྒྱད་ཚང་བ་དང་། དེ་ནས་མིག་སྨན་བླངས་ལ་གཏུན་གྱི་སྟེང་དུ་ལེགས་པར་ཞིབ་དུ་བཏགས་ལ། ལྡོང་རོས་དང་། ག་བུར་དང་གླསླར་རྩི་བསྲེས་ནས་སླར་ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ། དོན་ཡོད་ལྕགས་ཀྱུའི་རིག་སྔགས་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པ་ནི་ཐམས་ཅད་དུ་མགུལ་པ་ལེགས་པར་སྦྱར་ཏེ། དེ་ནས་དོན་ཡོད་རྒྱལ་པོས་དབང་བསྐུར་བར་བགྱིའོ།། དོན་ཡོད་ཞགས་པའི་ཕྱག་རྒྱས་ལན་བདུན་ཕྱག་རྒྱ་བཅིངས་སོ།། དེ་ནས་མིག་སྨན་གྱིས་བྱུག་ན་ནམ་མཁའ་ལ་འཕུར་ནས་རིག་སྔགས་འཆང་ཐམས་ཅད་ཀྱི་དཔོན་པོར་འགྱུར་རོ། ། སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ།། བསྐལ་པ་ཁྲིར་འཚོ་བར་འགྱུར་རོ།། དཔྲལ་བར་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར་རོ། ། མིག་ལ་བསྐུས་ཏེ་ཚིག་གཞན་མི་སྨྲ་བར་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། མཆོད་པ་ཕལ་པོ་ཆེས་ཆེར་མཆོད་པར་འགྱུར་རོ། ། ནོར་འདུ་བ་གྲུབ་པ་ཆེན་པོ་འཐོབ་པར་འགྱུར་རོ།། སྒྲུབ་པའི་དུས་སམ་བཟླས་བརྗོད་ཀྱི་དུས་སུ་མིག་ལ་བསྐུས་ན་བགེགས་དང་། ལོག་འདྲེན་དང་། བདུད་ཀྱི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་ས་མི་མཐོང་བར་འགྱུར་རོ། ། ཕྱིས་ཀྱང་བགེགས་བྱེད་པར་མི་ནུས་ཏེ། བར་ཆད་བགྱིད་པར་མི་འགྱུར་རོ།། བདེ་བ་སྒྲུབ་པའི་ཆོ་ག་དང་བཟླས་བརྗོད་ཀྱི་ཆོ་ག་གྲུབ་པར་འགྱུར་རོ།། མིག་ལ་བྱུགས་ཏེ་སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་དེ་དག་ཐམས་ཅད་དབང་དུ་གྱུར་ཏེ་ནོར་དང་། འབྲུ་དང་། གོས་དང་། ལྷ་བ་ལྷུབ་རྒྱན་ཕལ་པོ་ཆེ་འགྲུབ་པར་འགྱུར་རོ།། བུད་མེད་ཀྱང་མིག་མི་འཛུམས་པར་ལྟ་བཞིན་དུ་བདག་ཉིད་དམ་ནོར་དབང་དུ་འགྱུར་རོ། ། མིག་ལ་བྱུགས་ཏེ་དགོན་པ་ཆེན་པོར་ཞུགས་ན་ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གཅན་གཟན་གདུག་པ་དང་། སྦྲུལ་དང་། དབྱིག་དུག་དང་། སྦྲུལ་གྱི་དུག་གི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། བདེ་ལེགས་སུ་སླར་ཡང་མཆི་བར་འགྱུར་རོ།། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལ་མིག་སྨན་བསྐུས་ན་སྨྲ་བ་རྣམས་ཀྱི་བླ་ན་མེད་པར་འགྱུར་ཏེ་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། ། གཡུལ་ངོར་གཡུལ་འགྱེད་པའི་ནང་དུ་མཆིས་ནས་མིག་ལ་བྱུགས་ན་ཐམས་ཅད་ལས་རྒྱལ་བར་འགྱུར་ཞིང་། འཇིགས་པ་ཐམས་ཅད་ལས་བསྒྲལ་བར་འགྱུར་རོ།། གདུག་པས་ཟིན་པ་ཐམས་ཅད་ལ་མིག་ལ་བསྐུས་ན་གདུག་པ་མ་མཆིས་པར་འགྱུར་རོ། ། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། རིམས་ཞག་བཞི་པ་ཐམས་ཅད་ལ་མིག་ལ་བསྐུས་ན་རིམས་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། དུག་མི་བཟད་པ་འཚལ་ལ་མིག་ལ་བསྐུས་ན་དུག་མ་མཆིས་པར་འགྱུར་རོ།། གདོན་ཐམས་ཅད་ཀྱིས་ཟིན་པ་ལ་མིག་ལ་བསྐུས་ན་གདོན་བརྒྱད་ཁྲི་བཞི་སྟོང་ལས་ཐར་པར་འགྱུར་རོ། ། མིག་བྲོ་འཚལ་བ་ལ་བསྐུས་པ་ཙམ་གྱི་མོད་ལ་བྱང་བར་འགྱུར་རོ།། ཀླང་པ་ཆེར་བྲོ་འཚལ་བ་ལའང་མིག་ལ་བསྐུས་པ་ཙམ་གྱིས་བྱང་བར་འགྱུར་རོ།། ཚངས་པའི་སྲིན་པོའི་གདོན་དང་བརྗེད་བྱེད་ཀྱིས་ཟིན་པ་ལ་མིག་ལ་བསྐུས་པ་ཙམ་གྱིས་ཐར་བར་འགྱུར་རོ། ། རྒྱལ་པོ་ཁྲོས་པས་གསད་པར་འོས་པ་གང་སུའང་རུང་བ་ཁྲིད་པ་མིག་ལ་བསྐུས་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སྤང་བའི་ཐར་པར་འགྱུར་རོ། ། ནོར་བུ་ཆེན་པོའི་མིག་ལ་བསྐུས་ན་རང་གི་གཟུགས་ཀྱིས་དུས་སུ་མདུན་ན་མཆིས་ནས་མཆོག་ཐམས་ཅད་སྩོལ་ཅིང་དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ།། མ་མོའི་ཚོགས་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། དཔལ་ལྷ་མོའི་མིག་ལ་བསྐུས་ཏེ་མིག་མི་འཛུམ་པར་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་གསུམ་བཟླས་ན། དཔལ་ལྷ་མོ་ཆེན་མོ་མཆིས་ནས་དགོས་པ་ཐམས་ཅད་དང་འབྲུ་རབ་ཏུ་མང་པོ་སྩོལ་བར་འགྱུར་རོ། ། ཉལ་བའི་ཚེ་མིག་ལ་བསྐུས་ཏེ་ཉལ་ན་རྨི་ལམ་བཟང་པོ་མང་ཞིང་ཕལ་ཆེ་བ་མཐོང་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་མཐོང་བར་སྩོལ་བར་འགྱུར་རོ། ། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། དྲན་པ་དང་བློ་གྲོས་རྒྱ་ཆེན་པོར་འགྱུར་རོ།། མིག་ལ་བསྐུས་ཏེ་ཚོགས་ཀྱི་དབུས་སུ་ཞུགས་ན་མཆོད་པ་ཆེན་པོ་འཐོབ་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་གྱི་མིག་ལ་བསྐུས་ན་རྟག་ཏུ་མཆོག་སྩོལ་བར་འགྱུར་རོ།། རྟག་ཏུ་བལྟ་འཚལ་བར་འགྱུར་རོ། ། གིའུ་ཝང་དང་ལྷན་ཅིག་སྦྱར་ཏེ་མིག་ལ་བསྐུས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་དབང་ཕྱུག་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། དོན་ཆེན་པོ་འགྲུབ་པར་ཡང་འགྱུར་རོ།། རྒྱལ་པོ་བཙུན་མོ་དང་། བློན་པོའི་ཚོགས་དང་། འཁོར་ཐམས་ཅད་དགའ་བར་གྱུར་ནས་ཐམས་ཅད་དབང་དུ་གྱུར་ཏེ་མཆིས་པར་འགྱུར་རོ།། དཔལ་ལྷ་མོ་ཆེན་མོའི་གཟུགས་བརྙན་གྱི་མིག་ལ་བསྐུས་ན་འབྱུང་པོ་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་། ལས་བགྱི་བ་ཅི་མཆིས་ཞེས་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ནག་པོ་ཆེན་པོའི་གཟུགས་བརྙན་གྱི་དཔྲལ་བ་དང་མིག་ལ་བསྐུས་ན་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ། ། མི་རོའི་མིག་ལ་བསྐུས་ན་ལྡང་བར་འགྱུར་རོ།། གསང་སྔགས་དང་། དུག་སྦྱར་མ་དང་། བྱད་ཀྱིས་ཟིན་པ་ཐམས་ཅད་ཀྱི་མིག་ལ་བསྐུས་ན། དུག་སྦྱར་མ་དང་། བྱད་དང་། གསང་སྔགས་ཐམས་ཅད་བཤིག་པར་འགྱུར་ཞིང་ལན་འགའ་ཡང་སླར་ཟིལ་གྱིས་གནོན་པར་མི་འགྱུར་རོ།། བཀྲེས་པའི་མིག་ལ་བསྐུས་ཏེ་གྲོང་དུ་ཞུགས་ན་བཟའ་བ་དང་བཏུང་བའི་སྟོན་མོ་ལྷུན་གྱིས་འགྲུབ་ཅིང་འཐོབ་པར་འགྱུར་རོ། ། བསོད་སྙོམས་པའི་མིག་ལ་བསྐུས་ཏེ་བསོད་སྙོམས་ལ་མཆིས་ན་ཁ་ཟས་སྣ་ཚོགས་མང་པོ་དང་ཡོན་ཕལ་པོ་ཆེ་འཐོབ་པར་འགྱུར་རོ། ། སྨེ་བ་དང་། ལིང་ཏོག་དང་། རབ་རིབ་དང་། ཆུ་བུར་དང་། མཚན་མོ་འཐོབ་པ་དང་། གཡལ་བ་དང་། ཚག་པོ་དང་། མིག་གི་རྫི་མ་རྡུང་བ་དང་། མིག་སླེ་བོ་དེ་དག་ཐམས་ཅད་ཞི་བར་འགྱུར་རོ། ། མིག་ནད་ཐམས་ཅད་ལས་སོས་པར་འགྱུར་རོ།། ལྷའི་མིག་དག་པ་འདབ་བཟང་དང་མཚུངས་པ་འདབ་བཟངས་ཀྱི་མཐོང་བ་ཐོབ་ནས་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་། དབང་དུ་གྱུར་ནས་ནོར་རྙེད་པ་དང་། དོན་གྲུབ་པའང་ཐོབ་ནས་དབང་ཕྱུག་བླ་ན་མེད་པར་འགྱུར་རོ།། དེ་ནས་ནོར་དང་། འབྲུ་དང་། གོས་དང་། ལྷབ་ལྷུབ་དང་། རྒྱན་དང་། རྒྱན་འཕྱང་ཐམས་ཅད་དགུག་པ་དང་། འཕེལ་བར་བགྱིད་པ་དང་། དོན་ཡོད་མེ་ལྷ་དགུག་པའི་སྦྱིན་སྲེག་རྒྱ་ཆེན་པོ་བརྗོད་པར་བགྱིའོ།། གྲུབ་པ་ཀུན་གྱི་བླ་ན་མེད།། དོན་ཀུན་གྲུབ་པས་མོད་ལ་ནི།། མཁས་རྣམས་མཆོག་ཏུ་དགའ་བར་བགྱིད།། དབང་ཕྱུག་སྐལ་བ་ཕུན་སུམ་ཚོགས། ། མོད་ཉིད་ཁོ་ནར་འཐོབ་འགྱུར་བར།། ཐེ་ཚོམ་དུ་ཡང་མི་བགྱི་ཞིང་།། ཡིད་གཉིས་ཉིས་ཀྱང་མ་ལགས་སོ།། གཙང་མས་གཙང་མའི་གོས་དག་དང་།། ལེགས་པར་བཀྲུས་པའི་ལས་སྒྲུབ་བོ། ། སྦྱིན་སྲེག་བླ་ན་མེད་འཕེལ་བ།། འདི་ནི་རྒྱ་ཆེན་བསམ་མི་ཁྱབ།། ཀར་ན་རྩ་བ་སྡོང་བུར་བཅས།། འདབ་མ་མེ་ཏོག་འབྲས་བུར་བཅས།། ཨརྒའི་ཤིང་དང་བླག་ཤིང་གི། ཡམ་སྲེག་དག་གིས་མེ་སྤར་ལ། ། ས་བོན་བདུན་པོ་འབྲས་དང་བཅས།། འབྲས་ཡོས་ཏིལ་དང་ཡུངས་ཀར་དང་།། ཞོ་དང་སྦྲང་རྩི་མར་དང་ནི།། ཡུངས་མར་དག་དང་བསྲེས་པ་ཡི།། སྦྱིན་སྲེག་སྟོང་རྩ་བརྒྱད་ཚང་བགྱི།། ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་ཀྱིས་དབང་བསྐུར་བ་ཚང་བ་དང་། དེ་ནས་དོན་ཡོད་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གུ་གུལ་དང་། སྐེ་ཚེའི་འབྲས་བུ་དང་། མར་དུ་སྦྱར་བས་སྦྱིན་སྲེག་བགྱིའོ། ། དགོས་པ་ཐམས་ཅད་རྫོགས་པ་དང་། དེའི་ཚེ་བཟའ་བ་དང་། བཏུང་བ་དང་། གནས་མལ་དང་། སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་འཕེལ་བར་ཡང་འགྱུར་རོ། ། གོས་སྣ་ཚོགས་དང་། ལྟབ་ལྷུབ་དང་། རྒྱན་དང་། རྒྱན་འཕྱང་དང་། མེ་ཏོག་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་རྣམས་ལྷུན་གྱིས་གྲུབ་པར་འབྱུང་བར་འགྱུར་རོ།། དབང་ཕྱུག་གི་འབྱོར་པ་ཆེན་པོ་འཐོབ་པར་འགྱུར་ཞིང་། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ།། དེ་ནས་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་ཉིན་ཞག་གཅིག་མཆིས་ནས་མིག་ལ་བསྐུས་ཏེ། དོན་ཡོད་ཞགས་པའི་སྙིང་པོ་ལན་དགུ་བཅུ་བཟླས་བརྗོད་བགྱིས་ལ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ནས་དོན་ཡོད་ཞགས་པའི་ཕྱག་རྒྱ་བཅིངས་ཏེ། དེ་ནས་མིག་ལ་མིག་སྨན་གྱིས་བསྐུས་ན་ནམ་མཁའ་ལ་རྫུ་འཕྲུལ་གྱིས་མཆིས་པར་འགྱུར་རོ། མིག་སྨན་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་གཙོ་བོ་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ།། སྒྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ།། བསྐལ་པ་ཁྲིར་འཚོ་བར་འགྱུར་རོ།། མིག་སྨན་འདིས་མིག་ལ་བྱུགས་ན་ཉིན་པར་ཇི་ལྟ་བ་བཞིན་དུ་མཚན་མོ་མཐོང་བར་འགྱུར་ཞིང་མི་གདའ་བར་ཡང་འགྱུར་རོ། ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོའི་གནས་ཐམས་ཅད་དུ་ཞུགས་ན་ཐམས་ཅད་ཀྱི་དཔོན་པོར་འགྱུར་རོ། ། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བདུན་པ། མིག་སྨན་འདིས་མིག་ལ་བྱུགས་ནས་མ་མོའི་གནས་སུ་ཞུགས་ན། ལྷ་གཙོ་བོ་དེ་དག་མིག་མི་འཛུམས་པར་ལྟ་བར་བགྱིད་པ་ལ་ཁྲོ་བོའི་རྒྱལ་པོ་ལན་གཅིག་བཟླས་པར་བགྱིའོ།། དེ་ནས་མ་མོ་དང་ལྷའི་གཙོ་བོ་ཐམས་ཅད་མདུན་དུ་མཆིས་ནས་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། ། ཇི་སྲིད་འཚོའི་བར་དུ་ལས་ཐམས་ཅད་སྒྲུབ་པར་བགྱིད་པས་མཆིས་པར་འགྱུར་རོ།། མ་མོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བཀུར་ཅིང་སྙིང་དུ་སྡུག་པར་འགྱུར་རོ།། རྟག་པར་རྒྱུད་དུ་སྲུང་བ་དང་། སྐྱབ་པ་དང་། སྦ་བའི་ཕྱིར་གནས་ཤིང་རྗེས་སུ་འབྲང་བར་འགྱུར་རོ།། དེ་ནས་གིའུ་ཝང་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག་བརྗོད་པར་བགྱི་སྟེ། དོན་ཡོང་རྒྱལ་པོ་གྲུབ་པ་ཡིས།། རིག་སྔགས་འཆང་བ་བདེ་མྱོང་ཞིང་།། ལྔ་དང་ལྷ་མིན་མཆོད་པ་དང་། ། སྒྲུབ་པའི་དོན་ཀུན་འགྲུབ་པ་དང་།། དབང་དུ་འགྱུར་བ་དམ་པ་དང་།། མཁའ་ལ་མཆི་བའི་དམ་པ་དང་།། མི་སྣང་ཤིན་ཏུ་རྙེད་དཀའ་དང་།། མོད་ལ་ཕུག་ཏུ་འཇུག་པ་དང་། ། ནགས་ཀྱི་ནང་དུ་འཇུག་པ་དང་།། རི་སུལ་དག་ཏུ་འཇུག་པ་དང་།། ཐང་དག་ལ་ནི་རྒྱུ་བ་དང་།། ཀླུ་གནས་མཚོར་ནི་འཇུག་པ་དང་།། དེ་བཞིན་ཆུ་ཀླུང་ཆེ་བསྒྲལ་དང་།། རྫུ་འཕྲུལ་གྲུབ་དང་བསྐྱེད་པ་དང་། ། དེ་བཞིན་འཇིགས་དང་སྒྲིབ་ཀུན་དང་།། ནད་ཀུན་ཞི་བར་བགྱིད་པ་ཉིད།། སྡིག་པ་ཐམས་ཅད་ཉམས་པར་བགྱིད།། གཡུལ་ངོར་གཡུལ་ལས་རྒྱལ་བགྱིད་དེ།། རྟག་ཏུ་དགྲ་ཀུན་རླག་པར་བགྱིད།། གདོན་རིགས་ཀུན་དག་ཚར་གཅོད་ཅིང་། ། རིམས་རྣཾས་ཐམས་ཅད་ཟློག་པར་བགྱིད།། སྔོན་གྱི་སྒྲིབ་པ་འཇིག་བགྱིད་ཅིང་།། སྡིག་པ་ཐམས་ཅད་ཉམས་པར་བགྱིད།། དབང་ཕྱུག་སྩོལ་ཅིང་སྐལ་བ་སྩོལ།། ནོར་དང་འབྲུ་རྣམས་འཕེལ་བར་བགྱིད། ། འཐབ་པ་འཐབ་མོ་རྩོད་པ་དང་།། འགྱེད་པ་རབ་ཏུ་ཞི་བར་བགྱིད།། བཅིང་བ་དང་ནི་ཤིང་སྒྲོག་དང་།། ཁོང་སྒྲིལ་ལྕགས་སྒྲོག་ཕྱེ་མར་རློག། རྒྱལ་པོ་གདུག་པ་ཁྲོས་པ་ཡིས།། གསད་པར་འོས་པ་སེལ་བར་བགྱིད། ། ད་ལྟར་འདི་ལ་བརྟེན་པ་ནས།། མི་བདག་བུ་སྡུག་བཞིན་སྨྲ་ཞིང་།། མི་བདེ་ཀུན་ལས་གྲོལ་བར་འགྱུར།། འདི་ནི་ཀུན་ཏུ་སྡུག་པ་དང་།། གནས་ཀུན་མཆིས་པར་མཆོས་པར་འོས།། ལུས་ཅན་སྙིང་དུ་རྟག་ཏུ་སྡུག། རྒྱལ་པོ་བཙུན་མོ་འཁོར་བཅས་པའི།། རྟག་ཏུ་གནང་ཆེན་དག་ཏུ་འགྱུར།། དགེ་སྦྱོང་བྲམ་ཟེ་ཉིད་དང་ནི།། རྒྱལ་རིགས་རྗེའུ་རིགས་དམངས་རིགས་དང་།། བུད་མེད་ཀུན་དང་དེ་བཞིན་དུ། ། སྐྱེས་པ་ཁྱེའུ་བུ་མོ་ཡི།། རྟག་ཏུ་གནང་ཆེན་དག་ཏུ་འགྱུར།། གིའུ་ཝང་བླ་ན་མེད་པའོ།། འདི་ལ་གང་དག་རྟག་བརྟེན་ན།། འཕགས་པ་འཇིག་རྟེན་དབང་ཕྱུག་སྟེ།། མཆོག་སྦྱིན་རྟག་ཏུ་མཆོད་པར་བགྱིད། ། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། ཉིན་དང་མཚན་དུ་སྲུང་བ་དང་།། རྟག་ཏུ་མཆོག་སྩོལ་ཕྱིར་མཆིས་སོ།། གཞན་ཡང་ལྷ་ནི་མང་པོ་དང་།། ཀླུ་ཡི་རྒྱལ་པོ་མཐུ་ཆེན་དང་།། འབྱུང་པོ་གནོད་སྦྱིན་སྲིན་པོ་དང་། ། གྲུལ་བུམ་མི་མིན་ལྟོ་འཕྱེ་ཆེ།། དྲི་ཟ་ལྷ་མིན་ཉིད་དག་དང་།། ནམ་མཁའ་ལྡིང་དབང་མཐུ་ཆེན་ཏེ།། དེ་དག་ཐམས་ཅད་སྲུང་བ་ཡི།། ཆེད་དུ་ཉིན་དང་མཚན་དག་ཏུ།། རང་དབང་ཉིད་ཀྱིས་གནས་པར་འགྱུར། ། གིའུ་ཝང་གྲུབ་པ་དམ་པ་པོ།། དེ་ལྟར་སྟོབས་དང་ལྡན་པ་ལགས།། དེ་ནས་རིག་སྔགས་འཆང་བ་ཡིས།། གཙང་གྱུར་ལེགས་པར་ཁྲུས་བགྱིས་ནས།། གཙང་མ་ཡི་ནི་གོས་བགོ་སྟེ། ། གིའུ་ཝང་ལེགས་པར་བསྒྲུབ་ནས་སུ།། དམར་པོ་ཆེན་པོ་ཉིད་དག་དང་།། གུར་ཀུར་དག་དང་མཉམ་སྦྱར་ལ།། ཟངས་ཀྱི་སྣོད་དུ་བཀང་ནས་སུ།། དོན་ཡོད་ཞགས་པའི་གཟུགས་མདུན་དུ།། སྟོང་རྩ་བརྒྱད་ནི་ཚང་བཟླས་ནས། ། རྒྱ་དར་གྱི་ནི་ཁ་དགུམ་མོ།། དེ་ནས་སེང་ལྡེ་གི་ཤིང་དང་། ཨརྒའི་ཤིང་གི་ཡམ་སྲེག་ཤིང་གི་མེ་སྤར་ལ་འབྲས་ཡོས་དང་། ཡུངས་ཀར་དང་། གུ་གུལ་དང་། འབྲས་དང་། ཏིལ་དང་བསྲེས་ལ། ཞོ་དང་སྦྲང་རྩི་མར་དུ་བསྲེས་ཏེ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ།། ལན་སྟོང་རྩ་བརྒྱད་ཚང་བ་དང་། དེ་ནས་མེ་ཞི་ཞིང་མེ་མདག་ཕྲ་མོའང་ཞི་བ་དང་ཐལ་བ་བླངས་ཏེ་སྣོད་ཀྱི་ནང་དུ་སྩལ་ནས། དེ་ནས་སླར་ཡང་ལན་བརྒྱ་རྩ་བརྒྱད་བཟླས་ལ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཏེ། ཕྱག་རྒྱའི་ཕྱག་རྒྱས་ཀྱང་དབང་བསྐུར་རོ།། དེ་ནས་དཔྲལ་བའི་དབུས་སུ་ཐིག་ལེ་བགྱིས་ནས་ནམ་མཁའ་ལ་འཕུར་ནས་རིག་སྔགས་འཆང་ཆེན་པོའི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། ། རིག་སྔགས་འཆང་ཐམས་ཅད་ཀྱི་དཔོན་པོར་འགྱུར་ཞིང་སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ།། ལོ་དགུ་ཁྲི་དགུ་སྟོང་དུ་འཚོ་བར་འགྱུར་ཞིང་གནས་ཀྱི་སྒོ་ཐམས་ཅད་རྟག་ཏུ་འབྱེད་པར་འགྱུར་རོ།། དཔྲལ་བ་ལ་ཐིག་ལེ་བགྱིས་ན་མི་གདའ་བར་གྱུར་ནས་གནས་ཐམས་ཅད་དུ་ཞུགས་ན་གནས་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོའི་གནས་ཀྱི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ།། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་མཐུ་དང་ལྡན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་མཆིས་པར་འགྱུར་རོ། ། ཇི་སྲིད་འཚོའི་བར་དུ་བསྒོ་བ་བཞིན་བགྱིད་པར་འགྱུར་རོ།། མིག་ལ་བསྐུས་ན་ཇི་ལྟར་ཉིན་པར་བཞིན་དུ་མཚན་མོ་སྣང་ཞིང་ཐམས་ཅད་དུ་གཏེར་མཐོང་བར་འགྱུར་རོ། ། སའི་ཕུག་དང་ཐང་གི་སྒོ་ཕྱེ་བ་མཐོང་བར་འགྱུར་རོ།། ཐང་གི་གནས་སུ་ཞུགས་ན་ཐང་གི་དགོས་པ་ཐམས་ཅད་བགྱི་སྟེ། སླར་ཡང་མཆི་བར་འགྱུར་རོ།། ཆུ་ཀླུང་ཆེན་པོའི་ནང་དུ་ཞུགས་ན་ཁྱིམ་དང་གཞལ་མེད་ཁང་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་མེད་ཁང་མཐོང་བར་འགྱུར་རོ།། ཆབ་ལ་གནས་པ་གང་ལགས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། ། ཀླུའི་མཚོ་དང་གནས་སུ་ཇི་ལྟར་རང་གི་ཁྱིམ་བཞིན་དུ་འཇུག་ཅིང་འབྱུང་བར་འགྱུར་རོ།། ལུས་མཐའ་དག་བྱུགས་ཏེ་གཡུལ་ངོར་གཡུལ་འགྱེད་པའི་ནང་དུ་ཞུགས་ན། ཡ་ལད་དང་གོ་ཆ་བགོས་པ་བཞིན་དུ་མཐོང་ནས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། ། ཁར་བསྲེལ་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་བཙུན་མོ་འཁོར་དང་བཅས་པ་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། གང་ལ་ཚིག་སྨྲས་པ་དེ་དག་ཐམས་ཅད་བགྱིད་པར་འགྱུར་རོ།། གང་ལ་བླངས་པ་དེ་དག་ཐམས་ཅད་སྟེར་བར་འགྱུར་རོ།། གང་ལ་བསྒོ་བ་དེ་ཐམས་ཅད་བསྒོ་བ་བཞིན་བགྱིད་པར་འགྱུར་རོ།། ཁར་འཆོས་ནས་གང་དང་གང་དུ་མཆིས་པ་དེ་དང་དེར་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་བདག་ཉིད་དམ་ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ།། ལག་པ་གཡས་པ་ལ་བྱུགས་ནས་སུ་ལ་རེག་པ་དེ་དབང་དུ་འགྱུར་རོ། ། ནོར་དང་། འབྲུ་དང་། དབྱིག་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བགྱིད་པ་དང་། ཞོ་ཤས་འཚོ་བ་དང་། མངག་གཞུག་པ་རྣམས་དབང་དུ་གྱུར་ནས་བསྒོ་བ་བཞིན་མཆིས་པར་འགྱུར་རོ། ། མཛུབ་མོ་གཡས་པ་ལ་བསྐུས་ནས་སེར་བ་དང་། སྤྲིན་དང་། འབྲུག་གི་དུས་སུ་སྤྲིན་ལ་མངོན་སུམ་དུ་བསྟན་ཏེ་བསྡིགས་ན། གྲང་བ་དང་། རླུང་དང་། སེར་པ་ཐམས་ཅད་ཞི་བར་འགྱུར་རོ། ། དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་ཟིལ་གྱིས་མནན་པར་འགྱུར་རོ།། ཆར་ཧ་ཅང་ཆེས་ན་ལག་པ་གཡས་པ་སྤྲིན་ལ་མངོན་སུམ་དུ་བསྟན་པས་ཧ་ཅང་ཆར་ཆེ་བ་གཅོད་པར་འགྱུར་རོ།། ཆར་མི་འབབ་པའི་དུས་སུ་ལག་པ་གཡས་པའི་ལག་མཐིལ་ལ་བྱུགས་ནས་ཀླུ་གནས་པའི་མཚོའི་ཆུ་ལ་ཐལ་མོ་ལན་གསུམ་བརྡབས་ན། དེའི་མོད་ལ་ཀླུའི་རྒྱལ་པོས་ཆར་གྱི་རྒྱུན་ཆེན་པོ་གཏོང་བར་འགྱུར་རོ། ། གལ་ཏེ་མོད་ལ་ཆར་པ་མི་འབེབས་ན་དེའི་ཚེ་ལན་ལྔ་བརྡེགས་པ་དང་། ཀླུ་དེ་དག་ཐམས་ཅད་ཀྱིས་ཆར་གྱི་རྒྱུན་གཏོང་བར་འགྱུར་རོ།། གང་གི་ཚེ་ཆར་པ་མི་འབེབས་པ་དེའི་ཚེ་ཀླུ་ཐམས་ཅད་ལ་ཀླད་པའི་ནད་འབྱུང་བར་འགྱུར་རོ། ། གལ་ཏེ་ལན་བདུན་བསྣུན་ན་ཀླུའི་རྒྱལ་པོ་ཐམས་ཅད་ལ་ཚུལ་མ་ཡིན་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ།། ཀླུའི་རྒྱལ་པོ་ཐམས་ཅད་ཀྱི་རིག་སྔགས་ཕུང་བར་བགྱིས་པར་འགྱུར་རོ། ། གདོན་གྱིས་ཟིན་པ་ཐམས་ཅད་ཀྱི་མིག་ལ་བསྐུས་ན། བསྐུས་པ་ཙམ་གྱི་མོད་ལ་གདོན་བརྒྱད་ཁྲི་བཞི་སྟོང་རབ་ཏུ་ཞི་བར་འགྱུར་རོ།། རིམས་ཀྱིས་ཐེབས་པ་རྣམས་ཀྱི་དཔྲལ་བར་ལ་ཐིག་ལེ་བགྱིས་ན་རིམས་ཞག་གཅིག་པ་འམ། ཉིན་གཉིས་པ་འམ། ཉིན་གསུམ་པ་འམ། ཉིན་བཞི་པའི་རིམས་ཐམས་ཅད་ཞི་བར་འགྱུར་རོ།། ནད་ཀྱིས་ཟིན་པ་རྣམས་ལ་ཁྲུས་བགྱིས་ན་མོད་ལ་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ། ། ཤ་བཀྲ་དང་། མཛེ་དང་། རྐང་ཤུ་དང་། གཡན་པ་དང་། ཤུ་བ་དང་། འབྲུམ་བུ་རྣམས་ལས་ཐར་པར་འགྱུར་རོ།། གཡའ་བ་དང་། ལྷོག་པ་དང་། མཚན་པར་རྡོལ་བ་དང་། ཤུ་བ་མཆེད་པ་དང་། འབྲུམ་བུ་ཕྲ་མོ་མཆེད་པ་ལ་བྱུགས་པ་ཙམ་གྱིས་ཐར་པར་འགྱུར་རོ།། གདུག་པས་ཟིན་པ་ཐམས་ཅད་ལ་བྱུགས་པ་ཙམ་གྱིས་མི་གདུག་པར་འགྱུར་རོ།། དུག་གིས་མྱོས་པར་བགྱིས་པ་ཐམས་ཅད་ལ་འཚལ་བ་ཙམ་གྱིས་ཐར་པར་གྱུར་རོ། ། ལྟོན་པ་དང་། སྐྲན་དང་། དམུ་ཆུ་དང་། མཆིན་པ་ན་བ་དང་། རྩིབ་ལོགས་ན་བ་དང་། སྙིང་ན་བ་དང་། ཆུ་སོ་ན་བ་དང་། གཞང་ནད་དང་། ཚད་པ་དང་། གཅིན་སྲིབ་དང་། གསུང་པ་དང་། མ་གཞུ་བ་དང་། རྟུག་སྐམས་ལ་བསྲོས་ནས་འཆལ་བ་ཙམ་གྱི་མོད་ལ་ཞི་བར་འགྱུར་ཞིང་། ཕྱིས་ལན་འགའ་ཡང་གནོད་པར་བགྱིད་པར་མི་འགྱུར་རོ།། འཚོགས་མར་གིའུ་ཝང་གི་རིལ་བུ་བགྱིས་ཏེ། ཕུག་གི་སྒོ་དང་ཉེ་བར་མཆིས་ནས་ལག་པ་གཡས་པ་ལའང་བྱུགས་ཏེ། མགོ་ལ་ཐལ་མོ་བརྡབས་ན་ཕུག་གི་སྒོ་ཐམས་ཅད་འབྱེ་བར་འགྱུར་རོ།། བག་ཚ་བ་མ་མཆིས་པར་འཇུག་སྟེ། སླར་ཅུང་ཟད་ཀྱང་བགེགས་བགྱིད་པར་མི་འགྱུར་རོ། ། གནས་དེ་ན་གནས་པ་གང་ལགས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ནས་མདུན་ན་མཆིས་པར་འགྱུར་རོ།། དགོས་པ་སྒྲུབ་པ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་རོ།། རྐང་པ་གཉིས་ལ་བྱུགས་ཏེ་མེ་འབར་བའི་ནང་དུ་ཞུགས་ན་མེ་ལྷ་རང་གི་གཟུགས་ཀྱིས་མདུན་དུ་མཆིས་ནས་ལག་པ་ནས་བཟུང་སྟེ། རིག་སྔགས་འཆང་ལ་རིག་སྔགས་འཆང་བདག་གི་གཞལ་མེད་ཁང་གི་གནས་སུ་ཞུགས་ཤིག། རིག་སྔགས་འཆང་གིས་བསྒོ་བ་ཐམས་ཅད་བསྒྲུབ་པར་བགྱིའོ་ཞེས་སྨྲ་བ་ན། དེའི་ཚེ་རིག་སྔགས་འཆང་གིས་བགྱི་བ་ཅི་མཆིས་པ་དེ་བསྒོ་བར་བགྱི་སྟེ། ཐམས་ཅད་བགྱིད་པར་འགྱུར་རོ།། དཔུང་པ་གཉིས་ལ་བྱུགས་ན་གླང་པོ་ཆེ་བདུན་གྱི་སྟོབས་དང་ལྡན་པར་འགྱུར་རོ།། བརླ་གཉིས་ལ་བྱུགས་ན་ཚུགས་པ་མ་མཆིས་པའི་གྱད་དུ་འགྱུར་རོ།། བྱིན་པ་གཉིས་ལ་བྱུགས་ན་འབབ་ཆུ་ཆེན་པོའི་ཕ་རོལ་ཏུ་རྒལ་བར་འགྱུར་རོ། ། མགྲིན་པ་ལ་བྱུགས་ནས་ནགས་ཁུང་དུ་ཞུགས་ན་ནགས་ཁུད་ཀྱི་གནས་ཀྱི་སྒོ་ཐམས་ཅད་དབྱེ་ནས་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན།། མཆིས་པར་འགྱུར་ཏེ་ཅི་འཆལ་བ་དེ་བླང་བར་འགྱུར་རོ།། གིའུ་ཝང་གི་རིལ་བུ་བགྱིས་ཏེ་ཁར་བསྲེལ་ནས་རི་སུལ་དང་སྨན་གཤོང་དུ་ཞུགས་ནས་སྐད་དྲག་པོ་ལན་གསུམ་གདོན་པར་བགྱི་སྟེ། རི་སུལ་དང་སྨན་གཤོང་གི་གནས་གསང་བའི་སྒོ་གང་དག་ལགས་པ་འབྱེ་བར་འགྱུར་ཞིང་། དེ་ན་གནས་པ་གང་ལགས་པ་དེ་དག་ཐམས་ཅད་རང་རང་གིས་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་ལས་ཐམས་ཅད་བགྱིད་པར་འགྱུར་རོ། ། དེ་ནས་རྩཝ་དང་། ཤིང་གེལ་བ་དང་། ནགས་ཚང་ཚིང་གི་སྨན་གྱི་རྫས་གང་ལགས་པ་དག་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་། གང་དག་གི་བཅུད་ཀྱི་མཆོག་དེ་དག་ལ་འཛག་ལ། བཅུད་སྲུང་བ་དེ་དག་ཀྱང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་ཐམས་ཅད་དབང་དུ་འགྱུར་རོ།། ཇི་ལྟར་འཚལ་བ་བག་ཚ་བ་མ་མཆིས་པར་དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ།། སྙིང་ཁར་ཐིག་ལེ་བགྱིས་ནས་སྙིང་ལ་ཅུང་ཟད་ཅི་བསམས་པ་དང་། ཡིད་ལ་བསམས་ཤིང་བརྣག་པའི་དགོས་པ་དེ་དག་ཐམས་ཅད་མོད་ལ་གྲུབ་པར་འགྱུར་རོ།། ལྟོ་ལ་ཐིག་ལེ་བགྱིས་ན་ཁ་ཟས་དང་བཏུང་བའི་སྟོན་མོ་འདོད་དགུ་ཐམས་ཅད་ཐོབ་པར་འགྱུར་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་འགྲུབ་པར་འགྱུར་རོ།། རྩིབས་ལོགས་གཉིས་ལ་བྱུགས་ན་ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་གོས་རྣམས་འཐོབ་པར་འགྱུར། རོ།། སྒལ་ཚིགས་ལ་བྱུགས་ན་ཇི་ལྟར་ཡིད་ལ་བསམས་པའི་མལ་དང་སྟན་འཐོབ་པར་འགྱུར་རོ།། རྣ་བ་ལ་བྱུགས་སམ་གནད་དང་གནད་ཐམས་ཅད་ཀྱི་གནས་སུ་བྱུག་ན་ཇི་ལྟར་བསམས་པའི་རྒྱན་དང་ལྷབ་ལྷུབ་ཐོབ་པར་འགྱུར་རོ། ། མཇུག་དོ་ལ་བྱུགས་ན་རྟའི་བཞོན་པ་འཐོབ་པར་འགྱུར་རོ།། ཉིན་གཅིག་བཞིན་ནང་པར་ཚིག་གཞན་མི་སྨྲ་བར་གིའུ་ཝང་གི་རིལ་བུ་རེ་རེ་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་བཟླས་ནས་འཚལ་ཏེ། ཉི་མ་དང་པོ་ལ་ཚིགས་སུ་བཅད་པ་སྟོང་བཀླགས་ན་འཛིན་པར་འགྱུར་རོ།། ཉིན་གཅིག་བཞིན་ཉིས་འགྱུར་དུ་བགྱིས་ནས་བཀླགས་ན་འཛིན་པར་འགྱུར་རོ།། ཞག་བདུན་གྱིས་ཐོགས་པ་མང་པོར་འགྱུར་རོ།། ཞག་བཅུ་བཞིར་བགྱིས་ན་མི་འམ་ཅི་མོ་ལྟ་བུའི་སྒྲ་དབྱངས་སུ་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་བགྱིས་ན་ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་འགྱུར་རོ།། ཀ་ལ་བིང་ཀའི་དབྱངས་ལྟར་མཉེན་ཅིང་སྙན་ལ་རྣ་བའི་སྒྲ་དབྱངས་སུ་འགྱུར་རོ། ། བུའི་ཆེད་དུ་མར་དང་ལྷན་ཅིག་སྩལ་ན་བྱ་རོག་ལྟ་བུ་དང་མོ་གཤམ་རྣམས་ཀྱིས་ཀྱང་བུ་རྙེད་པར་འགྱུར་རོ།། བཙོན་རར་སྩལ་བ་དང་ཤིང་སྒྲོག་དང་། ལྕགས་སྒྲོག་དང་། གཏན་པ་དང་། ཁོང་སྒྲིལ་ལ་བྱུགས་ན་བྱུགས་པ་ཙམ་གྱི་མོད་ལ་དུམ་བུར་དུམ་བུར་འཆག་པར་འགྱུར་རོ།། འཐོར་བར་འགྱུར་རོ།། ཚེས་བརྒྱད་དམ། བཅུ་བཞི་འམ། ཚེས་བཅོ་ལྔ་ལ་དོན་ཡོན་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་ལ། ཁྲོ་བོའི་རྒྱལ་པོས་རང་ལ་བསྐུར་ནས་གིའུ་ཝང་གི་རིལ་བུ་དང་སྤོས་ཆབ་བསྲེས་པས་ཁྲུས་བགྱིའོ།། ཁྲུས་བགྱིས་པ་ཙམ་གྱི་མོད་ལ་སྡིག་པ་ཐམས་ཅད་དང་། སྔོན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇིགས་པར་འགྱུར་རོ། ། ནུབ་གསུམ་དུ་ཁྲུས་བགྱིས་ན་གསང་སྔགས་དང་། ཕྱག་རྒྱ་དང་། སྒྲུབ་པ་དང་། གྲུབ་པའི་མཆོག་ཐམས་ཅད་ཐོབ་པར་འགྱུར་རོ།། ཕས་ཀྱི་རྒོལ་བ་དང་། མི་མཛ་བ་དང་། གདུག་པ་དང་། སྡིག་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། ལན་འགའ་ཡང་ཐམས་ཅད་ཀྱིས་ཐམས་ཅད་དུ་འཇིགས་པ་མི་འབྱུང་ཞིང་ཡོངས་སུ་ཐར་པར་འགྱུར་རོ།། ཕྱིས་ལན་འགའ་ཡང་སྡིག་པས་དྲི་མས་གོས་པར་མི་འགྱུར་རོ། ། གིའུ་ཝང་གི་རིལ་བུ་ཏིལ་མར་དང་བསྲེས་ཏེ་ཁ་གདོང་ལ་བྱུགས་ནས་རྒྱལ་པོའི་མདུན་དུ་མཆིས་ན་བུ་བཞིན་དུ་ཕང་དུ་འཁྱུད་ནས་དགའ་བ་ཆེན་པོ་འཐོབ་པ་དང་། རྒྱལ་པོ་ཁྲོ་བོའི་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ།། ལུས་ཐོག་ཐག་ཏུ་བྱུག་ན་གསད་པར་འོས་པའི་ལུས་ལའང་མཚོན་གྱིས་ཕོག་པར་མི་འགྱུར་ཏེ། དུམ་བུར་དུམ་བུར་འཆག་པར་འགྱུར་རོ།། འདའ་འཕངས་ན་ལུས་ལ་འབབ་པར་མི་འགྱུར་ཞིང་གཞུ་འཆག་པར་འགྱུར་རོ། ། གིའུ་ཝང་གི་རིལ་བུ་མགུལ་ཏུ་བཏགས་ནས་འབྲོག་དགོན་པ་དང་། རི་དང་། ནགས་ཚང་ཚིག་གི་བགྲོད་དཀའ་བར་ཞུགས་ན་ཆོམ་པོ་དང་། གཡོ་ཅན་དང་། རྐུན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་། མི་མ་ལགས་པ་དང་། གཅན་གངན་གདུག་པ་དང་། སྦྲུལ་གདུག་པ་དང་། དུག་གི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ་མི་གདའ་བར་འགྱུར་རོ། ། དཔུང་པ་གཡས་པ་ལ་བཏགས་ན་ཐམས་ཅད་དུ་ཕ་རོལ་ལས་རྒྱལ་བར་འགྱུར་རོ།། ཐམས་ཅད་དུ་མཆོད་གནས་ཆེན་པོར་ཡང་འགྱུར་རོ།། ཐམས་ཅད་དུ་མཐུ་དང་བརྩོན་འགྲུས་ཆེན་པོ་བརྫི་བ་མེད་པས་ཕ་རོལ་ཟིལ་གྱིས་གནོན་པར་འགྱུར་རོ། ། དཔུང་པ་གཡོན་པ་ལ་བཏགས་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱི་གནང་ཆེན་དུ་འགྱུར་ཏེ། ཐམས་ཅད་ལྷ་འཚལ་བར་འགྱུར་རོ། ། མཆོད་པའི་འོས་ཆེན་པོར་འགྱུར་རོ།། དགོས་པ་མང་པོ་འགྲུབ་པར་འགྱུར་རོ།། བྱིན་པ་གཡས་པ་ལ་གཏགས་ན་དུབ་པ་མ་མཆིས་པར་དཔག་ཚད་སྟོང་དུ་མཆིས་པར་འགྱུར་རོ།། གིའུ་ཝང་གི་རིལ་བུ་ཁར་བསྲེལ་ལ་ལག་པ་གཡས་པས་ཡུངས་ཀར་གྱི་དོན་ཡོད་ལྕགས་ཀྱུ་བཟླས་ནས་དྲངས་ཏེ་ཚིག་གཞན་མི་སྨྲ་བར་གནས་མཐོན་པོར་འགྱུར་ཏེ། ཕྱོགས་གང་དུ་བསམས་པའི་སྐྱེས་པ་དང་། བུད་མས་དང་། ཁྱེའུ་དང་། བུ་མོ་མཆིས་པའི་ཕྱོགས་དེར་ཡུངས་ཀར་གྱིས་གཏོར་ན་མོད་ལ་བཀུག་པར་འགྱུར་ཏེ་མཆིས་པར་འགྱུར་རོ།། གལ་ཏེ་དཔག་ཚད་བརྒྱ་ཙམ་ན་གནས་པ་ཞིག་ནའང་གདོན་མི་འཚལ་བར་དེ་ཞག་གསུམ་གྱིས་མཆིས་པར་འགྱུར་ཏེ་ཡིད་གཉིས་མི་བགྱིའོ། ། ལག་པ་གཡས་པ་འམ། ལག་པ་གཡོན་པ་ལ་གིའུ་ཝང་གི་རིལ་བུ་བཏགས་ན་གང་དུ་རེག་པར་ནོར་དང་། འབྲུ་དང་། དབྱིག་དང་། ནོར་བུ་དང་མུ་ཏིག་དང་། ཤང་ཀ་ཤི་ལ་དང་། བྷུ་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་དང་། ལྷ་བ་ལྦུབ་དེ་དག་ཐམས་ཅད་བཀུག་ནས་མཆིས་པར་འགྱུར་ཏེ། ཅི་འཚལ་བ་དེ་མཆི་བར་འགྱུར་རོ།། བྱན་ཚང་དུ་ཞུགས་ནས་ཚང་མང་གི་སྒོར་ཐལ་མོ་བརྡབས་ན། འཚེད་པ་དང་འཚེང་པའི་ཁ་ཟས་དེ་དག་ཐམས་ཅད་བཀུག་ནས་མཆི་བར་འགྱུར་ཏེ། གང་དུ་འཚལ་བ་དེར་མཆི་བར་འགྱུར་རོ།། སྤོས་འཚོང་གི་ཚོང་ཁང་མང་དུ་མཆིས་ན་ཚོང་ཁང་གི་ཡོ་བྱད་ཐམས་ཅད་མཆི་བར་འགྱུར་རོ། ། ཆང་འཚོང་གི་སྒོར་ཐལ་མོ་བརྡབས་ན་ཆང་གི་བུམ་པ་ཐམས་ཅད་མཆི་བར་འགྱུར་རོ།། བང་བའི་སྒོར་ཐལ་མོ་བརྡབས་ན་འབྲུ་ཐམས་ཅད་བཀུག་པར་འགྱུར་རོ། ། བཅུད་འབྱིན་པའི་ཁྱིམ་དུ་ཞུགས་ནས་འཁྲུལ་འཁོར་ལ་རེག་པར་བགྱིས་ན། བུ་རམ་གྱི་ཁུ་བ་དང་ཤ་ཁ་རའི་གླེགས་བུ་ཐམས་ཅད་མཆི་བར་འགྱུར་རོ། ། གང་དུ་འཚལ་བ་དེར་མངགས་པར་འགྱུར་རོ།། གྲོང་ཁྱེར་གྱི་སྒོར་མུན་ཚབ་ཚུབ་ན་ཐལ་མོ་བརྡབས་ན་གྲོང་ཁྱེར་ན་གནས་པ་ཐམས་ཅད་གཉིད་སྒྲོགས་པར་འགྱུར་རོ།། དགྲ་བོའི་སྒོར་བཏབ་ན་བསྐྲད་པར་འགྱུར་རོ། ། མཚོན་མཁན་གྱི་ཁྱིམ་དུ་འཕངས་ན་མཚོན་ཆ་དང་གོ་ཆ་རྣམས་རེངས་པ་དང་རྨུགས་པར་བགྱིས་པར་འགྱུར་རོ།། རྒྱལ་པོའི་སྒོར་བཏབ་ན་ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་སེམས་ཅན་གདུག་པ་ཐམས་ཅད་བཅིངས་པ་དང་། རེངས་པ་དང་། རྨུགས་པར་བགྱིས་པར་འགྱུར་རོ།། དུང་ལ་བྱུགས་ནས་གནས་མཐོན་པོར་བུས་ན་སྒྲ་གང་དུ་གྲགས་པ་དེ་དག་ཏུ་འཐབ་པ་དང་། འཐབ་མོ་དང་། གནོད་པ་དང་། འགྱེད་པ་དང་། བྱང་དང་། དུག་སྦྱར་མ་དང་། དུག་དང་། ནད་ལས་ཡོངས་སུ་ཐར་པར་འགྱུར་རོ།། གྲོང་ཁྱེར་གྱི་སྒོར་བུས་ན་ཡམས་ཀྱི་ནད་དང་། གནོད་པ་དང་། མི་ངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། ཕྱུགས་ལྷས་སུ་བུས་ན་འོ་མ་ཐམས་ཅད་ཕྲོགས་པར་འགྱུར་རོ།། གང་དུ་འཚལ་བ་དེར་མཆི་བར་འགྱུར་རོ།། ར་ལུག་གི་ལྷས་སུ་བུས་ནར་ལུག་གི་འོ་མ་ཕྲོགས་པར་འགྱུར་ཏེ། གར་འཚལ་བ་དེ་མཆི་བར་འགྱུར་རོ།། སྐྱེ་བོའི་ཚོགས་ཆེན་པོའི་དབུས་སུ་བུས་ན་ཐམས་ཅད་སྒྲེན་མོར་གྱུར་ནས་གོ་ཐམས་ཅད་བཀུག་པར་འགྱུར་རོ།། རྫ་རྔ་ལ་བྱུགས་ཏེ་འཁྱམས་མཐོན་པོའི་སྟེང་དུ་བརྡུངས་ན་གྲང་བ་དང་། རླུང་དང་། སེར་བ་ཐམས་ཅད་བཅིངས་པ་དང་བཤིག་པར་འགྱུར་ཏེ་ཚུགས་པར་མི་འགྱུར་རོ།། དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་སེར་བ་བཀག་པར་འགྱུར་རོ།། གྲོང་ཁྱེར་རམ་ཡུལ་འཁོར་མཐའ་དག་ཏུ་བུས་ན་ནད་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ།། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། མི་ངས་དང་མུ་གེའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གཞན་ཡང་དགོས་པ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དག་བགྱིད་པར་འགྱུར་ཏེ། ཐམས་ཅད་ལ་སྦར་བར་བགྱིའོ།། དེ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་བ་ཞི་པ་དང་རྒྱས་པ་ནང་ཐམས་ཅད་ཞི་བར་བགྱིད་ཅིང་། སྡིག་པ་ཐམས་ཅད་འཇིག་པར་བགྱིད་པ། ཡམས་ཀྱི་ནད་དང་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། མུ་གེའི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གདོན་དང་། བརྗེད་བྱེད་ཐམས་ཅད་རླག་པར་བགྱིད་པ་བརྗོད་པར་བགྱིའོ།། རིག་སྔགས་འཆང་གཙང་མར་གྱུར་པས་ལེགས་པར་ཁྲུས་བགྱིས་ཏེ། སྤོས་དྲི་ཞིམ་པོས་ལུས་བྱུགས་ལ། གོས་གཙང་མ་བགོས་ལ་སྤོས་དྲི་ཞིམ་པོས་བསྒོས་ནས་བྱམས་པའི་སེམས་ལ་མཉམ་པར་གཞག་ཅིང་། སེམས་ཅན་ཐམས་ཅད་ལ་ལྷག་པར་བརྩེ་བ་དང་། སྙིང་རྗེ་ཆེན་པོས་སྙིང་གདུང་བས་སྦྱིན་སྲེག་གི་ལས་འདི་བགྱི་སྟེ། ཨརྒའི་ཤིང་དང་། ཤ་མིའི་ཤིང་དང་། ཤིང་འོ་མ་ཅན་ནམ། ཇི་ལྟར་ཡང་བྱང་ཆུབ་ཀྱི་ཤིང་སྟེ། དེ་དག་གི་ཡམ་སྲེག་ཤིང་གི་མེ་སྤར་ལ། འབྲས་ཡོས་དང་། ཡུངས་ཀར་དང་། པདྨ་དང་། པདྨའི་ལྡུམ་བུ་དང་། འདབ་མ་དང་། ཞོ་དང་། སྦྲང་རྩི་དང་། མར་དུ་བསྲེས་པར་སྦྱིན་སྲེག་བགྱིད་དོན་ཡོད་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ནས། དེ་ནས་དོན་ཡོད་ཞགས་པ་ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཏེ། དོན་ཡོད་ཞགས་པའི་ཕྱག་རྒྱས་ཕྱག་རྒྱ་ལན་བརྒྱ་རྩ་བརྒྱད་བཅིང་ངོ་།། དེ་ནས་སྦྱིན་སྲེག་གི་དགོས་པ་རྣམས་མཐར་ཕྱིན་པའི་མོད་ཁོ་ནར་དཔག་ཚད་གཅིག་ཁོར་ཡུག་ཏུ་ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། ནད་དང་། མུ་གེའི་དགོན་པ་མི་བཟད་པ་དང་། རང་གི་དཔུང་དང་གཞན་གྱི་དཔུང་གི་འཇིགས་པ་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བའི་འཇིགས་པ་ཐམས་ཅད་དང་། ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གཅན་གཟན་གདུག་པ་ཅན་དང་། སྦྲུལ་དང་། དུག་མི་བཟད་པ་དང་། གདུག་པ་དང་བཅས་པའི་སྲོག་ཆགས་ཀྱི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། མི་ཚུགས་པར་འགྱུར་རོ།། དཔག་ཚད་བརྒྱད་ཁོར་ཡུག་ཏུ་རིམས་མི་འབྱུང་སྟེ། གནོད་པས་མ་ལགས། ནད་ཀྱིས་མ་ལགས་ཏེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། གདོན་རྣམས་ཀྱིས་མི་ཚུགས་ཏེ་རབ་ཏུ་ཞི་བར་འགྱུར་རོ།། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ནང་ཁྲུག་པ་དང་། འཁྲུག་པ་དང་། སྐྲོད་པ་དང་། མདངས་གཅོད་པ་དང་། འཆིང་བ་དང་། བསྡིགས་པ་རྣམས་ཀྱིས་མི་ཚུགས་ཏེ་རབ་ཏུ་ཞི་བར་འགྱུར་རོ།། སེམས་ཅན་ཐམས་ཅད་བདེ་བར་འགྱུར་རོ།། ཤིན་ཏུ་ལོ་ལེགས་ཤིང་མདངས་དགའ་ལ་སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་ཞིང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ།། ནོར་དང་། འབྲུ་དང་། ལོ་ཏོག་རབ་ཏུ་མང་པོ་འགྲུབ་པར་འགྱུར་རོ།། ཤིན་ཏུ་རོ་དང་ལྡན་པ་དང་། ཤིན་ཏུ་སྨིན་པ་དང་ཡོངས་སུ་རྫོགས་པར་འགྱུར་རོ།། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚང་ཚིང་དང་། མྱུ་གུ་དང་། རྩ་བ་དང་། འབྲས་བུ་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཕྱིར་ཞིང་ཇི་སྲིད་འཚོའི་བར་དུ་ཡུལ་དེ་ན་ཡིད་དུ་མི་མཆི་བའི་རེག་པ་མྱོང་བར་མི་འགྱུར་རོ།། ཡུལ་དེ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དཔངས་རིགས་དང་།། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་རྟག་ཏུ་ནད་མ་མཆིས་པར་འགྱུར་རོ།། བདེ་བར་འཚོ་བ་དང་ཡིད་ལ་དགའ་ཞིང་མགུ་བར་འགྱུར་རོ།། བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་གནས་པར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ལེགས་པར་སྲུང་བའི་ཕྱིར་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་བགྱིད་པར་འགྱུར་རོ།། རྒྱལ་པོ་བཞིའང་དཔུང་དང་བཅས་ཏེ་ཡོངས་སུ་སྦྱོང་བ་དང་། སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ།། གདུག་པ་ཐམས་ཅད་བཟློག་པ་དང་། སྲུང་བ་དང་། ཡོངས་སུ་སྐྱོང་བར་འགྱུར་རོ།། དབང་ཕྱུག་དང་དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་པར་འགྱུར་རོ།། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་འཁོར་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་ཚོགས་ཀྱི་འཁོར་ཐམས་ཅད་ཀྱིས་ཡུལ་དེ་ལེགས་པར་བསྲུང་བར་འགྱུར་རོ།། གཟི་བྱིན་སྩོལ་བར་འགྱུར་རོ།། དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་སྲུང་བ་དང་། ཡོངས་སུ་སྐྱོང་བར་འགྱུར་རོ།། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིག་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ལ་སྲུང་བ་དང་། སྒྲུབ་པ་དང་། སྦེད་པར་བགྱིད་པར་འགྱུར་རོ།། ཞི་བའི་ལས་འདིའི་མཐུས་སེམས་ཅན་ཐམས་ཅད་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དེ་ལ་དགོངས་པར་འགྱུར་རོ། ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡང་དག་པར་དགོངས་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་དབུགས་འབྱིན་པར་སྟོན་པར་འཚལ་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཡོངས་སུ་སྲུང་བའི་དོན་དུ་ཉི་མ་དང་ཟླ་བ་རྒྱུ་སྐར་གྱི་ཚོགས་དང་བཅས་པ་ལེགས་པར་འབྱོར་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་པར་རྒྱུན་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་དབུགས་འབྱིན་པར་འགྱུར་རོ།། ཡོངས་སུ་བསྲུང་བ་དང་ཡིད་ཀྱི་བརྣག་པ་ཐམས། ཅད་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་ཏེ། ཡང་ནས་ཡང་དུ་ལྟ་བར་འགྱུར་རོ།། དེ་ནས་དེས་སྦྱིན་སྲེག་གི་ཐལ་བ་དང་དྲི་ཆུ་སྐྱོ་མ་བགྱིས་ཏེ་ཕྱོགས་བཞི་ཀུན་ཏུ་དབང་བསྐུར་ན་མཚམས་ཆེན་པོ་བཅད་པ་བགྱིས་པར་འགྱུར་རོ། ། ནད་ཀྱི་ཟིན་པ་ཐམས་ཅད་ཀྱི་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། རིམས་ཐམས་ཅད་ལ་ཐིག་ལེ་བགྱིས་ན་རིམས་ཐམས་ཅད་ལས་ཐར་པར་འགྱུར་རོ།། དྲི་ཆབ་དང་ཐལ་བས་ཁྲུས་བགྱིས་ན་ཐམས་ཅད་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། བཙོན་ར་ན་མཆིས་པ་འམ་ཕྱག་སྦལ་ན་མཆིས་པའི་གོས་ལ་བསྐུས་པ་ན་རལ་བར་འགྱུར་རོ།། གདུག་པས་ཟིན་པ་དང་དུག་གིས་མྱོས་པ་ཐམས་ཅད་ལ་བསྐུས་ན་གདུག་པར་མི་འགྱུར་རོ། ། མེ་དགུག་པའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། ། དེ་ནས་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་འདིར་པདྨའི་རིགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་བརྗོད་པར་བགྱི་སྟེ། འདི་ནི་མ་བསྒྲུབས་པར་ལས་བརྒྱ་སྤོང་བགྱིད་པར་འགྱུར་རོ།། ཚེས་གྲངས་རྒྱུ་སྐར་བཟང་པོ་དང་། ། ཤིན་ཏུ་བཀྲ་ཤིས་མཆོག་དགེ་ལ།། ལེགས་པར་ཁྲུས་བགྱིས་གོས་གཙང་བགོ། བྱམས་པའི་སེམས་ལ་མཉམ་པར་གཞག། སེམས་ཅན་ཀུན་ལ་བརྩེ་བ་དང་།། སྙིང་རྗེ་དམ་པས་བརྒྱན་པ་དང་།། དོན་ཡོད་ཞགས་པ་རིག་སྔགས་ཆེ།། གྲུབ་པ་བླ་མེད་ཆོ་གའི་རྒྱལ།། བཀླགས་པས་ལས་རྣམས་ཐམས་ཅད་དག། འགྲུབ་པར་བགྱིད་དེ་སོམ་ཉི་མེད།། འཇིག་རྟེན་བླ་མའི་སྙིང་པོ་དག། དེ་བཞིན་གང་དག་རྟག་བརྗོད་ན། ། ལུས་ཅན་རྟག་ཏུ་མཆོག་སྦྱིན་གྱིས།། ཕྱག་ན་པདྨ་རྟག་ཏུ་འགྱུར།། ཇི་ལྟར་གངྒཱའི་བྱེ་སྙེད་ཀྱི།། སངས་རྒྱས་བྱེ་བ་ཕྲག་སྟོང་ལ།། བསོད་ནམས་ཕུང་པོ་ཁྲི་ཁྲག་བསྐྱེད།། དགེ་བའི་རྩ་བ་སོགས་པ་དང་། ། སངས་རྒྱས་བྱ་བ་བགྱིད་པར་འགྱུར།། སྨྱུང་བ་བགྱིས་ནས་བཟླས་བརྗོད་གཅིག། མཁས་པའི་མིས་ནི་བརྗོད་བགྱིས་པ།། དགེ་སློང་ཕ་དང་དགེ་སློང་མ།། དགེ་བསྙེན་པོ་མོས་དེ་བཞིན་དུ།། བདེ་བ་ཅན་དུ་མྱུར་དུ་མཆི། ། སྡུག་བསྔལ་མི་བཟད་མྱོང་འགྱུར་བའི།། ཉོན་མོངས་པ་ལས་ཐར་བར་འགྱུར།། རྟག་ཏུ་སངས་རྒྱས་བྱང་སེམས་དག། མཐོང་བར་འགྱུར་ཏེ་སོམ་ཉི་མེད།། དེ་ནས་དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཇི་ལྟ་བ་བཞིན་དུ་བཟླས་བརྗོད་ཀྱི་ཆོ་ག་བརྗོད་པར་བགྱི་སྟེ། བཟླས་བརྗོད་ཀྱི་ནི་ལས་བགྱིས་ན།། རིག་སྔགས་འཆང་དེ་ཉེ་བར་འགྲུབ།། དོན་ཡོད་ཞགས་པའི་གཟུགས་བརྙན་གྱི།། མདུན་དུ་བ་ལྕིའི་དཀྱིལ་འཁོར་བགྱི། ། གྲུ་བཞི་ཁོ་ར་ཁོར་ཡུག་ཏུ།། ཚོད་རྩི་དཀར་པོ་ཞིབ་མོ་ཡིས།། གྲུ་བཞི་ལྷབ་པར་ཐིག་གདབ་བོ།། ངོས་བཞི་རྣམས་སུ་སྒྲོ་བཞི་དག། དབུས་ནས་ངོས་བཞི་རག་ཤིས་སུ་དབབ།། ཙན་དན་དཀར་པོ་བྲི་བ་ནི། ། དཀྱིལ་འཁོར་མཆོག་ལ་པདྨ་དག། འདབ་བརྒྱ་གུར་ཀུམ་གྱིས་གཏོང་ཅིང་།། པདྨའི་ཟེ་བའི་དཀྱིལ་དག་ཏུ།། མ་ཞོམ་པ་ཡི་བུམ་པ་ནི།། སྤོས་ཆབ་ཀྱིས་ནི་བཀང་བ་ཡི།། ཡུངས་ཀར་ལྡན་པ་གཞག་པར་བགྱི། ། ཨ་ཀ་རུ་ཡི་བདུག་པ་དབུལ།། བུམ་པ་གང་བའང་དགོད་པར་བགྱི།། མེ་ཏོག་སྣ་ཚོགས་བརྒྱན་པར་བགྱི།། མཆོད་ཡོན་སྣོད་ཀྱང་བཞི་གཞག་གོ། རིག་སྔགས་འཆང་བ་གཙང་གྱུར་པར། གཙང་མའི་གོས་ནི་བགོ་བར་བགྱི།། ལེགས་བཀྲུས་རྣམ་པར་དག་པ་དང་།། གསོ་སྦྱོང་དག་ནི་བླངས་པ་དང་།། དཀར་གསུམ་ཟས་ནི་འཚལ་ནས་སུ།། དུས་གསུམ་དུ་ནི་ཁྲུས་བགྱིའོ།། དུས་གསུམ་བཟླ་བརྗོད་བགྱི་བ་ནི། ། དོན་ཡོད་ཞགས་པའི་སྙིང་པོ་དག། དུས་གསུམ་དུ་ཡང་བརྒྱ་རྩ་བརྒྱད།། འཕགས་པ་འཇིག་རྟེན་དབང་ཕྱུག་གི། མངོན་སུམ་སྐྱིལ་མོ་ཀྲུང་བཅས་ཏེ།། བཟླས་བརྗོད་ཕྱག་རྒྱ་བཅིངས་ནས་སུ། ། བགྲང་འཕྲེང་དག་ནི་བླང་བར་བགྱི།། མཛུབ་མོ་དང་ནི་མཐེ་བོང་དག། བརྐྱང་ནས་ཞི་ཞིང་དུལ་བ་ཡི།། ཡིད་ཀྱིས་བྱམས་སེམས་མཉམ་པར་གཞག། ཏིང་འཛིན་བརྟན་པས་ལུས་སྙོམས་པར།། ལེགས་པར་བཞག་སྟེ་ཞི་བར་ལྟ།། ཚིག་གཞན་མི་སྨྲ་བཟླས་བརྗོད་བགྱི།། བཟླས་བརྗོད་བགྱིབ་ཙམ་གྱིས་མོད་ལ་ས་ཆེན་པོ་གཡོ་བར་འགྱུར། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ཏེ་ཕྱག་བགྱིས་ན་ས་ཆེན་པོའང་གཡོ་བར་འགྱུར། བརྟན་པའི་སེམས་ཀྱིས་སྐྲག་པར་མི་བགྱིའོ།། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་མཐོང་བ་ཙམ་དུ་བྲིས་ལ། ཇི་ཙམ་ན་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་སོ།། ལན་བདུན་བཟླས་པ་ཙམ་གྱི་མོད་ལ་ས་ཆེན་པོ་གཡོ་ཞིང་སྒྲ་འབྱུང་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བ་ནས་འོད་ཟེར་བྱུང་ནས་ཀུན་ཏུ་སྣང་བར་འགྱུར་རོ། ། རིག་སྔགས་འཆང་དེའང་ཆེར་སྙིང་དགའ་བ་དང་། བཞིན་འཛུམ་པ་དང་། ཤིན་ཏུ་རབ་ཏུ་དགའ་བས་སྤུ་གཟིང་ཞེས་བགྱིད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱི་གདོང་དུ་བལྟ་བར་བགྱི་སྟེ། གདོང་དུ་བལྟས་པ་ཙམ་གྱི་མོད་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པ་ནས་ལེགས་སོ། ཞེས་བགྱི་བའི་སྒྲ་འབྱུང་བར་འགྱུར་རོ།། མིག་བསྒྱུར་བར་བགྱིད་ཅིང་ཀུན་ཏུ་ལེགས་སོ་ཞེས་བགྱི་བའི་སྒྲ་བྱུང་ན། རིག་སྔགས་འཆང་གི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་ནས་ལུས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་བྱེ་བ་ས་ཡ་ཕྲག་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བལྟ་བའི་འོས་སུ་འགྱུར་རོ།། ལུས་འཇམ་པ་དང་། ཤིན་ཏུ་གཞོན་ཤ་ཆགས་པ་དང་། མཉེན་པར་འགྱུར་རོ།། སྐྲ་ཅུང་ཟད་འཁྱིལ་བ་དང་། མཉེན་པ་དང་། སྙན་པའི་ཚིག་སྨྲ་བར་འགྱུར་རོ།། མིག་ཡོངས་སུ་དག་པར་འགྱུར་ཏེ། ལུས་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། གཉེན་མ་དང་། སྐྲ་སྐྱེ་བོ་སྤངས་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་ལྟ་བ་དག་པ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ།། ཇི་ཙམ་དུ་འདུག་ཅེ་ན། འཕགས་པསྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་སྟོན་ཅིང་དབུགས་འབྱིན་པར་བགྱིད་དེ། ལག་པ་གཡས་པ་སྤྱི་བོར་བཞག་ནས་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། ནམ་མཁའ་ལ་མཆི་བ་འམ། མི་གདའ་བར་བགྱི་བ་འམ། ལྷའི་མིག་འཐོབ་པ་འམ། སངས་རྒྱས་ཀྱི་ཞིང་ལྟ་བ་འམ། ཏིང་ངེ་འཛིན་རབ་ཏུ་འཐོབ་པ་འམ། གཟུངས་རབ་ཏུ་འཐོབ་པ་འམ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིང་མོ་འགྲུབ་པ་འམ། གཙུག་ལག་སྨྲ་བའམ། གསང་སྔགས་སྨྲ་བ་འམ། ཐོས་པ་འཛིན་པ་ཉིད་དམ། གཏེར་སྨྲ་བ་འམ། ནོར་བསྒྱུར་བ་སྨྲ་བ་འམ། མིག་འཕྲུལ་སྨྲ་བ་འམ། འཇིག་རྟེན་དུ་འགྲོ་བ་འམ། ཕུག་ཏུ་འཇུག་པའམ་ཀླུའི་གནས་སུ་འཇུག་པ་འམ། ཞིང་སྨྲ་བའམ། གནོད་སྦྱིན་དགུག་པ་འམ། སྲིན་པོ་དགུག་པ་འམ། རོ་ལངས་སླང་བ་འམ། ནགས་ཁྲོད་དུ་འཇུག་པ་འམ། རི་ལ་རྒྱུ་བ་འམ། གྲོང་ཁྱེར་དུ་འཇུག་པ་འམ། སྨན་ལྟ་བའི་ཕྱིར་འཇུག་པ་འམ། རལ་གྲིའི་རིག་སྔགས་འཆང་ཉིད་དམ། གྲུབ་པའི་རིག་སྔགས་འཆང་ཉིད་དམ། འཁོར་ལོས་སྒྱུར་བ་ཉིད་དམ། རྒྱལ་པོ་འཐོབ་པ་འམ། ཡུལ་འཐོབ་པ་འམ། ཡུལ་གྱི་བདག་པོ་ཉིད་དམ། དཔུང་ཆེན་པོ་རབ་ཏུ་གཞོམ་པའམ། བསྐྲད་པ་འམ། རྒྱ་མཚོར་འཇུག་པ་དེ་དག་ཐམས་ཅད་སྩོལ་བར་འགྱུར་རོ།། དགོས་པ་གྲུབ་པ་ཐམས་ཅད་སྩོལ་བར་འགྱུར་རོ།། ཇི་ལྟར་གང་དུ་འཚལ་བར་ཡོངས་སུ་སྐྱོང་བར་འགྱུར་རོ། ། མཚམས་མ་མཆིས་པ་ལྔ་རྣམས་བྱང་བར་འགྱུར་རོ།། རྟག་ཏུ་བཟླས་བརྗོད་བགྱིས་ན་སེམས་ཅན་ཐམས་ཅད་ལ་ལྟ་བ་སྒྲིབ་པ་དང་བྲལ་བ་དག་པ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། ། སྨིག་སྨན་སྒྲུབ་པར་འཚལ་བས་དེས་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་ལྡོང་རོས་ཀྱི་མིག་སྨན་ཟངས་ཀྱི་སྣོད་ཀྱི་ནང་དུ་སྩལ་ཏེ། ཙན་དན་གྱི་དཀྱིལ་འཁོར་བགྱིས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་བཞག་ནས། ལེགས་པར་ཁྲུས་བགྱིས་ཏེ་གོས་གཙང་མ་བགོས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་བཟླས་བརྗོད་བགྱིའོ། ། དོན་ཡོད་ཞགས་པའི་ཕྱག་རྒྱའི་མཚམས་བཅིང་བས་མཚམས་བཅིང་བར་བགྱིའོ།། ཁྲོ་བོའི་རྒྱལ་པོ་ལན་བདུན་དུ་བཟླས་པར་བགྱིའོ།། ཟས་དཀར་གསུམ་འཚལ་བར་བགྱིའོ། ། རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་གང་ཡང་རུང་བས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་བསྙེན་གནས་ལ་གོམས་པར་བགྱིས་ནས་བཟླས་བརྗོད་བགྱིའོ།། བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ་ཟངས་ཀྱི་སྣོད་འབར་བ་དང་། རླངས་པ་དང་། དབུ་བ་འབྱུང་བར་འགྱུར་ཏེ། དེ་བླངས་ནས་མིག་ལ་བྱུགས་ན་ནམ་མཁའ་ལ་རྫུ་འཕྲུལ་གྱིས་མཆིས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། ། ཕྱོགས་བཅུའི་སངས་རྒྱས་རྣམས་མཐོང་བ་དང་། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཆེན་པོར་འགྱུར་རོ།། ཕུག་གི་གནས་ཕྱེ་བ་ཐམས་ཅད་མཐོང་བར་འགྱུར་རོ།། གཏེར་བྱུང་བ་ཐམས་ཅད་མཐོང་བར་འགྱུར་རོ།། ལྷའི་གནས་ཐམས་ཅད་ཀྱི་སྒོ་ཕྱེ་བ་མཐོང་བར་འགྱུར་རོ།། གང་དུ་འཚལ་བ་དེར་མཆི་བར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གདོན་དང་། མི་དང་། མི་མ་ཡིན་དང་།། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་མི་གདའ་བར་འགྱུར་རོ།། ཚེས་བརྒྱད་དམ། བཅུ་བཞི་འམ། བཅོ་ལྔ་ལ་ཚིག་གཞན་མི་སྨྲ་བར་འཕགས་པ་སྤྱན་རས། གཟིགས་དབང་ཕྱུག་གི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ།། བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷའི་བདག་ཉིད་ཀྱི་རང་བཞིན་གྱི་གཟུགས་ཀྱིས་མདུན་ན་མཆིས་ནས་ལག་པ་གཡས་པ་སྤྱི་བོར་བཞག་པ་དང་། དྲི་མེད་འཕགས་ཀྱི་ལྟ་བའི་ཆོ་འཕྲུལ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པའི་བྱིན་གྱི་རླབས་བཀོད་པ་ཡང་དག་པར་ལྟ་བ་སྣང་བ་ཞེས་བྱ་བའི་རྫུ་འཕྲུལ་ཐོབ་ནས་ཚེའི་ཚད་ལྷའི་བསྐལ་པ་སྟོང་དུ་འགྱུར་རོ། ། བདག་ཉིད་ལྷའི་རང་བཞིན་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས་དམ་པའི་ཆོས་ཀྱི་གཏམ་གླེང་བར་མཛད་པ་ཐོས་པར་འགྱུར་རོ།། བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་བསུ་བའི་སླད་དུ་ལྷའི་གཟུགས་ཀྱི་མདུན་ན་མཆིས་པར་འགྱུར་རོ། ། སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ།། པདྨ་སྣང་བའི་གཞལ་མེད་ཁང་ཞེས་བགྱི་བའི་ཁང་པ་བརྩེགས་མའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། ། དེ་ནས་རང་གི་ལུས་རྡོ་རྗེ་སྲ་བ་བདག་ཉིད་ཀྱི་སྙིང་པོའི་རང་བཞིན་ཐོབ་པར་འཚལ་ན། རིག་སྔགས་འཆང་དེས་སྤོས་ཆབ་དེས་བུམ་པ་བཀང་ནས་ལན་དྲུག་ཁྲི་ཉིས་སྟོང་བཟླས་བརྗོད་བགྱིས་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཉིན་ཞག་གཅིག་མཆིས་པར་འགྱུར་བས་ཁྲུས་བགྱིའོ། ། ཁྲུས་བགྱིས་པ་ཙམ་གྱི་མོད་ལ་ལུས་རྡོ་རྗེ་ལས་བྱུང་བའི་རང་བཞིན་དུ་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དེ་ལ་གཟིགས་པར་འགྱུར་རོ། ། ཚེ་ལྷའི་ལོ་ཁྲིར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོའི་གདོན་ཐམས་ཅད་དབང་དུ་འགྱུར་རོ།། ལྷ་དང་ཀླུ་ཐམས་ཅད་ཀྱི་དཔོན་པོར་འགྱུར་རོ། ། འཇིག་རྟེན་པའི་དགོས་པ་སྒྲུབ་པ་ཐམས་ཅད་བགྱིད་པར་འགྱུར་རོ།། དྲན་པ་ཙམ་མམ་སེམས་བསྐྱེད་པ་ཙམ་གྱི་མོད་ལ་གདོན་ཐམས་ཅད་དང་བརྗེད་བྱེད་ཐམས་ཅད་བབས་ནས་ཐམས་ཅད་སྨྲ་བར་འགྱུར་ཏེ། བདེན་པ་འམ། མི་བདེན་པ་འམ། ཡང་དག་པ་འམ། ཡང་དག་པ་མ་ལགས་པ་འམ། སྐལ་བ་དང་ལྡན་པའམ། སྐལ་བ་དང་མི་ལྡན་པའམ། བྱུང་བའམ། མ་བྱུང་བའམ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དེ་དག་ཐམས་ཅད་སྨྲ་བར་འགྱུར་རོ།། དེ་ལ་སོགས་ཏེ་ལས་བགྱི་བ་ཐམས་ཅད་བགྱིད་པར་འགྱུར་རོ།། བྲན་བཞིན་དུ་ལས་ཐམས་ཅད་རྟག་ཏུ་བགྱིད་པར་འགྱུར་རོ། ། ཡང་ན་འཇིག་རྟེན་ཐམས་ཅད་སོ་སོར་བསྒྲལ་བར་འཚལ་བ་འམ། ཐམས་ཅད་དབང་དུ་གྱུར་ནས་གཞག་པར་འཚལ་ལམ། ཐམས་ཅད་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ལས་ཐར་བར་བགྱིད་པར་འཚལ་ལམ། དོན་ཡོད་ཡེ་ཤེས་བཀོད་པ་ཞེས་བགྱི་བའི་ཏིང་ངེ་འཛིན་ཐོབ་པར་འཚལ་ལམ། རྣམ་པར་གྲོལ་བའི་དཀྱིལ་འཁོར་སྒྲུབ་པར་འཚལ་ལམ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་སྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་གཟུགས་བརྙན་སོ་སོ་བ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་གཟུགས་སུ་བགྱིས་ཏེ། རལ་པའི་ཐོར་ཞུགས་དང་། རི་དགས་ཨེ་ནྱ་ཡའི་པགས་པས་བརྒྱན་པ། ཕྱུགས་བདག་གི་ཆ་ལུགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་ངམ་འགྲེང་བ། དྲུང་ན་ནོར་བབང་པུས་མོགས་པ་ཕབ་པ། གཡོན་ན་ཁྲོ་བོའི་རྒྱལ་པོ་གདོང་གྱེན་དུ་ལྟ་བ་ཁྲོ་བོའི་གཟུགས་ལག་པ་དྲུག་པ། འོད་དཔག་མེད་ཀྱི་དབུ་རྒྱན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པ། ཐམས་ཅད་རིང་བསྲེལ་དང་བཅས་པར་བགྱི་སྟེ། རིའི་སྟེང་གི་པདྨའི་སྟན་ལ་མཆིས་པར་བགྱིའོ།། གཙང་མས་གོས་གཙང་མ་བགོས་ཏེ། དུས་གསུམ་དུ་ཁྲུས་བགྱིས་ནས་ཉིན་ཞག་གཅིག་མཆིས་ཏེ། རིག་སྔགས་འཆང་གིས་པའི་རྣམ་ལྔས་ཉེ་རེག་བགྱིའོ། ། ཆབ་དང་ཡུངས་ཀར་གྱིས་དབང་བསྐུར་བས་དབང་བསྐུར་བར་བགྱིའོ།། སྙིང་རྗེ་ཆེན་པོས་གདུངས་པའི་སྙིང་གིས་བལྟ་བར་བགྱིའོ།། གལ་ཏེ་འདི་ལྟ་བུའི་ཆོ་གས་མི་བགྱིད་ན་བཀླགས་པ་ཙམ་གྱི་མོད་ལའང་འགྲུབ་པར་འགྱུར་ན། བཟླས་བརྗོད་ཀྱི་ལས་ཀྱི་ཚོ་གས་ལྷ་མོས་ཀྱང་ཅི་འཚལ། ཡང་རིག་སྔགས་འཆང་གང་ཞིག་གངྒཱའི་ཀླུང་གི་བྱེ་མ་ཕྲག་བརྒྱད་བཅུ་རྩ་བརྒྱད་ཀྱི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པར་འཚལ་ལམ། ལྟ་བར་འཚལ་ལམ། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པར་འཚལ་ལམ། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་རབ་ཏུ་གཞག་པར་འཚལ་ལམ། ཐམས་ཅད་ཀྱི་སྒྲིབ་པ་རྣམ་པར་དག་པར་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་བསྙེན་པ་འམ། དགེ་བསྙེན་མ་འམ། རྒྱལ་པོ་འམ། བཙུན་མོ་འམ། གཞན་སུའང་རུང་བས་ཐམས་ཅད་ཆོ་ག་འདི་བཞིན་བགྱིས་ཏེ། དེས་ཅི་འབྱོར་པའི་གསེར་ལས་འཕགས་པ་སྤྱན་རས་གཟིགས། དབང་ཕྱུག་དོན་ཡོད་པའི་ཞགས་པའི་གཟུགས་བརྙན་བགྱིའོ།། དེ་ནས་ཁ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ། གུར་ཀུམ་གྱི་དཀྱིལ་འཁོར་བགྱིས་ཏེ། གྲུ་བཞི་ཆ་འབྱེས་པར་ལི་ཁྲིས་ཐིག་གདབ་པར་བགྱིའོ། ། དཀྱིལ་འཁོར་དབུས་སུ་པདྨའི་འཕྲེང་བ་བགྱིའོ།། པདྨའི་འཕྲེང་བའི་དབུས་སུ་རིལ་བ་སྤྱི་བླུགས་དང་བགྲང་འཕྲེང་གཞག་པར་བགྱིའོ།། མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བགྱིའོ།། སྤོས་ཆབ་ཀྱིས་བཀང་བའི་བུམ་པ་མེ་ཏོག་ཅི་འབྱོར་པས་ལེགས་པར་བརྒྱན་པ་བཞི་གཞག་པར་བགྱིའོ། ། མཆོད་ཡོན་གྱི་སྣོད་ལྔ་གཞག་པར་བགྱིའོ།། པོག་པོར་ལྔ་ལས་ཨ་ཀ་རུའི་བདུག་པས་བདུག་པར་བགྱིའོ། ། དྲིས་བསྒོས་པའི་མར་མེ་བཅུ་དྲུག་སྤར་བར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱིའོ།། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དབུལ་བར་བགྱིའོ།། འཇིག་རྟེན་དབང་ཕྱུག་གི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་དོན་ཡོད་ཞགས་པའི་ཕྱག་རྒྱ་བཅིངས་ཏེ། བདག་ཉིད་ལ་དབང་བསྐུར་བར་བགྱིའོ།། ཁྲོ་བོའི་རྒྱལ་པོ་ལན་ཅིག་བཟླས་པར་བགྱིའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་པ་ཡིད་ལ་བགྱིས་ནས་ཕྱོགས་བཅུར་ཡིད་ཀྱིས་མཆོད་ཅིང་ཕྱག་བགྱིའོ།། བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་བགྱིའོ།། བཟླས་བརྗོད་བརྒྱ་རྩ་བརྒྱད་བགྱིས་པ་དང་ས་ཆེན་པོ་གཡོས་པར་འགྱུར་རོ། ། བདག་ཉིད་དགའ་བར་གྱུར་ནས་འབར་བར་མཐོང་ངོ་།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཞལ་མངོན་སུམ་དུ་སྟོན་པ་ཉེ་བར་སྟོན་པར། འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རལ་པའི་གསེབ་འབར་བར་གྱུར་ནས་ལེགས་སོ་ཞེས་བགྱི་བའི་སྒྲ་འབྱུང་བར་འགྱུར་རོ།། ལན་བརྒྱ་རྩ་བརྒྱད་ལན་གཉིས་བཟླས་བརྗོད་བགྱིས་ན་གྲུབ་པ་ཆེན་པོའི་རྟགས་སྟོན་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་བརྐྱང་ནས་རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། ། དོན་ཡོན་ཞགས་པ་གྲུབ་པའི་རིག་སྔགས་འཆང་བར་འགྱུར་རོ།། ཉི་མའི་རྩེ་ན་དེ་བཞིན་གཤེགས་པ་དེ་དག་ཀྱང་མཐོང་བར་གྱུར་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ།། བརྒྱ་རྩ་བརྒྱད་པ་ལན་གསུམ་བཟླས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སྐྱ་རེངས་འཆར་ཀའི་དུས་སུ་མདུན་དུ་མཆིས་ནས་པདྨ་དྲི་མ་མེད་པ་ཞེས་བགྱི་བའི་ཞགས་པ་སྩོལ་བར་འགྱུར་རོ། ། གྲུབ་པ་ཐམས་ཅད་སྩོལ་བར་འགྱུར་རོ།། རྒྱལ་བ་འོད་དཔག་མེད་ཀྱང་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། ། གང་སུའང་རུང་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་མཐོང་ན་དེ་ནི་དེ་བཞིན་གཤེགས་པ་དྲུག་ཁྲི་བཞི་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། དེ་ལ་ལྷ་ཐམས་ཅད་དང་ཚངས་པ་ལ་སོགས་ཏེ། དབང་ཕྱུག་དང་དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་རྟག་ཏུ་ལྟ་འཚལ་བར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། ། མཆོག་ཐམས་ཅད་ཡོངས་སུ་རྫོགས་ནས་རྟག་ཏུ་རྗེས་སུ་འབྲང་ཞིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ།། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བརྒྱད་པ།། ། དེས་ཅི་འབྱོར་པའི་གསེར་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་བྱས་ལ། དེ་ནས་ཞལ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ་གུར་ཀུམ་གྱི་དཀྱིལ་འཁོར་གྲུ་བཞི་པ་ལེགས་པར་འབྱེས་པ་བྱས་ཏེ། ལི་ཁྲིས་ཐིག་བཏབ་ལ་དཀྱིལ་འཁོར་གྱི་དབུས་སུ་པདྨ་བྲི། པདྨའི་དབུས་སུ་རིལ་བ་བྲིང་ཀ་ར་དང་། བགྲང་འཕྲེང་བྲི། མེ་ཏོག་སྣ་ཚོགས་བཀྲམ་ལ་བུམ་པ་སྤོས་ཆུས་བཀང་ལ། མེ་ཏོག་ཅི་འབྱོར་པས་ལེགས་པར་བརྒྱན་པ་བཞི་གཞག། མཆོད་ཡོན་གྱི་སྣོད་ལྔ་གཞག་པར་བྱ་ཞིང་། པོག་པོར་ལྔ་ནས་ཨ་ཀ་རུའི་བདུག་པས་བདུག་པར་བྱའོ། ། སྤོས་སྣ་བཅུ་དྲུག་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྡམ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དག་ཀྱང་དབུལ་བར་བྱའོ།། འཇིག་རྟེན་དབང་ཕྱུག་ལ་མངོན་དུ་ཕྱོགས་ཏེ། སྐྱིལ་མོ་ཀྲུང་བཅས་ལ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ལ་བདག་ཉིད་ལ་དབང་བསྐུར་རོ།། ཁྲོ་བོའི་རྒྱལ་པོ་ལན་གཅིག་བཟླས་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱས་ཏེ། ཡིད་ཀྱིས་ཕྱག་བྱས་ལ་ལུས་ཀྱིས་ཀྱང་ཕྱག་བྱས་ཏེ། བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱའོ།། བརྒྱ་རྩ་བརྒྱད་བཟླས་པས་ས་ཆེན་པོ་གཡོ་བར་གྱུར་ཞིང་བདག་ཉིད་སྙིང་དགའ་ལ་འབར་བར་སྣང་ངོ་། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཞལ་ཉེ་བར་སྟོན་པར་མཛད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབུ་རལ་པའི་གསེབ་འབར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་ངོ་། ། བརྒྱ་རྩ་བརྒྱད་བཟླས་པ་གཉིས་པས་ནི་དངོས་གྲུབ་ཆེན་པོའི་མཚན་མ་སྟོན་ཏོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་བརྐྱང་སྟེ། རིག་སྔགས་འཆང་གི་མགོ་བོའི་སྤྱི་བོར་འཇོག་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ།། རིག་སྔགས་འཆང་ལ་དོན་ཡོད་པའི་ཞགས་པ་འགྲུབ་པར་འགྱུར་རོ།། ཐོ་རངས་དེ་བཞིན་གཤེགས་པ་དེ་དག་ཞལ་སྟོན་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ།། བཟླས་བརྗོད་བརྒྱ་རྩ་བརྒྱད་གསུམ་པས་ནི་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་ན་བཞུགས་ཏེ། པདྨའི་དྲི་མ་མེད་པ་ཞེས་བྱ་བའི་ཞགས་པ་སྦྱིན་པར་མཛད་ཅིང་། དངོས་གྲུབ་ཐམས་ཅད་སྦྱིན་པར་མཛད་དོ། ། རྒྱལ་བ་འོད་དཔག་མེད་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་དོ།། གང་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྟན་པ་སྟེ། དེ་བཞིན་གཤེགས་པ་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལ་དགེ་བའི་རྩ་བ་བསྐྲུན་པར་འགྱུར་རོ། ། ལྷ་ཐམས་ཅད་དང་། ཚངས་པ་ལ་སོགས་པ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་རྣམས་རྟག་ཏུ་ལུས་སྟོན་འདོད་པར།། འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་བ་དང་། མཆོག་ཐམས་ཅད་ཡོངས་སུ་རྫོགས་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་ཞིང་སྲུང་བ་དང་། སྐྱབ་པ་དང་། སྦ་བར་བྱེད་པར་འགྱུར་རོ།། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། ། དེ་ནས་དངུལ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་གཟུགས་སྔ་མ་བཞིན་དུ་བྱས་པ་ལ། ཙན་དན་དཀར་པོའི་དཀྱིལ་འཁོར་དུ་ཙན་དན་དཀར་པོའི་དྲི་ཆབ་ཀྱིས་བཀང་བ་གཞག་པར་བྱ་ཞིང་མཆོད་ཡོན་གྱི་སྣོད་ལྔ་གཞག་པར་བགྱིའོ། ། མེ་ཏོག་སྣ་ཚོགས་བཀྲམ་ཞིང་ཙན་དན་དཀར་པོའི་བདུག་སྤོས་ཀྱིས་བདུགས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱིའོ། ། དྲི་སྣ་བཞི་བཅུ་རྩ་གཉིས་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་པར་བྱ་ཞིང་། བདུག་སྤོས་ཀྱི་སྣོད་བཞི་བཅུ་གཞག་པར་བགྱིའོ།། ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ཏེ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་བདུན་བཅིང་ངོ་།། བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་ལ་ལག་པ་གཡོན་པའི་འཛུབ་མོ་བརྐྱང་བ་པདྨའི་ཚུལ་དུ་བྱས་ལ་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱའོ། ། ལན་བརྒྱ་རྩ་བརྒྱད་ཚང་བ་དང་། ཤར་ཕྱོགས་ནས་ལེགས་སོ་ཞེས་བྱ་བའི་སྒྲ་གྲག་པར་འགྱུར་ཞིང་བདག་ཉིད་དགའ་བར་སྣང་ངོ་།། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་ཏེ། མིང་བརྗོད་པས་དཔག་ཚད་སྟོང་ནས་འོང་བར་འགྱུར་རོ།། ཐམས་ཅད་བགྱི་བ་ཅི་མཆིས་ཞེས་བྲན་བཞིན་དུ་འགྱུར་རོ།། གང་བསྒོ་བ་དེ་བྱེད་པར་འགྱུར་རོ། ། དེ་ཉིད་བླ་མར་འགྱུར་ཞིང་ཆེར་མཆོད་པར་འགྱུར་རོ།། བརྒྱ་རྩ་བརྒྱད་ལན་གཉིས་བཟླས་པས་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྔ་ལ་སོགས་པ་དབང་དུ་འགྱུར་ཞིང་བསྒོ་བ་བཞིན་བྱེད་པར་འགྱུར་རོ།། གང་བསྒོ་བ་བྱེད་པར་འགྱུར་རོ།། རྒྱལ་པོ་བཞི་འཁོར་གནོད་སྦྱིན་དང་སྲིན་པོའི་ཚོགས་དང་བཅས་པ་རྣམས་དབང་དུ་འགྱུར་རོ། ། བརྒྱ་རྩ་བརྒྱད་ལན་གསུམ་བཟླས་པས་ཉི་མ་དང་ཟླ་བ་ནམ་མཁའ་ལས་འབབ་ཅིང་མདུན་ན་འདུག་པར་འགྱུར་རོ།། མཚན་མོའི་ལྷ་དང་ནམ་མཁའི་ལྷ་འོངས་ནས་མདུན་ན་འདུག་པར་འགྱུར་ཞིང་དབང་དུ་འགྱུར་རོ། ། ཐམས་ཅད་ཅི་བགྱི་ཞེས་པའི་བྱ་བ་བྱེད་ཅིང་འདུག་པར་འགྱུར་རོ།། བརྒྱ་རྩ་བརྒྱད་ལན་བཞི་བཟླས་པས་ཀླུ་ཐམས་ཅད་དབང་དུ་བྱས་པར་འགྱུར་ཏེ། རྒྱ་མཚོའི་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་བར་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། ། ཟངས་ལས་བྱས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་ལ་ཙན་དན་དམར་པོའི་དཀྱིལ་འཁོར་བྱས་། མེ་ཏོག་དམར་པོ་བཀྲམ་ལ་བདུག་སྤོས་ཀྱི་སྣོད་བཞི་ནས་བདུག་པར་བྱ་ཞིང་མར་གྱི་མར་མེ་ལྔ་བཅུ་རྩ་གཉིས་བལྟམ་པར་བྱའོ།། མཆོད་ཡོན་གྱི་སྣོད་བཞི་བཞག་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱའོ། ། ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་རྗེས་སུ་དྲན་པར་བྱའོ།། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་ཉི་ཤུ་རྩ་གཅིག་བཅིང་བར་བགྱིའོ།། རས་ལ་བྲིས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་དུ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་དམིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱའོ།། ཕྱོགས་བཞིར་བྱམས་པའི་ལྟ་བས་བལྟ་བར་བྱའོ།། སེམས་ཅན་དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་དང་། ཡི་དག་ཀྱི་ཡུལ་ཐམས་ཅད་ཡིད་ལ་བྱའོ།། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཡིད་ལ་བྱ་ཞིང་སྙིང་རྗེའི་སེམས་ཀྱིས་བལྟ་བར་བྱའོ། ། བཟླས་བརྗོད་ཀྱི་ཕྱག་རྒྱ་པདྨའི་ཚུལ་དུ་བཅིངས་ཏེ་བཟླས་བརྗོད་བྱའོ།། བརྒྱ་རྩ་བརྒྱད་ཚང་བ་དང་ཕྱོགས་བཞིར་གཡོ་ཞིང་སྒྲ་གྲག་པར་འགྱུར་ལ། དམྱལ་བའི་སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། ། དམྱལ་བའི་སྒོ་ཐམས་ཅད་བཅད་པར་འགྱུར་ཞིང་བཅོམ་པ་དང་ཐལ་བར་བརླག་པར་འགྱུར་རོ།། དམྱལ་བའི་སེམས་ཅན་དེ་དག་བདེ་འགྲོར་འགྲོ་བར་འགྱུར་རོ།། བདག་ཉིད་ཀྱང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། ལུས་ཀྱང་མཚན་བཟང་པོས་བརྒྱན་པར་འགྱུར་ཞིང་། སེམས་ཅན་གང་དག་གིས་མཐོང་བ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ། ། བརྒྱ་རྩ་བརྒྱད་ལན་གཉིས་བཟླས་བརྗོད་བྱས་པས་ནི་སའི་འོག་གི་སེམས་ཅན་མུན་གནག་པ་སྣང་བ་དང་བྲལ་བ་དེ་དག་དོན་ཡོད་པའི་ཞགས་པའི་སྙིང་པོའི་མཐུས་མུན་གནག་དང་བྲལ་བར་འགྱུར་ཞིང་འོད་ཟེར་འབྱུང་བར་འགྱུར་རོ། ། ཡོངས་སུ་གྲོལ་བའི་སེམས་ཅན་དེ་དག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སུ་རྫུས་ཏེ་སྐྱེ་བར་འགྱུར་ཞིང་དགའ་བ་དང་འཆི་བ་སྤང་བར་འགྱུར་རོ། ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཀུན་ནས་མཐུ་འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཞིང་ཚེ་བསྐལ་པ་ཐུབ་པར་འགྱུར་རོ།། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དེ་ཉིད་ཀྱི་ཞབ་ཀྱི་དྲུང་ན་གནས་པར་འགྱུར་ཞིང་མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་རོ།། ཙན་དན་དཀར་པོ་དང་། གླ་རྩི་དང་། ག་བུར་དང་། སྤོས་ཀྱི་རིགས་སྣ་ཚོགས་གཞན་དག་ཕྱེ་མ་ཞིབ་མོར་བྱས་ཏེ། ཡང་ལེགས་པར་བཏགས་ལ་ཀུན་དུ་རུ་ཀ་དང་། སྲ་རྩི་པོག་དང་། གན་དྷ་ར་ས་དང་། ཆུ་དང་ལྷན་ཅིག། སྦྱར་ཏེ། ཤ་ཁ་ར་བཏབ་ལ་ལེགས་པར་བཏགས་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་སོར་བཞི་པའི་ཚད་དུ་བྱས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རལ་པའི་། ཐོར་ཙུགས་དང་། ཨེ་ནྱ་ཡའི་པགས་པས་བཞག་པ། ཕྱུགས་བདག་གི་ཚེ་ལུགས་འཛིན་པ། ཕྱག་བཞི་གཅིག་ན་པདྨ་ཐོགས། གཉིས་པ་ཞགས་པ་ཐོགས། གསུམ་པ་གསལ་ཤིང་ཐོགས། བཞི་པ་དབུགས་འབྱིན་པ། གདན་པདྨ། འོད་ཀྱི་དཀྱིལ་འཁོར་འདོམ་གང་གིས་བརྒྱན་པར་བྱ་སྟེ། གཡས་སུ་འཕགས་མ་སྒྲོལ་མ། གཡོན་དུ་དྲི་མེད་འགྲོ་བྱའོ།། འཇིག་རྟེན་དབང་ཕྱུག་གི་འོག་ཏུ་ནི་ཁྲོ་བོའི་རྒྱལ་པོའོ། ། གོང་དུ་ནི་འོད་དཔག་མེད་དོ།། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ཏེ། དུས་གསུམ་དུ་ཁྲུས་བྱ་ཞིང་གོས་སུམ་ཕྲུགས་བགོས་ལ་ཚེས་བརྒྱད་ནས། ཚེས་བཅོ་ལྔའི་བར་དུ་དུས་གསུམ་དུ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ།། སྤོས་སྣ་ཚོགས་ཀྱི་དཀྱིལ་འཁོར་བྱུག་པར་བྱ་ཞིང་ཚོན་སྣ་ལྔས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་སུ་དོན་ཡོད་པའི་ཞགས་པ་དང་། རིག་སྔགས་ཀྱི་ལྷ་པུས་མོ་གཅུགས་ཏེ་གྱེན་དུ་ལྟ་བ་བྲི་བར་བྱའོ།། གྲཝ་བཞིར་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་བྲི་བར་བྱའོ།། སྒོ་བཞིའི་ཆ་འབྱེས་པར་བྱའོ།། དཀྱིལ་འཁོར་ཁོར་ལུག་ཏུཔདྨ་བྲི་བར་བྱའོ། ། གྲཝ་བཞིར་སྤོས་ཀྱིས་བཀང་བ་གཞག་གོ།། སྒོ་བཞིར་དྲི་དང་། གཏོར་མ་དང་། བུམ་པ་གང་བ་བཞག་གོ།། དཀར་གསུམ་གྱི་གཏོར་མ་དང་མཆོད་ཡོན་གྱི་སྣོད་བརྒྱད་བཞག་གོ།། མེ་ཏོག་སྣ་ཚོགས་དགྲམ་པར་བྱ་ཞིང་ཨ་ཀ་རུ་དང་ཙན་དན་གྱི་བདུག་པ་དབུལ་བར་བྱའོ། ། སྤོས་སྣ་བརྒྱ་ཉི་ཤུ་རྩ་བརྒྱད་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་པར་བྱ། འཕན་གདུགས་བཟང་པོ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀྱིལ་འཁོར་དུ་ཞལ་ཤར་ཕྱོགས་སུ་བསྟན་པ་བཞག་ལ་མཆོད་པ་བྱའོ།། རས་ཀྱི་ཚེན་སྲུད་སྣ་ལྔ་པ། སྲིད་དུ་ཁྲུ་བཅུ་དྲུག་པ། ཐོར་ཏོ་གཅིག་ཏུ་གསེར་གྱི་ཡང་མིག། ཐོར་ཏོ་གཅིག་ཏུ་མུ་ཏིག་གི་ཆུན་ཀོར་བཏགས་ཏེ། སྦྲུལ་འཁྱིལ་བ་བཞིན་དུ་བསྐྱིལ་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། གཙང་མས་གོས་གཙང་མ་གཡོག་པར་བྱའོ།། རིག་སྔགས་འཆང་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་ལ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་སུམ་ཅུ་རྩ་གཉིས་བཅིང་བ་བྱས་ལ་བདག་སྲུང་ངོ་།། ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱས་ལ། དཀྱིལ་འཁོར་བཅིང་བ་དང་ཕྱོགས་བཅིང་བའང་བྱའོ།། དེ་ནས་རིག་སྔགས་འཆང་གིས་བཞིན་འཛུམ་གྱིས་རྒྱས་པར་བྱས་ལ་བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ཏེ། མི་སྨྲ་བར་ཡུངས་ཀར་འབྲུ་རེ་རེ་ནས་བཟླས་བརྗོད་སྟོང་རྩ་བརྒྱད་བརྗོད་ནས་རས་ཀྱི་སྲད་བུའི་སྟེང་དུ་གཏོར་བར་བྱ་སྟེ། སྟོང་རྩ་བརྒྱད་ཚང་བ་དང་། རས་ཀྱི་སྲད་བུ་དེ་འབར་བར་འགྱུར་ཞིང་། འོད་ཟེར་སྣ་ཚོགས་འབྱུང་བར་འགྱུར་རོ།། ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་གྲུབ་ཀྱིས་ལོང་ལ་དགོས་པ་ཐམས་ཅད་བྱོས་ཤིག། ཁྱོད་ཀྱིས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་གཉིས་དོན་ཡོད་པའི་ཞགས་པ་པདྨ་གྲུབ་པས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགོས་པ་ཐམས་ཅད་སྒྲུབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའང་འབར་བར་འགྱུར་རོ། ། འཇིག་རྟེན་དབང་ཕྱུག་གི་སྐུ་ལས་སྤོས་ཀྱི་སྤྲིན་ཆེན་འབྱུང་བར་འགྱུར་ཏེ། སྤོས་དེས་དཔག་ཚད་དྲུག་ཙམ་དུ་ཁྱབ་པར་བྱེད་དོ།། གང་ལ་དྲི་མནམ་པ་ཙམ་གྱིས་ནད་ཐམས་ཅད་དང་བྲལ་བར་འགྱུར།། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། སྡུག་བསྔལ་གྱི་སྒྲིབ་པ་ཐམས་ཅད་དང་། བྱང་དང་། དུག་དང་། དབྱིག་དུག་དང་། ཕྱེ་མའི་སྦྱོར་བ་རྣམས་འཇིག་པར་འགྱུར་རོ།། ལུས་ཐམས་ཅད་དྲི་མ་མེད་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་ཡིད་བཞིན་གྱི་ནོར་བུའི་ཞགས་པ་དེ་བླངས་ལ་ཟངས་ཀྱི་གབ་ཚེ་བཟང་པོའི་ནང་དུ་བཅུག་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་གཞག་པར་བྱའོ།། ནམ་དགོས་པ་བྱུང་བའི་ཚེ་གཙང་མས་ཁྲུས་ལེགས་པར་བྱས་ཏེ་བླང་བར་བྱ་ཞིང་དགོས་པར་བྱའོ།། ཉིན་རེ་བཞིན་དུས་གསུམ་དུ་མཆོད་པར་བྱའོ། ། རིག་སྔགས་འཆང་དེའང་ནམ་མཁའ་ལ་འགྲོ་བར་འགྱུར་ཞིང་ལུས་ཡོངས་སུ་དག་པར་སྔོན་གྱི་རིག་སྔགས་འཆང་རྣམས་དང་ལྷན་ཅིག་རྩེ་ཞིང་ཐམས་ཅད་དབང་དུ་འགྱུར་རོ། ། ཚེ་ལོ་སྟོང་ཐུབ་པར་འགྱུར་ཏེ། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པ་རྣམས་ཀྱི་ནང་དུ་པདྨའི་སྙིང་པོ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་ཚེ་བསྐལ་པ་བརྒྱ་ཕྲག་སྟོང་ཐུབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའང་གང་གིས་མཐོང་བ་ཙམ་གྱིས་མཚམས་མེད་པ་ལྔ་ལ་སོགས་པ་ཟད་པར་འགྱུར་རོ། ། སྣ་མའི་མེ་ཏོག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རེ་རེ་ནས་དབུལ་བར་བྱ་སྟེ། བརྒྱ་རྩ་བརྒྱད་ཚང་བ་དང་། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་ཏེ། རང་ཉིད་ནོར་དང་བཅས། དབྱིག་དང་བཅས། འབྲུ་དང་བཅས། བྲན་ཕོ་དང་བཅས། བྲན་མོ་དང་བཅས་ཏེ་ལས་བྱེད་པར་འགྱུར་རོ། ། སྣ་མའི་མེ་ཏོག་རྙིང་པ་དེ་བསྡུས་ལ། གླ་རྩི་དང་། པྲི་ཡང་ཀུ་དང་། རྒྱ་སྤོས་དང་། རུ་རྟ་དང་། གུར་ཀུམ་དང་། སྤང་སྤོས་དང་། སཱ་མ་ཀ་དང་། སྤྲིག་ཀ་དང་། ན་ལ་ད་དང་། བོ་ལ་དང་། ཡུངས་ཀར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆར་པའི་ཆུ་དང་སྦྱར་བའི་རིལ་བུ་ནི་དུག་མེད་པར་བྱེད་པའི་མཆོག་པདྨ་ཞེས་བྱ་སྟེ། ཐོག་མར་གྲགས་པ་དང་དཔལ་དུ་བྱེད། ནད་ཐམས་ཅད་སེལ་བ་དང་རིམས་ནད་ཐམས་ཅད་ཉེ་བར་སེལ་བར་བྱེད་དོ།། བརྩོག་ཤུ་དང་། འབྲས་དང་། མེ་དཔལ་དང་། རྐང་ཤུ་དང་། ཕོལ་མིག་དང་། ལྷོག་པ་དང་། དེ་ཐམས་ཅད་ལ་ནི་བསྐུས་ན་བདེ་བར་ཞི་བར་འགྱུར་རོ་ཞེས་གསུང་ངོ་། ། ནད་དེ་དག་ཐམས་ཅད་ལ་ཁྲུས་བྱས་ན་སྡིག་པ་སེལ་ཏོ་ཞེས་ཐུབ་པས་གསུང་ངོ་།། ཚེ་སྦྱིན་པར་བྱེད། རྒྱལ་པོ་དག་ཡུལ་སྦྱིན་པར་བྱེད་དོ།། ཐིག་ལེ་བྱས་ཏེ་གཡུལ་ངོར་སོང་ན་ཐམས་ཅད་ལས་རྟག་ཏུ་རྒྱལ་བ་དང་། བུད་མེད་རྣམས་དགའ་བ་དང་། དབང་དུ་འགྱུར་བར་བྱེད་པའི་མཆོག་ཡིན་ནོ།། བྱང་འཇོམས་ཤིང་དུག་དང་། དབྱིག་དང་། ཕྱེ་མའི་དུག་དང་། གསང་སྔགས་ཀྱི་སྦྱོར་བ་བྱས་པ་དག་ཀྱང་དེ་བཞིན་ནོ།། ཟས་ཟ་བ་དང་ཁྲུས་བྱེད་པ་ནི་ཐིག་ལེའི་བྱུག་པ་རྟག་ཏུ་བྱས་ན་དེ་ཐམས་ཅད་ལས་འགྲོ་བ་རྣམས་བདེ་བར་ཐར་པར་འགྱུར་། ། ཞེས་འཇིག་རྟེན་དབང་ཕྱུག་གསུང་ངོ་།། ཀླད་པའི་ནང་མི་བཟད་པ་ལ་ནི་བྱུག་པར་བྱའོ།། མིག་ན་བ་ལ་ནི་མིག་སྨན་གྱི་ཐུར་མས་སོ།། སོ་ན་བ་ལ་ནི་ཁར་མུར་རོ།། ལྗོ་ན་པ་ལ་ནི་ཆུ་དྲོན་དང་ངོ་།། རྩིབ་ལོགས་ན་བ་ལ་ནི་མར་དང་བྱུག་གོ། ཡན་ལག་དང་ཉིན་ལག་ན་བ་ལ་ནི་བསྐུ་བར་བྱའོ།། དབང་དུ་བྱ་བ་ལ་ནི་ལག་མཐིལ་ལ་བསྐུབས་སོ།། ནད་ཚབས་པོ་ཆེ་ལ་ནི་བསྐུ་མཉེ་དང་ཁྲུས་བྱའོ། ། གནོད་སྦྱིན་གྱི་གདོན་བསལ་བ་ལ་ནི་སྣ་ནས་གཏང་བའི་ལས་བྱའོ།། བདུག་པས་ནི་གདོན་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། རྒྱས་ཐེབས་པ་རྣམས་ལ་ནི་འཚོགས་མར་ཐིག་ལེ་བྱའོ། ། སྙིང་ན་བ་ལ་ནི་ཆུ་དྲོན་དང་ལན་ཚྭ་བསྲེས་པའོ།། ཁྱིམ་ཞི་བར་བྱ་བ་ལ་ནི་འབྲས་ཡོས་དང་གསུམ་སྦྱར་བས་ཞི་བ་ཆེན་པོར་འགྱུར་རོ།། ཐམས་ཅད་དུ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་སོ།། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་རྣམས་ལ་ནི་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་མེ་ཏོག་བཀྲམ་སྟེ། དྲི་ནུས་བཀང་བ་བཞི་གཞག་ཅིང་འོ་མས་བཀང་བ་བཞི་དང་། མཆོད་ཡོན་གྱི་སྣོད་བཞི་དང་། པོག་པོར་བཞི་གཞག་སྟེ། ཨ་ཀ་རུ་དང་དུ་རུ་ཀས་བདུག་གོ། གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བདུག་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་ཆབ་ཀྱིས་མཆོད་པར་བྱའོ། ། ཁྲོ་བོའི་རྒྱལ་པོ་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཕྱོགས་བཞིར་གཏོར་བར་བྱའོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་དགུ་བཅུ་རྩ་གཅིག་བཟླས་ན་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ།། གཡུལ་འགྱེད་པ་ལས་རྒྱལ་བར་འགྱུར་རོ།། རང་གི་དཔུང་དང་གཞན་གྱི་དཔུང་ཡན་ལག་བཞི་པ་ཐམས་ཅད་། ལས་རྒྱལ་བར་འགྱུར་རོ།། གལ་ཏེ་བརྒྱ་བྱིན་རང་དང་ལྷ་མ་ཡིན་ལྷན་ཅིག་པས་ཀྱང་མ་ཡིན་ན། མི་རྣམས་ཀྱིས་ལྟ་ཅི་སྨོས། བརྒྱ་བྱིན་དགུག་པར་འདོད་ན་པདྨ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བརྒྱ་བྱིན་གྱི་མིང་ནས་བརྗོད་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རེ་རེ་ནས་དབུལ་བར་བྱ་ཞིང་དྲི་ཆབ་ཀྱང་དབུལ་ལོ།། གུ་གུལ་དང་། མར་དང་། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཤིང་ཨརྐའི་མེ་སྥསྤར་ལ་ཚེས་བཅུ་བཞི་ལ་སྦྱིན་སྲེག་བྱའོ། ། བཟླས་བརྗོད་ཀྱི་ཆོ་ག་རྫོགས་པ་དང་། བརྒྱ་བྱིན་ལྷའི་དབང་པོ་དཔུང་དང་བཞོན་པར་བཅས་པ་འོངས་ནས་མདུན་དུ་འདུག་སྟེ། བསྒོ་བ་བཞིན་བྱེད་ཅིང་ཐམས་ཅད་དབང་དུ་འགྱུར་རོ། ། བརྒྱ་བྱིན་གྱི་གོ་འཕང་མ་གཏོགས་པ་གང་བསླངས་པ་དེ་སྦྱིན་པར་བྱེད་དེ། དེ་ནི་སེམས་མི་ཟད་དོ།། ཚངས་པ་རྡོག་པས་མནན་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་ན། བརྒྱ་རྩ་བརྒྱད་ཚང་བ་དང་ཚངས་པ་རང་གི་གཟུགས་ཀྱིས་མདུན་དུ་འདུག་སྟེ་མཆོག་ཐམས་ཅད་སྦྱིན་པར་བྱེད་དོ། ། ཡིད་ལ་ཅི་འདོད་པ་སྒྲུབ་པར་བྱེད་དོ།། གུ་གུལ་ལ་ལན་དགུ་བཅུ་བཟླས་ཏེ་ཁྱབ་འཇུག་ལ་བདུག་ཅིང་ཆུ་དང་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྤྱི་བོར་གཏོར་ན། ཁྱབ་འཇུག་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། གཟུགས་སྣ་ཚོགས་ཀྱི་བར་དུ་སྟོན་ཏོ།། ཧི་རན་ནྱ་ཀ་ཤི་བུ་ལའང་སྦྱིན་པར་བྱེད་ཅིང་ཁྱབ་འཇུག་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། ། དབང་ཕྱུག་ཆེན་པོའི་ཞལ་མཐོང་བར་འདོད་ན་རྣ་བ་གཡས་པར་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་ལ་ལམ་ཉི་ཤུ་རྩ་གཅིག་བཟླས་ནས་སྤྱི་བོར་གཏོར་རོ།། གུ་གུལ་གྱི་བདུག་པས་བདུག་ཅིང་ཨརྒའི་ཆུ་ལ་ལན་བདུན་བཟླས་ཏེ་དབུལ་བར་བྱའོ། ། དེ་ནས་དབང་ཕྱུག་ཆེན་པོའི་གཟུགས་འགུལ་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་ངོ་།། དེ་ནས་དབང་ཕྱུག་ཆེན་པོ་རང་གི་གཟུགས་ཀྱིས་མདུན་ན་འདུག་པར་འགྱུར་ཞིང་། རང་གི་ཚོགས་ཀྱི་འཁོར་དང་བཅས་པ་ཐམས་ཅད་དབང་དུ་འགྱུར་རོ།། འདོད་པའི་མཆོག་ཐམས་ཅད་སྦྱིན་པར་བྱེད་དོ།། མཆོག་གང་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། ། ནག་པོ་ཆེན་པོ་དགུག་པར་འདོད་པ་གུ་གུལ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཁྲག་དང་ཆང་དབུལ་བར་བྱ་ཞིང་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ནག་པོ་ཆེན་པོའི་སྟེང་དུ་གཏོར་ན་ཁུག་པར་འགྱུར་ཏེ། བྲན་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་ཞིང་གར་མངགས་པ་དེར་འགྲོ་བར་འགྱུར་རོ།། འཁོར་གྱི་ཚོགས་དང་བཅས་པ་དབང་དུ་འགྱུར་རོ།། གནོད་སྦྱིན་གྱི་གནས་ཐམས་ཅད་ཀྱི་སྒོ་བྱ་བར་འགྱུར་ཞིང་གང་འདོད་པ་བྱེད་དོ། ། ཐམས་ཅད་བྱམས་པར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། མི་སྨྲ་བར་མཚན་མོའི་དུས་འཚམས་གསུམ་དུ་ལན་ཉི་ཤུ་རྩ་རེ་རེ་བཟླས་ན་མཚན་མོའི་ལྷ་འཁོར་གྱི་ཚོགས་དང་བཅས་པ་དང་། མཚན་མོ་རྒྱུ་བ་དང་། ཉིན་པར་རྒྱུ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དབང་དུ་འགྱུར་ཏེ། ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཐམས་ཅད་རང་གི་གཟུགས་ཀྱིས་རྟག་ཏུ་མདུན་ན་ཉེ་བར་གནས་སོ།། མཚན་མོ་ལོངས་སྤྱད་པར་གནལ་མེད་ཁང་ཐམས་ཅད་སྦྱིན་བྱེད་དོ། ། གཙང་མས་གོས་གཙང་མ་བགོས་ཏེ། ཁྲུས་ལེགས་པར་བྱས་ནས་བདེན་པར་སྨྲ་ཞིང་བྱམས་པའི་སེམས་ཉེ་བར་བཞག་ནས། སེམས་ཅན་ཐམས་ཅད་ལ་རྟག་ཏུ་བརྩེ་བ་དང་སྙིང་རྗེ་ཆེན་པོས་ལྷག་པར་དམིགས་ཏེ་བཟླས་བརྗོད་རྟག་ཏུ་བྱའོ། ། བཟླས་བརྗོད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། ། དེ་ནས་རྟག་ཏུ་ལས་ཐམས་ཅད་བྱེད་པ། དགེ་བ། ཞི་བ། རྒྱས་པ། དྲག་ཤུལ་སྤྱོད་པ། སྲུང་བ། ནང་ཐམས་ཅད་སེལ་བ། བྱད་འཇིག་པ། དབང་དུ་བྱེད་པ། སྦྱིན་སྲེག་གི་ཆོ་ག་བཤད་པར་བྱའོ།། ཁྱིམ་སྲུང་བར་འདོད་པས་ཨརྐའི་ཡམ་སྲེག་ཤིང་དང་། པདྨ་དང་། ཡུངས་མར་བསྲེས་པ་ལས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱས་ན་ཁྱིམ་ཆེན་པོ་བསྲུངས་པར་འགྱུར་རོ།། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་ཐམས་ཅད་དང་། ཕྱིར་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་དང་། རིམས་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ནད་འགོ་བ་ཐམས་ཅད་དང་། གདོན་ཐམས་ཅད་དང་། མུ་གེའི་དགོན་པ་དང་། མི་ངས་དང་། མི་ངས་ཆེན་པོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའི་མི་ངས་ཐམས་ཅད་ཞི་བར་འགྱུར་རོ།། ལྷ་ཐམས་ཅད་ཀྱང་སྲུང་བ་དང་། སྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ།། དབང་ཕྱུག་དང་དབང་ཕྱུག་ཆེན་པོའང་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་རོ། ། འཕག་པ་སྤྱན་རས་གཟིག་དབང་ཕྱུག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སྐུ་སྟོན་བཞེད་པར་འགྱུར་རོ།། སྦྱིན་སྲེག་གི་མར་དང་། ཡུངས་ཀར་དང་། གུ་གུལ་གྱི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཡུལ་དང་། ཡུལ་འཁོར་དང་། གྲོང་ཁྱེར་དང་། ཡུལ་གྲུ་དང་། རི་ཁྲོད་དང་། ལྗོངས་རྣམས་ཞི་བ་ཆེན་པོར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུཕྱག་གི་སྤྱན་སྔར་ཟླ་བ་ཉལ་མེ་ཏོག་དཀར་པོ་དང་། གན་དྷ་པྲི་ཡང་ཀུ་དང་། རྒྱ་སྤོས་རྣམས་ཡུངས་མར་དང་བསྲེས་ཏེ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་དང་། ཡུལ་གྲུ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། མ་ཧེ་རྣམས་དབང་དུ་འགྱུར་རོ།། ཤིང་ཨ་པ་མརྒའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་། མར་བསྲེས་པ་དང་། མེ་ཏོག་དཀར་པོ་རྣམས་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲོག་བྱས་ན་ཡུལ་གྲུ་སྟོང་ཐོབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། མར་བསྲེས་པ་དང་། པདྨའི་སྡོང་པོའི་ཡམ་སྲེག་ཤིང་རྣམས་ལས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་མཚན་མོ་ཟད་པ་དང་དི་ན་ར་བརྒྱད་བརྒྱ་འཐོབ་པར་འགྱུར་རོ།། མེ་ཏོག་ཀུ་མུ་ད་དང་། པདྨ་སྡོང་བུ་དང་། རྩ་བ་དང་འདབ་མར་བཅས་པ་དང་། ཡུངས་ཀར་བསྲེས་ཏེ་ཤིང་སེང་ལྡེང་གི་མེ་སྥ་ར་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ལོག་འདྲེན་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། ཟླ་བ་ཡར་གྱི་ངོ་ཚས་བརྒྱད་ལ་སྨྱུང་བ་བྱས་ཏེ། གཙང་མས་ཁྲུས་ལེགས་པར་བྱས་ལ། གོས་དཀར་པོ་བགོས་ཏེ་ཙན་དན་དང་། བྲི་ཡང་ཀུའི་ཤིང་དང་། འབྲས་ཡོས་དང་། མར་དང་། ཡུངས་ཀར་བསྲེས་པའི་སྦྱིར་སྲེག་སྟོང་རྩ་བརྒྱང་བྱས་མམཐ་ཕྱེད་ཀྱི་དུས་སུ་གནོད་སྦྱིན་མོ་འོངས་ནས་སོང་ལྟ་སྡོང་སྦྱིན་པར་འགྱུར་རོ། ། ཟླ་བ་མར་གྱི་ངོ་ཆེས་བཅུ་བཞི་ལ་ཉིན་ནག་གཅིག་སྤུང་བ་བྱས་ཏེ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་དུ་སོང་ལ་ཤིང་བིལ་བའི་མེ་སྦར། ཏེ། བིལ་བའི་མེ་ཏོག་དང་། མར་དང་། སྦྲང་རྩི་བསྲེས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེའི་འོག་ཏུ་གནོད་སྦྱིན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འོང་བར་འགྱུར་རོ།། ནམ་ཕྱེད་ན་རིན་པོ་ཆེའི་བ་མ་ཏོག་ཐོགས་ནས་འོང་བར་འགྱུར་ཏེ། རིག་སྔགས་འཆང་དེས་བླང་བར་བྱའོ།། གདོང་དུ་མིག་བལྟ་བར་མི་བྱའོ།། ཡང་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པ་དང་། རྐང་པའི་དྲུང་དུ་སྡོང་བོར་ནས་བཏུང་དེ་རིག་སྔགས་འཆང་འགུམ་མོ་ཞེས་ཟེར་རོ། ། དེ་ནས་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ།། དེ་ནས་གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ་ནམ་ཕྱེད་ན་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་གནོད་སྦྱིན་མོ་འོང་བར་འགྱུར་ཏེ། དགོས་པ་ཐམས་ཅད་བྱེད་ཅིང་བྲན་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞི་ལ་གང་ན་གཏེར་ཡོད་པ་དེར་སོང་སྟེ། སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ་གཏོར་མའི་ཆོ་ག་ཡང་གཞག་པར་བྱ་ཞིང་། འཕགས་པ་དོན་ཡོད་པའི་ཞགས་པ་ལ་མཆོད་པ་བྱས་ལ་སྣ་མའི་མེ་ཏོག་དང་། པདྨའི་འདབ་མ་དང་། ཡུངས་ཀར་དང་། མར་བསྲེས་པ་རྣམས་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ཏེ། ཆུ་དང་ཡུངས་ཀར་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་ས་ལ་བརྡབས་ན་དེའི་འོག་ཏུ་གཏེར་ཐམས་ཅད་འབྱུང་བར་འགྱུར་ཏེ་བླངས་ལ། དཀོན་མཆོག་གསུམ་གྱི་སྐུ་བསྐལ་དབུལ་བར་བྱ་ཞིང་ལྷག་མ་རང་གིས་བླང་བར་བྱའོ། ། བ་རུ་རའི་ཤིང་གི་མེ་སྤར་ལ་ཏིལ་དང་། འབྲས་སོ་བ་དང་། མར་བསྲེས་པ་ལ་སྦྱིན་སྲེག་སྡོང་རྩ་བརྒྱད་བྱས། ཆ་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དང་། དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་དང་། ནོར་དང་འབྲུ་དང་བཅས་པ་དང་། དབྱིག་དང་གསེར་དང་བཅས་པ་དབང་དུ་འགྱུར་ཏེ། ཇི་སྲིད་འཚོལ་བར་དུ་གནས་པར་འགྱུར་རོ། ། ཡུངས་ཀར་དཀར་པོ་དང་། ཙམ་པ་ཀའི་མེ་ཏོག་དང་། པདྨའི་ཡམ་སྲེག་ཤིང་དང་། སྦྲང་རྩི་དང་། མར་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཡུལ་ཐམས་ཅད་དབང་དུ་འགྱུར་ཞིང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དབང་དུ་འགྱུར་རོ།། འབྲས་ཕུབ་ལན་ཚྭ་དང་ལྡན་པ་ལས་ལན་དགུ་བཅུ་རྩ་གཅིག་སྦྱིན་སྲེག་བྱས་ན་རིགས་བཞིའི་འཇིག་རྟེན་དབང་དུ་འགྱུར་རོ། ། ཨ་ག་ཏིའི་ཤིང་གིས་མེ་སྦར་ལ་སྦྲང་རྩི་དང་མར་བསྲེས་པ་དང་། ཨརྐའི་མེ་ཏོག་ལས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་ཉིན་རེ་ཞིང་དི་ན་ར་བརྒྱ་འཐོབ་པར་འགྱུར་རོ། ། པ་ལ་ཤའི་ཡམ་སྲེག་ཤིང་དང་འབྲས་ཡོས་ལས་སྦྱིན་སྲོག་སྟོང་རྩ་བརྒྱད་བྱས་ན་གསེར་བརྒྱ་ཕྲག་སྟོང་འཐོབ་པར་འགྱུར་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་བྱ་ཞིང་བགོ་བཤའ་བྱས་ན་ཡང་འབྱུང་བར་འགྱུར་རོ། ། ཚེས་བཅོ་ལྔ་ཟླ་བ་ཉ་ལ་སྨྱུང་བ་བྱས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ངམ། ཆུ་ཀླུང་ཆེན་པོའི་ནང་རྐེད་པ་ནུབ་ཙམ་དུ་ཞུགས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཁྲོས་པས་ཆུ་ཀླུང་དེ་ལ་བརྡབ་པར་བྱའོ།། དེ་ནས་ཆུའི་ནང་ནས་བུ་མོ་ཞིག་བྱུང་ནས་རིན་པོ་ཆེ་མང་པོ་དག་སྦྱིན་པར་བྱེད་དེ་བླངས་ལ། ཕྱེད་ཀྱིས་དཀོན་མཆོག་གསུམ་མཆོད་པར་བྱ་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡང་མཆོད་པར་བྱའོ།། ཚེས་བཅོ་ལྔ་ཟླ་བ་ཉ་ལ་སྤྱང་བ་བྱས་ཏེ། ནམ་ཕྱེད་ན་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས་ཨ་པ་མརྒའི་ཡམ་སྲེག་ཤིང་དང་། སྦྲང་རྩི་དང་། མར་དང་། སྲ་རྩི་པོག་བསྲེས་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། རང་གི་མིང་གིས་སྤྲིན་སྲེག་སྟོང་བྱས་ན་སྡིག་པའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཞིང་། ནད་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ཕྱིར་རྒོལ་བ་ཐམས་ཅད་དང་མི་མཛའ་བ་ཐམས་ཅད་འཇིགས་པར་འགྱུར་རོ། ། ཤིང་ཨརྒ་དང་། ཏིལ་དང་། ཡུངས་ཀར་དང་། གུ་གུལ་དང་། མར་བསྲེས་པ་ལས་སྦྱིན་སྲེག་བྱས་ན་ཞི་བ་ཆེན་པོར་འགྱུར་རོ།། འབྲས་ཡོས་དང་། འོ་མ་དང་། མར་དང་། ཡུངས་ཀར་དང་། ཙན་དན་དཀར་པོ་བསྲེས་པ་ལས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་རྒྱས་པ་དང་མཆོག་ཏུ་དགེ་བར་འགྱུར་རོ།། ཚེས་བཅུ་བཞི་ལ་ཀ་ར་ཝཱི་རའི་མེ་ཏོག་དང་། ལན་ཚྭ་སྣ་བདུན་བསྲེས་པ་དང་། ཤིང་ཚེར་མ་ཅན་གྱི་ཡམ་སྲེག་ཤིང་ཡུངས་མར་ལ་བསྲེས་པས་དྲག་ཤུལ་སྤྱོད་པ་བྱའོ།། ཆར་མི་འབབ་པའི་ཚེ་པདྨ་དང་། ཙན་དན་དང་། ཡུངས་ཀར་དང་། མར་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཁྲོ་བོའི་གསང་སྔགས་ལན་བདུན་བཟླས་ན་ཇི་སྲིད་འདོད་པ་དེ་སྲིད་དུ་ཆར་གྱི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ།། ཐལ་བ་དེ་བླངས་ལ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ནམ་མཁའ་ལ་གཏོར་ན་ཧ་ཅང་ཆར་ཆེ་བ་ཞི་བར་འགྱུར་རོ།། ཕྱོགས་བཞིར་གཏོར་ན་མཚམས་ཆེན་པོ་བཅད་པར་འགྱུར་རོ།། སྤྲིན་ལ་མངོན་དུ་ཕྱོགས་ཏེ་གཏོར་ན་རླུང་དང་། སྤྲིན་དང་། སེར་བ་རྣམས་འབྱུང་བར་མི་འགྱུར་རོ།། གཞན་གྱི་སྡེ་མནན་པ་ནི་ཏིལ་དང་འབྲས་སོ་བའི་སྦྱིན་སྲེག་གིས་སོ།། ཕ་རོལ་གྱི་དཔུང་ཟློག་པ་ནི་ས་བོན་བདུན་གྱི་སྦྱིན་སྲེག་གིས་སོ།། ། ཕུག་སྒྲུབ་པ་ནི་ཤིང་ཨརྐའི་སྦྱིན་སྲེག་གིས་སོ།། ཨརྐའི་ལོ་མ་དང་མར་བསྲེས་པའི་སྦྱིན་སྲེག་བྱས་ན་ཕུག་གི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ།། ནགས་སུ་འགྲོ་བ་ནི་ཚེ་ཀུ་མུ་ད་དང་། རྒྱ་སྤོས་དང་། ཡུངས་ཀར་དང་། མར་བསྲེས་པས་ནགས་ཀྱི་ཕུག་གི་སྒོ་ཐམས་ཅད་འབྱེད་པར་འགྱུར་ཞིང་། སྨན་གྱི་དངོས་པོ་ཐམས་ཅད་རང་བཞིན་དུ་གནས་པར་འགྱུར་རོ།། ཤིང་པ་ལ་ཤའི་མེ་སྤར་ཏེ་ན་ལེ་ཤམ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཉི་མ་འོངས་ནས་མདུན་ན་འདུག་པར་འགྱུར་རོ།། ན་མའི་མེ་ཏོག་དང་། ཀར་ནི་ཀཱ་རི་ཀའི་མེ་ཏོག་དང་། ཨུཏྤལ་རྣམས་མར་དང་བསྲེས་པ་ལས་སྦྱིན་སྲེག་བརྒྱད་སྟོང་བྱས་ན་ཟླ་བ་དང་ཉི་མོ་འོངས་ནས་མཆོག་སྦྱིན་ཞིང་ལུས་ལ་འོད་ཟེར་བཏང་ནས་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། ཨ་ཤྭད་ཐས་ཡམ་སྲེག་ཤིང་བྱས་ལ་ཤུ་ཏི་དང་། ཉེའུ་ཤིང་དང་། ཨརྐ་དང་། ཙན་དན་དང་། ཡུངས་ཀར་དང་། ནས་དང་། མར་བསྲེས་པ་ལས་ཉི་མ་བདུན་གྱི་དུས་འཚམས་གསུམ་དུ་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱས་ན་རྒྱལ། པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ།། གདོན་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཆད་པས་བཅད་ན་འབྲས་སོ་བ་དང་། ཡུངས་ཀར་དང་། ལན་ཚའི་སྦྱིན་སྲེག་བགྱིས་ཏེ་ཐམས་ཅད་ལ་དོན་ཡོད་པའི་ཞགས་པ་བཅིང་བར་བྱ་ཞིང་ཁྲོ་བོའི་ཕྱག་རྒྱ་དང་གསང་སྔགས་ལྷན་ཅིག་རྗེས་སུ་དྲན་པར་བྱའོ། ། སྦྱིན་སྲེག་གི་ཆོ་གའོ།། ། དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་གའི་རྒྱལ་པོ་ཆེན་པོ་རས་ཀྱི་སྐུ་གཟུགས་མཐོང་བ་ཙམ་གྱི་མོད་ལ་མནར་མེད་པའི་མཐར་ཐུག་པ་དང་། མཚམས་མེད་པ་ལྔ་བྱེད་པ་བྱང་བར་འགྱུར་བའི་ཆོ་ག་བཤད་པར་བྱ་སྟེ། རས་ཁྲུ་དོ་གྲུ་བཞི་ལྷམ་པ། ཁ་ཚར་མ་ཆད་པ། སྐྲ་མེད་པ། ཐགས་རན་བཟང་བ། ཤིན་ཏུ་དཀར་བ། ཤིན་ཏུ་སྦྱངས་པ་ལ་རིན་མོ་མཁན་མི་སྨྲ་བའི་དཀའ་ཐུབ་ཅན། བསྙེན་གནས་ལ་གནས་པ་གཙང་མས་གོས་གཙང་མ་བགོས་པ། ཟས་དཀར་གསུམ་ཟ་བ། དུས་གསུམ་དུ་ཁྲུས་བྱས་པ། ལྷག་མ་མ་ཡིན་པའི་ཚོན་རྩི་སྣོད་གསར་པར་བཞག་སྟེ། པིར་གསར་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་བཞེངས་པ་འམ། བཞུགས་པ་འམ། སྐྱིལ་མོ་ཀྲུང་དུ་བཞུགས་པ་བྲི་བར་བྱ་སྟེ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཨེ་ནྱ་ལའི་པགས་པ་བསྣམས་པ། ཕྱུགས་བདག་གི་ཆ་ལུགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱ་པ་ཕྱག་བཅུ་དྲུག་པ། ཞལ་ཞི་བ། སྤྱན་ཕྱེ་བ། དབུ་རྒྱན་ལ་རྒྱལ་བ་འོད་དཔག་མེད་བཞུགས་པ། གཞལ་གཡས་པའི་ཐོར་ཚུགས་ལ་བླ་ཚེས་ཀྱིས་བརྒྱན་པ། ཕྱག་གཉིས་རྡོ་རྗེའི་ཐལ། མོ་སྦྱར་བ་ལས་གྱེན་དུ་པདྨའི་ཚུལ་དུ་བྱའོ།། ཕྱག་གཉིས་ཐུར་དུ་ཀུན་ཏུ་ཞལ་གྱི་ཕྱག་རྒྱ་བྱའོ།། ཕྱག་གཉིས་བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ལ། མཛུབ་མོ་གཡས་པ་བརྐྱང་སྟེ་པདྨའི་ཚུལ་དུ་བྱས་ལ་བར་ན་བགྲང་འཕྲེང་འཛིན་པར་བྱའོ། ། ཕྱག་གཉིས་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བྱའོ།། ཕྱག་གཅིག་ན་རྩེ་གསུམ། གཉིས་པ་ན་པདྨ། གསུམ་པ་ན་དོན་ཡོད་པའི་ཞགས་པའི་གླེག་བམ། བཞི་པ་ན་དོན་ཡོད་པའི་ཞགས་པ་ཞགས་པ་ཐ་མལ་པ་འདྲ་བ། ལྔ་པ་ན་དབུགས་འབྱིན་པ། དྲུག་པ་ན་རིལ་བ་སྤྱི་བླུགས། བདུན་པ་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བའི་སྣོད། བརྒྱད་པ་ན་མེ་ཏོག་སྣ་ཚོགས་ཀྱི་སྣོད་ཐོགས་པར་བྱ་ཞིང་། འོད་འདོམ་གང་གིས་བརྒྱན་པ། སྐུ་མེ་ཏོག་སྣ་ཚོགས་ཀྱིས་བཀྲ་བས་མཛེས་པར་བྱའོ།། རི་པོ་ཊ་ལའི་ཁང་པ་བརྩེགས་པ་ཤིན་ཏུ་མཛེས་པ། གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ཁྲི་འཕང་སྟེགས་བུ་མཛེས་པ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ། པདྨའི་འཕྲེང་བས་མཛེས་པར་བྱས་པ། རྡོ་རྗེའི་འཕྲེང་བས་བརྒྱན་པ། མེ་ཏོག་སྣ་ཚོགས་དང་ཆུ་ཤིང་གི་ཡལ་གས་མཛེས་པར་བྱས་པ། གཡས་ལོགས་ཀྱི་སྟེང་ན་ཉི་མ། གཡོན་ལོགས་ན་ཟླ་བ། གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་ལག་ན་མེ་ཏོག་སྣ་ཚོགས་པ་མང་པོ་ཐོགས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ།། རི་པདྨ་འདྲ་བ་ཞིག་སྙིང་པོ་མཛེས་པར་བྱས་ཤིང་སྡོང་པོ་དང་ལྡན་པ། མཚོས་མཛེས་པར་བྱས་པ། མཚོ་ཉས་གང་ཞིང་ཆུ་སྲིན་མ་ཀ་ར་དང་། བཞད་དང་། ཤང་ཤང་ཏེའུ་དང་། ངུར་པས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་རྀ་དེའི་སྟེང་དུ་པདྨའི་གདན་དང་སེང་གེའི་ཁྲི་བྱའོ། ། གཡས་ཕྱོགས་ཀྱི་ཕྱི་རོལ་ཁང་པའི་གནས་སུ་དབང་ཕྱུག་བྱའོ།། གཡོན་དུ་དབང་ཕྱུག་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། ། ནང་གི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ།། གཡས་སུ་འཕགས་མ་སྒྲོལ་མ་ལུས་བཏུད་དེ་འཛེམ་བག་དང་བཅས་པ་བྱའོ།། གཡོན་དུ་དྲི་མེད་འགྲོ་ལག་པ་དབུགས་འབྱིན་པ་དང་། ནོར་བཟང་བུས་མོ་བཙུགས་པ་བྱའོ།། པདྨའི་སྙིང་པོའི་དབུས་ཀྱི་གནས་སུ་ཁྲོ་བོའི་རྒྱལ་པོ་ཁྲོས་པའི་གཟུགས་ཅན། ལག་པ་བཞི་པ་ལག་ན་མཚོན་ཆ་ཐོགས་པ་སྟེ། ཞགས་པ་དང་། དབྱུག་ཏོ་དང་། རྩེ་གསུམ་དང་། པདྨའོ།། པདྨའི་སྟན་ལ་སྐྱིལ་མོ་ཀྲུང་ཕྱེད་བཅས་ལ། ལུས་ཅུང་ཟད་བཏུད་པ་མགོའི་སྟེང་གཡས་གཡོན་དུ་དྲང་སྲོང་བསྟོད་རབས་བྱེད་པ་བྱའོ།། དེ་ནས་འོག་གི་གཡས་གཡོན་དུ་རྡོ་རྗེའི་ཟོམ་ཆེན་པོ་ལག་ན་རྡོ་རྗེའི་ཚོགས་མང་པོ་འདུག་པ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་དང་། དབང་པོ་དང་། ལྷའི་ཚོགས་དག་བྱའོ།། གཡས་ཕྱོགས་ཀྱི་མཚོ་དང་རིའི་བར་དུ་བརྒྱ་བྱིན་དང་ཚངས་པ་བྱའོ། ། གཡོན་ཕྱོགས་སུ་རྒྱལ་པོ་ཆེན་པོ་བཞི་གོ་ཆ་བགོས་པ་བྱའོ།། དེའི་འོག་ཏུ་ཕོ་ཉ་མོ་པདྨའི་རིགས་མཛེས་མ་ལག་པ་བྲེལ་བ་བྱའོ།། ལྷ་མོ་ཆེན་མོ་དཔལ་དང་། དབྱངས་ལྡན་མ་དང་། འཇིགས་བྱེད་མ་དང་། མཚན་མོའི་ལྷ་དང་། སའི་ལྷ་མོ་དང་། ལོ་ཏོག་གི་ལྷ་མོ་བྱའོ།། དབང་ཕྱུག་གི་དྲུང་དུ་ཁྲོ་གཉེར་ཅན་བྱའོ།། དབང་ཕྱུག་ཆེན་པོའི་དྲུང་དུ་གོས་དཀར་མོའོ། ། རི་དང་ཕོ་ཉ་མོའི་བར་དུ་སྲིན་མོ་རལ་པ་གཅིག་མའོ།། རིའི་ཁོར་ཡུག་གྲུ་བཞི་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་བྱ་ཞིང་། ལྗོན་ཤིང་དང་། ལྕུག་མ་སྣ་ཚོགས་དང་། མེ་ཏོག་གིས་བརྒྱན་ཅིང་མཚེའུ་མཛེས་པ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། སེང་གེ་དང་སྟག་གིས་གང་བ་དང་། ཀླུའི་ཕྲུག་གུ་དང་གྲུལ་བུམ་དག་བྱའོ།། གཡོན་དུ་གསང་བ་ཆེན་པོ་ལྔ་བྱའོ།། འོག་ཏུ་ཀླུའི་རྒྱལ་པོ་ཆེན་པོ་ལྔ་བྱའོ།། ཐམ་ཅད་བྲག་གི་སྟན་དཔལག་ན་རིན་པོ་ཆེའི་མེ་ཏོག་ཕོར་བ་ཐོགས་ཏེ། བཅོམ་ལྡན་འདས་ལ་བལྟ་བར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་རིག་སྔགས་འཆང་བུས་མོ་བཙུགས་ཏེ། ལག་ན་མེ་ཏོག་དང་ཕོག་པོར་ཐོགས་པ། བཅོམ་ལྡན་འདས་ལ་བལྟ་བར་བྱའོ།། སྟེང་གི་བང་རིམ་དུ་ཐུབ་པ་ཆེན་པོ་རྒྱལ་བ་འོད་དཔག་མེད་དང་། ཤཱཀྱའི་རྒྱལ་པོ་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་བྱའོ།། རས་ཀྱི་སྐུ་གཟུགས་འདི་མཐོང་བཙམ་གྱི་མོད་ལ་ཚེ་རབས་བརྒྱ་སྟོང་དུ་མནར་མེད་པ་བསགས་པ་དང་། མཚམས་མེད་པ་ལྔའི་ལས་བྱེད་པ་དེ་དག་ཐམས་ཅད་འཇིག་པར་འགྱུར། རྣམ་པར་འཇིག་པར་འགྱུར་ཞིང་། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཡོངས་སུ་གྲོལ་བར་འགྱུར་ན། སེམས་ཅན་དག་པ་རྣམས་ལྟ་ཅི་སྨོས། དད་པས་མོས་པ་རྣམས་དང་། དཀོན་མཆོག་གསུམ་མཆོད་པ་དོན་དུ་གཉེར་བ་དེ་དག་ནི་ཚེ་འདི་ཉིད་ལ་འབྲས་བུ་ཆེ་བ་དང་། ཕན་ཡོན་མང་པོ་དག་ཏུ་ཤེས་པར་བྱའོ།། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ཞིང་། དེ་དག་གི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ། ། རས་ཀྱི་སྐུ་གཟུགས་འདི་མཐོང་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་སྙིང་པོ་དངོས་སུ་མཐོང་བ་ཡིན་ནོ།། རས་ཀྱི་སྐུ་གཟུགས་འདི་མཐོང་བ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགོངས་པར་འགྱུར་ཞིང་སྐུའང་སྟོན་པར་འགྱུར་རོ། ། ཉམ་ཐག་པ་ཙམ་གྱི་མོད་ལ་སྐུ་སྟོན་པར་འགྱུར་ཞིང་མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ། ། དོན་ཡོད་པའི་ཞགས་པའི་གཟུགས་ཀྱི་སྙིང་པོ་འགྲུབ་པར་འགྱུར་རོ།། ནད་ཀྱིས་ཐེབས་པ་དང་། ནད་ཚབས་ཆེན་པོས་གཟེར་བ་དང་། ནད་སྣ་ཚོགས་དང་། སྡུག་བསྔལ་བརྒྱ་སྟོང་གིས་དཀྲུགས་པ་དེ་དག་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོང་ལ་ནད་ཐམས་ཅད་དང་། སྡུག་བསྔལ་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་ཞིང་སྒྲིབ་པ་དང་ནང་དང་བྲལ་བར་འགྱུར་རོ། ། ཐ་ན་དུད་འགྲོའོ་སྐྱེ་གནས་སུ་གཏོགས་པ་དག་ཀྱང་མཐོང་བ་ཙམ་གྱི་མོད་ལ་ཡོངས་སུ་གྲོལ་བར་འགྱུར་རོ།། རས་ཀྱི་སྐུ་གཟུགས་འདི་འཁོར་མང་པོས་མཆོད་པ་དང་། བཀུར་སྟི་ཆེན་པོ་དང་། སིལ་སྙན་དཀྲོལ་བ་མང་པོ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་ལེགས་པར་བརྒྱན་པར་བྱས་ཏེ། གྲོང་ཁྱེར་ཆེན་པོ་འམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ། ལྗོངས་སམ་ཁྱིམ་མམ། གྲོང་དུ་ཞུགས་ན་རས་ཀྱི་སྐུ་གཟུགས་གཞུག་པ་ཙམ་གྱི་མོད་ལ་འཐབ་པ་དང་། རྩོད་པ་དང་། འཐབ་མོ་དང་། ཁྲག་ཁྲུག་དང་། མུ་གེའི་དགོན་པ་དང་། མི་ངས་དང་། རང་གི་དཔུང་དང་། གཞན་གྱི་དཔུང་གིས་འཇིགས་པ་ཞི་བར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། གྲིབ་གནོན་ཞི་བར་འགྱུར་ཞིང་། བདེ་བ་དང་། ལོ་ལེགས་པ་དང་། དགའ་བ་དང་། མི་མང་པོ་བདེ་བ་མང་པོར་འགྱུར་རོ།། དགའ་བ་དང་། ཡིད་བདེ་བ་མང་བར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྗེས་སུ་འགྲོ་བར་འགྱུར་རོ།། འདི་མཐོང་བ་ཙམ་གྱིས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། བསྐལ་པ་བརྒྱ་སྟོང་ཕྲག་བདུན་ཅུར་ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། ། པདྨའི་འོད་དྲི་མ་མེད་ཅིང་རྣམ་པར་དག་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་ཐོབ་པ་ཐོབ་པར་འགྱུར་རོ།། པདྨ་རབ་ཏུ་གནས་པ་ཞེས་བྱ་བའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཉིད་འཐོབ་པར་འགྱུར་རོ། ། རི་མོའི་སྐུ་གཟུགས་སྒྲུབ་པའི་ཆོ་ག་དང་ཆོ་ག་ཞིབ་མོའོ།། ། དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་ཆེན་པོའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཆུ་ཀླུང་གི་འགྲམ་མམ། པདྨའི་མཚེའུ་འམ། ཨུཏྤ་ལའི་མཚེའུ་འམ། མེ་ཏོག་གི་སྐྱེད་མོས་ཚལ་ལས་འབྲས་བུའི་ཀུན་དགའ་ར་བ་འམ། ཁང་བཟང་ས་གཞི་དག་ཅིང་ས་གཞི་ཡོངས་སུ་སྦྱངས་པ་རྩཝ་དང་། ཤིང་བལ་དང་། སྐྲ་དང་། ཕུབ་མ་དང་། ཐལ་བ་དང་། སོལ་བ་དང་། ཕྱག་དར་གྱི་ཕུང་པོ་དང་། གྱོ་མོ་དང་། ཤིང་དང་། བོང་བ་དང་། གསེག་མ་དང་། ཐོད་པའི་རུས་པས་གང་བ་དང་། ཤི་བའི་རོ་རྣམས་སྤངས་པའི་ས་གཞིའི་ཕྱོགས་ན་མཚེའུ་དང་། འབབ་ཆུ་དང་། འབབ་ཆུ་བྱང་ཕྱོགས་ནས་འབབ་པ་དང་ཉེ་བ་ན་ཆུ་ཡོད་ཅིང་ཤིན་ཏུ་མཛེས་པ། ལྷོ་ཕྱོགས་དང་། བྱང་ཕྱོགས་དང་། ནུབ་ཕྱོགས་དང་། ཤར་ཕྱོགས་གང་ན་ལྗོན་ཤིང་གིས་མཛེས་པར་བྱས་པ། གང་ཉམས་དགའ་བ། ཁ་དོག་དང་གཟི་བྱིན་དུ་ལྡན་པའི་གནས་དེ་ལྟ་བུ་རྙེད་ནས་ཆུ་དང་ཡུངས་ཀར་ལ་བཟླས་ཏེ་ཀུན་ཏུ་གཏོར་རོ། ། ས་གཞི་དེ་ལྟ་བུ་སྦྱང་བ་ནི་མཆོག་ཡིན་ནོ།། ཁྲོ་བའི་རྒྱལ་པོས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་གཏོར་ན་ཀུན་ནས་དཔག་ཚད་བརྒྱ་ཚུན་ཆད་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་བྱས་པར་འགྱུར་རོ།། སྡང་བ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱང་སྐད་ཅིག་ཀྱང་མི་གནས་པར་ཕྱོགས་བཞིར་བྱེར་ཏེ་དོང་ངོ་། ། སྲོག་ཆགས་སྡང་བ་དང་། སྡང་བའི་སེམས་ཅན་དང་། སྡང་བའི་གཅན་གཟན་ཁྲོ་བོ་གང་ཡིན་པ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་། ལྷ་ཐམས་ཅད་སྲུང་བར་འགྱུར་རོ།། ། གནས་ཀྱི་ཕྱོགས་དེར་མཁས་པས་དཀྱིལ་འཁོར་བྱ་སྟེ། གྲུ་བཞི་ལྷམ་པ། ངོས་རེ་རེ་ཞིང་ཁྲུ་སུམ་ཅུ་རྩ་གཉིས་གཞལ་བར་བྱ་སྟེ། ཆ་འབྱེས་པ། གྲུ་བཞི་ཆ་མཉམ་ཞིང་མཛེས་ལ་སྒོ་བཞི་དང་རྟ་བབས་བཞི་ལྡན་པ། འབྲས་ཀྱི་ཕྱེ་མའི་ཚོན་སྣ་བཞིར་སྦྱར་ལ། དེ་ནས་དཀྱིལ་འཁོར་བྲི་བར་བྱ་སྟེ། ཚོན་སྣ་ལྔའི་ཐིག་སྐུད་ཀྱིས་ཐིག་བཏབ་ནས་ཙན་དན་དཀར་པོའི་ཕུར་བུ་བཏབ་སྟེ། ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་དམ། ཚེས་བཅོ་ལྔ་ལ་ཚེས་གྲངས་དང་རྒྱུ་སྐར་བཟང་པོ་གདམས་ཏེ། དཀྱིལ་འཁོར་གྱི་མཆོག་བྲི་བར་བྱའོ།། དང་པོ་ནི་དཀར་པོའི་བྲིའོ།། གཉིས་པ་ནི་དམར་པོས་སོ།། གསུམ་པ་ནི་སེར་པོས་སོ།། བཞི་པ་ནི་ནམ་མཁའི་ཁ་དོག་གིས་སོ། ། ལྔ་པ་ནི་མིག་སྨན་གྱི་ཁ་དོག་གིས་ཏེ། དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོ་འཇིགས་པ་མེད་པར་ཆ་རྣམ་པར་འབྱེས་ཤིང་གསལ་བར་པིར་གསར་པ་དང་། ཚོན་དང་། སྣོད་གསར་བས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་སྙིང་པོར་པདྨ་འདབ་མ་སྟོང་པ་ཁོ་ར་ཁོར་ཡུག་སྟེགས་བུ་དང་བཅས་པ་བྲི་ཞིང་། པདྨའི་འཕྲེང་བ་ཚོན་གྱིས་མཛེས་པ་བྲིས་ལ། དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདྲ་ཐུབ་པ་ཆེན་པོ་ཤཱཀྱའི་རྒྱལ་པོ་དང་། འོད་དཔག་མེད་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་གཞག་གོ།། གཡས་སུ་མགོན་པོ་འཇིག་རྟེན་དབང་ཕྱུག་དོན་ཡོད་པའི་ཞགས་པའི་ཆ་བྱད་འཆང་བ་གསང་སྔགས་ཀྱི་རྗེས་སུ་འབྲང་བར་བྱའོ། ། གཡོན་དུ་ཕྱག་ན་རྡོ་རྗེ་རྔ་ཡབ་དང་རྡོ་རྗེ་ཐོགས་པ། བཞིན་ཁྲོ་གཉེར་ཅན་འོད་འབར་བས་བསྐོར་བའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ལྷ་མོ་སྒྲོལ་མ་དང་དྲི་མེད་འགྲོ་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་དཀར་ཤམ་ཆེན་པོ་དང་། གོས་དཀར་མོ་དང་། དཀར་མོ་ཆེན་མོ་ལག་ན་དབྱུག་པ་དང་རིལ་བ་སྤྱི་བླུགས་ཐོགས་པའོ།། དེའི་འོག་ཏུ་སྲིན་མོ་རལ་པ་གཅིག་པ་པ་ཆེ་བ་གཙིགས་པ། ཐོད་པའི་འཕྲེང་བ་ཐོགས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ། ལག་པ་བཞི་པ། ལག་པ་གཡས་གཡོན་གཉིས་ན་རྡོ་རྗེ་དང་། དགྲ་སྔ་དང་། གཡས་པའི་གུང་མོ་ལྷ་དང་ལོག་འདྲེན་ལ་སྡིག་པ་བྱའོ། ། གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲམ་ཟེའི་ཆ་ལུགས་འཆང་བ་རལ་པའི་ཐོར་ཙུགས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱིས་ཐོར་ཙུགས་བརྒྱན་པ་བྱའོ།། གཡས་གཡོན་དུ་དབང་ཕྱུག་དང་དབང་ཕྱུག་ཆེན་པོ་བྱའོ།། དེའི་འོག་ཏུ་དཔལ་ལྷ་མོ་དང་། ལྷ་མོ་དབྱངས་ཅན་མ་དང་། མཚན་མོའི་ལྷ་མོ་དང་། སའི་ལྷ་མོ་དང་། ལོ་ཏོག་གི་ལྷ་མོ་དང་། འབྲས་བུ་དང་མེ་ཏོག་གི་ལྷ་མོ་བྱའོ། ། དེའི་འོག་ཁོར་ཡུག་ཏུ་གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་ལ་སོགས་པ་བྱའོ།། རལ་པའི་ཐོར་ཙུགས་ཀྱིས་བརྒྱན་པའི་དྲང་སྲོང་གཞག་པར་བྱའོ།། གྲཝར་རྒྱལ་པོ་ཆེན་པོ་བཞི་གོ་ཆ་བགོས་པ་གཞག་པར་བྱའོ། ། དཀྱིལ་འཁོར་གྱི་སྙིང་པོའི་དབུས་དང་བར་བར་དུ་ལྕགས་ཀྱུ་དང་། དགྲ་སྟ་དང་། རྡོ་རྗེ་དང་། དབྱུག་པ་དང་། ཞགས་པ་དང་། ལྕགས་སྒྲོག་དག་བྱའོ།། ཕྱི་རོལ་ཏུ་ཚངས་པ་དང་། དྲག་པོ་དང་། ལྷ་མོ་ཨུ་མ་དང་། ཚངས་པའི་དྲུང་དུ་ལྷ་མོ་དབྱངས་ལྡན་མ་ཁྲོས་པའི་གཟུགས་ཅན་ནོ།། དེ་གཉིས་ཀྱི་བར་དུ་དབྱུག་པ་དང་རིལ་བ་སྤྱི་བླུགས་བྲི་བར་བྱའོ།། གྲཝ་གཅིག་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོས་ཀྱི་རྣམ་གྲངས་གཞག་གོ། ། གྲཝ་གཅིག་ཏུ་ཤི་བཱ་བ་ཧ་གཞག་གོ།། དེ་ནས་ཤར་ཕྱོགས་ཀྱི་སྒོར་ཁྲོ་བོ་རྟ་མགྲིན་འཇིགས་སུ་རུང་བའི་མིག་ཅན་གཞག་གོ།། ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཆེན་པོ་ཀི་ལི་ཀི་ལི་ཞེས་བྱ་བ་རྡོ་རྗེ་རྣམ་པར་འདྲེན་པ་ལག་ན་རྡོ་རྗེ་དང་། དགྲ་སྟ་དང་། ཞགས་པ་ཐོགས་པ་བྱའོ།། ནུབ་ཕྱོགས་ཀྱི་སྒོར་ཕོ་ཉ་མོ་པདྨའི་རིགས་མཛེས་མ་ལག་པ་པདྨའི་རྩེ་མོ་ནས་འཛིན་པ་བྱའོ། ། བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་ཆེན་པོ་ཟོམ་ཞེས་བྱ་བའི་ཚོགས་ལག་ན་རྡོ་རྗེ་དང་ཞགས་པ་ཐོགས་པ་བྱའོ།། དེ་ནས་འཇུག་པའི་སྒོ་ནས་གསེར་གྱི་བུམ་པ་སྤོས་ཆུས་བཀང་སྟེ། དར་ལས་བཅིངས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དར་ལས་གཡོགས་ཏེ་མེ་ཏོག་གི་འཕྲེང་བས་བརྒྱན་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་གཞག་སྟེ། སྟེང་དུ་སྣ་མའི་མེ་ཏོག་གི་གདུ་བུ་གཞག་པར་བྱའོ། ། ཙན་དན་དང་། གུར་ཀུམ་དང་། གླ་རྩི་དང་། ག་པུར་གྱི་ཆུ་དང་། པོག་པོར་བཞི་གཞག་ཅིང་། ཨ་ཀ་རུའི་བདུག་པས་བདུག་གོ། ཚོན་སྣ་ལྔའི་རས་ཀྱི་སྲད་བུ་མཆོད་ཕྱིར་གྱི་སྲད་བུ་ཚད་དུ་བྱས་ལ། གསེར་གྱི་ཡང་མིག་རྩེ་གསུམ་ཅན་གདགས་པར་བྱ་ཞིང་། ཐོར་ཏོ་གཅིག་ཏུ་མེ་ཏོག་པདྨའི་གདུབ་ཀོར་དང་། མུ་ཏིག་དང་། རིན་པོ་ཆེས་སྤྲས་པ་ཟླུམ་པོར་བསྐྱིལ་བ་བུམ་པའི་སྟེང་དུ་བཞག་ལ་མཆོད་པ་དང་བསྙེན་བཀུར་བྱས་ཏེ། ཡུངས་ཀར་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་ཏེ་དེ་ལ་གདབ་པར་བྱའོ།། ཙན་དན་དང་། ག་བུར་དང་། གླར་རྩིའི་ཕྱེ་མས་གོས་ལ་བགོ་བར་བྱའོ། ། སྒོ་བཞིའི་གནས་སུ་དྲི་ཆབ་ཀྱིས་བཀང་བའི་བུམ་པ་དང་ཟས་དཀར་གསུམ་གྱི་གཏོར་མ་གཞག་པར་བྱ་ཞིང་། གསེར་དངུལ་གྱི་མཆོད་ཡོན་གྱི་སྣོད་སུམ་ཅུ་རྩ་གཉིས་དང་། སྤོས་ཆུས་བཀང་བ་བརྒྱད་དང་། སྤོས་ཆུ་དཀར་པོས་བཀང་བ་བརྒྱད་གཞག་པར་བྱའོ།། རོ་དང་དྲི་སྣ་ཚོགས་ཀྱིས་བཀང་བ་བརྒྱད་དང་། ཞོ་དང་། འོ་མ་དང་། སྤོས་ཆུས་བཀང་བ་བརྒྱད་དང་། གཏོར་མ་ལ་སོགས་པ་དབུལ་བ་སྣ་བརྒྱད་དང་། དབུལ་བ་སྣ་དྲུག་ཅུ་རྩ་བཞི་པ་རྣམས་ཤ་དང་། ཁྲག་དང་། ཀུན་དོང་དང་། ཀེའུ་དང་། ཁ་ཟས་ངན་པ་དང་། བཏུང་བ་ངན་པ་སྤངས་ཏེ་གཙང་མས་གཙང་མ་སྦྱར་བར་བྱའོ།། མེ་ཏོག་སྣ་ཚོགས་ཀྱི་གཅལ་དགྲམ་པར་བྱ་ཞིང་། གདུགས་དང་། རྒྱལ་མཚན་དང་། ལྔ་ལྡི་དང་། བ་དན་གྱིས་བརྒྱན་པར་བྱ། པོག་པོར་སུམ་ཅུ་རྩ་གཉིས་གཞག་པར་བྱ་ཞིང་། བདུག་སྤོས་སྣ་ཚོགས་མང་པོས་བདུག་པར་བྱ། སྤོས་སྣ་བརྒྱད་རྩ་བརྒྱད་དང་ལྡན་པའི་ཏིལ་མར་གྱིས་མར་མེ་བལྟམ་པར་བྱ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་པདྨའི་འཕྲེང་བ་བྲི་བར་བྱའོ།། རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། གོས་གསུམ་བགོ་བར་བྱ། གྲོགས་གཙང་མ་སྒྲུབ་པར་བྱའོ།། འཇུག་པའི་ཆོ་ག་བྱས་པ་ནས། དོན་ཡོད་པའི་ཞགས་པའི་སྙིང་པོས་དབང་བསྐུར་བས་དབང་བསྐུར་བའི་བར་ཙམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ཞིང་། འཇིག་རྟེན་མགོན་པོས་བྱིན་གྱིས་བརླབས་པ་དང་། པདྨའི་རིགས་པདྨ་འཆང་བའི་དཀྱིལ་འཁོར་ཆེན་པོ་དོན་ཡོད་པའི་ཞགས་པའི་སྙིང་པོའི་དངོས་གྲུབ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། ། གང་བསམས་པ་ཐམས་ཅད་དེ་ཁོ་ན་བཞིན་བྱེད་པར་འགྱུར་རོ།། དམ་ཚིག་ཐམས་ཅད་ལ་དོན་ཡོད་པར་འགྱུར་རོ།། ཆོད་ཉིད་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོས་ལ་དམ་ཚིག་གྲུབ་པར་འགྱུར་རོ། ། ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་བདེ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་། ལྷ་དང་མིའི་དཔལ་ཐམས་ཅད་མྱོང་བར་འགྱུར་རོ། ། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོའི་ཚོགས་ཀྱི་བསྒོ་སྐལ་ལ་དབང་བར་འགྱུར་རོ།། རྣལ་འབྱོར་གྱི་དཀྱིལ་འཁོར་དང་གསང་སྔགས་ལ་རྟེན་པར་འགྱུར་རོ། ། བརྡེག་པ་དང་། སྤྲོ་བ་དང་། ཕུར་བུས་གདབ་པ་དང་། བསྲེག་པ་དང་། བསྡིགས་པ་དང་། གཡེང་བ་དང་། གསད་པ་དང་། དབང་དུ་བྱས་པས་མི་ཚུགས་སོ།། གང་དག་དེ་ལྟ་བུ་བྱེད་པ་དེ་ཉིད་ཀྱི་ལུས་སམ་མགོ་ལ་བརྒྱ་ཕྲག་སྟོང་གྱུར་ཏུ་འབབ་པར་འགྱུར་ཞིང་། གཞན་གྱིས་ཕྱིར་བཟླས་ཤིང་དགྲོལ་བར་མི་ནུས་ཏེ། རིག་སྔགས་འཆང་དེས་དགྲོལ་བར་བྱའོ།། དེ་ནས་རིག་སྔགས་འཆང་དེས་རི་མོའི་གཟུགས་དེ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ལ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་བརྒྱ་རྩ་བརྒྱད་བཅིང་བར་བྱ་ཞིང་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། ། དེའི་འོག་ཏུ་དཀྱིལ་འཁོར་གྱི་ལྷ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འབྱུང་བར་འགྱུར་རོ།། བུམ་པ་དེའང་འབར་ལ། རས་ཀྱི་སྐུ་གཟུགས་དེའང་ཁ་དོག་སྡེ་བདུན་དུ་འབར་ཞིང་ཤས་ཆེར་འགུལ་བར་འགྱུར་ཏེ། རིག་སྔགས་འཆང་སྙིང་དགའ་བར་འགྱུར་ཞིང་། རས་ཀྱི་སྐུ་གཟུགས་ལས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་སྙིང་པོ་གྲུབ་ཅིང་། ཁྱོད་ཀྱིས་ཞགས་པ་འདིའང་གྲུབ། ཁྱོད་ཀྱིས་ཡིད་བཞིན་གྱི་ནོར་བུའི་ཞགས་པའི་མཆོག་འདིའང་གྲུབ་ཀྱིས། ཁྱོད་ཀྱིས་ལས་ཐམས་ཅད་བྱོས་ཤིག། དེ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་མཆོག་གྲུབ་ནས་བུམ་པ་སྤོས་ཆུས་བཀང་བ་དེ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་རྒྱུ་སྐར་རྒྱལ་ལ་ཁྲུས་བྱ་བ་འམ། ཟླ་བ་ཡར་གྱི་ངོའི་ཚེས་གྲངས་ཤིས་པ་ལ་ཁྲུས་བྱས་པ་ཙམ་གྱི་མོད་ལ་ལུས་ཐམས་ཅད་དྲི་མ་མེད་ཅིང་ཡོངས་སུ་དག་པ་འཐོབ་པར་འགྱུར་ཞིང་། དངོས་པོ་ལྔའི་བདག་ཉིད་ཡོངས་སུ་དག་པ་འཐོབ་པར་འགྱུར་ཏེ། རྣ་བ་ལྔ་ཡོངས་སུ་དག་པ་དང་། མིག་ལྔ་ཡོངས་སུ་དག་པ་དང་། སྣ་ལྔ་ཡོངས་སུ་དག་པ་དང་། ལྕེ་ལྔ་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ལྔ་ཡོངས་སུ་དག་པ་དང་། དབང་པོ་ལྔ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པར་འགྱུར་ཞིང་། རྟག་ཏུ་སྐུ་སྟོན་བཞེད་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཞལ་སྟོན་པར་འགྱུར་རོ།། རྟག་ཏུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་པར་འགྱུར་རོ།། ལྷ་ཐམས་ཅད་ཀྱང་དེ་ལ་སྲུང་བ་དང་། སྒྲུབ་པ་དང་། སྦ་བ་བྱེད་པར་འགྱུར་རོ། ། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དག་ཀྱང་འོང་བར་འགྱུར་རོ།། རྒྱལ་པོ་བཞི་དཔུང་གི་འཁོར་དང་བཅས་ཏེ་སའི་ཕྱོགས་དེར་འོང་བར་འགྱུར་ཞིང་། རྟག་ཏུ་རྒྱུན་མའི་ཆད་པར་སྲུང་བ་དང་། སྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ།། སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གསང་བ་པ་བརྒྱ་སྟོང་ཕྲག་དུ་མ་སྲུང་བ་དང་། སྒྲུབ་པ་དང་། སྒྲུབ་བྱེད་པར་འགྱུར་རོ། ། ཞི་བ་དང་ལེགས་སུ་བྱེད་པར་འགྱུར་རོ།། ཤེས་པ་དོན་ཡོད་པ་དང་། ཤེས་རབ་དོན་ཡོད་པ་དང་། ཐོས་པ་དང་། ཚུལ་ཁྲིམས་དང་། བརྩོན་འགྲུས་ཐོབ་པར་འགྱུར་ཞིང་། སྦྱིན་པ་དོན་ཡོད་པའི་སྦྱིན་པ་པོར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་དོན་ཡོད་པ་དང་ལྡན་པར་འགྱུར་ཞིང་། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། རྫུ་འཕྲུལ་དཔག་ཏུ་མེད་པ་ལ་མཁས་པར་ཡང་འགྱུར་རོ། ། རིག་སྔགས་འཆང་གི་ཆོ་ག་ཞིབ་མོའང་འགྲུབ་པར་འགྱུར་རོ།། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པར་དོན་ཡོད་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ། ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་ས་ཡ་སྙེད་ས་ཡ་བརྒྱ་ཕྲག་སྟོང་དྲུག་ཅུ་རྩ་བཞིའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་ཡང་དག་པ་གཟུང་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མཆོད་པ་དང་། བཀུར་སྟི་བྱ་བར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ།། མཆོད་རྟེན་གྱི་སྙིང་པོ་དང་འདྲ་བར་ཕྱག་བྱ་བའི་འོས་སུ་འགྱུར་རོ།། དཀྱིལ་འཁོར་གྱི་ཆོ་གའི་ཆོ་ག་ཞིབ་མོའོ། ། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞི་མོའི་རྒྱལ་པོ་བམ་པོ་དགུ་པ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུག་པར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བདེ་ལ་སུ་ཐལ་མོ་སྦྱར་ཏེ་བཏུད་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་པདྨའི་རིགས་ལ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོ་ག། རིག་སྔགས་ཆེན་པོའི་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་དོན་ཡོད་པའི་ཞགས་པའི་སྙིང་པོ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་མཆིས་ཏེ། བཅོམ་ལྡན་འདས་འཁོར་འདུས་པའི་དབུས་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་བདག་གིས་ཡོངས་སུ་བསྒྲག་པར་བགྱིའོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞིན་འཛུམ་པས་བཅོམ་ལྡན་འདས་ལ་ལྟ་བཞིན་དུ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་སྨྲས་སོ། ། ན་མ་སྟྲཻ་ཡ་དྷཱ་ནུ་ག་ཏ་པྲ་ཏིཥྛི་ཏེ་བྷྱཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿན་མཿཔྲ་ཏྱེ་ཀ་བུདྷཨཱརྱ་ཤྲཱ་བ་ཀ་སཾ་། གྷེ་བྷྱཿ་ཏཱི་ཏཱ་ནུ་ག་ཏ་པྲ་ཏྱུད་པན་ནེ་བྷྱཿན་མཿས་མྱ་ཀ་ག་ཏཱ་ནཱཾ། ན་མཿས་མྱཀ་པྲ་ཏི་པན་ནཱ་ནཱཾ། ན་མཿཤཱ་ར་དཱ་ཏི་པུ་ཏཱ་ཡ་མ་ཧཱ་མ་ཏ་ཡེ། ན་མ་ཨཱརྱ་མཻ་ཏྲེ་ཡ་པྲ་མུ་ཁེ་བྷྱོཿམ་ཧཱ་བོ་དྷི་ས་ཏཱ་ཨཱརྱ་གཿ་བབབེརེ་བྷྱཿན་མ་ཨཱརྱ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྠ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་རི་ཥི་ཨཱཿ་ག་ཎ་བ་རེ་བྷྱཿན་མསྠི་ཏཱ་ཨི་དན་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་མུ་ཁོ་ནཱིཛྫ། ཨ་མོ་གྷ་རཱ་ཛ་ན་ནཱ་མ་ཧྲིད་ཡན། ཏ་ཐཱ་ག་ཏ་སཾ་མུ་ཁཾ་བྷཱ་ཥི་ཏ་མ་ཧཱ་ཏཾ་པནྡྷནྱཱ་རྦྷེ། ཨ་ཧ་མི་ད་ནཱི་མཱ་བརྟྟ་ལིརྞྞ་བིསནྡྷ། ཏུམེ་མནྟྲ་པ་དཱཿསརྦྦ་ཀཨཱ་རྱ་ཎི། སརྦྦ་བྷ་ཡེ་བྷྱོ་མ་མ་སརྦྦ་སཏྭཱ་ནཱཉྩ་རཀྵ་བྷ་བ་ཏུ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། བཻ་རི་བི་རི། བི་རི་པི་རི། ཙི་རི་ཙི་རི། བཻ་ར་མ་མ་ཧཱ་ཀ་རུ་ཎི་ཀ། སི་རི་སི་རི། པི་རི་པི་རཾ། ཙི་རི་ཙི་རི། མ་ཧཱ་པདྨ་ཧ་སྟེ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུད་དྷ་སཏྭ། ཨེ་ཧྱ་ཧི། བུདྡྷ་བུདྡྷ། དྷཱུ་བ་དྷཱུ་བ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུཎྱ་ཀུ་ཎྱ། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་བྷཱུ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། བི་ཙ་ལ་བི་ཙ་ལ། ཨེ་ཊ་ཊ་ཨེ་ཊཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧྱེ་ཧི། མ་ཧཱ་ཀ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། ས་ར་ས་ར། ཙ་རེ་ཙ་ར། ཧ་ར་ཧ་ར། ཧ་ཧཱ་ཧ་ཧཱ། ཧི་ཧཱི་ཧི་ཧཱི། ཧུ་ཧཱུ་ཧུ་ཧཱུ། ཨོཾ་ཀ་ར་མ་ཧཱ་བྲཧྨ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། པ་ར་པ་ར། ཙ་ར་ཙ་ར། བ་ར་བ་ར། བ་ར་ད། རཤྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷ་ག་བཱན། སོ་མ་ཨཱ་དི་ཏྱ། ཡ་མ་བ་རུ་ཎ། ཀུ་བེ་ར། བྲཧྨནྣ། རི་ཥི་ག་ཎ་ཨ་བྷྱ་རྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། པུ་རུ་པུ་རུ། མུ་རུ་མུ་རུ། ས་ནད་ཀུ་མཱ་ར། རུ་དྲ། བཱ་ས་བ། བིཥྞུ། དྷ་ན་ད་དེ་བ་རི་ཥཾ། ནཱ་ཡ་ཀ། བ་ཧུ་བི་བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། 18་ཏར། བར་ཐར། གྷ་ར་གྱུ་ར། ས་ར་ལ་ར། ལ་རཱ་ལར། བར་ཧར། མར་མར། པཱ་ར་པར། བར་བར། བར་དྷ་ས་ཀ་ས་མན་ཏ་ཨ་བ་ལོ་ཀཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མུདྷ་སུ་རྦ། མུ་རྦ་སུ་རུ། མུ་ཡ། མུརྠ་མུཉྫ། བྷ་ག་བན། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར། རཀྵ་རཀྵ་མ་མ་སརྦྦ་སཏྭཱཾ་ཤྩ། སརྦྦ་བྷཱ་ཡེ་བྷྱཿསརྦྦོ་བ་སརྒེ་བྷྱཿསརྦྦ་གྲ་ཧེ་བྷྱཿསརྦྦ་བྷཱུ་དྷི་བྷྱཿསརྦྦ་ཛཱ་རེ་བྷྱཿེ་ཛ་བདྷ། བདྡྷཱ་ན། ཏཱ་ཌན། ཏརྫ་ན། རཱ་ཛ་ཙཽ་ར། ཏསྐ་ར། ཨགྣི། ཨུ་ད་ཀ། བི་ཥ་ཤསྟྲ། པ་རི་མོ་ཙ་ཀ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཨན་དྲི་ཡ། བ་ལ་བོ་ཛྱཱ་ག། ཙ་ཏུར་ཨཱརྻ་སཏྱ། སཾ་པྲ་ཀཱ་ཤ་ཀ། ཏམ?་ཏ་མ། ད་མ་ད་མ། ས་མ་ས་མ། མ་ས་མ་ས། མ་ཧཱ་ཏ་མོན་དྷ་ཀཱ་ར། བི་དྷ་མ་ན་བི་དྷ་མ་ན། ཥཊ་པ་ར་མི་ཏཱ་པ་རི་པཱུ་ར་ཀ། མི་ལི་མི་ལི། ཊ་ཊ་ཊ་ཊ། ཥ་ཥ་ཥ་ཥ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཨ་ཎེ་ཡ་ཙརྨྨ་ཨི་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི་ཨཱི་ཤྭ་ར། མ་ཧེ་ཤྭ་ར། མ་ཧཱ་བྷཱུ་ཏ་ག་ཎ་བྷཉྫ་ཀ། ཀུ་རུ་ཀུ་རུ། པ་ར་བ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ། བི་ཤུདྡྷ། བི་ཥ་ཡ་ནི་བཱ་སི་ན། མ་ཧཱ་ཀཱ་རུ་ཎི་ཀ་ཤྭེ། ཏ་ཡཛྙོ་བ་བཱི་ཏ། རཏྣ་མུ་ཀུ་ཊ། མཱ་ལཱ་དྷ་ར། སརྦྦ་ཛྙཱ་ཤི་ར་སི་ཀྲི་ཏ་མུ་ཀུ་ཊ། མ་ཧཱ་ད་བྷུ་ཏ། ཀ་མ་ལ་ཀྲི་ཏ་ཀ་ར་ཏ་ལ། དྷྱ་ན་ས་མཱ་དྷི་བི་མོཀྵ་ཨ་པྲ་ཀམྨ། བ་ཧུ་སཏྭ་སནྣ་པ་རི་པཱ་ཙ་ཀ། མ་ཧཱ་ཀཱ་རུ་ཎི་ཀ། སརྦྦ་ཀརྨྨ་ཨ་བ་ར། ཎ་བི་ཤོ་དྷ་ཀ། སརྦྦ་བྱཱ་དྷི་པྲ་མོ་ཙ་ཀ། སརྦྦ་ཨཱ་ཤཱ་པ་རི་པཱུ་ར་ཀ། སརྦྦ་སཏྭ་ས་མཱ་ཤཱ་ས་ཀ། ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་བཤད་པ་ཙམ་གྱིས། འཁོར་མང་པོ་རི་དང་ནགས་ཚལ་དུ་བཅས་པ་འདི་རྣམ་པ་དྲུག་ཏུ་གཡོས་སོ།། འཇིག་རྟེན་དུ་སྣང་བ་ཆེན་པོ་བྱུང་བར་གྱུར་ཏོ། ། ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པུཎྜ་རི་ཀ་དང་། མན་ད་ར་བའི་མེ་ཏོག་གི་ཆར་ཆེན་པོས་པུས་མོ་ནུབ་པ་ཙམ་བབ་པར་གྱུར་ཏོ། སིལ་སྙན་དང་ཕེག་རྡོབ་པའི་སྒྲ་དག་ཀྱང་བྱུང་བར་གྱུར་ཏོ། ། མཐོ་རིས་ཀྱི་ལྷ་དག་གིས་ཀྱང་ནམ་མཁའ་ལས་བཅོམ་ལྡན་འདས་ལ་རྒྱན་དང་ལྷབ་ལྷུབ་དག་གི་ཆར་ཕབ་པོ།། འཁོར་གྱི་དཀྱིལ་འཁོར་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གཙང་མ་དེ་དག་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་ལེཀྲ་སོ་ལེགས་སོ། ། ཡིད་བཞིན་གྱི་ནོར་བུ་ཆེན་པོ་དོན་ཡོད་པའི་ཞགས་པའི་སྙིང་པོ་མཆོག་ཏུ་རྙེད་དཀའ་བ་འདི་བཤད་ཅིང་། དངོས་གྲུབ་མཆོག་གི་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་བཤད་པས་རིན་པོ་ཆེའི་ཆར་ཆེན་པོ་འབབ་བོ་ཞེས་ཟེར་རོ། ། དེ་ནས་དེའི་ཕྱིར་དུས་གསུམ་དུ་བཟླས་བརྗོད་བྱ་ཞིང་གཙང་མས་གོས་གཙང་མ་བགོས་ཏེ། དུས་གསུམ་དུ་ཁྲུས་བྱ་ཞིང་ཟས་དཀར་གསུམ་ཟ་བས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཔལ་ལྷ་མོ་བཞག་སྟེ་མཆོད་པ་བྱས་ལ། ཡུངས་ཀར་འབྲུ་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ནས་དཔལ་ལྷ་མོ་ལ་བསྣུན་པ་བྱས་ན་ཚེས་བཅུ་བཞི་ནས། བཅོ་ལྔའི་བར་དུ་དཔལ་བྷ་མོ་འོང་བར་འགྱུར་རོ། ། མཚམས་མེད་པ་ལྔ་འབྱུང་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་པར་འགྱུར་རོ།། སྡིག་པ་ཐམས་ཅད་འབྲང་བར་འགྱུར་རོ།། མཚམསདཔ། དང་ཞི་བར་བྱ་བ་ལ། ཨ་ཀ་རུ་དང་ཙན་དན་གྱི་བདུག་སྤྲོས་བསྲེགས་ལ་ཐལ་བ་དང་། ཡུངས་ཀར་དང་། སེང་ལྡེང་གི་ཕུར་བུ་གདབ་པར་བྱའོ།། རིམས་ཐམས་ཅད་ལ་བུ་མོ་གཙང་མས་བཀལ་བའི་སྲད་བུ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བཏགས་ན་རིམས་ཐམས་ཅད་ལས་ཐར་པར་འགྱུར་རོ། ། ནད་ཐམས་ཅད་ལ་མར་དང་ཏིལ་མར་ལ་བཟླས་ཏེ་ཟངས་ཀྱི་སྣོད་དུ་སངས་རྒྱས་ལ་ཕུལ་བའི་སྣ་མའི་མེ་ཏོག་རྙིང་པ་དང་པདྨ་ཟེ་བ་དང་བཅས་པ་བཏབ་སྟེ་བཙོས་པ་འདི་ནི་གྲུབ་པ་ཡིན་ཏེ། ཟས་དང་། སྐོམ་དང་། བསྐུ་བ་དང་། སྣ་ནས་གཏང་བའི་ལས་བྱ་སྟེ། ཉི་ཤུ་རྩ་གཅིག་བཟླས་པས་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ། ། བྱད་གཅད་ན་མར་དང་སྦྲང་རྩི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ལུས་ལ་བསྐུ་ཞིང་ཚིགས་མས་དྲིལ་ལ། ལུས་ཀྱི་དྲི་མ་ཕྱིན་པར་བྱ་སྟེ། གོང་བུ་ལས་གཟུགས་བརྙན་བྱས་ལ་ལན་བདུན་བཟླས་ཏེ་མཚོན་གྱི་བཏབ་ན་དུག་སྦྱར་མ་དང་། བྱད་དང་། གསང་སྔགས་ཐམས་ཅད་བཅད་པར་འགྱུར་ཞིང་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ།། བྱད་ཆེན་པོ་འཇིགས་པར་འགྱུར་རོ། ། སྲུང་བའི་སྐུད་པ་ལ་ལན་ཉི་ཤུ་རྩ་ག་ཅིག་བཟླས་ཏེ་དེ་བཞིན་དུ་མདུད་པ་དོར་བར་བྱས་ན་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ།། འཇིགས་པ་དང་། སྐྲག་པ་དང་། དངང་བ་ཐམས་ཅད་དང་། འབྱུང་པོའི་འཇིགས་པ་ཐམས་ཅད་ཀྱིས་མི་ཚུགས་སོ།། ལྟོ་ན་པ་ལ་ཚྭ་ཆུ་འཇམ་ཙམ་ལ་ལན་བདུན་བཟླས་ཏེ་བྱིན་ན་ལྟོ་བའི་ནད་འཇིགས་པར་འགྱུར་རོ། ། དུག་གསོད་ན་ཆུ་ལ་ལན་བདུན་བཟླས་ཏེ་བྱིན་ན་དུག་ཐམས་ཅད་འཇིག་པར་འགྱུར་ཞིང་མི་གདུག་པར་འགྱུར་རོ།། མིག་ན་བ་ལ་སྲད་བུ་དཀར་པོ་རྣ་བ་ལ་བཏགས་ན་མིག་ནད་ཐམས་ཅད་འཇིག་པར་འགྱུར་རོ། ། སྡང་བའི་དུག་མི་བཟད་པ་ལ་འཇིམ་པ་ལ་བཟླས་ཏེ་བྱུག་པ་བྱས་ན་དུག་མེད་པར་འགྱུར་རོ།། སོ་ན་བ་ལ་ཀ་ར་ཝཱི་རའི་སོ་ཤིང་ངམ། སྣ་མའི་སོ་ཤིང་ངམ། ཤིང་པ་གུའི་སོ་ཤིང་ལ་བཟླས་ཏེ་ཟོས་ན་སོ་ནད་ཞི་བར་འགྱུར་རོ། ། མཚམས་གཅད་པ་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྲད་བུ་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེང་ལྡེང་གི་ཕུར་བུ་བཞི་ལ་བཏགས་ཏེ་ཕྱོགས་བཞིར་བཙུགས་ན་མཚམས་ཆེན་པོ་བཅད་པར་འགྱུར་རོ། ། གདོན་ཐམས་ཅད་ལ་ཚོན་སྐུད་སྣ་ལྔའི་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ན་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ།། སྲོག་ཆགས་ཀཱི་ཊ་དང་། ལྷོག་པ་དང་། མགུལ་པ་འགགས་པ་ལ་སྦྲང་རྩི་པི་པི་ལིང་ལྡན་པར་བྱས་ཏེ་བྱུག་གོ། མགུལ་འགགས་པ་ལ་བལྡག་པ་བྱས་ན་མགུལ་འགགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། མིག་ནད་ལ་སྤོས་ཆུ་དང་། ཤིང་པ་ལ་ཤའི་ཆུ་དང་། པ་ལ་ཤའི་མེ་ཏོག་གིས་བཀྲུ་བར་བྱ་བ་འམ། ཤིང་མངར་གྱི་ཆུ་ལ་ལན་བདུན་བཟླས་ཏེ་བཀྲུས་ན་མིག་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ།། རྣ་བ་ན་བ་ལ་ཏིལ་མར་དང་ཤུ་ཏི་ཟངས་ཀྱི་སྣོད་དུ་བཙོས་པས་རྣ་བ་བཀང་ན་རྣ་ནད་ལས་ཐར་པར་འགྱུར་རོ། ། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་དང་། མི་སྙན་པ་ཐམས་ཅད་ལ་ཆུ་ལ་ལན་བདུན་བཟླས་ཏེ་གདོང་བཀྲུ་བ་བྱས་ན་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། ། དཔུང་དང་། སྟོབས་དང་། ཡུལ་དང་། ཡུལ་འཁོར་དང་། ཕྱིར་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་དང་། གཡུལ་པོ་ཐམས་ཅད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་བུམ་པ་གང་བ་བཞི་གཞག་སྟེ། གཙང་མས་གོས་གཙང་མ་བགོས་ལ་ཨ་ཀ་རུའི་བདུག་པ་དབུལ་བར་བྱ་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོའི་མདོ་འདི་མཆོད་དེ་བཀླགས་པ་བྱས་ན་ཞི་བ་ཆེན་པོར་འགྱུར་ཏོ། ། ཐམས་ཅད་བྱམས་པའི་སེམས་དང་བྱམས་པའི་ཡིད་དུ་འགྱུར་ཞིང་། ཐམས་ཅད་དུ་རྒྱལ་བ་ཐོབ་པར་འགྱུར་རོ། ། ཞི་བ་ཆེན་པོར་འགྱུར་རོ།། ཆུ་དེས་བདག་ཉིད་ལ་ཀུན་ཏུ་གཏོར་ཏེ་ཙན་དན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྙིང་ཁར་ཐིག་ལེ་བྱས་ཏེ། རྟག་ཏུ་དྲན་པར་བྱས་ན་མཚམས་མེད་པ་ཐམས་ཅད་ཟད་པར་འགྱུར་རོ། ། ཁྱིམ་ཐམས་ཅད་བསྲུང་ན་པདྨ་དང་། ན་ཀུ་ལཱི་དང་། ཤིང་ཨརྒའི་མེ་ཏོག་མར་དང་བསྲེས་པ་ལས་སྦྱིན་སྲེག་བྱས་ན་ཁྱིམ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ།། འབྱུང་པོའི་གདོན་ཐམས་ཅད་ལས་བསྲུང་བ་བྱས་པར་འགྱུར་རོ། ། ཡང་ནི་ལས་ཐམས་ཅད་ལ་ནོར་བུ་བསྒྲུབ་པའི་རྫས་འདི་དག་བསོགས་ལ་ཆ་མཉམ་པར་བྱས་ཏེ། གཙང་མས་གོས་གཙང་མ་བགོས་ལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པས་ལས་ཐམས་ཅད་བྱའོ། ། ཛས་དང་། བི་ང་ཡ་དང་། ནཱ་གུ་ལཱི་དང་། གན་དྷན་གུ་ལཱི་དང་། བཛྲ་དང་། ཨིན་དྲབཙུ་ནཱི་དང་། གནཿདྲིལ་བུ་དང་། ཏ་གར་དང་། ཀྲ་དང་། @་ཙཀྲ་དང་། སོ་མ་རཱ་ཛི་དང་། སུ་མནད་རྣམས་ཕྱེ་མ་ཞིབ་མོར་བྱས་ཏེ། ཆར་པའི་ཆུས་སྦྲུས་ལ་ཙན་དན་དང་གུར་ཀུམ་སྦྱར་བའི་ཆུས་བརླན་ཏེ་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ནོར་བུར་བྱས་ཏེ། ཡང་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཨ་ཀ་རུའི་བདུག་པས་བདུགས་ལ་དེ་ཉིད་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་བཞག་སྟེ། རས་ཀྱིས་གཡོགས་ལ་གྲིབ་མར་བསྐམས་ཏེ་བླངས་ལ་ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་པར་བྱ་ཞིང་། ཁྲོ་བོའི་རྒྱལ་པོ་ལན་གསུམ་བཟླས་བརྗོད་བྱས་ཏེ་མགོ་བོར་བཟུང་ན། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པས་མཆོད་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ། ། རིགས་བཞིའི་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ།། བླ་མར་གཅིག་པུར་འགྱུར་རོ།། ལྷ་ཐམས་ཅད་ཀྱང་གཟི་བྱིན་འཇུག་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རྟག་ཏུ་གཟིགས་པར་འགྱུར་རོ། ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོའང་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་དུས་ཐམས་ཅད་དུ་མཆོག་སྦྱིན་པར་འགྱུར་རོ། ཕྱིར་རྒོལ་བ་དང་མི་མཛའ་བ་ཐམ་ཅད་ཀྱང་རྟག་ཏུ་མཐུན་པར་བྱེད་ཅིང་དབང་དུ་འགྱུར་རོ།། བྱད་མི་བཟད་པ་དང་། དུག་སྦྱར་མ་དང་། ཕྱེ་མའི་དུག་དང་། གསང་སྔགས་དང་། གཡེངས་བྱེད་ཀྱིས་མི་ཚུགས་ཤིང་ཐམས་ཅད་འཇིགས་པར་འགྱུར་རོ། ། རྟག་ཏུ་དཔལ་དང་། གཟི་བྱིན་དང་། བསོད་ནམས་དང་། བཀྲ་ཤིས་དང་། དགེ་བའི་ཚོགས་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེག་པ་ཐམ་ཅད་དེ་ལ་གཟིག་པར་འགྱུར་རོ། རྟག་ཏུ་སྟོན་བཞེད་པར་འགྱུར་རོ།། ཐམས་ཅད་དུ་དུས་ཐམས་ཅད་ན་རྒྱལ་བ་ཐོབ་པར་འགྱུར་རོ།། སྐལ་པ་བཟང་པོ་ཐོགས་པ་མེད་པའང་འཕེལ་བར་འགྱུར་རོ།། དཔུང་པ་ལ་བཏགས་ན་གླང་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པར་འགྱུར་རོ། ། གཡུལ་འགྱེད་པ་དང་དམག་ཐམས་ཅད་ལས་རྒྱལ་བ་ཆེན་པོར་འགྱུར་རོ།། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཆེན་པོར་ཡང་འགྱུར་རོ།། རིག་སྔགས་འཆང་གི་ཆོ་ག་ཞིབ་མོ་ཆེན་པོ་གྲུབ་པར་འགྱུར་རོ། ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟའི་གདོན་དང་། བརྗེད་བྱེད་ཀྱིས་མི་ཚུགས་པར་འགྱུར་རོ།། ནམ་ཡང་དེ་ལ་རྨི་ལམ་ངན་པ་དང་ལྷས་ངན་པ་འབྱུང་བར་མི་འགྱུར་རོ། ། བྱིས་པ་རྣམས་ལ་མགུལ་དུ་བཏགས་ན་གདོན་ཐམས་ཅད་དང་། རིམས་ནད་ཐམས་ཅད་དང་། ནད་ཐམས་ཅད་དང་། བཙས་པ་འཕྲོག་པ་ཐམས་ཅད་ཀྱིས་མི་ཚུགས་སོ།། ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་རྟག་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་ཞིང་། སྲུང་བ་དང་། སྒྲུབ་པ་དང་། སྨྲ་བ་བྱེད་པར་འགྱུར། ཡུན་རིང་དུ་འཚོ་བར་འགྱུར། ཚེ་རིང་བར་འགྱུར་རོ།། བུད་མེད་རྣམས་ལ་སྐ་རགས་གསར་པ་བཏགས་ཏེ་ཁྲུས་བྱས་ནས་གོས་གཙང་མ་གསར་པ་བགོས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་དང་མཆོད་པ་བྱས་ན་སྐལ་བ་བཟང་པོ་མཆོག་དང་ལྡན་པར་བྱེད་ཅིང་བཀྲ་མི་ཤིས་པ་རབ་ཏུ་ཞི་བར་བྱེད། ཁྱིམ་ཐབ་དང་རྟག་ཏུ་རྗེས་སུ་མཐུན་པར་འགྱུར། ཁྱེའུ་དང་བུ་མོ་ཡོད་པར་འགྱུར། ཤེས་རབ་མཆོག་ཏུ་འགྱུར། ཐམས་ཅད་དགའ་བས་ལྟ་བར་འགྱུར། དེ་ལ་བུད་མེད་ཀྱི་སྐྱོན་ཡང་འབྱུང་བར་མི་འགྱུར། ཕྱི་མ་ལ་དེ་ལྟ་བུའི་བུད་མེད་ཀྱི་ལུས་མི་ཐོབ་པར་ཤེས་པར་བྱ་སྟེ། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། ནོར་བུ་འདི་བཏགས་ན་ཐམས་ཅད་དུ་བསྲུང་བ་བྱས་པར་འགྱུར་ཞིང་དུག་དང་། མཚོན་དང་། མེས་མི་ཚུགས་སོ།། དུས་བྱས་པའང་སྐྱེ་བར་མི་འགྱུར་རོ།། ནོར་བུ་འདི་བཏགས་པས་དུག་མེད་པར་འགྱུར་ཞིང་མྱུར་དུ་ཞི་བར་འགྱུར་རོ། ། ཚོར་བ་སྐྱེ་བར་མི་འགྱུར་ཞི་བ་བདེ་བར་ཞི་བར་འགྱུར་རོ།། རླུང་དང་། སྤྲིན་དང་། སེར་བ་མནན་ན་ཆུ་ལ་ལན་བདུན་བཟླས་ཏེ་ནམ་མཁའ་ལ་གཏོར་ན་རླུང་དང་། སྤྲིན་དང་། སེར་བ་ཐམས་ཅད་མནན་པར་འགྱུར་རོ།། བཟློག་པར་བྱ་ན་བལ་པོ་སེའུའི་ལྕུག་མ་འམ་ཀ་ར་ཝཱི་རའི་ལྕུག་མས་བྱའོ།། དྲན་པ་བསྐྱེད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མི་སྨྲ་བར་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་ཏེ། ནོར་བུ་ཆུ་དྲོན་ལས་བཏང་བ་བྱས་ན་བཀླགས་པ་ཙམ་གྱིས་ཚིགས་སུ་བཅད་པ་སྟོང་འཛིན་པོར་འགྱུར་ཞིང་ཐོས་པ་མང་པོ་རྒྱ་མཚོ་བསགས་པར་འགྱུར་རོ། ། རྒྱལ་སྲིད་དང་། ཡུལ་འཁོར་དང་། བཙུན་མོ་འཁོར་དང་བཅས་པ་དབང་དུ་བྱ་བར་འདོད་ན་ལུས་བསླུ་བ་བྱས་ན་གང་དུ་ཞུགས་པ་དེར་ཐམས་ཅད་དབང་དུ་འགྱུར་རོ། པུས་མོ་གཉིས་ལ་བྱུགས་ན་ཆུ་ཀླུང་ཆེན་པོ་པུས་མོ་ནུབ་ཙམ་གྱིས་ཕ་རོལ་ཏུ་རྒོལ་བར་འགྱུར་རོ།། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་དམག་གམ། གཡུལ་ངོའམ། ཚོགས་པའི་ནང་ངམ། རི་ཁྲོད་དང་། ཚང་ཚིང་དང་། རི་སུལ་དང་། དགོན་པར་ཕྱིན་པ་ན་བསྒྲེང་བ་བྱས་ན་བདེ་བ་དང་བདེ་ལེགས་སུ་རྒལ་བར་འགྱུར་ཞིང་། ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གཅན་གཟན་གཏུམ་པོའི་འཇིགས་པས་མི་ཚུགས་པར་འགྱུར་ཞིང་བལྟར་མེད་པར་འགྱུར་རོ། ། བཙོན་ར་ཐམས་ཅད་དུ་སོང་བ་ན་བྱུག་པ་བྱས་ན་ཤིང་སྒྲོག་དང་། ཁོང་སྒྲིལ་དང་། ལྕགས་སྒྲོག་གིས་བཅིངས་པ་ཐམས་ཅད་ཆགས་གྲུགས་སུ་འགྱུར་རོ། ། བདག་ཉིད་ལ་བསྐུས་ན་མཚོན་ཆ་མི་སྣང་བར་འགྱུར་རོ།། མིག་གཉིས་ལ་བསྐུས་ན་གཉིད་ལོག་པའི་ཚེ་རྨི་ལམ་ཆེན་པོ་རྨི་བར་འགྱུར་ཞིང་། ཇི་ལྟར་བསམས་ཤིང་སྨོན་པ་སྣང་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་པར་མཛད་ཅིང་ཐམས་ཅད་བཀའ་སྩོལ་བར་འགྱུར་རོ།། དེ་ལ་མིག་ནད་ཐམས་ཅད་ཀྱིས་མི་ཚུགས་སོ།། ཁའི་ནང་དུ་བཞག་ན་གང་བསླངས་པ་སྦྱིན་པར་བྱེད་ཅིང་དབང་དུ་འགྱུར་རོ། ། གདོན་གྱིས་ཟིན་པ་ལ་དཔྲལ་བ་ལ་བྱུག་པ་བྱས་ན་བྱུགས་པ་ཙམ་གྱིས་འབབ་པར་འགྱུར་ཏེ། ཐམས་ཅད་སྨྲ་བར་འགྱུར་རོ།། ལག་མཐིལ་དུ་བསྐུས་ན་གླང་པོ་ཆེལ་རེག་ན་དབང་དུ་འགྱུར་ཞིང་གར་བཏང་བ་དེར་འགྲོ་བར་འགྱུར་རོ།། དཔྲལ་བའི་དབུས་སུ་ཐིག་ལེ་བྱས་ན་འཇིག་རྟེན་ཐམས་ཅད་ཀྱིས་ཆེར་མཆོད་པར་འགྱུར་རོ།། མི་པ་ལ་བྱུགས་ན་མགྲིན་སྔོན་བཞིན་དུ་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་ཞིང་བགྱི་བ་ཅི་མཆིས་ཞེས་བྲན་བཞིན་དུ་འགྱུར་རོ། ། འོ་མ་དང་སྦྱར་ཏེ་མིག་ལ་བསྐུས་ན་མཚན་མོང་ཉིན་མོའི་བཞིན་དུ་སྣང་བར་འགྱུར་རོ། ། གནོད་སྦྱིན་དང་སྲིན་པོའི་གནས་ཐམས་ཅད་ཀྱི་སྒྲོ་ཕྱེ་བར་འགྱུར་ཞིང་གཏེར་ཐམས་ཅད་འབྱུང་བར་འགྱུར་རོ།། ཐམས་ཅད་བྲན་བཞིན་བྱེད་པར་འགྱུར་རོ།། ཀླུའི་གནས་ཀྱི་མཚོར་བོར་ན་ཀླུ་ཆེན་པོས་ཆར་གྱི་རྒྱུན་གཏོང་བར་འགྱུར་རོ། ། ཆར་ཧ་ཅང་ཆེ་བའི་ཚེ་ཆུ་དང་བསྲེས་ཏེ་ནམ་མཁའ་ལ་གཏོར་ན་ཞི་བར་འགྱུར་རོ།། སྤྲིན་ལ་བལྟས་ཏེ་སེར་བའི་རྒྱུན་ལ་གཏོར་ན་སེར་བ་འབབ་པར་མི་འགྱུར་རོ། ། ལག་པ་ལ་བཏགས་ན་གང་ལ་རེག་པ་དེ་ཟད་མི་ཤེས་པར་འགྱུར་རོ།། རྐང་པའི་རྗེ་ངར་ལ་བཏགས་ཏེ་མེའི་ནང་དུ་ཞུགས་ན་མེས་མི་ཚུགས་ཤིང་ཙན་དན་བཞིན་དུ་བསིལ་བར་འགྱུར་རོ།། རལ་གྲི་ལ་བྱུགས་ཏེ་གཡུལ་ངོར་སོང་ན་ལུས་ཐམས་ཅད་གཅིག་ཏུ་འབར་བར་གྱུར་ནས། ཕ་རོལ་གྱི་དཔུང་ཐམས་ཅད་འབྱེར་བར་འགྱུར་ཞིང་ཐམས་ཅད་དུ་རྒྱལ་བར་འགྱུར་རོ།། ནད་ཆེན་པོས་ཐེབས་པའི་ནད་པ་ཚབས་པོ་ཆེ་ལ་ཕྱེ་མ་བྱིན་ན་ནད་ཚབས་ཆེན་པོ་ལས་ཐར་པར་འགྱུར་རོ། ། ཚད་པ་དང་པོ་བ་ན་བ་ལ་ཆུ་དྲོན་ལས་བཏང་ན་མོད་ལ་ཡོངས་སུ་ཐར་པར་འགྱུར་རོ།། རྩིབ་ལོགས་ན་བ་ལ་དར་བ་ལས་བཏང་ན་ཞི་བར་འགྱུར་རོ། ། ནད་ཐམས་ཅད་ལ་ནི་ཞུན་མར་དང་ཏིལ་མར་ལས་སྦྱར་ཏེ་བསྐུ་མཉེས་དང་། བཟའ་བ་དང་། བཏུང་བའི་ནད་དང་། སྣར་བླུགས་པ་དང་། བྱུག་པ་བྱས་ན་ནད་ཐམས་ཅད་འཇིག་པར་འགྱུར་ཞིང་ནམ་ཡང་འབྱུང་བར་མི་འགྱུར་རོ། ། ཕུག་གི་སྒོར་ཁོར་ཡུག་ཏུ་བྱུགས་ལ་སྙིང་པོ་ལན་བདུན་བཟླས་ཏེ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བྱས་ལ་ཁྲོ་བོའི་རྒྱལ་པོའི་གསང་སྔགས་ལན་གཅིག་བཟླས་བརྗོད་བྱས་ནས་ཞུགས་ན་ཕུག་གི་སྒོ་ཆག་སྟེ་རང་གི་ཁྱིམ་ཇི་ལྟ་བ་བཞིན་དུ་འགྱུར་ཞིང་སྡང་བ་ཐམས་ཅད་བཟློག་པར་འགྱུར་རོ། ། བགེགས་དང་ལོག་འདྲེན་ཐམ་ཅད་མི་སྣང་བར་འགྱུར་རོ། ། ཁར་བཅུག་སྟེ་མི་སྨྲ་བར་སྙིང་པོའི་མདོ་བརྗོད་པར་བྱས་ན་ལན་བརྒྱ་ཕྲག་སྟོང་བཟླས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ། ། ཤིང་རྟའི་སྲོག་ཤིང་ལ་བྱུགས་ན་གཡུལ་ངོ་ཐམས་ཅད་དུ་རྒྱལ་བ་ཐོབ་པར་འགྱུར་རོ།། ཟོང་ན་གཏོར་ན་རིན་ཆེན་པོས་ཉོ་བར་འགྱུར་རོ།། བུ་མོའི་གདོང་བཀྲུས་ན་མགོ་ཡང་བར་འགྱུར་རོ། ། སྙིང་ཁར་ཐིག་ལེ་བྱས་ན་ཐམས་ཅད་དུ་བལྟར་མེད་པར་འགྱུར་རོ།། ཐམས་ཅད་དུ་འདོད་པ་ཐམས་ཅད་སྦྱིན་པ། ལས་ཐམས་ཅད་བྱེད་པ། བདག་བསྲུང་བ། གཞན་བསྲུང་བའི་ནོར་བུ་གང་དང་གང་ལ་སྦྱར་ཞིང་བཟླས་ན་ཐམས་ཅད་དུ་བལྟར་མེད་པར་འགྱུར་རོ། ། བགེགས་དང་ལོག་འདྲེན་རྣམས་ལ་ཏིལ་དང་ཆུ་ལ་ལན་བདུན་བཟླས་ཏེ་བྱིན་ན་བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་འགྱུར་རོ། ། བྱུར་ངན་པ་མེད་པར་བྱ་ན་རས་ལ་དཀྱིལ་འཁོར་ཟླུམ་པོ་བྲིས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མི་སྨྲ་བར་བཟླས་སོན་སྟོང་རྩ་བརྒྱད་བཟླས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཙང་མས་གོས་གཙང་མ་བགོས་ཏེ། ཨ་ཀ་རུའི་བདུག་པས་བདུག་པར་བྱ་ཞིང་། སྤོས་དང་ལྡན་པའི་ཏིལ་མར་གྱི་མེ་བལྟམ་པ་བྱས་ན་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་བྱུར་ངན་པ་ཐམས་ཅད་མེད་པར་འགྱུར་རོ། ། དབུལ་བ་ཉམས་པའི་དོན་དང་། མ་གྲུབ་པ་དང་། སྡིག་པ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། སྒྲིབ་པ་བསལ་ན་གསེར་རམ་དངུལ་གྱི་བུམ་པ་སྤོས་ཆུས་བཀང་བ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བླུགས་ན། དེ་དག་ཐམས་ཅད་འཇིག་པར་འགྱུར་ཞིང་འཇིག་རྟེན་པའི་དཔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། ། གདོན་ཐམས་ཅད་ཚར་གཅད་ན་ཏིལ་དང་འབྲས་སོ་བའི་སྦྱིན་སྲེག་གིས་སོ།། ནད་དང་གནོད་པ་ཐམས་ཅད་བསལ་ན་ཆུ་ལ་བཟླས་པས་སོ།། དུས་མ་ཡིན་པར་འཆི་བ་ཞི་བར་བྱ་ན་དུས་གསུམ་དུ་ལན་གསུམ་གསུམ་དུ་རྟག་ཏུ་བཟླས་པས་དུས་མ་ཡིན་པར་འཆི་བཞི་པར་འགྱུར་རོ། ། བཅིང་བ་དང་། ལྕགས་སྒྲོག་དང་། ཁོང་སྒྲིལ་གཞོམ་ན་ཉིན་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་པས་སོ།། རྒྱལ་པོ་དབང་དུ་བྱས་ན་ལམ་པོ་ཆེར་བརྒྱ་རྩ་བརྒྱད་བཟླས་ན་རྒྱལ་པོ་འཁོར་དང་བཅས་པ་དབང་དུ་འགྱུར་རོ།། ཆོམ་པོ་དང་རྐུན་པོ་རེགས་པར་བྱ་ན་རཱ་ཛཱ་ཀོ་ཤཱ་ཏ་ཀིའི་ས་བོན་གྱི་སྦྱིན་སྲེག་གིས་སོ།། མེ་རེངས་པར་བྱན་སོང་ལྡེང་གི་ཤིང་ལ་བཟླས་ཏེ་མེར་བཅུག་ནས་བཟླས་ན་མེ་རེངས་པར་བྱེད་པར་འགྱུར་རོ། ། ཆུ་རེངས་པར་བྱ་ན་ཀ་ལ་གིའི་ས་བོན་ཆུའི་ནང་དུ་བཏབ་ན་ཆུ་རེངས་པར་བྱས་པར་འགྱུར་རོ།། དུག་གཞི་ལ་ན་རྨ་བྱའི་སྒྲོ་ཡིས་སོ། ། མཚོན་རེངས་པར་བྱ་ན་ཤིང་གནམ་ལྕགས་ཀྱིས་ཚིག་པའི་ཐལ་བ་ལ་བཟླས་ཏེ་གཏོར་ན་མཚོན་ཆ་ཐམས་ཅད་རེངས་པར་འགྱུར་རོ།། ཏིང་ངེ་འཛིན་སྒྲུབ་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ཏེ་བཟླས་ན་ཏིང་ངེ་འཛིན་སྟོང་ཐོབ་པར་འགྱུར་རོ། ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འདོད་པའི་རིག་སྔགས་འཆང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་དེས་བ་ལང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་ཆ་ཤིན་ཏུ་འབྱེས་པ་བྱས་ཏེ། ཙན་དན་གྱིས་མཆོད་པར་བྱ་ཞིང་གུར་ཀུམ་དང་། གླ་རྩི་དང་། ག་པུར་གྱིས་མཆོད་ནས་མེ་ཏོག་སྣ་ཚོགས་བཀྲམ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་ཕྱོགས་པར་བཞག་ནས་བུམ་པ་སྤོས་ཆུས་བཀང་བ་བཞི་བཞག་ལ། མཆོད་ཡོན་གྱི་སྣོད་བཞི་དང་། པོག་པོར་བཞི་སྤོས་ཆུའི་བུམ་པའི་དབུས་སུ་གཞག་པར་བྱ་ཞིང་། ཨ་ཀ་རུའི་བདུག་པ་དབུལ་བར་བྱའོ། ། བུམ་པའི་སྟེང་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞག་པར་བྱ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ་ཞིང་། སྤོས་ཀྱི་མར་མེ་བཞི་བལྟམས་པར་བྱ། མཆོད་པ་རྒྱ་ཆེན་པོ་བྱ། བ་དན་གྱིས་བརྒྱན་པར་བྱ་ཞིང་དཀྱིལ་འཁོར་བྱས་ལ། དཀྱིལ་འཁོར་གྱི་མདུན་དུ་སྐྱིལ་མོ་ཀྲུང་དུ་འདུག་སྟེ་བཟླས་བརྗོད་སྟོང་རྩ་བརྒྱད་བྱ། ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཞིང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐུ་སྟོན་པར་འགྱུར་རོ།། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། སེམས་ཅན་བརྒྱ་སྟོང་མང་པོ་གདུལ་ན་རིའི་རྩེ་མོར་སྟོང་རྩ་བརྒྱད་བཟླས་པས་སོ།། བདུད་ལ་སོགས་པ་སྡང་བ་ཐམས་ཅད་གཞོམ་པར་འདོད་པས་རྡོ་རྗེ་འམ། མདུང་རྩེ་གསུམ་ལ་ལན་སྟོང་རྩ་བརྒྱད་བཟླས་ཏེ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱས་ཚམ་རྔམ་བྱ་ཞིང་ཁྲོ་བོའི་རྒྱལ་པོའི་བསྡིགས་པའི་ཕྱག་རྒྱ་བཅིངས་ཏེ། ཁྲོས་པས་ལན་བརྒྱ་རྩ་བརྒྱད་བཟླས་ནས་གསོར་ཏེ། ནམ་མཁའ་ལ་འཕངས་ན་བདུད་ལ་སོགས་པ་སྣང་བ་ཐམས་ཅད་བཅོམ་པར་འགྱུར་རོ།། ལས་ཐམས་ཅད་གྲུབ་པ་དང་། གསང་སྔགས་ཐམས་ཅད་འགྲུབ་པ་དང་། བསམ་པ་ཐམས་ཅད་འགྲུབ་ཅིང་ཡོངས་སུ་རྫོགས་པར་འདོད་པས་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ཏེ། སྟོང་ཉི་ཤུ་བཟླས་ན་གྲུབ་པ་ཆེན་པོར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འདོད་པས་སྟོང་སུམ་ཅུ་རྩ་གཉིས་བཟླས་ན། དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བར་འགྱུར་ཏེ། དེ་བཞིན་དུ་སྤོས་ཆུའི་བུམ་པས་དབང་བསྐུར་བར་བྱའོ།། དེ་བཞིན་གཤེགས་པའི་གཟུག་བརྙན་སྐུ་གདུང་དང་བཅས་པ་ལ་མིག་གཏད་དེ་ཁྲི་བཟླས་ན་དེ་བཞིན་གཤེགས་པ་ཉིད་འཐོབ་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་མནན་ཏེ་ཁྲི་བཟླས་ན་སྤྱན་རས་གཟིགས་དབང་ཕྱུག་དང་འདྲ་བར་འགྱུར་རོ། ། ཕྱག་ན་རྡོ་རྗེ་སྤྱན་དྲང་བར་འདོད་པས། ཕྱག་ན་རྡོ་རྗེའི་ཞབས་མནན་ཏེ་བཟླས་བརྗོད་ལན་སྟོང་བྱས་ནས་གུ་གུལ་གྱི་བདུག་པ་དབུལ་བ་བྱས་ནོ།། འཕགས་པ་ཕྱག་ན་རྡོ་རྗེ་རང་གི་གཟུགས་ཀྱིས་མདུན་ན་འདུག་པར་འགྱུར་རོ། ། ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོ་དྲན་པར་བྱ་ཞིང་། ཐམས་ཅད་དུ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིང་བ་བྱས་ན། མ་བསྒྲུབས་མ་བཀླགས་པར་འགྲུབ་ཅིང་། ཆོ་ག་ཞིབ་མོ་མཐའ་ཡས་འགྲུབ་པར་འགྱུར་རོ།། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ངོ་ཚ་ཤེས་པ་དང་། བརྩེ་བ་དང་། བྱམས་པ་དང་། ཤེས་རབ་དང་ལྡན་པས་འདི་འགྲུབ་པར་བསྟན་ཏོ། ། གོ་ཆ་བགོས་པ་གྲུབ་པ་མཆོག་ཐམས་ཅད་གྲུབ་པ་ཐོབ་ཅིང་བསོད་ནམས་ཀྱི་ཕུང་པོས་འབར་བར་འགྱུར་རོ།། ཐོག་མར་ཁྲོ་བོའི་རྒྱལ་པོ་བཟླས་པས་རྟག་ཏུ་མཚམས་གཅད་པ་དང་། ཕྱོགས་བཅིང་བ་དང་། ཡུལ་བཅིང་བ་བྱ་སྟེ། སྲུང་བ་མཆོག་ཏུ་དཀོན་པའོ།། དེ་བཞིན་གཤེགས་པ་དང་རྒྱལ་བའི་བདག་ཉིད་སྐྱེས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་ཞིང་གོ། ཆ་བགོས་པར་འགྱུར་རོ།། རྟག་ཏུ་དབང་བསྐུར་བ་དང་། ཆོ་ག་ཞིབ་མོ་ཐམས་ཅད་འགྲུབ་པ་དང་། དམ་ཚིག་ཤེས་པར་འགྱུར་རོ།། ཐམས་ཅད་དུ་དོན་ཡོད་རྒྱལ་པོ་མྱུར་དུ་འགྲུབ་པར་འགྱུར་ཏེ། ཕྱག་ན་པདྨས་འཇིག་རྟེན་དུ་བདེ་བའི་མཆོག་སྦྱིན་པ་དང་། དབུགས་འབྱིན་པར་འགྱུར་རོ།། དེ་བས་ན་རྟག་ཏུ་ཁྲོ་བོ་བཀླག་པར་བྱའོ།། གལ་ཏེ་དབང་བསྐུར་བར་འདོད་ནའང་རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། ། དེ་བཞིན་གཤེགས་པས་བདེན་བསྟོན་པར་འགྱུར་རོ།། དོན་ཡོད་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་མཆོག་ལས་ཁྲོ་བོའི་རྒྱལ་པོ་བཤད་པར་བྱ་སྟེ། གཙང་མས་གོས་གཙང་མ་བགོས་ལ་ཤེས་རབ་དང་བྱང་ཆུབ་ཀྱི་ཐབས་དང་ལྡན་པས་འདི་འགྲུབ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཏོ། ། ན་མཿསརྦྦ་ཏ་ཐཱ་ག་ཏ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་དྷ། རེ་བྷྱཿོཾ་ཙ་ར་ཙ་ར། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། ཙི་རི་ཙི་རི། བི་རི་བི་རི། མ་ཧཱ་པདྨཱ་ཧསྟ། ཀ་ལ་ཀ་ལ། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱཔྟ། ཙ་ར་ཙ་ར། ཙ་ཙ་ར་ཏི། ཙ་རེ་ཤྭ་ར། ཨེ་ཧྱེ་ཧི། སི་དྷྱ་སིདྡྷ། བུདྡྷ་བུ་དྡྷ། དྷཱུ་བ་དྷཱ་བ། ཀི་ཎི་ཀི་ཎི། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། ཧ་ཧཱཾ། ཧ་ཧཱི། ཧུ་ཧཱུ། ཨོཾ་ཀཱ་ར་མ་ཧཱ་བྲཧྨ་བེ་ཥ་དྷ་ར། ཙ་ར་ཙ་ར། བར་བ་ར། རཤྨི་ཤ་ཏ་ས་ཧ་ས་པྲ་ཏི་མཎྜི་ཏ་ཤ་རཱི་ར། ཛྭ་ལ་ཛཱ་ལ། ཏ་པ་ཏ་པ། བྷ་ག་བཱན། ས་མཱ་དི་ཏྱ། ཡ་མ་བ་རུ་ཎ། ཀུ་བེ་ར། བྲཧྨ་ན་དྲ། རྀ་ཥི་ག་ཎ། དེ་བ་ག་ཎཱ་བྷྱ་རྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། མུ་རུ་མུ་རུ། སན་ཏ་ཀུ་མཱ་ར། རུ་དྲ། བིཥྞུ་བཱ་ས་བ། དྷ་ན་ད། དེ་བ་ར~ཾ་ཥི་ནཱ་ཡ་ཀཱ། བ་ཧུ་བི་བི་དྷ་བེ་ཥ་དྷ་ར་དྷ་ར་དྷཱ་ར། ས་མནྟ་བ་ལོ་ཀ། བི་ལོ་ཀི་ཏེ། ལོ་ཀི་ཤྭ་ར། མུ་ཡ་མུ་ཡ། མུཿསྶ་བནྡྷ་བནྡྷ་ན། ཏཱ་ཌ་ན། ཏརྫ་ན། རཱ་ཛ་ཏསྐཱ་ར་ཨགྣི། ཨུ་ད་ཀ། བི་ཥ། ཤསྟཱ་པ་རི་མོ་ཙ་ཀ། ཀ་ཎ་ཀ་ཎ། བ་ལ་བོ་དྷྱཾ་ག་ཙ་ཏུ་རཨཱ་རྱ་ས་ཏྱ་སམ་པྲ་ཀཱ་ཤ་ཀ། ཏ་མ་ཏ་མ། ས་མ་ས་མ། མ་ཧཱ་ཙི་ཏྱན་དྷ་ཀཱ་ར~ཾ་པྲ་ཤ་མ་ན་མ་ལི་མི་ལི། ཨེ་ཎེ་ཡ་ཙ་མི་ཀྲྀ་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི། སརྦ་མཊ། བི་ཤུདྡྷ་བི་ཥ་ཡ་ནི་བཱ་སི་ན~ཾ། མ་ཧཱ་ཀཱ་རུ་ཎི་ཀ། ཤྭེ་ཏ་ཡེ་དྷོ་པ་བཱི་ཏ། རཏྣ་མུ་ཀུ་ཊ་མཱ་ལཱ་དྷ་ར། སརྦྦ་ནཱ་ཤི་ར་སི་ཀྲི་ཏ། ཀ་ར་བུཊ། དྷྱན། ས་མཱ་དྷི། བི་མོ་ཀྵ་ཨ་པྲ་ཀམྦྷ། ཥཿ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ། བ་ཧུ་སཏྭ་སན་ཏ་ཏཱི་པ་རི་པཱ་ཙ་ཀཱ་སརྦྦ་མཱ་རཱ་དི་པྲ་དུཉྫ་པྲ་མཛ་ཀ། སརྦྦ་སིད་དྷཱ་ཤཱ་པ་རི་པུ་རྱཀྵ། ། ཨ་བྷི་ཥིཉྩ་སརྦྦ་ཏ་ཐཱ་ག་ཏ། ཨ་བྷི་ཥི་ཀཻར། བྷ་ག་བཱན་ཏ། ཨ་མོ་གྷ་རཱ་ཛ་ཧཱུཾ་ཕཊ། ན་མོ་སྟུ་ཏེ་སྭཱ་ཧཱ། གསང་སྔགས་ཀྱི་ཆོ་ག་སྔ་མ་དེ་ལྟ་བུས་ལས་ཐམས་ཅད་པ་དོན་ཡོད་པའི་ཞགས་པ་ཁྲོ་བོ་ཞེས་བྱ་། བ་གྲུབ་པ་མཆོག་ལས་ཐམས་ཅད་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་མོ་གྷ་བ་ར་དཱ་པཱ་ཤ་ཧསྠཱ་ཡ། མ་ཧཱ་ཤུདྡྷཿསཏྭ་ཡ། ཨཱ་གཙྪ། བྷ་ག་བཱན། པདྨ་ཧསྟ། བ་ར་ད་ཀ་རཱཾ་གུ་ལེ། པདྨ་བྷུ་ཛེ་མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་རེ། པྲ་སཱ་ད། ཤཱི་གྷྲཾ་ཨཱ་གཙྪ། མ་ཧཱ་བེ་ག། བི་བཱ་ཤ་ཏ་རཤྨི། ཧ་ས་ཧ་ས། ཨ་མོ་གྷ་ཤུད་དྷེ། ཧ་ས་ཧ་ས། ཙ་ལ་ཙ་ལ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བཱན། ཨ་བ་ལོ་ཀི་ཏ་ཤྭ་ར། མ་མ་གན་དྷ་པུཥྤ། ས་མ་མརྫ་ནི་ཡ་མ་པྲ་ཏཱིཙྪ། ཏྲི་རཏྣ་ས་ཏྱེ་ན། ཨ་མོ་གྷ་སི་དྷེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་ན་གནས་པ་ཐམས་ཅད་དགུག་པ་ལ་ཨ་ཀ་རུའི་བདུག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦྦ་གན་དྷ་བ་ཏི་སིད་ཏ། ཨ་མོ་གྷ་བྷུ་ཛ། བ་ར་དཱ་ཡ། སརྦྦ་གན་དྷ་མཱ་ལྱ་བི་བྷཱུ་ཥི་ཏ་པྲི་ཡེ། ཙནྣ་རྡྷ་ཤི་ར་སི་པྲི་ཡེ། གན་དྷ་གན་དྷཱ་ནུ་ལེ་པ་ན་སཱ་མ་མ་པྲ་ཏཱིཙྪ། བ་ར་བ་ར་བ་ར་དྷ་ཡ་སྭཱ་ཧཱ། ལན་བདུན་བཟླས་ཏེ་དབུལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནཱ་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། མ་ཧཱ་པྲ་བྷ། སུ་བི་མ་ལེ། བྲཧྨ་བེ་ཥ་དྷ་རེ། སུ་མ་ཏི་བ་ར་དེ། ཏུ་རུ་ཏུ་རུ། བི་ཙི་ཏྲ་པུཥྤ་མཱ་ལྱ་བི་བྷཱུ་ཥི་ཏེ། ཧ་ར་ཧ་ར། མར་མ་ར། ཏུ་རུ་ཏུ་རུ། ཨ་མོ་གྷ་ཧྲི་ད་ཡ་པྲ་མོ་ད་ན་ཀུ་རུ་པྲ་ཏཱིཙྪ་མ་མ་པུཥྤ་བ་རེ་སྭཱ་ཧཱ། མེ་ཏོག་ལ་ལན་བདུན་བཟླས་ཏེ་དབུལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། མ་ཧཱ་བོ་དྷི་སཏྭ་བ་ར་དེ། སྨ་ར་སྨ་ར། བྷ་ག་བཱན། ས་མ་ཡ། སརྦྦ་ཏ་ཐཱ་ག་ཏཱ་ཤཱ་སིད་དྷེ། བྷ་ག་བཱན། ཨ་བ་ལོ་ཀཱ་ཡ། སརྦྦ་སཏྭཱ་ཨ་བ་ལོ་ཀ་ནི། ཨ་མོ་གཱ་བ་ཏི་པཱ་ཤ་ཧ་སྟེ། སིད་དྷེ་སིད་དྷེ། སིད་དྷ་བ་ར་ད་སིད་དྷྱན་ཏུ་ཏེ། བུདྡྷ་དྷརྨ། སཾ་གྷ་ས་ཏྱེན་ཏུ་རུ་ཏུ་རུ། ས་ཏྱ་ས་མ་ཡ་པཱ་ལ་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དྲན་པར་བྱ་བའི་། རིག་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དྷུ་རེ་བྷུ་རེ། བཛྲ་དྷ་ར། པདྨ་ཛ་བེ། བི་ག་ཏཱ་བ་ར་དེ། བེ་ག་བེ་ས་དྷུ་ཊུ་དྷུ་ཊུ། སརྦྦ་བི་ཛ་པྲི་ཡེ། བུདྡྷ་དྷརྨ། སཾ་གྷ་ས་ཏྱེ་ན། མི་ལི་མི་ལི་སྭཱཧཱ། གཏོར་མའི་སྔགས་ཏེ་ལན་བདུན་བཟླས་ཏེ་སྦྱིན་ནོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་པྲ་ཏི་ཧ་ཏ། ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། བྷ་ག་བཱན། ཨཱ་ཧ་ར་ཨཱ་ཧ་ར། པདྨ་ས་ན། པདྨ་བྷུ་ཛེ། ཤྲེ་ཏཾ་གེ། ཤྭེ་ཏ་སུ་ཛེ། ཤྭེ་ཏ་མཱ་ལྱེ་བི་བྷཱུ་ཥི་ཏེ། དྷུ་མ་དྷུ་མ། ཛྭ་ལ་བུདྡྷ་དྷརྨ། སཾ་གྷ་ས་ཏྱེ་ནེ་སྭཱ་ཧཱ། མར་མེའི་རིག་སྔགས་ཏེ་ལན་བདུན་བཟླས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀོ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ། ཨོཾ་བི་རི་བི་རི། པདྨ་པཱ་ཎི། ཨཱ་ག་མཱ་ག་མཱ། ཨ་མོ་གྷ་ཏ་ཏཱ་སིད་དྷེ། སརྦྦ་ཏ་ཐཱ་ག་ཏ་ག་ག་ན་རཤྨི་སཉྩོ་དི་ཏེ། སརྦྦ་བི་དྱཱ་དྷ་ར་བི་ཤོ་དྷ་ནེ། ཨ་མོ་གྷ་སིད་དྷེ་སྭཱ་ཧཱ། སྤོས་ཆུའི་དྲི་ཞིམ་པོའི་བུམ་པ་ལ་ལན་བདུན་བཟླས་ཏེ་ཁྲུས་བྱའོ། ། ཁྲུས་ཀྱི་རིག་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དྷུ་མེ་དྷུ་མེ། དྷུ་དྷུ་མེ། པདྨ་པདྨེ་ནིར་བྷཱ་སེ། ཤུད་དྷ་ཤུད་དྷ། ཀ་ན་ཙ་ན། པྲ་བྷཱ་ས་བི་མ་ལེ། ཤུད་དྷ་རཱ་ཤྲཱི། ཤུ་ཙི་ཤུ་ཙི། ཤུ་ཙི་གོ་ཙ་ར་སིདེ་དྷི། པདྨི་ག་བ་ཏི། པྲ་བ་ར་ཎི་སྭཱ་ཧཱ། གོས་ཀྱི་རིག་སྔགས་ཏེ་ལན་བདུན་བཟླས་པས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭེ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཤཱ་མེ་ཤཱ་མི་ཡ། ཤན་ཏི་མེ། མ་མ་སྭ་སྱཱ་ནཾ་ཀུ་རུ། ཤཱནར་ཏོ་སི་མེ་སརྦྦ་པཱ་པ་ཤན་ཏ་ཤུད་དྷ་ཀ་ལྱ་ན་བི་ར་ཛེ། ཤཱན་ཏི་བི་ཛ་ཡེ། ཛ་ཡ་སིད་དྷེ། བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀིཾ་ཏེ་ཤྭ་རཱ་ཡ། ས་ར་ས་ར་སྭཱ་ཧཱ། མལ་ཆ་ལ་བསྔགས་ཏེ་ཉལ་ན་རྨི་ལམ་ངན་པ་དང་ལྟས་ངན་པ་ཐམས་ཅད་མི་མཐོང་ངོ་། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ནཱ་ག་པྲཱ་ཀ་ཥ་ཎེ། ད་བྱ་ཛ་ལེ། ཛ་ལཱ་བ་ཧེ། ཛ་ལ་སཾ་ཀྵོ་བ་ཡན་ནཱ་ག་ཛ་ལ་སཾ་ཤོ་དྷ་ནི་པདྨ་ས་རེ། པདྨ་བི་ཤུད་དྷེ། ཕཱ་ཎི་ཛ་ལེ་སཾ་ཤོ་དྷ་ཡ། ཨཱད་མན་དྷ་ར་དྷ་ར། ས་ལེ་ལེ་སྭཱ་ཧཱ། ཆུའི་སྔགས་ཏེ་ཁྲུས་དང་དབང་བསྐུར་བའི་ཆུ་བླངས་ལ་ལན་བདུན་བཟླས་ཏེ་སྤྱད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦྦ་སཏྭཱཾ་ཧི་ཏི་ཀ་རཱ་ཡ། ཨ་མོ་གྷ་བ་ར་པྲ་དཱ་ཡ། སརྦ་སཏྭཱཾ་མན་ན་པཱ་ན་པྲ་དཱ་ཡ། དེ་བ་ནཱ་གཱ་ད་ཡ་བྷོ་ཛྱ་བི་དྷི་དྷ་ར་སཱ་ནུ་པྲ་དཱ་ཡ། ས་ཀ་ལ་བྷུ་བ་ནི། བྷུ་བ་ན་བི་ཤོ་དྷ་ནི། སནྟ་ཐཱ་ཡ་པྲ་བ་ར་བི་ཤུད་དྷེ་སཱ་ཧཱ། དབུལ་བའི་གསང་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦྦ་དེ་བཱ་སུ་ར་ན་མ་སྠི་ཏེ། ས་མ་ས་མནྟ་པྲ་པཱུ་ར་ཎེ། ས་མ་གན་དྷཱུ་བ་བྷཱ་སི་ཏེ། ག་ག་ན་བི་ཤུད་དྷེ། མུཀྟི་པྲ་བྷེ། ཛ་ཡེ་བི་ཛ་ཡེ། ཛ་ཡ་ནིར་མཱ་ལྱོ་པ་ན་ཡ་ཏི། པུཥྤ་མཱ་ལྱ་གན་དྷ་བི་ཤོ་དྷ་ན། བི་ཤོ་དྷ་ཡ། སརྦྦ་ཏ་ཐཱ་ག་ཏ་བི་ཤུད་དྷེ། པདྨ་བི་ཤོ་དྷ་ནི་སྭཱ་ཧཱ། མེ་ཏོག་རྙིང་པ་དོར་བའི་རིག་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དྷ་ར་ཎི་ན་དྷ་རེ། དྷ་ར་ཎི་བན་དྷེ། བན་དྷ་བན་དྷ། ཤུ་ཀྲ་བི་ཤོ་དྷ་ནི། ཤུ་ཀྲ་མཱ་ལི་ལིང་གི་ཏི། ཤུ་ཀྲ་བི་ཤོ་དྷ་ནི། ཤུད་དྷ་བི་མ་ལེ་སཱཧཱ། རྩཝ་ཀུ་ཤ་འམ། རས་ཀྱི་སྲད་བུ་འམ་བུ་མོ་གཙང་མས་བཀལ་བའི་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་བོར་བ་བྱས་ན་ཁུ་ཆུ་འགགས་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཛྭཱ་ལེ་ཛྭ་ལེ། བི་མ་ལེ་ཛཱ་ལེ། པྲ་བྷཱ་ས་བི་ར་ཛ། སཱུརྱ་བ་ཏི། ཛ་ཡ་པདྨ་མཱ་ལ་དྷ་རེ་སྭཱ་ཧཱ། མེའི་སྦྱིན་སྲེག་གི་ཐལ་བ་ལ་ལན་བདུན་བཟླས་ཏེ་ཀུན་ཏུ་གཏོར་ན་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་ནམ་ཡང་མི་ཚུགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཛ་ལེ་ཛ་ལེ། ཛ་ལ་བ་ཏི། ཛ་ལ་པྲ་བྷཱ་བ་ནི། ནཱ་ག་སྲ་བ་ཎི། དི་བྱ་བཱ་རི་ཎི། མི་ལི་མི་ལི་སྭཱ་ཧཱ། ཉེ་རེག་གི་རིག་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སྭཏྤཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ། ཡ། ཏདྱ་ཐཱ། རི་ཎི་ཧ་ར་ཎི། པི་ག་ལི་པིཾ་ག་ལི། ཧི་རི་ཧི་རི། བྷ་ག་བཱན་ནི་ཙ་ལ་པྲ་ཙ་ལ། པྲ་ཏི་ཏིཥྛ་མཱན་རཀྵ་རཀྵ་མ་མ་བུདྡྷ་དྷརྨ་སཾ་གྷ་ས་ཏྱེ་ན་སཱ་ཧཱ། སྟེགས་བུ་འམ་རྫྫ་ཀུ་ཤ་བཏིང་བ་ལ་ལན་བདུན་བཟླས་པས་སྟན་གྱི་རིག་སྔགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦྦ་མཎྜ་ལ་ནི་བཱ་སི་ན་དེ་བ་ཏཱ་ནཱཾ། ན་མོ་བི་དྱཱ་དེ་བ་ཏཱ་ནཱཾ། སརྦྦ་ཀ་ལ་བ་སིད་དྷཱ་ནཱཾ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ། ཀཱ་རུ་ཎི་ཀཱ་ཡ། ཨེ་ཧྱེ་ཧི་བྷ་ག་བ་། པདྨ་སུན་དྷ་རི། མ་ཧཱ་བིདྱཱ་དེ་བ་ཏི། ཙ་ལ་ཙ་ལ། པདྨ་སུན་དྷ་རི། བེ་ག་བ་ཏེ། སུ་རུ་སུ་རུ་སྭཱ་ཧཱ། ཉིན་རེ་ཞིང་མེ་ཏོག་དང་། བདུག་པ་དང་། གཏོར་མ་དང་། སྤོས་ཆུས་ཕོ་ཉ་མོ་པདྨའི་རིགས་མཛེས་པ་དང་། གནོད་སྦྱིན་མོ་རལ་པ་གཅིག་མ་མཆོད་ནས་བཟླས་བརྗོད་ལན་བདུན་བྱས་ན་ནམ་ཡང་བགེགས་ཐམས་ཅད་ཀྱིས་མི་ཚུགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཀྲོ་དྷ་རཱ་ཛཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མཿསརྦྦ་བི་དྱ་ཀུ་ལ་བཾ་ཤ་སྱ། ཏདྱ་ཐཱ། ཨོཾ་ཨ་མོ་གྷ་ཧྲི་ད་ཡ་པྲ་བྷཱ་བི་ནི། སརྦྦ་བིགྷྣཱན་པྲ་ཤ་མ་ནི། ཨ་ཧ་ར། སཾ་ཧ་ར། པདྨ་བི་ཥོ་བ་བིཥྚེ། མ་ཎི་ཀ་ཎ་བི་བྷཱུ་ཥི་ཏ། ཀ་མ་ལ་བྷུ་ཛེ། ཏ་ར་ཏ་ར། ཏཱ་རཱ་ཡ་པ་ར་མ། ཨ་མོ་གྷ་ཧྲི་ད་ཡ། ཛ་ཡེ་ཏྲི་ནེ་ཏྲེ། བ་ར་ད་བྷུ་ཛེ། སྨ་ར་སྨ་ར། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བྷ་ར་བྷ་ར། བྷུ་རུ་བྷུ་རུ། བྲཧྨ་བེ་ཥ་དྷ་ར། བི་བྷཱ་ཥི་ཏ་ཏེ་ནུ། མ་ཧཱ་བྷ་ཡ་ཧ་རེ། ཨ་ལོ་ཀ་ཡ། བི་ལོ་ཀ་ཡ། སརྦྦ་སཏྭཱ་བ་ལོ་ཀ་ནི། བ་ར་བ་ར་དེ་སྭཱ་ཧཱ། ལས་ཐམས་ཅད་པའི་རིག་སྔགས་ཏེ། སྒྲུབ་པའི་དུས་སུ་ཁྱད་པར་དུ་ནི་རིག་སྔགས་འདིས་དཀྱིལ་འཁོར་གྱི་གནས་ན་འཁོད་པའི་ལས་མི་རྣམས་བསྲུང་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། པ་ར་པ་ར། མ་ར་མ་ར། ས་ར་ས་ར། བན་དྷ་བན་དྷ་ས་མནྟེ་ན། ཨ་མོ་གྷ་པཱ་ཤ་ཧ་སྟེ། ཏིཥྛ་ཏིཥྛ། བུདྡྷ་དྷརྨ་སཾ་གྷ་ས་ཏྱེ་ན་སྭཱ་ཧཱ། ཐལ་བ་ལ་ལེན་ཉི་ཤུ་རྩ་གཅིག་བཟླས་ཏེ་དོན་ཡོད་ཞགས་པའི་ཕྱག་རྒྱས་ཡུལ་བཅིང་ངོ་། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དི་ཤཱ་བན་དྷ་ནི། ཨ་མོ་གྷེ། ཨ་པྲ་ཏི་ཧ་ཏེ། མུ་རུ་མུ་རུ། སུ་རུ་སུ་རུ། ཏུ་རུ་ཏུ་རུ། སརྦྦ་བིགྷྣཱན་བི་ནཱ་ཤ་ཎི། པདྨ་སཱ་ར་བི་བྷཱུ་ཥི་ཏེ། བུདྡྷ་དྷརྨཱ་སཾ་གྷ་ས་ཏྱེ་ན་བན་དྷ། ཨ་ཛི་ཏ་བ་ར་དེ་སྭཱཧཱ། སྤྱན་དྲངས་ཏེ་ཕྱི་ནས་ཕྱོགས་བཅིང་བར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། སི་རི་སི་རི། པི་རི་པི་རི། བ་ར་བ་ར། པྲ་བ་ར་བི་མཱ་ན་དྷ་ར། ད་ར་ད་ར། གཙྪ་གཙྪ། བྷ་ག་བཱན། ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱཤྩ། བྷ་ག་བཱན། ཏུ་རུ་ཏུ་རུ། ཨ་མོ་གྷ་པདྨེ་སྭཱ་ཧཱ། མེ་ཏོག་ཅི་རྙེད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྙིམ་པ་ནས་ཕུལ་ན་སླར་གཤེགས་སུ་གསོལ་བར་འགྱུར་རོ། ། རིག་སྔགས་ཀྱི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བའི་ཆོ་གའོ།། །། དེ་ནས་དོན་ཡོད་པའི་ཞགས་པའི་རྒྱལ་པོ་ཁྲོ་བོ་ཆེན་པོའི་སྙིང་པོའི་མཆོག་སྒྲུབ་ན་སྒྲུབ་སླ་བའི་རས་ཀྱི་སྐུ་གཟུགས་ཀྱི་ཆོ་ག་བཤད་པར་བྱའོ། ། ཆོ་ག་ཞི་བ་གྲུབ་གྲུབ་པ་ཆེ།། ཁྲོ་བོའི་རྒྱལ་གྲུབ་གྲུབ་པ་མཆོག། དོན་ཡོད་པ་ནི་གྲུབ་པའི་མཆོག། རིག་སྔགས་འདི་ནི་བཤད་པར་བྱའོ། ། དོན་ཡོད་རྒྱལ་པོ་ཁྲོ་ཆེན་གྱི།། སྙིང་པོ་དམ་པ་གྲུབ་པ་ན།། ཆོ་ག་ཞིབ་གྲུབ་གྲུབ་པ་ཆེ།། ཁྲོ་བོའི་རྒྱལ་པོ་གྲུབ་པ་མཆོག། གྲུབ་པའི་མཆོག་སྟེ་དོན་ཡོད་པ།། རིག་སྔགས་འདི་ནི་བཤད་པར་བྱའོ། ། གང་བརྗོད་པ་ཙམ་གྱིས་ཆོ་ག་ཞིབ་མོའི་མཆོག་ཐམས་ཅད་འགྲུབ་པ། སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་གིས་གཟིགས་པར་འགྱུར་བ། རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྒྱ་སྟོང་མཐོང་བར་འགྱུར་ལ། དེ་བཞིན་གཤེགས་པ་འབུམ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ། བསོད་ནམས་ཀྱི་ཕུང་པོ་བླ་ན་མེད་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ། སྟོབས་དང་བརྩོན་འགྲུས་བསྐྱེད་པ། ཆོ་ག་ཞིབ་མོ་ཐམས་ཅད་དོན་ཡོད་པ་དེ་ཁོ་ན་ཉིད་སྒྲུབ་པ་འགྲུབ་པ། དྲན་པ་ཙམ་གྱིས་མོད་ལ་ནི།། ས་གཞི་ཡང་ནི་གཡོ་འགྱུར་ལ།། སུམ་ཅུའི་ལྷ་རྣམས་གཡོ་འགྱུར་ཞིང་། ། ལྷར་བཅས་རྒྱ་མཚོ་ལྷུན་པོར་བཅས།། ཀླུ་རྣམས་འདར་ནི་ཡེད་ཡོད་ཅིང་།། གནོད་སྦྱིན་སྲིན་པོ་འབྲོས་འགྱུར་བ།། ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ།། རིག་སྔགས་རྒྱལ་པོ་བླ་མེད་ཀྱིས།། ཕྱག་ན་རྡོ་རྗེ་གནོད་སྦྱིན་བཅས།། དཔུང་དང་བཅས་ཤིང་བཞོན་བཅས་པའི།། ལུས་སྐྱེས་འབར་བའི་འཕྲེང་ཅན་ཀུན།། འདར་ཞིང་ཀུན་ཏུ་འདར་ཡེད་ཡོད།། རྒྱལ་པོ་ཆེན་པོ་བཞི་པོ་ཡི།། གནས་མཆོག་དག་ནི་གཡོ་འགྱུར་ཞིང་། ། དེ་དག་ཐམས་ཅད་འདུས་གྱུར་ནས།། འཇིག་རྟེན་དབང་ལ་སྐྱབས་འདོང་ཞིང་།། བཅོམ་ལྡན་མགོན་པོས་བསྐྱབ་ཏུ་གསོལ།། ཐུགས་རྗེའི་བདག་ཉིད་བསྐྱབ་ཏུ་གསོལ། ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་གྲུབ་པ་དོན་ཡོད་པའི་སྙིང་པོ་རིག་སྔགས་རྒྱལ་པོའི་སྙིང་པོ་འདི་གང་གིས་བཀླགས་པ་ཙམ་གྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་མྱུར་དུ་རབ་ཏུ་འགྲུབ་ཅིང་། དྲན་པ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷའི་ལུས་ཀྱིས་ལུས་སྟོན་པར་འགྱུར་བ། དངོས་གྲུབ་དང་མཆོག་ཐམས་ཅད་སྦྱིན་པར་འགྱུར་བ་མཆིས་ཏེ། བཅོམ་ལྡན་འདས་དེ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་གྱི་དཀྱིལ་འཁོར་འདིའི་ནང་དུ་བསྒྲགས་པར་བགྱིའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མོ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་པདྨེ་པདྨེ། པདྨ་དྷ་ར། བི་བྷཱུ་ཥི་ཏ་བྷུ་ཛེ། ཙ་ར་ཙ་ར། བྲཧྨ་བེ་ཥ་དྷ་ར། བྷ་ར་བྷ་ར། བི་ཙི་ཏྲེ་མཽ་ལ་དྷ་ར། མ་ཎི་ཀ་ན་ཀ་བཛྲ་བཻ་ཌཱུཪྻཱ་ལཾ་ཀྲི་ཏ་ཤཱ་རཱི་ར། ཏ་ར་ཏ་ར། ཏ་རཱ་ཡ། བྷ་ག་བ་ཏི་བཱ་ར་ཎ། དྷུ་རུ་དྷུ་རུ། ཨ་མོ་གཱ་པཱ་ཤ་ཧ་སྟེ། བ་ར་བ་ར། བ་ར་དཱ་ཡ་ཀ། ས་མནྟ་ཨ་བ་ལོ་ཀི་ཏེ། མ་ཧཱ་བོ་དྷི་སཏྭཱ་བ་ར་ད་པདྨ་ས་ན་པདྨ་གོའུ་རཾ། ཛཱ་ལ་ཛཱ་ལ། སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ། ཨ་བྷི་ཥི་ཀ་ཏེ། མ་ཧཱ་ཀཱ་རུ་ཎི་ཀ། བ་ལ་བ་ལ། མ་ཧཱི་བེ་ག་དྷ་ར། བི་ཀྲི་ཏཱ་ན་ཡ་ན། དཾཥྚ་ཀ་རཱ་ལ་མ་ཧཱ་ཏེ་ཛ། དྷ་ར་དྷ་ར། བི་པུ་ལ་ཛ་ན་བ་ར་ད། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་པ་ཤུ་པ་ཏི་བི་ཥ་དྷ་ར། ས་ར་ས་ར། པྲ་བ་ར་པུ་ཎྱནྱ་སཾ་བྷ་ར། སུ་ག་ཏ་དྷཱ་ན་ས་མཱ་དྷི། ས་མནྟ་ཨ་བ་ལོ་ཀི་ཏ། ཨཱི་ཤྭ་ར་མ་ཧེ་ཤྭ་ར། པུཉྫ་ད་མ་ཀ། རོ་དྲ་པྲ་ལ་ད་མ་ཀ། ཀྲོ་དྷ་རཱ་ཛ་མ་ཧཱ་བེ་གཱ་དྷ་རེ། ས་མེ་ས་མ། མ་ཧཱ་སྠཱ་མ་པྲཱ་བྷ། ཙནྣ་སཱུརྱ་ཨ་ཏི་རེ་ཀ་པྲ་བྷ་མ་ལ་མ་ལ། སརྦྦ་མ་ལ་བི་ཤྲོ་དྷཀ། སརྦྦ་རྀ་ཥི་ག་ཎ་སརྦྦ་ཏི། མ་ཧཱ་མ་ཧེ་ཤྭ་ར་རཱུ་པ་དྷ་ར། ཨ་མི་ཏཱ་བྷ་ཛི་ནཱ་ལཾ་ཀྲི་ཏ་ཛ་ཊཱ། དཀྵི་ཎ་ཙན་དྲཱ་ལཾ་ཀྲི་ཏ་ཤི་ར། མ་ཐ་མ་ཐ། སརྦྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་ག་ན་བྷཉྫ་ཀ། ཏ་ར་ཏ་ར། ཏ་ར་ག་ཎ་ས་མཱ་ལཾ་ཀྲྀ་ཏ། ནཀྵ་ཏྲ་མཱ་ལ་སརྦྦ་བིགྷྣཱན་བི་ནཱ་ཤ་ན་ཀ་ར། པ་ར་མཻ་ཏྲི་ཙིཏྟ་མ་ཧཱ་ཀ་རུ་ཎི་ཀ། པ་ར་པ་ར། པ་རི་པཱུརྞ་མཎྜ་ལ། སཽ་མྱ་མུ་ཁ། ཥཊ་པཱ་ར་མི་ཏཱ་པ། རི་པཱུ་ར་ཀ། མི་ལི་མི་ལི། ཨེ་ཎ་ཡ་ཙརྨ་ནི་བཱ་ས་ན། བྱཱ་གྷྲ་ཙརྨོད་ཏ་རི་ཡ། དྷ་ར་དྷ་ར། སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏ། ཏྲི་ནཻ་ཏྲ་ཏྲི་ཤཱུ་ལ་དྷ་ར། བཛྲ་ཛྭཱ་ལ་དྷ་ར། ཨ་མོ་གྷ་པཱ་ཤ་ཧསྟེ། ཡ་མ་བ་རུ་ཎ་ཀུ་བེ་ར་རཱུ་པ་དྷ་ར། ན་གེ་ན་རྦ་རཱུ་པ་དྷ་ར། བི་མ་ལ་བི་ཤུད་དྷ་དེ་ཧ། སརྦྦ་པཱ་པ་ཤཱ་མ་ཀ་སརྦྦ་བ་ར་ཎ་བི་ཤོ་དྷ་ཀ། སརྦྦ་ཀི་ལ་བི་ཥ་ནཱ་ཤ་ཀ། སྭཻ་ལོ་ཀྱ་བ་ཤཾ་ཀ་ར། སརྦྦ་སཏྭཱཾ་བི་ཤོ་དྷ་ཀ། བོ་དྷི་སཏྭཱ་བ་ར་ད། སརྦྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། ཨོཾ་པདྨ་བི་བྷུ་ཥི་ཏ་ཤུད་དྷེ། དྷི་རི་དྷི་རི། ཨ་བ་ལོ་ཀི་ཡ་མཱན། ས་མ་ས་མ་སརྦྦ་ཀརྨ་མེ་ས་དྷ་ཡ། ཨ་མོ་གྷ་པཱ་ཤ་ཧྲི་ད་ཡ་སིད་དྷེ། གུ་ཧྱ་ན་པི་སི་ནི་བ་ར་ད་ཧཱུཾ་ཕཊ། ན་མོ་སྟུ་ཏེ་སྭ་ཧཱ། གྲུབ་པ་དོན་ཡོད་པ་རིག་སྔགས་ཀྱི་རྒྱལ་པོ་འདི་བཤད་མ་ཐག་ཏུ་འབྱུང་པོའི་ཚོགས་དང་། གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་འདྲེན་དེ་དག་ཐམས་ཅད་ཁས་བུབ་ཏུ་འགྱེལ་ཏེ་གཅིག་ཏུ་འབར་བར་གྱུར་ཅིང་། གནས་ཀྱང་འབར་བར་གྱུར་པ་དང་། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་དགའ་བས་པ་སྤུ་ལངས་ཏེ། སྐྲག་པར་གྱུར་པའི་ལྷའི་ཚོགས་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། སྐྲག་པར་གྱུར་པའི་ལྷ་དང་། ལྷ་མ་ཡིན་དང་། དྲང་སྲོང་སྤ་བཀོང་བ་ཐམས་ཅད་དང་། རྒྱ་མཚོ་ན་གནས་པའི་ཀླུའི་རྒྱལ་པོ་ཐམས་ཅད་དང་། ཆུ་བྲན་ཐམས་ཅད་དང་། ལྷ་དང་ཀླུ་གང་དག་ཆུ་ན་གནས་པ་ཐམས་ཅད་དང་། རྒྱ་མཚོ་ཆེན་པོའི་ལྷ་དང་། ལྷ་གང་དག་ལང་ཀའི་གྲོང་ཁྱེར་ན་གནས་པ་ཐམས་ཅད་དང་། རིག་སྔགས་འཆང་གིས་འཁོར་ལོས་སྒྱུར་བ་ཐམས་ཅད་དང་། གང་དག་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་། ནམ་མཁའི་ལྷ་ཐམས་ཅད་འཁྲུགས་པར་གྱུར་ནས་ནམ་མཁའ་ལས་བབས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ལས་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལའང་མཆོད་པའི་ཕྱིར་ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། ཨུཏྤ་ལ་དང་། པུཎྜ་རི་ཀ་དང་། མན་ད་རི་ཀ་དང་མན་ད་ར་བ་ཆེན་པོའི་ཆར་དང་། ལྷའི་རྒྱན་དང་ལྷབ་ལྷུབ་ཀྱི་ཆར་པུས་མོ་ནུབ་ཙམ་རི་བོ་བོ་ཊ་ལར་ཕབ་སྟེ། ལྷའི་སིལ་སྙན་དང་གླུ་དབྱངས་ལེན་ཅིང་ཧ་ཧ་ཞེས་ཅ་ཅོ་དང་གཞའི་སྒྲ་བཏོན་ནས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིག་སྔགས་ཆེན་པོ་འདི་བཤད་དོ་ཞེས་ཆེད་དུ་བརྗོད་པ་ཆེན་པོ་ཆེད་དུ་བརྗོད་དོ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་སོང་སྟེ། ལན་གསུམ་བསྐོར་བ་བྱས་ནས་མཆོད་པའི་ཕྱིར་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རིབ་ཕུལ་ཏེབཅོམ་ལྡན་འདས་ཀྱིས་རིག་སྔགས་ཆེན་པོ་ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་མཆོག་བཤད་དོ། ། དོན་ཡོད་པའི་རྒྱལ་པོ་རག་སྔགས་ཆེན་པོའི་སྙིང་པོ་འཇིག་རྟེན་མགོན་པོ་ཐུབ་པ་ཆེན་པོས་བཤད་དུ་གསོལ། བཅོམ་ལྡན་འདས་ཆོ་ག་ཞིབ་མོ་མཐའ་དག་དོན་ཡོད་པའི་རྒྱལ་པོ་འགྲུབ་པའི་མཆོག་ལས་ཐམས་ཅད་གྲུབ་པ་བཤད་དུ་གསོལ། དེ་ནས་དེའི་དོན་དུ་འཕགས་པ་སྤྱན་རས་དབང་ཕྱུག་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོ་གྲུབ་པ་དོན་ཡོད་པ་རིག་སྔགས་ཀྱི་རྒྱལ་པོ་རས་ཀྱི་སྐུ་གཟུགས་སྒྲུབ་པའི་མཆོག་ཆོ་ག་དང་ཡོ་བྱད་དུ་བཅས་པ་བཤད་པ། རས་གྲུ་བཞི་པ་ཀུན་ནས་ཆ་ལེགས་པར་ཕྱེ་བ། ཁ་ཚར་མ་བཅད་པ། སྐྲ་མེད་པ། རི་མོ་མཁན་གཙང་མ་ཁྲུས་བྱས་པས་གོས་གཙང་མ་བགོས་ལ་གསོ་སྦྱོང་དང་ལྡན་པར་བྱས་པས་ཚོན་ལྷག་མ་མ་ཡིན་པ་སྣོད་གསར་པར་བཞག་ལ་བྲི་བར་བྱ་སྟེ། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཐོར་ཙུགས་ཀྱིས་བཞུགས་ཤིང་རྒྱལ་བ་འོད་དཔག་མེད་ཀྱིས་བརྒྱན་པ། ཐོར་ཚུགས་ཀྱི་གཡས་སུ་ཟླ་ཚེས་ཀྱིས་བརྒྱན་པ། རི་དག་ཨེ་ནྱ་ཡའི་པགས་པ་གྱོན་པ། ཕྱུགས་བདག་གིས་ཆ་ལུགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་གསུམ། སྤྱན་གསུམ། ཕྱག་བཞི་པ། རིའི་སྟེང་ན་པདྨའི་གདན་ལ་བཞུགས་པ། ཞལ་དབུས་མ་ཞི་བའི་ཞལ་བཞིན་འཛུམ་པ། ཞལ་གཡས་པ་འཇིགས་སུ་རུང་བ། ཁྲོ་གཉེར་ཅན་ཐོར་ཙུགས་འོད་དཔག་མེད་ཀྱིས་བརྒྱན་པ། དབུ་ཟླ་ཚེས་ཀྱིས་བརྒྱན་པ། ཞལ་གཡོན་པ་འཇིགས་སུ་རུང་བ་བཞིན་བསྒྱུར་ཅིང་མཆེ་བ་གཙིགས་པ། རྒྱལ་བ་འོད་དཔག་མེད་དབུ་ལ་བཞུགས་པ། ཕྱག་གཅིག་ན་པདྨ་ཐོགས་པ། གཉིས་པ་རྩེ་གསུམ་ཐོགས་པ། གསུམ་པ་དོན་ཡོད་པའི་ཞགས་པ་སྐུའི་ཕྱེད་། ན་འཛིན་པ་ལ་བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་དོན་ཡོད་ཞགས་པའི་ཕྱག་རྒྱ་བཅིངས་པའི་ཕྱག་ལ་སྤྱན་གཏོད་པར་བྱ་ཞིང་། བཞི་པ་དབུགས་འབྱིན་པའི་ཕྱག་ཏུ་བྱ་ཞིང་འོད་འདོམ་གང་བ་ཁོར་ཡུག་འབར་བ་དང་ལྡན་པར་བྱའོ། ། གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་འགྱིང་བག་དང་བཅས་ཤིང་ལུས་བཏུད་པར་མཆོག་སྦྱིན་པའི་ཕྱག་ལ་མིག་གཏོད་པར་བྱའོ།། གཡོན་དུ་པདྨའི་རིགས་མཛེས་མ་འཛེམ་བག་དང་བཅས་པ་གསང་སྔགས་ཀྱི་ཚུལ་དང་རྗེས་སུ་མཐུན་ཞིང་དོན་ཡོད་པའི་ཞགས་པའི་ཕྱག་ལ་མིག་གཏོད་པ་བྱའོ། ། ལྷ་མོ་སྒྲོལ་མའི་བར་དུ་གནོད་སྦྱིན་མོ་རལ་པ་གཅིག་མ་བྱའོ།། པདྨའི་རིགས་མཛེས་མའི་བར་དུ་དྲི་མེད་འགྲོ་བྱའོ། ། ལྷ་མོ་སྒྲོལ་མའི་སྟེང་དུ་ཁྲོ་གཉེར་ཅན་བྱའོ།། ཕྱོགས་གཉིས་པར་ལྷ་མོ་དཀར་མོ་ལག་ན་པདྨ་ཐོགས་པ་བྱའོ།། པདྨའི་རིགས་མཛེས་མའི་འོག་ཏུ་ཕོ་ཉ་མོ་གསང་སྔགས་ཀྱི་རྗེས་སུ་འབྲང་བ་བྱའོ། ། རལ་པ་གཅིག་མའི་འོག་ཏུ་ལྷ་མོ་ཆེན་མོ་འཇིགས་བྱེད་མ་བྱའོ།། གོང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་མེ་ཏོག་སྣ་ཚོགས་ཐོགས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ།། འོག་ཏུ་རྒྱལ་པོ་ཆེན་པོ་བཞི་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་འཕགས་པ་ཕྱག་ན་རྡོ་རྗེ་འཇིགས་སུ་རུང་བ་གད་རྒྱངས་ཅན་ཁྲོ་བོ་དོན་ཡོད་པའི་རྒྱལ་པོ་དང་སྨྲ་བ་བྱའོ། ། རས་ཀྱི་སྐུ་གཟུགས་འདི་མཐོང་བ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རི་བོ་པོ་ཊ་ལ་ན་གཞལ་མེད་ཁང་དང་བཅས་པ་མངོན་གསུམ་དུ་མཐོང་བར་རིག་པར་བྱའོ། ། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་པ། ། །། མཐོང་བ་ཙམ་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ལས་ཐར་པར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། མཚམས་མེད་པ་ལྔ་བྱེད་པ་ཡོངས་སུ་ཐར་པར་འགྱུར། དམ་པའི་ཆོས་སྤོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤོང་བས་མཐོང་བ་ཙམ་གྱིས་མོད་ལ་རྣམ་པར་དག་པར་འགྱུར། མནར་མེད་པ་ལ་གཞོལ་བའི་མཐར་ཐུག་པའང་ཡོངས་སུ་གྲོལ་བར་འགྱུར་རོ། ། ཚངས་པ་ཆེན་པོའི་བསོད་ནམས་བརྒྱ་སྟོང་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར། འཇིག་རྟེན་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་མཆོག་ཐོབ་པར་འགྱུར་འཆི་བའི་དུས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་སྟོན་པར་འགྱུར་ཞིང་དབུགས་འབྱིན་པར་འགྱུར། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་བྲལ་ནས་ཚེ་རབས་བརྒྱ་སྟོང་ཕྲག་ལྔ་རྗེས་སུ་དྲན་པར་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་སྐྱེ་བ་འདི་ཐ་མ་ཡིན་ཏེ། འདི་མཐོང་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ན། ལྷག་པར་མང་དུ་བྱེད་པ་ལྟ་ཅི་སྨོས་ཏེ། དེ་ནི་ཕྱིར་མི་ལྡོག་པར་འགྱུར། བླ་ན་མེད་པའི་བྱང་ཆུབ་ཏུམངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རྒྱལ་པོ་འམ། རྒྱལ་པོའི་བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་འམ། བཙུན་མོ་དམ་པ་གང་ལ་ལ་ཞིག་གིས་རས་ཀྱི་སྐུ་གཟུགས་བསྒྲུབ་པར་བྱ་བ་དེའི་སྨན་སྔར་དོན་ཡོད་པའི་ཞགས་པའི་སྙིང་པོ་དྲན་པར་བྱེད་ཅིང་། འཕགས་པ་སྨན་རས་གཟིགས་ཀྱི་དབང་ཕྱུག་དེ་ལའང་མཆོད་པ་བྱེད་ན། དེས་ན་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་ཕྲག་བརྒྱ་འགྱུར་དུ་བཟླས་ཤིང་། བཟླས་བརྗོད་ཀྱི་ཆོ་ག་ཆེན་པོ་བྱས་པ་ཡིན་ནོ།། གང་ཞིག་ཁྲོ་བོ་དོན་ཡོད་པའི་ཞགས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་སྨྲ་བར་ལན་གསུམ་བཟླས་བརྗོད་བྱས་ཏེ་ཆུས་དབང་བསྐུར་ན། དེས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་དབང་བསྐུར་བར་འགྱུར་རོ་སྙམ་དུ་དེ་ལྟར་ཤེས་པར་བྱའོ། ། གང་གིས་དོན་ཡོད་པར་གྲུབ་པའི་ཆོ་ག་ཞིབ་མོ་ཆེན་པོའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་མངོན་སུམ་དུ་ཐལ་མོ་སྦྱར་ཏེ་འདུག་ནས་ལན་བདུན་དུ་བཟླས་ཏེ་བསྐོར་བ་ལན་བདུན་བྱས་ལ། ཆུའི་མཆོད་ཡོན་དང་། ལྷ་བཤོས་དང་། བདུག་སྤོས་དང་། མེ་ཏོག་ཕུལ་ནས་ཕྱག་འཚལ་ལོ་ཞེས་སྨྲས་ན། དེས་ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། གཟུངས་ཐམས་ཅད་སོ་སོར་ལན་སྟོང་ཕྲག་བརྒྱ་བཟླས་པར་འགྱུར་ཞིང་། དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི་ལན་སྟོང་ཕྲག་བརྒྱ་བཟླས་པར་འགྱུར་རོ། ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བྱས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ལ་མིག་གཏད་ཏེ། ལག་པ་གཡས་གཡོན་གཉིས་སྦྱར་ལ་སྙིང་ཁར་གཞག་ཅིང་ཚུལ་འདིས་ཕྱག་རྒྱ་རེ་རེ་ལ་ལན་སྟོང་ཕྲག་བརྒྱ་བྱས་པར་འགྱུར་རོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རྒྱལ་པོ་འམ། རྒྱལ་མོ་འམ། བཙུན་མོ་དམ་པའམ། བཙུན་མོའི་འ་ཁོར་རམ་རྒྱལ་པོ་དང་རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་བརྒྱ་སྟོང་ཕྲག་ཁྲི་བཟླས་བརྗོད་བྱ་བར་འདོད་པ་དང་དེ་བཞིན་གཤེགས་པ་བརྒྱ་སྟོང་ཕྲག་ཁྲིས་དབང་བསྐུར་བར་འདོད་པ་དང་། རྣམ་པར་གྲོལ་བའི་དཀྱིལ་འཁོར་མཐའ་དག་གི་ཆོ་ག་ཞིབ་མོ་འདི་རྫོགས་པར་ལན་བརྒྱ་སྟོང་ཁྲི་བཟླས་པར་འདོད་པ་དང་། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་འདི་ལན་བརྒྱ་སྟོང་ཕྲག་ཁྲི་བྱ་བར་འདོད་པ་དེས་རས་ཀྱི་སྐུ་གཟུགས་ལ་བརྩོན་པར་བྱ་སྟེ། རས་ཀྱི་སྐུ་གཟུགས་མངོན་དུ་བཞག་ནས་གནས་གཙང་ཞིང་དབེན་པ། གནས་སམ། འཆག་ས་འམ། དགོན་པའི་གནས་སམ། ཕུག་གམ། རིའི་རྩེ་མོ་འམ། གཙུག་ལག་ཁང་ངམ། ཁང་པར་གཙང་སྦྲ་དང་བྱི་དོར་བྱས་ཏེ། བ་སེར་མོའི་ཆུ་བ་ལེགས་པར་མཉེས་ལ། བ་ལས་བྱུང་བ་ལྔ་དང་བསྲེས་ཏེ་བསྐུས་ལ་སྤོས་སྣ་ཚོགས་ཀྱི་བྱུག་པས་བྱུགས་ནས། རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོའི་དཀྱིལ་འཁོར་བྱ་སྟེ་གུར་ཀུམ་གྱིས་ཁྲུ་དོའི་ཚད་ཙམ་བྲིས་ལ་གླ་རྩི་དང་ག་པུར་གྱིས་མཆོད་པར་བྱའོ། ། དྲི་ཆབ་ཀྱི་བུམ་པ་དྲི་རྣམ་པ་སྣ་ཚོགས་ཀྱིས་བཀང་སྟེ། རས་ཀྱི་མགུལ་ཆིངས་ཀྱིས་བཅིངས་ལ་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱ། མེ་ཏོག་དང་། བདུག་སྤོས་དྲི་ཞིམ་པོ་དང་། གཏོར་མ་དང་། མེ་ཏོག་གི་འཕྲེང་བ་ཉི་ཤུ་རྩ་གཅིག་གཞག་པར་བྱ། དྲི་ཆབ་ཀྱིས་བཀང་བ་བརྒྱད་ཕྱོགས་བཞིར་གཞག་པར་བྱའོ། ། འོ་མས་བཀང་བའི་སྣོད་བརྒྱད་གཞག་པར་བྱ། སྟེགས་བུའི་དྲུང་དུ་འོ་མས་བཀང་བའི་སྣོད་གཞག་པར་བྱ། འོ་ཐུག་དང་། སྦྱར་ཐུག་དང་། ཁཎྜ་ཁ་དྱ་དང་། འབྲས་ཆན་དང་། ལག་པ་ན་དང་། བུ་རམ་དང་། ཤ་ཁ་ར་དང་། ཞུན་མར་གྱིས་བཀང་བའི་སྣོད་གཞག་པར་བྱ། ཨ་ཀ་རུ་ནག་པོ་དང་། ཙན་དན་དཀར་པོ་དང་། ག་པུར་དང་། ཀུན་ཏུ་རུ་དང་། ཤི་ར་བཱི་ས་ཀ་དང་ཅུང་པེང་རྣམས་སྣོད་དུ་བཞག་ནས། ཨ་ཀ་རུའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱ། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པར་བྱ་ཞིང་མར་གྱི་མར་མེ་སུམ་ཅུ་རྩ་གཉིས་ཀྱིས་བལྟམ་པར་བྱའོ།། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ཤིང་ཁྲུས་ལེགས་པར་བྱས་པས་ཚེས་བཅུ་བཞི་ནས། བཅོ་ལྔའི་ཉའི་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་རས་ཀྱི་སྐུ་གཟུགས་ལ་མཆོད་པར་བྱའོ། ། དེའི་འོག་ཏུ་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་ཏེ་དྲི་ཆབ་ཀྱིས་དབང་བསྐུར་བར་བྱ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་ཉི་ཤུ་རྩ་གཅིག་བྱ། དེ་ནས་མི་སྨྲ་བར་སྐྱིལ་མོ་ཀྲུང་དུ་འདུག་སྟེ། བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ལ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱ། དེའི་འོག་ཏུ་དོན་ཡོད་པར་གྲུབ་པར་རིག་སྔགས་ཀྱི་རྒྱལ་པོ་སྟོང་རྩ་བརྒྱད་བཟླས་པར་བྱས་ན། དེ་ནས་རས་ཀྱི་སྐུ་གཟུགས་ལས་འོད་ཟེར་བདུན་བྱུང་ནས་ཀུན་ཏུ་སྣང་བར་བྱས་ཏེ་ལན་གསུམ་བསྐོར་བ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བའི་སྤྱན་དུ་ཞུགས་པར་འགྱུར་རོ། ། ཞུགས་པ་ཙམ་གྱིས་མོད་ལ་ས་ཆེན་པོ་གཡོ་བར་འགྱུར་ཞིང་། རིག་སྔགས་འཆང་ཡང་སྙིང་དགའ་ཞིང་བ་སྤུ་ལྡང་བར་འགྱུར། མདོག་མདངས་ཡོངས་སུ་དག་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་སྦྱིན་པའི་ཕྱག་གི་སོར་མོ་ལས་ལྷའི་ཆུ་འཛག་པར་འགྱུར། ཞབས་གཉིས་ལས་འོ་མ་འཛག་པར་འགྱུར། དོན་ཡོད་པའི་ཞགས་པའི་ཕྱག་འབར་བར་འགྱུར། ཕྱག་ན་པདྨོའི་པདྨ་ལོ་མ་གཡོ་བར་འགྱུར་རོ།། རྩེ་གསུམ་གཡོ་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་ཏེ། རིགས་ཀྱི་བུ་ལེགས་སོ། ལེགས་སོ།། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་གྲུབ་ཀྱིས་ལས་ཐམས་ཅད་བྱོས་ཤིག། ཁྱོད་ཀྱིས་དོན་ཡོད་གྲུབ་ཀྱི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་དམ་པ་གྲུབ་བོ་ཞེས་ནས། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་སྟོན་པར་མཛད་དོ། ། འདོད་པ་ཐམ་ཅད་ཀྱི་མཆོག་སྦྱིན་པར་མཛད་དོ།། འདི་ནི་གྲུབ་པའི་མཆོག་བླ་ན་མེད་པ་སྟེ། མ་བསྒྲུབ་པར་ལས་བྱེད་པའོ།། དེ་ནས་དབང་དུ་བྱ་བར་འདོད་པ་ན་མེ་ཏོག་པདྨ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕུལ་ཏེ། གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ།། སྣ་མའི་མེ་ཏོག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕུལ་ལ། ཡང་ལན་བདུན་བཟླས་ནས་མེ་ཏོག་རྙིང་པ་བླངས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། གདོན་གྱིས་ཟིན་པ་ལ་བྱིན་ན་གདོན་ཐམས་ཅད་ལྔ་ཡོངས་སུ་གྲོལ་བར་འགྱུར་རོ། ། ནད་ཀྱིས་ཐེབས་པ་ལ་བྱིན་ན་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། རྒྱལ་པོའི་སྒོར་གཏོར་ན་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ།། མི་རོ་བསྲེགས་པའི་སའི་སྟེང་དུ་གཏོར་ན་སེམས་ཅན་དེ་སེམས་ཅན་དམྱལ་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། མནར་མེད་པ་ན་གནས་པའི་སེམས་ཅན་ལ་གཏོར་ན་སྐད་ཅིག་དེ་ལ་ཡོངས་སུ་གྲོལ་བར་འགྱུར་རོ།། ཉལ་བའི་སྔས་སུ་བཞག་ན་རྨི་ལམ་ཆེན་པོ་མཐོང་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་པར་མཛད་ཅིང་ཡིད་དུ་འོང་བ་ཐམས་ཅད་གསུང་བར་འགྱུར་རོ།། སྐྱེད་པ་འམ་བུད་མེད་གང་གི་སྟེང་དུ་གཏོར་བ་དེ་དབང་དུ་འགྱུར་ཞིང་གྲིབ་མ་བཞིན་ཕྱི་བཞིན་འབྲང་བར་འགྱུར་རོ། ། རྒྱལ་པོའི་སྟེང་དུ་གཏོར་ན་བྲན་བཞིན་དུ་འགྱུར་རོ།། ལྷའི་གཟུགས་བརྙན་གྱི་སྟེང་དུ་བཞག་ན་འགུགས་པར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། མིག་སྨན་སྒྲུབ་པར་འདོད་པས་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་མིག་སྨན་ལྡོང་རོས་ལ་སྟོང་རྩ་བརྒྱད་བཟླས་ན་གྲུབ་པའི་རྟགས་གསུམ་སྟོན་པར་འགྱུར་ཏེ། འབར་བ་དང་། དབུ་བ་འབྱུང་བ་དང་། དུད་པ་འབྱུང་བར་འགྱུར་ཏེ། དེས་མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ།། གཏེར་ཐམས་ཅད་མཐོང་བར་འགྱུར་རོ།། གནོད་སྦྱིན་གྱི་གནས་ཐམས་ཅད་མཐོང་བར་འགྱུར་རོ། ། དཔྲལ་བར་ཐིག་ལེ་བྱས་ན་ཕུག་ཐམས་ཅད་དུ་འཇུག་པར་འགྱུར་རོ།། སྒོ་ཐམས་ཅད་དང་འཁྲུལ་འཁོར་ཐམས་ཅད་འབྱེ་བར་འགྱུར་རོ།། ཡན་ལག་དང་ཉིང་ལག་ལ་བསྐུས་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། སྤྱི་བོར་ཐིག་ལེ་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྟག་ཏུ་མཆོག་སྦྱིན་པར་འགྱུར་རོ།། མིག་ལ་བྱུགས་ན་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་དགོས་པ་ཐམས་ཅད་འགྲུབ་པར་བྱེད་དོ། ། མཚན་མོ་མིག་ལ་བསྐུས་ན་ཉིན་མོ་བཞིན་དུ་མཐོང་བར་འགྱུར་ཞིང་གཏེར་ཐམས་ཅད་འབྱུང་བར་འགྱུར་ཏེ། ཁས་བུབ་ཏུ་བཞག་ནས་དོར་བར་བྱའོ། ། རང་གི་ལུས་ལ་བྱུགས་ན་ཇི་སྲིད་འཚོའི་བར་དུ་གོ་ཆ་བགོས་པའི་ལུས་སུ་འགྱུར་རོ།། གནོད་སྦྱིན་དང་སྲིན་པོ་ལ་སོགས་པས་མི་མཐོང་བར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཚེ་བསྐལ་པ་སྟོང་ཐུབ་པར་འགྱུར་རོ།། ཡང་ན་བཟའ་བ་དང་སྙིང་ཁར་བསྐུ་བ་བྱས་ན་ནག་པོ་ཆེན་པོའི་གཟུགས་སུ་འགྱུར་ཞིང་། ལྷ་ཐམས་ཅད་ཀྱི་གཟུགས་སྟོན་པར་འགྱུར་བ་ནས། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོའི་གཟུགས་དང་། གཟུགས་སྣ་ཚོགས་མང་པོ་སྟོན་པར་འགྱུར་རོ།། ཟླ་བ་དང་ཉི་མ་སྟོན་པར་འགྱུར་རོ།། ལྡོང་རོས་དང་། གིའུ་ཝང་དང་། སོའུ་བི་རཱ་ཀ་དང་། གུར་ཀུམ་དང་། ཀྲ་ཀུ་དྷ་ལ་དོན་ཡོད་པར་གྲུབ་པ་ཁྲི་བཟླས། དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱས་ཏེ། ཐམས་ཅད་དུ་མི་སྨྲ་བར་བྱ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་བཏགས་ལ། རས་ཀྱི་སྐུ་གཟུགས་ལ་མངོན་དུ་ཕྱོགས་ཏེ། གཙང་མས་གོས་གཙང་མ་བགོས་ལ་ཚེས་བཅོ་ལྔ་ཉ་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ནས་ཕྱེ་མ་ཞིབ་ཏུ་བཏགས་ཏེ། ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོ་དང་། དོན་ཡོད་པའི་གྲུབ་པའི་རིག་སྔགས་ཀྱི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། འཕགས་པ་སྤྱན་རས་གཟིག་དབང་ཕྱུག་གི་ཕྱག་ཏུ་བཞག་སྟེ། མཆོད་པ་ཆེན་པོ་བྱས་ནས་རས་ཀྱི་སྐུ་གཟུགས་ལ་མཆོད་པ་བྱས་ལ་ཉིན་ཞག་གཅིག་སྤྱང་བ་བྱས་ཏེ། རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་དུ་འདུག་ལ་དོན་ཡོད་པའི་ཞགས་པའི་སྙིང། ཕྱག་རྒྱ་ལན་ཉི་ཤུ་རྩ་གཅིག་བྱ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ། བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ལ། ཁྲོ་བོའི་གསང་སྔགས་ལན་བདུན་བཟླས་ཏེ། དེའི་འོག་ཏུ་མིག་ལ་བསྐུས་ནས་དོན་ཡོད་པའི་གྲུབ་པའི་གཟུངས་བཟླས་པར་བྱས་ནས་བསྐུས་པ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རི་པོ་ཊ་ལ་དང་བཅས། གཞལ་མེད་ཁང་དང་བཅས། བྱང་ཆུབ་སེམ་དཔའི་ཚོགས་གཞལ་མེད་ཁང་དང་བཅས་པ་རི་བོ་པོ་ཊ་ལ་ན་གནས་པ་མཐོང་བར་འགྱུར་རོ། ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་མཐོང་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་འོད་དཔག་མེད་ཆོས་འཆད་པ་མཐོང་བར་འགྱུར་རོ། ། ཆོས་བཤད་པ་དེའང་ཐོས་པར་འགྱུར་རོ།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས། ཉན་ཐོས་ཀྱི་དགེ་འདུན་དང་བཅས། སངས་རྒྱས་ཀྱི་ཞིང་གཞལ་མེད་ཁང་དང་བཅས་པ་མཐོང་བར་འགྱུར་ཞིང་ཆོས་འཆད་པའི་གསུང་གི་སྒྲ་དེའང་ཐོས་པར་འགྱུར་རོ།། འདི་ལྟར་རིག་ངན་གྱི་རིགས་སུ་སྐྱེས་པ་དང་། མནར་མེད་པ་ལ་གཞོལ་བ་དང་། མཚམས་མེད་པ་ལྔ་བྱེད་པ་གང་ཡིན་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་རྗེས་དགོངས་པར་འགྱུར་ཞིང་རྨི་ལམ་དུ་སྟོན་པར་མཛད་དོ། ། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར། མཆོག་ཐམས་ཅད་སྦྱིན་པར་འགྱུར། དོན་ཡོད་པའི་ཞགས་པའི་སྙིང་པོའི་དངོས་གྲུབ་སྦྱིན་པར་འགྱུར། ལྷའི་ལོ་སྟོང་དུ་འཚོ་བར་འགྱུར་ཞིང་ལྷའི་བདེ་བ་ཉམས་སུ་མྱོང་བར་འགྱུར། ནད་ཀྱིས་ཐེབས་པ་ཐམས་ཅད་ལ་མིག་སྨན་འདིས་བསྐུས་ན་ནད་ཐམས་ཅད་ཞི་བར་འགྱུར་ཞིང་རིམས་ནད་ཐམས་ཅད་སེལ་བར་འགྱུར། དུག་ཐམས་ཅད་ལ་བསྐུས་པ་ཙམ་གྱིས་དུག་མེད་པར་འགྱུར། འཇིགས་པ་ཐམས་ཅད་ལ་མིག་ལ་བསྐུས་ན་མིག་ཐོང་བར་འགྱུར། ཕྱིར་རྒོལ་བ་དང་། དགྲ་བོ་དང་། གཡོ་ཅན་དང་། ཆོ་པོ་དང་། རྐུན་པོ་ཐམས་ཅད་ཀྱིས་མི་མཐོང་བར་འགྱུར། མཚོན་གདབ་པའི་འཇིགས་པ་འབྱུང་བར་མི་འགྱུར། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་ལ་མིག་ལ་བསྐུས་ན་ཐམས་ཅད་ལས་རྒྱལ་ཞིང་ལན་ཐེབས་པར་འགྱུར་རོ། ། གཡུལ་ངོ་ཐམས་ཅད་དུ་མིག་ལ་བསྐུས་ན་གཡུལ་འགྱེད་པ་ལས་རྒྱལ་བར་འགྱུར་ཞིང་དཔུང་གི་མཆོག་རྒྱལ་བར་འགྱུར་རོ།། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཚེ་མིག་ལ་བསྐུས་ན་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ། ། མི་སྨྲ་བར་གྲོང་ཁྱེར་དུ་སོང་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གྲོང་ཁྱེར་ན་གནས་སོ་ཅོག་ཐམས་ཅད་དབང་དུ་འགྱུར་རོ། ། མིག་གཡས་པ་ལ་བསྐུས་ན་རིགས་བཞིའི་འཇིག་རྟེན་གང་མིག་གིས་མཐོང་བ་དེ་ཐམས་ཅད་དབང་དུ་འགྱུར་རོ།། མིག་གཡོན་པ་ལ་བསྐུས་ན་རིགས་ངན་ཐམས་ཅད་དབང་དུ་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པ་ནས་བཟུང་སྟེ། དོན་ཡོད་པའི་གྲུབ་པའི་རིག་སྔགས་ཀྱི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན། དེས་དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོ་དང་། གཟུངས་ཐམས་ཅད་སོ་སོར་ལན་སྟོང་ཕྲག་བརྒྱ་བརྒྱ་བཟླས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དགྲ་བཅེམ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་སྟོང་ཕྲག་དྲུག་ཅུའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ཐམས་ཅད་ཀྱི་མིང་བཟུང་བ་བྱས་པར་འགྱུར། དེ་བཞིན་གཤེས་པ་སྟོང་མཉེས་པར་བྱས་པར་འགྱུར། དེ་བཞིན་གཤེགས་པ་སྟོང་ཕྲག་དྲུག་ཅུ་རྩ་བཞི་མངོན་སུམ་དུ་མཐོང་བ་ཐོབ་པར་འགྱུར། འཇིག་རྟེན་པའི་དོན་ཐམས་འད་འགྲུབ་པ་འགྱུར་རོ། ། སྔོན་གྱི་སྒྲིབ་པས་མནར་མེད་པའི་གནས་སུ་འགྲོ་བ་ཡོངས་སུ་དག་པར་འགྱུར། ནམས་ཀྱང་ངན་སོང་དུ་འགྲོ་བར་མི་འགྱུར། ཚེ་རབས་ཚེ་རབས་སུ་སྐྱེ་བ་དྲན་པར་འགྱུར། ལྷ་ཐམས་ཅད་ཀྱང་མཆོག་སྦྱིན་པར་འགྱུར་ཞིང་། རྟག་ཏུ་སྲུང་བ་དང་། སྒྲུབ་པ་དང་། སྦ་བར་བྱེད་པར་འགྱུར་རོ།། ཕྱག་གཡོན་པ་མནན་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་བཟླས་པ་ཙམ་གྱིས་མོད་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་བཀུག་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་ཏེ་གནས་སོ།། གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ་དོན་ཡོད་པར་གྲུབ་པའི་རིག་སྔགས་ཀྱི་རྒྱལ་པོ་ལན་བདུན་བཟླས་པ་བྱས་ན། ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱང་ལས་ཐམས་ཅད་བྱེད་ཅིང་རྟག་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་འགྱུར་རོ།། ལྟེ་བའི་གནས་སུ་མནན་ཏེ་བཟླས་ན་ཀླུ་ལ་སོགས་པ་ཐམས་ཅད་ཆར་གྱི་རྒྱུན་འབེབས་པར་འགྱུར་ཏེ། འཛམ་བུའི་གླིང་མཐའ་དག་ཚིམ་པར་བྱེད་པར་འགྱུར་རོ།། སྙན་དུ་ལན་བརྒྱ་རྩ་བརྒྱད་བཟླས་ན་ག་དངག་དུ་སོང་བ་དེར་སྐྱེས་པ་འམ། བུད་མེད་དམ། རྒྱལ་པོ་འམ། རྒྱལ་མོ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་གང་བསམས་པ་དང་། གང་བཅོལ་བ་དང་། གང་སྤྲས་པའི་ལས་དེ་ཐམས་ཅད་སྒྲུབ་པར་འགྱུར་རོ།། དབུ་ནས་བཟུང་སྟེ་བཟླས་ན་ཚངས་པའི་འཇིག་རྟེན་གྱི་བར་དུ་དབང་དུ་བྱས་པར་འགྱུར་ཏེ། ཐམས་ཅད་ལ་དབང་སྒྱུར་ཅིང་བསྒོ་བ་བཞིན་བྱེད་པར་འགྱུར་རོ།། ཐོག་མར་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ནས་བཟླས་པ་བྱའོ། ། ཞབས་གཉིས་མནན་ཏེ་སྟོང་ཕྲག་བཅུ་བཟླས་པ་བྱས་ན་ས་འོག་ཡན་ཆད་དབང་དུ་བྱས་པར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། མངག་གཞུག་ཐམས་ཅད་བྱེད་པར་འགྱུར་རོ།། པདྨ་ལ་སྟོང་རྩ་བརྒྱད་བཟླས་ནས་པདྨའི་མཚེའུར་བོར་ན་པདྨ་ཟད་མི་ཤེས་པ་འབྱུང་ཞིང་པདྨ་དུས་ཐམས་ཅད་པར་འགྱུར་རོ། ། ཨུཏྤ་ལ་ལ་ལན་སྟོང་རྩ་བརྒྱད་བཟླས་ནས་ཨུཏྤ་ལའི་མཚེའུར་བོར་ན། ཨུཏྤལ་སྔོན་པོ་ཟང་མི་ཤེས་པ་འབྱུང་བར་འགྱུར་ཞིང་ནམས་ཀྱང་ཉམས་པར་མི་འགྱུར་ཏེ། དུས་ཐམས་ཅད་དུ་མེ་ཏོག་འབྱུང་བར་འགྱུར་རོ།། དེ་བཞིན་དུ་སྣ་མའི་མེ་ཏོག་དང་། གན་དྷཱ་བཱ་རཱི་ཀ་དང་། ཡུ་ཐི་ཀ་དང་། ན་བ་མ་ལཱི་ཀའི་མེ་ཏོག་རྣམས་ཀྱང་དུས་ཐམས་ཅད་དུ་མེ་ཏོག་འབྱུང་བར་འགྱུར་ཞིང་ཟད་མི་ཤེས་པར་འགྱུར་རོ། ། འབྲས་བུ་དང་མེ་ཏོག་ལ་ལན་བརྒྱད་རྩ་བརྒྱད་བཟླས་ཏེ། སྐྱེད་མོས་ཚལ་ལམ་ནགས་ཚལ་གྱི་ནང་དུ་གཏོར་ན། མེ་ཏོག་དང་འབྲས་བུ་ཟད་མི་ཤེས་ཤིང་དུས་ཐམས་ཅད་པར་འགྱུར་རོ།། དཔལ་ཆེན་མོ་དགུག་པར་འདོད་པས་སྤྲ་ཚིལ་ལས་ལྷ་མོ་དཔལ་ཆེན་མོ་སྐྱིལ་མོ་ཀྲུང་ཕྱེད་དུ་འདུག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལུས་བཏུད་པ། ལག་པ་ན་པདྨ་ཐོགས་པ། བྲང་རྒྱས་པ་བྱས་ལ་འབྲས་བུ་དང་མེ་ཏོག་དགྲམ་པར་བྱ་ཞིང་ག་པུར་དང་། གླ་རྩི་དང་། ཙན་དན་དཀར་པོས་མཆོད་པ་བྱས་ལ་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་གཞག་པར་བྱ་ཞིང་། སྔར་ཙན་དན་དཀར་པོ་ལས་བྱས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་བྱས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་ཀྱི་སྐུ་གཟུགས་ལ་ཨ་ཀ་རུའི་བདུག་པ་དབུལ་བར་བྱ། དཔལ་ལྷ་མོ་ཆེན་མོ་ལ་ཙན་དན་དཀར་པོའི་བདུག་པ་དབུལ་བར་བྱ་ཞིང་གཉིས་ཀ་ལ་མཆོད་པ་དང་བསྙེན་བཀུར་བྱ། གཏོར་མ་དཀར་པོ་དང་དྲི་ཆབ་དབུལ་བར་བགྱི། མཆོད་ཡོན་གྱི་སྣོད་བརྒྱད་དབུལ་བར་བྱ་སྟེ། རིག་སྔགས་འཆང་གཙང་མ་དུས་གསུམ་དུ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་པས་མངོན་དུ་ཕྱོགས་ཏེ་སྐྱིལ་མོ་ཀྲུང་དུ་འདུག་ནས། དོན་ཡོད་པའི་ཞགས་བའི་ཕྱག་རྒྱ་ལན་བདུན་བྱས་ལ་ཅི་རྙེད་པའི་དྲི་དང་། འཕྲེང་བ་དང་། མེ་ཏོག་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། དཔལ་ལྷ་མོ་ཆེན་མོའི་མགོ་ལ་གདགས་པར་བྱ། མེ་ཏོག་གཞན་གྱིས་མཆོད་པ་བྱ་ཞིང་ཙན་དན་དཀར་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པས་བདུག་སྤོས་དབུལ་བར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་པར་བྱ་ཞིང་། ཡུངས་ཀར་རེ་རེ་བཟླས་ལ་དཔལ་ལྷ་མོ་ཆེན་མོ་ལ་བསྣུན་པར་བྱ་སྟེ། སྟོང་རྩ་བརྒྱད་ཚང་བ་དང་དཔལ་ལྷ་མོ་ཆེན་མོ་འབར་བར་འགྱུར་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བ་ནས་འོད་ཟེར་འབྱུང་བར་འགྱུར་རོ། ། དཀྱིལ་འཁོར་གྱི་ཡོ་བྱད་གང་ཡིན་པ་ཐམས་ཅད་གསེར་དུ་སྣང་བར་འགྱུར་རོ།། དཔལ་ལྷ་མོ་ཆེན་མོ་བཀུག་པར་འགྱུར་ཞིང་། ཇི་སྲིད་འཚོའི་བར་དུ་འདར་བར་མི་འགྱུར་རོ། ། ལྷའི་དཔལ་རྗེས་སུ་སྤྱོད་པར་འདོད་ན་ཉིན་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དཔལ་ལྷ་མོ་ཆེན་མོ་ལ་དུས་གསུམ་དུ་མཆོད་པ་བྱ་ཞིང་། མཆོད་ཡོན་གྱི་སྣོད་ཀྱང་གཞག་པར་བྱ། དཀོན་མཆོག་གསུམ་མཆོད་པར་བྱ། སྦྱིན་པར་བྱ། ལོངས་སྤྱད་པར་བྱ། བསོད་ནམས་ཀྱང་བྱ་ཞིང་དཔལ་ལྷ་མོ་ཆེན་མོ་ལ་དུས་གསུམ་དུ་མཆོད་པར་བྱའོ།། ཡང་ན་དཔལ་ལྷ་མོ་ཆེན་མོ་རང་གི་གཟུགས་ཀྱིས་གནས་པར་འདོད་པས་དོན་ཡོད་པའི་རྒྱལ་པོའི་ཁྲོ་བོའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་པར་བྱ་ཞིང་ཙན་དན་གྱི་རིལ་བུ་སྟོང་རྩ་བརྒྱད་ཀྱིས་བདུག་པར་བྱ། ཡུངས་ཀར་སྟོང་རྩ་བརྒྱད་ཀྱིས་བསྣུན་པར་བྱ་སྟེ། ཡུངས་ཀར་སྟོང་རྩ་བརྒྱད་ཚང་བ་དང་། དཔལ་ལྷ་མོ་ཆེན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྷའི་ནོར་བུ་དང་། གསེར་དང་། མུ་ཏིག་གི་རྒྱན་གྱིས་བརྒྱན་པའི་ལུས་སྣང་ལ་ཞལ་པདྨ་ཁ་ཕྱེ་བ་ལྟ་བུ། སྤྱན་ཨུཏྤ་ལ་སྔོན་པོ་ལྟར་གསལ་བ། པདྨ་བསྣམས་པ། པདྨའི་འོད། གདན་པདྨ། ནོར་བུ་དང་། རིན་པོ་ཆེ་དང་། གསེར་མང་པོའི་པདྨའི་ཆར་འབེབས་པ། རིན་པོ་ཆེ་འབར་བའི་བུམ་པ་སྟོང་ཕྲག་བརྒྱ་ཐིགས་པ། ལྷའི་བུ་མོ་དང་གནོད་སྦྱིན་གྱི་བུ་མོ་བརྒྱ་སྟོང་མང་པོ་ཐམས་ཅད་ལྷའི་རྒྱན་གྱིས་བརྒྱན་པས་ལུས་གསལ་ཞིང་འབར་ལ་མཛེས་པ་མང་པོས་ཡོངས་སུ་བསྐོར་བ་མདུན་ན་འཁོད་པར་འགྱུར་ཏེ། རིག་སྔགས་འཆང་གིས་འཇིགས་པར་མི་བྱ་ཞིང་སེམས་དགའ་བར་བྱས་ལ། གསང་སྔགས་འདི་ལན་བདུན་བཟླས་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ནི་ཀཱ་ཡ། མ་ཧཱ་ཨ་མོ་གྷ་བ་ར་དཱ་ཡ། ཏདྱ་ཐཱ། ཨོཾ་པདྨི་ཎི། པདྨ་ནེ་ཏྲ་པདྨ་གེ། པདྨ་དྷ་རེ། པདྨ་བ་ཏི། པདྨ་པྲཱི་ཡེ། པདྨ་གོ་རཱི། པདྡྷ་པྲ་བྷེ། པདྨ་ས་ན་པྲ་ཏིཥྛི་ཏེ། ཨ་བ་ལོ་ཀི་ཏ་པྲི་ཡེ་བ་ར་དེ། བ་ར་དཱ་ཡི་ནི། པྲ་སི་ཏ། པྲ་སཱ་དྷ་ཡ། ཀུ་རུ་ཀུ་རུ། ཨཱརྱ་ཨ་བ་ལོ་ཀི་ཏ་བ་ར་དེ། ཧུ་རུ་ཧུ་རུ། བ་རཾ་གི་ནི་ཙ་ལ་ཙ་ལ། པདྨ་བི་བྷཱུ་ཥི་ཏ། པདྨ་པྲི་ཡེ། བི་ཙི་ཏྲ། བི་མཱ་ན་དྷ་རེ། བྷཱབྷ་ར་བྷ་ར། སམྦྷ་ར་སྨ་ར་ས་ཡ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ས་མེ། སརྦྦ་ཨ་དྷིཥྛི་ཏ་དེ་བི། ཨ་མོ་གྷ་པཱ་ཤ་བ་ར་དེ་ཧཱུཾ། ན་མོ་སྟུ་ཏེ་སྭཱཧཱ། ལན་བདུན་བཟླས་པ་ཙམ་གྱིས་ལྷ་མོ་དཔལ་ཆེན་མོ་ཕྱག་བརྐྱང་སྟེ། རིག་སྔགས་འཚང་གི་སྤྱི་བོར་འཇོག་པར་འགྱུར་ཞིང་། འདི་སྐད་ཅེས་ཀྱང་གསུང་བར་འགྱུར་རོ།། རིགས་ཀྱི་བུ་ཚུར་ཤོག། ཐུགས་ལས་སྐྱེས་པ། གསུང་ལས་སྐྱེས་པ་ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོ་དང་བཅས་པ་གྲུབ་ཀྱིས། དོན་ཡོད་པའི་ཞགས་པ་པདྨ་དྲི་མ་མེད་པའི་དཔལ་ཞེས་བྱ་བའི་གཟུངས་ལ་ཞུགས་ཤིག། ངའི་གནས་ལ་ཁྱོད་རང་གི་ཁྱིམ་བཞིན་དུ་ལས་སུ་བྱ་བ་ཐམས་ཅད་བྱོས་ཤིག། དེ་ནས་རིག་སྔགས་འཆང་གིས་ཡང་རིག་སྔགས་དང་། གསང་སྔགས་དང་། གཟུངས་སྔགས་འདི་ལན་གསུམ་བཟླས་བརྗོད་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་བྷ་གྷ་བ་ཏེ། མཱ་ཏྲི་ཛི་ནེ་ཏྲི། བ་བ་ར། ཨ་བ་ལོ་ཀི་ཏ་བ་ར་དེ། ཨ་ཀཱི་རི་ནི་པྲ་བ་ཏུ། ཨ་མ་བ། ཨ་མ་བ། བི་བུ་ལ་ཀཱིརྟི་ཀ་རེ། པྲ་བྷ་ར་བྷུ་ར་ཨ་མོ་གྷ་པཱ་ཤ་ཧསྟེ་སྭཱ་ཧཱ། དེའི་འོག་ཏུ་ལྷ་མོ་དཔལ་ཆེན་མོའི་ནུ་མ་གཉིས་ལས་འོ་མའི་རྒྱུན་འབྱུང་བར་འགྱུར་ཏེ། འོ་མའི་རྒྱུན་དེ་ཁས་བཟེད་དེ་འཐུང་ན། འཐུངས་པ་ཙམ་གྱིས་མོད་ལ་ལྷའི་མེ་ཏོག་པདྨ་དང་ཀུ་མུ་ད་ལྟར་འཇམ་པའི་ལྷའི་ལུས་སུ་འགྱུར། སྐྲ་ཅུང་ཟད་འཁྱིལ་ཅིང་འཁྱིལ་ལ་མིག་ཨུཏྤལ་སྔོན་པོ་ལྟ་བུ་དང་། ཚིག་གསལ་ཞིང་མི་འམ་ཅིའི་སྒྲ་དབྱངས་དང་ལྡན་པར་འགྱུར། དོན་ཡོད་པའི་རྒྱ་མཚོའི་ནོར་བུ་ཆེན་པོ་པདྨ་ལ་རྣམ་པར་ལྟ་བའི་དཔལ་དྲི་མ་མེད་པ་ཞེས་བྱ་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་མངོན་སུམ་དུ་འགྱུར། ཆོ་ག་ཞིབ་མོ་མང་པོ་འགྲུབ་པར་འགྱུར། ཚེ་ལོ་སྟོང་ཕྲག་བཅུ་ཐུབ་པར་འགྱུར།། རྒྱལ་བ་འོད་དཔག་མེད་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐབས་ཅིག་ཏུ་གཞལ་མེད་ཁང་མཆོག་ན་ཆོས་བགྲོ་བ་མཐོང་བར་འགྱུར། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར། ནོར་བུ་ཆེན་པོ་པདྨ་ལ་ལྟ་བ་ཞེས་བྱ་བ་དོན་ཡོད་པའི་ཞགས་པ་ཆེན་པོའི་འཁོར་ལོས་སྒྱུར་བར་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་གཙོ་བོ་གཅིག་པུར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་སུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་གཅིག་པུར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་བུའི་གཙོ་བོ་གཅིག་པུར་འགྱུར། རྒྱལ་པོ་ཆེན་པོ་བཞིའི་བུ་གཅིག་པུར་འགྱུར། ཐམས་ཅད་དུ་སྟོབས་དང་། ཕ་རོལ་གནོན་པ་དང་། བརྩོན་འགྲུས་ཐོགས་པ་པ་མེད་པ་དང་ལྡན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་དཀྱིལ་འཁོར་རིམ་པར་ཕྱེ་བ་རིག་སྔགས་ཀྱི་རྒྱལ་པོ་གསང་བའི་གཟུངས་ཀྱི་རྒྱལ་པོ་ཆོ་ག་ཞིབ་མོ་ཟབ་པ་དག་མངོན་སུམ་དུ་འགྱུར། ལྷ་ཐམས་ཅད་ཀྱི་གནས་དང་། ཀླུ་ཐམས་ཅད་ཀྱི་གནས་དང་། མི་འམ་ཅི་ཐམས་ཅད་ཀྱི་གནས་དང་། ཕུག་དང་། ཁུང་གི་གནས་ཐམས་ཅད་སྒོ་འབྱེད་པར་འགྱུར། གནོད་སྦྱིན་དང་སྲིན་པོའི་གནས་ཐམས་ཅད་སྒོ་འབྱེད་པར་འགྱུར། ཐམས་ཅད་དབང་དུ་འགྱུར་ཞིང་བགྱི་བ་ཅི་མཆིས་ཞེས་བྱ་བ་བྱེད་ཅིང་འདུག་པར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ་བླ་མ་གཅིག་འཇིག་རྟེན་མགོན་པོ་དང་འདྲ་བར་མཆོད་པའི་གནས་སུ་འགྱུར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་དཀྱིལ་འཁོར་ཐམས་ཅད་གྲུབ་པ་ཆེན་པོར་འགྱུར་དཔལ་ལྷ་མོ་ཆེན་མོ་འཁོར་དང་བཅས་པ་ལ་སྦྱིན་སྲེག་བྱས་ན་རིག་སྔགས་འཆང་དེ་ལ་བུ་བཞིན་དུ་བྱམས་པས་རང་ཉིད་བསྙེན་བཀུར་ཡོངས་སུ་སྤྱད་པས་ཡོངས་སུ་སྤྱོད་དོ། ། འདོད་པ་ཐམས་ཅད་དང་ཡིད་དུ་འོང་བ་ཐམས་ཅད་ཀྱི་དགོས་པ་བྱེད་པར་འགྱུར་རོ། ། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། ཤང་ཁ་ཤི་ལྀ་དང་། བྷུ་རུ་དང་། ས་ལེ་སྦྲམ་དང་དངུལ་དང་། ལྷའི་ནོར་བུ་རིན་པོ་ཆེའི་བར་ཐམས་ཅད་སྦྱིན་པར་བྱེད་དོ།། ཡུལ་ཀ་ཤི་ཀའི་གོས་བཟང་པོ་མང་པོ་སྦྱིན་པར་བྱེད་ཅིང་། ལྷའི་བཟའ་བ་དང་། བཏུང་བའི་བར་དང་། བདུད་རྩིའི་རོའི་བར་དུ་སྦྱིན་པར་བྱེད་དོ། ། གནས་ཐམས་ཅད་དུ་སོང་ནའང་རྟག་ཏུ་རྒྱུན་མི་འཆད་པར་མ་བུ་ལ་བྱམས་པའི་ཚུལ་གྱིས་རྟག་ཏུ་ཕྱི་བཞིན་འབྲང་ཞིང་འགྲོ་བར་འགྱུར་རོ།། རིག་སྔགས་འཆང་གི་རང་གི་ཁྱིམ་ཡང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་ཇི་ལྟ་བ་དེ་བཞིན་དུ་རིག་སྔགས་འཆང་གི་གཞལ་མེད་ཁང་མཆོག་ཏུ་འགྱུར་རོ། ། རྣམ་ཐོས་ཀྱི་བུའི་གནས་ན་འབྱོར་པ་ཇི་ལྟ་བ་བཞིན་རྒྱས་པར་འགྱུར་རོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དུས་ཀུན་ཏུ་འོང་བར་འགྱུར་རོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་འཆང་ཡང་རིག་སྔགས་འཆང་གི་ཚོགས་ཐམས་ཅད་དང་། གནོད་སྦྱིན་ཆེན་པོ་གསང་བ་པའི་འཁོར་རྣམས་དང་རྟག་ཏུ་རྒྱུན་མི་འཆད་པར་སྲུང་བ་དང་། སྒྲུབ་པ་དང་། སྦ་བ་བྱེད་པར་འགྱུར་རོ།། དེ་བཞིན་དུ་དཔལ་ལྷ་མོ་ཆེན་མོ་འཁོར་དང་བཅས་པ་དང་། རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བས་ཡོངས་སུ་བསྐོར་བ་ཉིན་མཚན་དུ་སྲུང་བ་དང་། སྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ།། དེ་ནས་དོན་ཡོད་པའི་རྒྱ་མཚོ་ནོར་བུ་ཆེན་པོ་པདྨ་ལ་ལྟ་བའི་དཔལ་དྲི་མ་མེད་པའི་ཞེས་བྱ་བ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ་བཀླགས་པས་འགྲུབ་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་རྩ་བཞིའི་རྡུལ་ཕྲ་མོ་སྙེད་ལས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས་ལྷའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་། ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་བདུན་དང་། ལྷའི་གསེར་དང་གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་མང་པོ་དང་། ལྷའི་གོས་དང་། ལྷའི་རྒྱན་དང་། ལྷའི་དྲི་དང་མེ་ཏོག་དང་། མེ་ཏོག་འཕྲེང་དང་། བྱུག་པ་རྣམས་རེ་རེ་ཞིང་འཕང་དུ་རིའི་རྒྱལ་པོ་རི་རབ་ཙམ་གྱི་ཕུང་པོ་བྱས་ནས་དེ་དག་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། དེ་བཞིན་གཤེགས་པ་རེ་རེ་ལ་ཚུལ་དེ་ལྟ་བུས་སོ་སོར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཉིན་རེ་ཞིང་ལོ་བཅེག་གི་བར་དུ་དབུལ་བར་བྱེད། མཆོད་པ་དང་བསྙེན་བཀུར་བྱེད་ཅིང་། དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་དྲི་ཞིམ་པོ་དང་ལྡན་པའི་ཏིལ་མར་རྒྱ་མཚོ་ཆེན་པོ་ཙམ་གྱིས་བཀང་བའི་མར་མེ་བལྟམ་པར་བྱེད་པའི་བསོད་ནམ་ཀྱི་ཕུང་པོ་དང་ལྡན་པར་འགྱུར། དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་བ.རུང་བར་འགྱུར་རོ།། གལ་ཏེ་དོན་ཡོད་པའི་རྒྱ་མཚོའི་ནོར་བུ་ཆེན་པོ་པདྨ་ལ་རྣམ་པར་ལྟ་བའི་དཔལ་དྲི་མ་མེད་པ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཀློག་པ་དང་། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱེད་པ་འདི་ནི་བསོད་ནམས་ཀྱི་ཕུང་པོ་དེ་དང་ལྡན་པར་འགྱུར་ཞིང་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་སྟོན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར། དཔལ་ལྷ་མོ་ཆེན་མོ་དེའང་མཆོག་ཐམས་ཅད་སྦྱིན་པར་འགྱུར། དུས་ཀུན་ཏུ་དེའི་ཁྱིམ་དུ་དཔལ་གནས་པར་འགྱུར་ཏེ། གང་ན་དཔལ་ལྷ་མོ་ཆེན་མོ་གནས་པ་དེར་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུ་སུརྩབཞིའི་རྡུལ་ཕྲ་མོ་དང་མཉམ་པས་ཕྱོགས་དེ་ཉིད་དུ་གནས་པར་འགྱུར་ཏེ། དཔལ་ལྷ་མོ་ཆེན་མོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ།། ལྷ་དང་། ཀླུ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོའི་གསང་སྔགས་དང་། ཆོ་ག་ཞིབ་མོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་ལ་སྤྱོད་པ་དང་། ལས་སྣ་ཚོགས་གཞན་དག་པས་དཔལ་ལྷ་མོ་ཆེན་མོའི་ལས་མཆོག་ཏུ་བསྟན་ཏོ། ། དཔལ་ལྷ་མོ་ཆེན་མོ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་ཡིན་ནོ།། དཔལ་ལྷ་མོ་ཆེན་མོ་ནི་དོན་ཡོད་པའི་མཆོག་སྦྱིན་པའོ།། དོན་ཡོད་པའི་ཞགས་པ་སྦྱིན་པའོ།། དོན་ཡོད་པའི་གྲགས་པ་རྒྱ་ཆེན་པོ་སྦྱིན་པའོ།། དོན་ཡོད་པའི་ནམ་མཁའི་གཞལ་མེད་ཁང་འཆང་བའོ།། དོན་ཡོད་པའི་ཡོན་ཏན་བསྒྲགས་པའི་མཆོག་སྦྱིན་པའོ།། དཔལ་ལྷ་མོ་ཆེན་མོ་ནི་དོན་ཡོད་པོ་ཟླ་བ་དང་ཉི་མའི་འོད་བྱེད་པ་གནས་སུམ་ཅུ་རྩ་གཉིས་ཀྱི་ནང་ན་དཔལ་ལྷ་མོ་ཆེན་མོ་མཆོག་ཏུ་བསྟན་ཏོ། ། དེ་ནས་རིག་སྔགས་འཆང་གཙང་མ་ཁྲུས་ལེགས་པར་བྱས་ལ། དྲི་ཆུས་བསངས་ཤིང་བ་ལས་བྱུང་བ་ལྔས་བྱུགས་པ། གོས་གཙང་མ་བགོས་པས་ཁ་ཟས་གཙང་མ་བཟའ་བར་བྱ་ཞིང་། ཆང་དང་། ཤ་དང་། བེག་བཙོང་དང་། སྒོག་སྐྱ་དང་། ཀེའུ་རྣམས་དང་འདྲེས་པ་དང་། འཕགས་པ་རྣམས་ཡོངས་སུ་སྤང་བར་བྱ། ཁ་བས་ངན་པ་དང་། བཏུང་བ་ངན་པ་དང་། གོས་ངན་པ་དང་། དྲི་མ་ཅན་ཡོངས་སུ་སྤང་བར་བྱ། སེམས་ཅན་ངན་པ་སྟེན་པ་དང་། ངན་གཡོ་ཅན་དང་། གསོད་སྐྱོན་ཅན་དང་། སྐྱེ་བོ་ངན་པ་དང་། ཁྲེལ་མེད་པ་དང་། སྙིང་རྗེ་མེད་པ་དང་། བྱམས་པ་དང་བྲལ་བ་དང་། ཐུབ་ཆོད་ཅན་གྱི་སྐྱེ་བོ་ངན་པ་ཡོངས་སུ་སྤང་བར་བྱ། གནས་ངན་པ་དང་། གནས་རྟེན་ངན་པ་དང་། འགོ་མཉེས་དང་། བཟའ་ཉེས་དང་། གྲིབ་མ་ངན་པ་ཡོངས་སུ་སྤང་བར་བྱ། གཅིག་གིས་གཅིག་འཕགས་པའི་ཁ་ཟས་ངན་པ་ཡོངས་སུ་སྤང་བར་བྱ་ཞིང་དྲི་དང་བདུག་སྤོས་ཀྱིས་བསངས་ཏེ། མི་སྨྲ་བར་བཟླས་བརྗོད་བྱ། བྱམས་པ་དང་། སྙིང་རྗེ་དང་། དགའ་བའི་སེམས་དང་། ཡིད་བདེ་བར་བྱ། བཀྲ་ཤིས་ཚང་བར་བྱ་ཞིང་། སྙིང་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་སེམས་སུ་བྱས་ནས་བཟླས་བརྗོད་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཨ་ཀ་རུའི་བདུག་པ་དབུལ་བར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དུ་རུ་ཀའི་བདུག་པ་དབུལ་བར་བྱ། དཔལ་ལྷ་མོ་ཆེན་མོ་ལ་ཙན་དན་གྱི་བདུག་སྤོས་དབུལ་བར་བྱ་ཞིང་མཆོད་ཡོན་སྣོད་ཀྱང་དབུལ་བར་བྱའོ། ། དུས་ཇི་ལྟ་བའི་མེ་ཏོག་དབུལ་བར་བྱ་སྟེ། གསང་སྔགས་འདི་ལན་ཉི་ཤུ་རྩ་གཉིས་བཟླས་ཏེ་ཐམས་ཅད་ལ་དབུལ་བར་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ~ཾ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤ་བི་ལོ་ཀི་ཏེ། གན་དྷ་ས་རེ། ཨ་མོ་གཱ་ར་ལ་སཾ་བྷ་རཿ། བཪྵ་སམ་བྷུ་རི་ཏ་ར་ཏ་ར། མུ་དི་ཏེ་བྷུཾ་སྭཱཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། མཆོད་ཡོན་དབུལ་ལོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་སྟོང་རྩ་བརྒྱད་བཟླས། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས། ཁྲོ་བོའི་རྒྱལ་པོ་ལན་གསུམ་བཟླས་ལ་ཨ་ཀ་རུའི་བདུག་སྤོས་དབུལ་བར་བྱ་ཞིང་། ཅི་རྙེད་པའི་མེ་ཏོག་དབུལ་བར་བྱ། སྤོས་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་པར་བྱ་ཞིང་། དེ་ཉིད་ཀྱི་ཞབས་དྲུང་དུ་སྐྱིལ་མོ་ཀྲུང་དུ་འདུག་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟས་ལ་སྙིང་པོའི་གཟུངས་ལན་བརྒྱ་བརྒྱད་བཟླས་ལ་བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ཏེ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་བདུན་བཅིང་བ་བྱས་ན་བཅིངས་པ་ཙམ་གྱིས་མོད་ལ་སྐུ་གཟུགས་གཡོ་བར་འགྱུར་ཞིང་། སྐུ་ཐམས་ཅད་འབར་བར་འགྱུར། རང་གི་ལུས་སྤུ་ཟིང་ཞེས་བྱེད་པར་འགྱུར། ཐོ་རངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་པར་འགྱུར་ཏེ། ཡིད་ལ་བསམས་པ་ཐམས་ཅད་བཀའ་སྩོལ་བར་འགྱུར། མཆོག་ཐམས་ཅད་སྦྱིན་པར་འགྱུར། འདོད་པའི་མཆོག་ཐམས་ཅད་སྦྱིན་པར་འགྱུར། དབུགས་ཀྱང་འབྱིན་པར་འགྱུར། ཡིད་དུ་འོང་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། ཚེ་འདི་ཉིད་ལ་ནད་ཐམས་ཅད་དང་བྲལ་བར་འགྱུར། དགེ་བའི་རྩ་བའི་བསོད་ནམས་ཀྱི་ཚོགས་ཐམས་ཅད་དང་ལྡན་པར་འགྱུར། སྒྲིབ་པ་དང་སྡིག་པ་ཐམས་ཅད་ཟད་ཅིང་མཐར་ཐུག་པར་འགྱུར། ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། ཕས་ཀྱི་རྒོལ་བ་དང་དགྲ་བོ་ཐམས་ཅད་འཇིགས་པར་འགྱུར་ཞིང་མི་ཚུགས་པར་འགྱུར། གཡུལ་ངོར་འཇུག་པའི་ཚེ་རིག་སྔགས་ཀྱི་རྒྱལ་པོ་འདི་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་དམག་གི་ནང་དུ་གཏོར་བར་བྱས་ན། ཐམས་ཅད་རེངས་པར་བྱས་པ་དང་རྨུགས་པར་བྱས་པར་འགྱུར་རོ།། འདིའི་སྙིང་པོ་དང་གསང་སྔགས་ནི་འདི་ཡིན་ནོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྷ་ཐཱ། ཨོཾ་ཨ་མོ་གྷཱ་པཱ་ཤ་ཧྲྀ་ད་ཡ། པདྨེ་ནི་བ་ར་དེ། ཛྭ་ལ་ཛྭ་ལ། པྲ་ས་རི་ཏ་པདྨ་བྷུ་ཛེ་སྭཱཿ་སྙིང་ཟའི་རིག་སྔགས་སོ། ། ཨོཾ་ཨ་བ་ལོ་ཀི་ཏེ། པདྨ་ཏེ། བེ་རཾ་གི་ནི་ཏུ་རུ་ཏུ་རུ་ཧཱུཾ་སྭཱཧཱ། ཉེ་བའི་སྙིང་པོའི་གཟུངས་སོ།། དོན་ཡོད་པའི་རྒྱ་མཚོའི་ནོར་བུ་པདྨ་རྣམ་པར་ལྟེ་བའི་དཔལ་དྲི་མ་མེད་པ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་གཟུངས་འདི་རྟག་ཏུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་ཟད་པར་འགྱུར། ལྷ་མོ་དཔལ་ཆེན་མོ་རྟག་ཏུ་རྒྱུན་མི་འཆད་པར་མཆོག་སྦྱིན་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དུས་ཀུན་ཏུ་སྐུ་སྟོན་པར་བཞེད་པར་འགྱུར། དེའི་ལུས་ལ་དུག་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། འཇིགས་པ་ཆེན་པོ་མི་བཟད་པ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། རིམས་ནད་ཐམས་ཅད་དང་མང་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། གདོན་ཐམ་ཅད་ལ་ཚོན་སྣ་སྔའི་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་བོར་ལ་གུ་གུལ་གྱིས་བདུགས་ཏེ་མགུལ་ཏུ་བཏགས་ན་གདོན་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། གལ་ཏེ་ནག་པོ་ཆེན་པོ་དང་མ་མོ་འོངས་ཏེ་རྒྱས་བཏབ་པ་གང་ཡིན་པའང་གདོན་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། སྐུད་པ་ནག་པོས་རིམས་ཉིན་གཅིག་པ་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། གཞན་དག་ལ་ནི་ཐམས་ཅད་དུ་སྲད་བུ་དཀར་པོས་བསལ་བར་བྱའོ། ། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་ཐམས་ཅད་ལ་གིའུ་ཝང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཐིག་ལེ་བྱས་ན་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ།། སྙིང་ཁར་ཐིག་ལེ་བྱས་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པ་ཐམས་ཅད་ཀྱིས་མི་མཐོང་བར་འགྱུར་རོ།། ལག་མཐིལ་ལ་ཐིག་ལེ་བྱས་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གང་ལ་རེག་པ་དབང་དུ་འགྱུར་རོ།། སྨིན་མཚམས་སུ་ཐིག་ལེ་བྱས་ན་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ།། མགུལ་པར་བྱུགས་ན་རྗེའུ་རིགས་ཐམས་ཅད་དབང་དུ་འགྱུར་རོ།། དཔུང་པ་གཉིས་ལ་བྱུགས་ན་རྒྱལ་རིགས་ཐམས་ཅད་དབང་དུ་འགྱུར་རོ།། དཔྲལ་བའི་སྒྲ་མཚམས་སུ་ཐིག་ལེ་བྱས་ན་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་རོ།། ལྟེ་བའི་གནས་སུ་ཐིག་ལེ་བྱས་ན་དམངས་རིགས་ཐམས་ཅད་དབང་དུ་འགྱུར་རོ། ། རྐང་པའི་རྗེ་ངར་ལ་བྱུགས་ན་དཔག་ཚད་བརྒྱར་ངལ་བ་མེད་པར་འགྲོ་ཞིང་སླར་ཡང་འོང་བར་འགྱུར་རོ།། རྐང་མཐིལ་ན་བསྐུས་ན་ཆུ་ཀླུང་ཆེན་པོའི་ཕ་རོལ་ཏུ་ཕྱིན་པར་འགྱུར་ནིང་རྒྱ་མཚོའི་བར་དུ་བརྒལ་བར་འགྱུར་རོ། ། དཔུང་པ་གཉིས་ལ་བྱུག་ན་གྱད་ཀྱིས་མི་ཐུབ་པར་འགྱུར་རོ།། པུས་མོ་གཉིས་ལ་བྱུགས་ན་མེའི་ཕུང་པོ་ཆེན་པོ་འབར་ཞིང་རབ་ཏུ་འབར་བར་ཞུགས་ན་ཙན་དན་དང་པུ་ཤེལ་ཙི་ཇི་བཞིན་དུ་བསིལ་བར་འགྱུར་རོ། ། བ་སེར་སྐྱའི་འོ་མ་དང་སྦྱར་ཏེ་མིག་ལ་བསྐུས་ན་མཚན་མོའང་ཉིན་མོ་བཞིན་དུ་སྣང་བར་འགྱུར་རོ།། གཏེར་ཐམས་ཅད་འབར་བར་འགྱུར་ཞིང་གལ་ཏེ་དེ་བསྐལ་པ་བརྒྱ་སྟོང་དུ་བཞག་པ་ཞིག་ནའང་འབྱུང་བར་འགྱུར་རོ། ། དེ་བཞིན་དུ་ལྟོ་བ་ལ་བསྐུས་ནི་ཇི་སྲིད་དུ་ལྷོ་ཆུས་མ་བཀྲུས་པ་དེ་སྲིད་དུ་ཁ་ཟས་དང་བཏུང་བ་མི་འདོད་པར་འགྱུར་རོ།། ཕོ་མཚན་ལ་བསྐུས་ན་ཁུ་བ་འགགས་པ་བྱས་པར་འགྱུར་རོ། ། བ་ལས་བྱུང་བ་ལྔ་དང་བསྲེས་ཏེ་འཐུངས་ན་ལུས་དག་ཅིང་དྲི་མ་མེད་ལ་གཙང་ཞིང་སྤྱོད་པ་གཙང་བ་དང་ལྡན་པར་འགྱུར་རོ།། སྒོམཉེས་པ་དང་། བཟའ་ཉེས་པ་དང་། གྲིབ་མ་ངན་པ་དང་། བལྟ་ཉེས་སུ་མི་འགྱུར། འཇིགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་འཇིགས་པར་འགྱུར། དུག་དང་། དབྱིག་དུག་དང་། བྱད་ཐམས་ཅད་འཇིག་པར་འགྱུར། གསང་སྔགས་དང་། སྦྱོར་བ་དང་། གཏོར་བ་རྣམས་འཇིགས་པར་འགྱུར། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་རྣམས་ཀྱི་ལན་ཐེབས་པར་འགྱུར་ཞིང་ཐམས་ཅད་དུ་རྒྱལ་བར་འགྱུར། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། ཕ་རོལ་གྱི་དཔུང་གི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། ། ཞུན་མར་དང་སྦྲང་རྩི་དང་ལྷན་ཅིག་སྦྱར་ཏེ་ཐོ་རངས་ཀྱི་དུས་སུ་མི་སྨྲ་བར་བྱས་ནས་ཐོས་ན་བཀླགས་པས་ཚིགས་སུ་བཅད་པ་སྟོང་འཛིན་པར་འགྱུར་རོ།། སྦྱོར་བ་ཞག་བདུན་དུ་བྱས་ན་བསྟན་བཅོས་ཐམས་ཅད་མངོན་སུམ་དུ་འགྱུར་རོ། ། ཞག་ཉི་ཤུ་རྩ་གཅིག་ཏུ་སྦྱོར་བ་བྱས་ན་གསང་སྔགས་ཀྱི་ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། ། ཟླ་བ་གཅིག་ཏུ་སྦྱོར་བ་བྱས་ན་ཐོས་པ་མང་པོ་རྒྱ་མཚོ་བསགས་པར་འགྱུར་རོ།། སྦྱོར་བ་ལོ་གཅིག་བར་དུ་བྱས་ན་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ན་བླ་མ་གཅིག་པུར་འགྱུར་ཞིང་དགའ་བ་དང་ཚིག་བཙུན་པར་ཡང་འགྱུར་རོ། ། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་མགོ་ལ་བསྐུས་ན་སྒྲ་ཅུང་ཟད་འཁྱིལ་ཅིང་ལུང་ལོ་ཅན་དུ་འགྱུར་རོ།། བཞིན་གྱི་དཀྱིལ་འཁོར་ལ་བསྐུས་ན་སྟོན་ཀའི་ཟླ་བ་ཉ་དང་མཚུངས་པར་འགྱུར་ཞིང་། མེ་ཏོག་པདྨ་དང་། ཀུ་མུ་ད་ལྟར་འཇམ་པར་འགྱུར། ལུས་ཐམས་ཅད་ལ་བྱུགས་ན་མར་དང་འདྲ་བར་འཇམ་པོར་འགྱུར་ཞིང་། རྐང་ལག་ཤིན་ཏུ་གཞོན་ཤ་ཅན་དུ་འགྱུར། རྣ་བ་ལ་བྱུགས་ན་རྣ་བ་ཇི་ཙམ་འདོད་པ་སྐྱེ་བར་འགྱུར། སྣ་ནས་བཏང་ན་ཀླད་པའི་ནད་དོ་ཅོག་འཇིག་པར་འགྱུར་ཞིང་སྣབས་དང་མཆིལ་མ་འབྱུང་བར་མི་འགྱུར། ལྷའི་སྤོས་ཀྱི་དྲི་མནམ་པར་འགྱུར་ཞིང་། ནམས་ཀྱང་ཡིད་དུ་མི་འོང་བའི་དྲི་མནམ་པར་མི་འགྱུར། གཉེར་མ་དང་སྒྲ་དཀར་སྤངས་པར་འགྱུར། སོ་བརྒལ་བའང་གསར་དུ་སྐྱེ་བར་འགྱུར། ལྕེ་པདྨའི་ལོ་མ་ལྟར་འཇམ་པར་འགྱུར། མིང་པའི་ནང་དང་སྐེ་འགགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། འཇམ་ཙམ་དུ་བྱས་ཏེ་རྣ་བ་བཀང་ན་སིམ་པར་བྱེད་ཅིང་ལྷའི་རྣ་བ་དང་ལྡན་པར་འགྱུར། སྒྲ་ཡིད་དུ་འོང་བ་དང་། བར་ཤིས་པའི་སྒྲ་ཐོས་པར་འགྱུར་རོ། ། དེ་ལྟ་བས་ན་གིའུ་ཝང་གི་ཆོ་ག་ཆེན་པོ་བསྒྲུབ་པར་བྱའོ།། ། དེ་ནས་ལེགས་པར་གྲུབ་པ། མཆོག་ཏུ་དགེ་བ། ཐམས་ཅད་དུ་ཐོགས་པ་མེད་པ་གྲུབ་པར་འགྲོ་བ། དགེ་བར་འགྲོ་བ་མིག་རྐང་ཞེས་བྱ་བ་བཤད་པར་བྱ་སྟེ། དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་ནས། དོན་ཡོད་པའི་རྒྱ་མཚོའི་ནོར་བུ་པདྨ་ལ་རྣམ་པར་ལྟ་བའི་དཔལ་དྲི་མ་མེད་པ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ལན་སྟོང་རྩ་བརྒྱད་བཟླས་ཏེ། གཙང་མས་གོས་གཙང་མ་བགོས་ཤིང་ཁྲུས་ལེགས་པར་བྱས་པས་ཁ་ཟས་དཀར་བོ་ཟོས་ལ། མིག་རྐང་གི་རིལ་བུ་ཁར་བཅུག་ནས་མདོར་བསྟན་པ་བཟུང་བར་བྱ་སྟེ། ཇི་སྙེད་བཤད་པ་དང་བཀླགས་པ་འཛིན་པར་འགྱུར། ལྡེ་པདྨ་དང་ཀུ་མུ་དའི་ལོ་མ་ལྟར་འཇམ་པར་འགྱུར། མི་འམ་ཅིའི་སྒྲ་དབྱངས་དང་ལྡན་པར་འགྱུར། དེ་ལས་ལྷའི་སྒྲའང་འབྱུང་བར་འགྱུར། གང་ལ་སྨྲས་པ་དེ་དག་བྲན་པོ་དང་བྲན་མོ་བཞིན་དུ་བགྱི་བ་ཅི་མཆིས་པ་བྱེད་ཅིང་གནས་པར་འགྱུར། གང་ལ་དྲི་མནམ་པ་དེའང་དབང་དུ་འགྱུར། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའང་དབང་དུ་བྱེད་དོ།། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གནོད་སྦྱིན་མོ་དང་། ཡི་དགས་དང་། ཤ་བ་ལ་སོགས་པ་ཐམས་ཅད་དང་། བརྗེད་བྱེད་དང་། སྡང་བ་དང་རབ་ཏུ་སྡང་བ་དང་། མི་མ་ཡིན་པ་ཐམས་ཅད་དྲི་དེས་འབྱེར་བར་འགྱུར་ཞིང་ཕྱོགས་བཞིར་དཔག་ཚད་བརྒྱར་བྱེར་ནས་ཐག་རིང་པོ་ན་འཁོད་པར་འགྱུར་རོ།། ཕྱིར་རྒོལ་བ་དང་། སྡང་བ་དང་། རབ་ཏུ་སྡང་བའི་སེམས་དང་ལྡན་པ་ཐམས་ཅད་དྲི་དེས་འབྱེར་བར་འགྱུར་ཞིང་བྱམས་པའི་སེམས་ཀྱིས་དབང་དུ་འགྱུར་རོ། ། དཔུང་པ་གཡས་པ་ལ་བཏགས་ན་ལག་པས་གླང་པོ་ཆེ་གནོན་པར་འགྱུར་རོ།། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཆེན་པོར་འགྱུར་རོ།། གྱད་ཀྱིས་མི་ཐུབ་པར་འགྱུར་རོ།། རྡོ་རྗེ་འཆང་དང་འདྲ་བའི་མཐུ་སྟོབས་སྟོན་པར་འགྱུར་རོ།། མགུལ་དུ་བཏགས་ཏེ་གཡུལ་ངོར་སོང་ན་གཅིག་བུས་དཔུང་གི་ཚོགས་ཡན་ལག་བཞི་ལས་རྒྱལ་བར་འགྱུར་ཞིང་སླར་ཡང་འོང་བར་འགྱུར་རོ། ། སྤྱི་བོར་བཞག་སྟེ་རྒྱལ་པོའི་ཕོ་བྲང་དུ་སོང་ན་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དང་། བློན་པོ་དང་། བློན་པོ་། ཆེན་པོ་དང་། བྲམ་ཟེ་མདུན་ན་འདོན་དང་བཅས་པ་དབང་དུ་འགྱུར་ཞིང་སྤྱི་བོ་ལ་བཀུར་བར་འགྱུར། ཐམས་ཅད་དུ་ཐོགས་པ་མེད་པ་དང་ལྡན་པར་འགྱུར། ལག་པ་ལ་བཏགས་ན་གང་ལ་རེག་པ་དེ་ཐམས་ཅད་དབང་དུ་འགྱུར། ནོར་དང་། འབྲུ་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། གསེར་ལ་རེག་པ་ཙམ་གྱིས་ཟད་མི་ཤེས་པར་འགྱུར། ས་བོན་གདབ་པ་དང་བརྫ་བ་བྱས་ན་ཟད་མི་ཤེས་པ་འཕེལ་བར་འགྱུར། རིན་པོ་ཆེའི་ལག་པ་དང་འདྲ་བར་འགྱུར། འབྲུའི་ཕུང་པོ་འཕེལ་བར་འགྱུར། ཉི་མ་རེ་རེ་ཟོས་ན་དྲན་པ་དང་བློ་ཆེན་པོ་འཕེལ་བར་འགྱུར། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར། རིམས་ཐམས་ཅད་སེལ་བར་འགྱུར། འབྲས་དང་། མཛེ་དང་། ལྷོག་པ་དང་། ལུའུ་ཏ་དང་། ཤུ་བ་དང་། གཡན་པ་དང་། གཡའ་བ་དང་། ཕོལ་མིག་ལ་བྱུག་པ་པ་ཙམ་གྱིས་འཇིག་པར་འགྱུར་ཞིང་ནམས་ཀྱང་ཚུགས་པར་མི་འགྱུར་རོ། ། སྦྱོར་བ་ཟླ་བ་གཅིག་ཙམ་དུ་བྱས་ན་ཆོ་ག་ཞིབ་མོ་དང་། གསང་སྔགས་རིམ་པར་བྱེ་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་མཆོག་འགྲུབ་པར་འགྱུར་རོ། ། དུས་ཀུན་ཏུ་ལུས་ལ་ཐོགས་ན་མཚོན་གཟས་པས་ལུས་ལ་མི་ཚུགས་སོ།། ཆོམ་རྐུན་དང་གཡོན་ཅན་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་རོ།། ཐམས་ཅད་དུ་ཐོགས་པབཔ་མེད་པར་འགྱུར། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་ཀླད་པ་ན་བ་དང་། རྣ་བ་ན་བ་དང་། སོན་པ་དང་། མིག་ན་བ་དང་། ཀླད་པ་ཕྱེད་ན་བ་ལ་འཇམ་ཙམ་བླུགས་པ་ཙམ་གྱིས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་ཕྱིན་ཆད་ནད་གང་ཡང་འབྱུང་བར་མི་འགྱུར་རོ། ། གདོན་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ལ་ཞུན་མར་དང་ཡུངས་ཀར་བསྲེས་ཏེ་བདུགས་ན། ངུས་ནས་ཕྱོགས་བཅུར་འབྱེར་ཞིང་ནམས་ཀྱང་གནས་ཀྱིས་ཕྱོགས་དེར་འོང་བར་མི་འགྱུར་རོ། ། རང་གི་ཡིད་ལ་འདོད་པའི་དགོས་པ་གཞན་ཐམས་ཅད་ཀྱང་བྱེད་པར་འགྱུར་རོ།། དེ་ནས་ལྷ་ཐམས་ཅད་འགུགས་པ་དང་། བྱང་ཆུབ་སེམས་དཔའ་ཐམ་ཅད་སྤྱན་འདྲེན་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་བ། རིག་སྔགས་འཆང་ཐམས་ཅད་ཀྱི་གྲུབ་པའི་མཐའ། གནོད་སྦྱིན་དང་། སྲིན་པོ་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། བརྗེད་བྱེད་དང་། གནོད་སྦྱིན་མོ་རྣམས་དང་། ཡི་དགས་དང་། ཤ་བ་དང་། སྐེམ་བྱེད་ཐམས་ཅད་འབྱེར་བར་བྱེད་པ། སྡང་བའི་བདུད་རྣམས་གསོད་པ། ནད་ཐམས་ཅད་བཟློག་པ། གདུག་པའི་དུག་རྣམས་བཟློག་པ། མཆེ་བའི་དུག་དང་། གནས་པའི་དུག་དང་། འགྲོ་བའི་དུག་ཐམས་ཅད་ལ་ཐོགས་པ་མེད་པར་གྲུབ་པ། རིམས་ཐམས་ཅད་འཇོམས་པ། ཁྱད་པར་དུ་རིམས་ཉིན་བཞི་པ་འཇོམས་པ། བཞིན་དང་བར་བྱེད་པའི་གཙོ་བོ། གོས་བདུག་པའི་མཆོག། གསང་སྔགས་དང་བྱད་ཐམས་ཅད་དབང་དུ་བྱེད་པའི་མཆོག། གང་ལ་རྒྱལ་པོ་ཁྲོས་ནས་གཤེད་མས་མཚོན་གཟས་པའང་བདུག་པ་འདིས་བདུགས་ན་དེ་ཐམས་ཅད་ཞི་བར་འགྱུར་རོ། ། དུག་དང་། དུག་སྦྱར་མ་དང་། སྲོག་ཆགས་ལུའུ་ཏ་དང་། སྦྲུལ་གྱིས་ཟིན་པ་དང་། སྲོག་ཆགས་གོ་ན་སེ་དང་། གཞན་ཡང་སྲོག་ཆགས་སྣ་ཚོགས་དུག་དང་བཅས་པ་མཆོག་ཏུ་མི་བཟད་པ་རྣམས་དང་། གལ་ཏེ་ཀླུ་འཇོག་པོས་ཟིན་ནའང་བདུགས་པ་ཙམ་གྱིས་དུག་ཐམས་ཅད་མེད་པར་འགྱུར་རོ།། ནད་ཀུན་འཕྲོག་པ་གྲུབ་པ་སྟེ།། སྡིག་པ་ཐམས་ཅད་འཇིག་བྱེད་པ། ། བསོད་ནམས་ཕུང་པོ་ཆེ་དང་མཉམ།། གྲུབ་པ་ལྷ་རྣམས་ཀུན་གྱིས་མཆོད།། བརྒྱ་བྱིན་སུམ་ཅུའི་ལྷ་དང་ནི།། ལྷ་མིན་ལྷན་ཅིག་གཡུལ་འགྱེད་ཚེ།། བདུག་པ་འདི་ཡིས་བདུགས་པ་དང་།། ལྷ་མིན་དེ་བཞིན་ཕམ་པར་འགྱུར།། དྲག་པོ་ཡིས་ནི་སུམ་བརྩེགས་བསྲེགས།། ཁྱབ་འཇུག་གིས་ནི་བ་ལི་བཅིངས།། མིའུ་ཐུང་གིས་ནི་ས་གཞི་མནན།། ལྷ་མིན་དབང་པོས་ཉི་ཟླ་དང་།། གཟའ་རྣམ་ཕམ་བྱས་འཁྲུགས་པར་གྱུར། ། བདུག་པའི་རྒྱལ་པོས་ཁྱད་པར་གྱིས།། མིའུ་ཐུང་ནི་ཀུན་ལས་རྒྱལ།། སྒྱུ་མ་བྱེད་པ་སྟོང་ཕྲག་བརྒྱ།། རྟག་ཏུ་རྣམ་པར་རྒྱས་པར་བྱེད།། བདུག་པའི་རྒྱལ་པོས་སྐྱ་བསེང་རྣམས།། རྣམ་པར་ཕམ་པར་ཐེ་ཚོམ་མེད།། བདུད་ནི་བྱེ་བ་སྟོང་ཕྲག་བརྒྱ།། འདྲེན་པས་བྱམས་པའི་སྟོབས་ཀྱིས་བཏུལ།། བདུད་ནི་བྱེ་བ་སྟོང་ཕྲག་བརྒྱ། བདུག་པའི་རྒྱལ་། མཐུ་སྟོབས་ཀྱིས།། སྡང་བའི་བདུད་ནི་ཡང་དག་ཟད།། རྒྱ་མཚོ་རྣམ་པར་བཀྲུག་བྱས་པས།། རྒྱ་མཚོར་གནས་ཀུན་གཅེར་བུར་འགྱུར།། སྣོད་གཅིག་གིས་ནི་སུམ་ཆ་བསྐམས།། ཡིད་བཞིན་ནོར་བུ་ཆུད་ཟོས་པས། ། དོན་ཀུན་གྲུབ་པ་བདག་ཉིད་ཆེས།། བདུག་སྤོས་འདི་ཡིས་བདུགས་བྱས་ནས།། སླར་ཡང་རང་གི་ཁྱིམ་འོངས་ཏེ།། རྟག་ཏུ་རྒྱལ་མཚན་རྩེར་བཏགས་ནས།། བདུག་པ་འདི་ཡིས་བདུགས་བྱས་ཤིང་། ། ཉིན་མཚན་བདུན་གྱི་བར་དུ་ནི།། རིན་ཆེན་བདུན་གྱི་ཆར་པ་ཕབ།། དེ་ལྟར་བདུག་པ་སྟོབས་ལྡན་ཡིན།། ལས་ཀྱི་དོན་ཀུན་སྒྲུབ་པར་བྱེད།། གཡུལ་ཆེན་པོ་ལྷུང་བའི་ཀླུའི་མཆོར་དགའ་བོ་དང་ཉེ་དགའ་བོས་རྒྱ་མཚོ་ཆེན་པོ་ལ་ལྷུན་པོ་ཆེན་པོའི་རི་རབ་ཀྱིས་སྲུབས་པས། དུག་མཛགས་པ་མགྲིན་སྔོན་གྱིས་དུག་འཐུངས་པ་བདུག་པའི་རྒྱལ་པོས་བསྐོར་བས་དུག་མེད་པར་བྱས་སོ། ། བདུག་པའི་རྒྱལ་པོ་འདིའི་མཐུས་བདུད་རྩིར་ཡོངས་སུ་བྱས་སོ།། དེ་ལྟར་བདུག་པའི་རྒྱལ་པོས་དུག་ཐམས་ཅད་འཇོམས་པར་ཐེ་ཙོམ་མེད་དོ།། གླིང་བཞི་པ་ཡི་དྲང་སྲོང་གིས།། དེས་ནི་མཎྜ་ལ་ཕམ་པར་བྱས། ། གཏན་ཕྱེད་ལ་ནི་ལོངས་སྤྱོད་པའི།། སྐྲ་ཅན་དབང་པོས་ལྟུང་བར་བྱས།། བདུགས་པའི་རྒྱལ་པོ་བསམས་པ་ཡིས།། བརྫུན་དུ་སྨྲ་བ་དེ་རྣམས་ཉམས།། དེ་ཕྱིར་བདེན་པར།། ། སྨྲ་བའི་ཕྱིར།། བདུག་པ་འདི་ནི་བདེན་པར་ལྡན།། བདེན་པའི་རྒྱལ་པོས་རབ་ཏུ་བསྒྲགས།། བདེན་པའི་ཆོས་དང་བདེན་པར་སྨྲ།། མཐའ་དག་བསྡུས་ལས་བྱམས་པའི་སེམས།། འཇིག་རྟེན་ཀུན་ལ་རྟག་ཏུ་བྱམས། ། སྙིང་རྗེ་དང་ནི་དགའ་བ་ཉིད།། བདུག་པ་གཞན་གྱིས་བདུགས་པ་འདི།། མཚོན་ཆ་ཐམས་ཅད་འཇོམས་པར་བྱེད།། བདེན་པས་བྱིན་གྱིས་བརླབས་པའི་བདུག་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། འཇིག་རྟེན་དབང་ཕྱུག་མགོན་པོ་འཇིག་རྟེན་པའི་རྟག་ཏུ་བླ་མར་གྱུར་པའོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་རིག་སྔགས་འཆང་རྣམས་ཀྱི་ཁྱད་པར་དུ་དམྱལ་བ་བཅུ་དྲུག་གི་འཇིགས་པ་མི་བཟད་པ་དང་། འཇིག་པ་ཆེན་པོས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དང་། ཡི་དགས་ཀྱི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་ཆེར་མི་བཟད་པ། རྟག་ཏུ་བཀྲེས་པ་དང་སྐོམ་པས་ཉེན་པ། ཀྱི་ཧུད་ཅེས་སྒྲ་སྒྲོགས་པར་བྱེད་པའི་སྐྲག་པ་དེ་ལ་སྐྱབས་མེད་དོ།། སེམས་ཅན་ཐམས་ཅད་རྗེས་སུ་བརྩེ་བ་ལ་བརྟན་པར་ཀུན་ཏུ་བལྟ་བར་བྱའོ།། འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་སུ་གསུངས་པ་ནི་བདུག་པའི་རྒྱལ་པོ་བླ་ན་མེད་པའོ། ། བདུག་པ་འདིས་བདུགས་ཏེ་གང་གི་དོན་དུ་མིང་ནས་སྨོས་པའང་མ་རུང་བ་འམ། ཡང་ན་བྱམས་པའང་རུང་སྟེ། ཡིད་ལ་བསམས་པ་རྣམས་སྒྲུབ་པར་བྱེད་དོ།། འདིས་བདུགས་ཏེ་བརྗོད་པ་ཙམ་གྱིས་མོད་ལ་འདི་རྣམས་ཐམས་ཅད་རྟག་ཏུ་འགྲུབ་པར་བྱེད་དེ།། སྤྱན་རས་གཟིགས་དབང་ཕྱུག་གི་གསུང་དགེ་བའོ།། གཟའ་ཟླ་བ་འམ་གཟའ་ཉི་མ་རྒྱུ་སྐར་ཉམ་ང་བ་ལ་གནས་པ་སྒྲ་གཅན་གྱིས་ཟོས་པ་རྣམས་དང་། མི་གང་ཡིན་པ་སྐྱེ་བའི་གནོད་པ་དང་། རྒྱལ་པོ་འམ། ཡང་ན་བུད་མེད་དམ། བློན་པོ་ཆེན་པོ་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། དམངས་རིགས་དང་། རྗེའུ་རིགས་དང་། སྐྱེ་བོ་གཞན་དང་འགྲོགས་པས་གནོད་པ་དང་། འཐབ་པ་ཉིད་དང་། སྡུག་བསྔལ་མི་བཟང་བས་ཉེ་བར་འཚེ་བ་ལ་བདུག་པའི་རྒྱལ་པོས་བདུགས་པས་དེའི་སྐད་ཅིག་ལ་དེ་དག་ཐམས་ཅད་མི་འབྱུང་ངོ་། ། བཟའ་བ་དང་བཏུང་བ་ཤིན་ཏུ་ཞིམ་པོ་ཐོབ་སྟེ། གོས་མེད་པའི་སྐྱེ་བོས་གོས་དང་། རྒྱན་དང་། ལྷ་རྫས་ཀྱི་དྲི་དང་། རཕྲེང་བ་དང་། བྱུག་པ་དང་། གོས་དང་། བཞོན་པ་དང་། ཁྲི་དང་། ཉེ་བར་བསྟེན་པ་དང་། ལྔབ་ལྷུབ་ཐམས་ཅད་སྐད་ཅིག་གིས་འབྱུང་སྟེ། གལ་ཏེ་ཡང་དག་པར་སྦྱར་བ་མ་ཡིན་ནའོ།། བསམ་པ་དང་། རེ་བ་དང་ཡིད་ཀྱི་ཤིང་རྟ་ཐམས་ཅད་མངོན་པར་སྨྲས་པས་འགྲུབ་པར་བྱེད་དོ། ། འཇིག་རྟེན་དབང་ཕྱུག་གི་གསུང་སྟེ། རྟག་ཏུ་འདི་དག་ཐམས་ཅད་འགྲུབ་བོ།། ཡི་དགས་རྣམས་ཀྱིས་ཟས་རྙེད་ཅིང་། ལྷ་རྫས་ཀྱི་གོས་དང་རྒྱན་མཆོག་རབ་ཏུ་འབྱུང་ངོ་། ། བདག་གི་སྡིག་པ་ཐམས་ཅད་རྟག་ཏུ་གྲོལ་བས་དམྱལ་བ་ལས་གྲོལ་ཏེ། དམྱལ་བ་མི་བཟད་པ་ཐམས་ཅད་ལས་གྲོལ་ལོ།། སྡུག་བསྔལ་ཐམས་ཅད་ལས་གྲོལ་ཏེ། སྐྱེ་བོ་བདེ་བ་ལ་རྩེ་བར་བྱེད་དོ། ། བདེ་ཞིང་བད་འགྲོར་འགྲོ་ལ་བདེ་བ་ཐམས་ཅད་དུ་ཐོབ་པར་བྱེད་དོ།། བདུག་སྤོས་འདིས་བདུགས་པས་མཆོག་གི་དྲི་སྣོམ་པར་བྱེད་དོ།། རྡུལ་དང་མུན་པ་ཅན་ཐམས་ཅད་བདུག་པ་བསྣམས། པབས་སངས་པར་བྱེད་དེ།། དཔེར་ན་ཉི་མ་ཤར་བས་འཇིག་རྟེན་གྱི་མུན་པ་རྣམ་པར་སངས་པར་བྱེད་པ་བཞིན་ནོ།། བདུག་པའི་རྒྱལ་པོ་འདིས་སྡུག་བསྔལ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་། དམྱལ་བ་ཐམས་ཅད་དང་། སྡིག་པ་དང་། འཇིགས་པ་ཐམས་ཅད་ལས་གྲོལ་ཏེ། ས་བཅུ་པོ་ཐོབ་ཅིང་བདེ་འགྲོའི་ལམ་བཟང་པོ་བསྟན་པ་དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས་བདུག་པའི་རྒྱལ་པོ་འདི་སྦྱར་བར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདུག་པ་ཆེན་པོའི་རྒྱལ་པོ་ཆེན་པོ་མོ་གཞིབ་མོ་དང་རྗེས་སུ་མཐུན་པ་འདི་གསུངས་སོ།། འཇིག་རྟེན་མགོན་པོའི་སྤྱན་སྔར་མཆོད་རྟེན་ལ་ས་ཕྱོགས་གང་དུ་བདུག་པ་འདིས་བདུག་པར་བྱ་སྟེ། དེ་བཞིན་གཤེགས་པའི་གནས་རྟག་ཏུ་བྱིན་གྱིས་བརླབས་པ་དང་། ཐམས་ཅད་དུ་རྒྱལ་བ་དང་། དེ་བཞིན་དུ་ལུང་བསྟན་པའི་ས་ཕྱོགས་དེར་གདྷཱའི་བྱེ་མ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་སྙེད་ཀྱི་སངས་རྒྱས་རྣམས་བཞུག་པ་དེར་རིག་སྔགས་འཆང་གིས་གང་དུ་བདུག་སྤོས་ཀྱིས་བདུགས་རྡོ་རྗེ་འཆང་བྱེ་བ་བརྒྱ་སྟོང་ཕྲག་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས། བཞོན་པ་དང་བཅས་པ་དང་། རྟག་ཏུ་རི་གངས་ལྡན་དང་། དེ་བཞིན་དུ་ནོར་བུ་བཟང་པོ་དང་། ལྔས་རྩེན་དང་། གང་བ་བཟང་པོ་དང་། ཀེ་ལཱི་ཀཱི་ལ་དང་། གནོད་སྦྱིན་ཆེན་པོ་ཡང་དག་ཤེས་དང་། མི་ལ་ཞོན་པ་དང་། སངས་རྒྱས་སྟོབས་དང་། སྟོབས་པོ་ཆེ་དང་། སྒྲ་སྒྲོག་སྐྱོང་དང་། ན་བཀྲུ་བ་ར་དང་། རབ་འཇོམས་དང་། དྷ་ཊ་བ་ཀ་དང་། སྟོབས་ཀྱི་ལྷ་དང་། རྫུ་འཕྲུལ། ཆེན་པོ་སྟེ། འདི་རྣམས་སྡེ་དང་བཅས། དཔུང་དང་བཅས། བཞོན་པ་དང་བཅས་པས་ཉིན་མཚན་རྟག་ཏུ་གནས་ནས་དེ་བཞིན་ཉིད་དུ་སྲུང་བར་བྱེད་དོ།། བདག་གི་དཔལ་ས་གསུམ་གྱི་ལྷ་མོ་རྟག་ཏུ་མཆོད་པར་བྱེད་དོ། ། རྟག་ཏུ་ས་གཞི་གང་དུ་བདུག་པ་རབ་ཏུ་བདུག་པར་བྱ་སྟེ། རྡོ་རྗེ་འཛིན་པ་དང་། དེ་བཞིན་ཉིད་དུ་གས་བ་པ་དང་བཅས་པ་དང་། ཆོས་འཛིན་པ་ལ་མཁས་པ་རྣམས་རྟག་ཏུ་སྲུང་བར་བྱེད་ཅིང་། དེ་བཞིན་ཉིད་དུ་ཚངས་པ་དང་། དྲག་པོ་ལྷའི་བུ་རྣམས་དང་བཅས་པ་དང་། དེ་བཞིན་ཉིད་དུ་ཁྱབ་འཇུག་དང་། ལྷའི་རིས་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་དུ་དུས་རྟག་ཏུའང་སྲུང་བར་བྱེད་དོ།། ཟླ་བ་དང་། ཉི་མ་དང་དེ་བཞིན་དུ་ཉིད་དུ་སྒྲ་གཅན་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་དང་། མཚན་མོའི་ལྷ་རྣམས་ཀྱིས་དུས་རྟག་ཏུ་སྲུང་བར་བྱེད་དོ།། འཇིགས་མ་དང་། དཔལ་མོ་དང་། དུང་ཅན་མའི་ལྷ་རྣམས་དང་། དབྱངས་ཅན་མ་དང་། ས་འཛིན་གྱི་ལྷ་རྣམས་དང་། ཆུ་ལྷ་དང་། ལྗོན་པ་དང་། ནགས་ཀྱི་རྩེ་མོའི་ལྷ་དང་། རིའི་ལྷ་དང་། ཆུ་ཀླུང་དང་། ལྟེང་ཀའི་ལྷ་དང་། གཤིན་རྗེ་དང་། ནུའི་ལྷ་དང་། ལུས་ངན་གྱི་ལྷ་དང་། གཞོན་ནུའི་ལྷ་དང་། ལྷའི་དྲང་སྲོང་བདག་ཉིད་ཆེ་བ་དང་། ལྟེང་ཀའི་ལྷ་དང་། ཆུ་ཀླུང་དང་། ལྟེང་ཀ་དང་། ལྷ་མ་ཡིན་དང་བཅས་པའི་ལྷ་རྣམས་དང་། ཟླ་བ་དང་། ཉི་མ་དང་། དེ་བཞིན་དུ་ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་དོ། ། རྟག་ཏུ་རྗེས་སུ་འབྲང་ཞིང་ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་འབྲང་སྟེ། སའི་ཕྱོགས་གང་དུ་བདུག་སྤོས་འདིས་བདུགས་པའི་ས་ཕྱོགས་སུ་རྟག་ཏུ་ལྔའི་གནས་སུ་བྱིན་གྱིས་བརླབས་སོ། ། འཇིག་རྟེན་དབང་ཕྱུག་དང་། མགོན་པོ་དང་། བླ་མ་དང་། རྣམ་པར་འདྲེན་པ་དང་། འཇིག་རྟེན་གྱི་སྐྱབས་དང་། མཆོག་སྦྱིན་པར་དེ་བཞིན་ཉིད་དུ་རྟག་ཏུ་རྒྱུན་མི་འཆང་བར་གནས་སོ།། གནས་དེར་བདུག་སྤོས་གང་ཡིན་པ་དེ་དག་གིས་མཆོག་ཏུ་བདུག་པར་བྱའོ། ། དྲི་མནམས་པ་ཙམ་གྱིས་མྱུར་དུ་སངས་རྒྱས་ཉིད་ཐོབ་བོ་ཞེས་སོ།། སེམས་ཅན་ཀུན་ལ་ཕན་དོན་ཕྱིར།། སྡུག་བསྔལ་ཐམས་ཅད་ལྡོག་བྱེད་པའི། ། རྫས་ཀྱི་མིང་རྣམས་བཤད་བྱ་ཡི།། ལྷ་དང་མི་རྣམས་མཉན་པར་གྱིས།། ཨ་ཀ་རུ་དང་རྒྱ་སྤོས་ཉིད།། དེ་བཞིན་ཙན་དན་སེར་མོར་བཅས།། བྲི་ཀ་ཉིད་དང་གི་ཧཾ་དང་།། ཀུན་ཏུ་རུ་བཅས་མཚོའི་མིག། རོ་དང་སྲ་རྩི་པོག་ཉིད་དང་།། དེ་བཞིན་གུར་ཀུམ་ན་ལ་ནད།། ཨ་རུ་ར་བཅས་དཔལ་བསྐོར་བ།། སཱ་མ་ཀཾ་དང་སྤང་སྤོས་བཅས།། པྲི་ཡང་ཀུ་བཅས་ཏུ་རུ་སྐ།། ཀ་ཡ་སྠ་དང་བ་ཡ་སྠ།། ན་མེ་རུ་དང་གླ་སྒང་བཅས།། རུ་རྟ་ཨ་ཀ་རུ་ན་ག་ཉིད།། ག་པུར་དང་ནི་གླ་རྩི་ཉིད།། ལཾ་ཀ་གསེར་ཤིང་འབྲས་བུ་དང་།། ཨརྐའི་འོ་མ་གསེར་འོ་མ།། སཱུ་ཧའི་འོ་མ་ཉིད་དང་ནི།། ཐོད་པ་སྐལ་བ་ལྡན་ཉིད་དང་།། སོ་མ་རཱ་ཛ་ཁྱབ་འཇུག་གནོན།། ཤིང་དགའ་རྒྱལ་དང་རྣམ་རྒྱལ་ཉིད། ། ནཱ་ཀུ་ལཱི་དྲིདྲྀ་ནཱ་ཀུ་ལཱཾ།། ཚངས་པའི་བུ་དང་ཀུ་མུ་ད།། པདྨའི་ཆུ་བ་སྦྲང་རྩི་དང་།། བུ་རམ་དཀར་པོའི་ཁུ་བ་དང་།། འདི་རྣམས་ལྷན་ཅིག་སྦྱར་བ་ཡི།། བདུག་པའི་མཆོག་འདི་བསྒྲུབ་པར་བྱ།། མཁས་པས་ལེགས་པར་ཁྲུས་བྱས་ཏེ།། གཙང་མས་གཙང་མའི་གོས་བགོས་ཤིང་།། ཟླ་བ་ཉའམ་བཅུ་བཞི་པ།། བཅུ་གསུམ་པའམ་ཚེས་བརྒྱད་ལ།། རྟག་ཏུ་སྦྱར་བྱ་ཉིན་མཚན་གཟུང་། ། སྔགས་ལ་མཁས་པས་བདུག་སྤོས་འདི།། སོ་སོ་སོ་སོར་ཀུན་སྦྱར་ནས།། ཕྱག་རྒྱ་དཀྱིལ་འཁོར་གསང་སྔགས་དང་།། མེ་ཏོག་བདུག་སྤོས་དྲི་རྒྱ་ཆེན།། མཆོད་པའི་ཆོ་ག་འདི་ཡིས་དང་།། གཏོར་མའི་ལས་ལ་མཁས་པ་དང་། ། མཆོད་ཡོན་སྣོད་ནི་གང་བ་དང་།། མགོ་ལའང་དྲི་དང་ཏིལ་མར་གྱི།། མར་མེ་ལེགས་གྲུབ་གནས་སུ་ནི།། ལེགས་སྦས་གཙང་མར་གནས་ཏེ་སྒྲུབ།། ལེགས་སྦས་གཙང་མར་གནས་པ་ཡི། ། སློབ་མ་མཆོག་གི་གྲོགས་ཀྱིས་ནི།། དོན་ཡོད་ཞགས་པའི་སྤྱན་སྔ་རུ།། འདུག་ནས་ཡོངས་སུ་དག་པའི་ལུས།། སྡོམ་དང་བྱམས་པའི་སེམས་བཞག་ནས།། སེམས་ཅན་ཀུན་ལ་སྙིང་རྗེ་བདག། སངས་རྒྱས་རྗེས་སུ་དྲན་སྒོམ་ཞིང་།། གསང་སྔགས་བཟླས་པའི་མཆོག་གྱིས་ཤིག། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་ཏེ། འཇིག་རྟེན་དབང་ཕྱུག་གི་ཞལ་ནས་བྱུང་བ། དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད། ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད། དོན་ཡོད་གྲུབ་པ་བརྒྱ་རྩ་བརྒྱད་ཚིག་དང་ཡི་གེ་ཤིན་ཏུ་གསལ་བར་བཟླས་ནས། དོན་ཡོད་པའི་རྒྱ་མཚོའི་ནོར་བུ་པདྨ་ལ་རྣམ་པར་ལྟ་བའི་དཔལ་དྲི་མ་མེད་པ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་ཕྲག་བཅུ་བཟླས་ཏེ། དེ་ནས་གསང་སྔགས་འདི་སྟོང་ཕྲག་བརྒྱ་བཟླས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨ་མོ་གཱ་ཧྲི་ད་ཡན། ཙ་ར་ཙ་ར་ཙ་ར། མཐཱཀྵ་ནྱ་ཎིཀཱ་ས། སཱདྷ་ཡཛྫ། ཨ་བྷྲཱུཾའི་ཨུ0f7f་ཡ། ཨ་མོ་ཀྵ་བྷག་བསྟེ་སྭཱཧཱ། དེ་ནས་གས་སྔགས་བརྗོད་པར་བྱ་སྟེ། མཉམ་པར་བདག་པ་ལས་ཐམས་ཅད་ལ་མཁས་པས་བདུག་སྤྲོས་ཀྱི་མཆོགས་བཟླས་པ་ཙམ་གྱིས་མོད་ལ་བདུག་སྤོས་ཀྱི་རྒྱལ་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། ། དོན་ཡོད་པའི་ཞགས་པ་སྣང་བ་རྒྱ་ཆེ་བ་ནོར་བུ་ཆེན་པོའི་སྤྲིན་གྱི་མ་མེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གཟིགས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་སྦྱིན་པའི་འཁོར་ལོས་སྒྱུར་བ་ཞེ་བྱ་བའི་བདུག་པའི་རྒྱལ་པོ་ཡིན་ཏེ། ཐོག་མར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྔགས་འདི་ལན་བདུན་བཟླས་ཏེ་བདུག་པ་དབུལ་བར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་མ་ཧཱ་ཨ་མོ་གྷ་ཛ་ཡ་ཛ་ཡ་སྭཱ་ཧཱ། དེའི་འོག་ཏུ་བདག་རང་བདུགས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་བདུག་པ་ཙམ་གྱིས་མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་སྟོན་པར་འགྱུར་རོ། ། དགེ་སྦྱོང་དང་བྲམ་ཟེའི་གཟུགས་ཀྱིས་དེ་དང་ལྷན་ཅིག་སྨྲ་བར་བྱེད་དོ།། གང་ལ་སྨྲས་པ་དང་། གང་ལ་གཏམ་བྱས་པ་དེ་ཐམས་ཅད་ཚེ་འདི་ལ་འགྲུབ་པར་འགྱུར་རོ།། ། དེའི་འོག་ཏུ་མཚན་མོ་རང་གི་གཟུགས་སྟོན་པར་འགྱུར་ཞིང་མཆོག་ཐམས་ཅད་སྦྱིན་པར་མཛད་དོ།། དོན་ཡོད་པའི་ཡེ་ཤེས་ཐོབ་པར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ཡོངས་སུ་གྲོལ་བར་འགྱུར། སྔོན་གྱི་སྒྲིབ་པ་དང་སྡིག་པ་དམྱལ་བའི་ཚོར་བ་མྱོང་བར་འགྱུར་བ་ཟད་ཅིང་མཐར་ཐུག་པར་འགྱུར་རོ། ། གང་བདག་གིས་ལུས་ལ་བདུགས་པ་ཙམ་དང་མཐོང་བ་ཙམ་གྱིས་མོད་ལ་ཐམས་ཅད་དབང་དུ་འགྱུར་རོ། ། ཡུལ་འཁོར་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དང་། བློན་པོ་དང་། བློན་པོ་ཆེན་པོ་དང་། བཀྲབས་པ་དང་། བྲམ་ཟེ་མདུན་ན་འདོན་དང་བཅས་པ་དབང་དུ་འགྱུར་ཞིང་ཐམས་ཅད་བགྱི་བ་ཅི་མཆིས་ཞེས་བྱ་བ་བྱེད་པར་འགྱུར་རོ། ། རིག་བཞིའི་འཇིག་རྟེན་དབང་དུ་འགྱུར་རོ།། ཚེས་བཅུ་བཞི་དང་། བཅོ་ལྔ་དང་། ཚེས་བརྒྱད་ལ་ཁྲུས་ལེགས་པར་བྱས་ཏེ། གོས་གཙང་མ་བགོས་ལ། བ་ལས་བྱུང་བ་ལྔས་བྱུགས་པས་ཁྱིམ་གྱི་ཕྲུགས་སུ་དཀྱིལ་འཁོར་བྱས་ལ། མེ་ཏོག་དང་མཆོད་ཡོན་གྱི་སྣོད་གཞག་པར་བྱ། གཏོར་མ་དཀར་པོ་ཉེ་བར་གཞག་པར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ་ཕྱོགས་བཞིར་ཕྱག་བྱས་ལ་བདུག་པའི་རྒྱལ་པོ་འདིས་བདུག་པར་བྱས་ན། བདུགས་པ་ཙམ་གྱིས་མོད་ལ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་རེ་རེར་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱལ་བདུག་པའི་སྤྲིད་འཁྲིགས་པ། ལྷའི་སྤོས་ཀྱིས་བསྒོས་པ། མི་མཉམ་པ་དང་མཉམ་པའི་བདུག་སྤོས་ཆེན་པོ་ཙན་དན་སྦྲུལ་གྱི་སྙིང་པོ་དང་། གོ་ཤིར་ཤ་དང་། ཏ་མེ་ལའི་ལོ་མ་དང་། བདུག་སྤོས་མང་པོས་ནམ་མཁའི་ངོས་ཁེབས་པས་མཆོད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་། སུམ་ཅུ་རྩ་གསུམ་ན་གནས་པའི་ལྷ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འོག་མིན་གྱི་གནས་ན་གནས་པའི་ལྷའི་བར་ཐམས་ཅད་བདུག་པའི་དྲིས་རབ་ཏུ་དགའ་བར་འགྱུར་རོ། ། རྒྱུ་སྐར་དང་། སྐར་མའི་ཚོགས་དང་། ཉི་མ་དང་། ཟླ་བ་ཐམས་ཅད་དགའ་བར་འགྱུར་ཏེ། འདི་ལ་ཐེ་ཙོམ་མི་བྱ་ཞིང་ཡིད་གཉིས་བསྐྱེད་པར་མི་བྱའོ།། སྐད་ཆེན་པོས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་པ་བྱས་ན། དེས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་ཞིང་། རིག་སྔགས་འཆང་དེ་ལའང་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པར་འགྱུར། དུས་ཀུན་ཏུ་དགོངས་པར་འགྱུར། ཡང་དང་ཡང་དུ་གཟིགས་པའི་ཕྱིར་བྱོན་པར་འགྱུར་རོ། ། བདེ་བ་ཅན་ན་བཞུགས་པ་དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་རབ་ཏུ་དགྱེས་པར་འགྱུར། རིག་སྔགས་འཆང་ལ་དོན་ཡོད་པ་ཆེན་པོའི་དངོས་གྲུབ་སྩོལ་བར་མཛད། གཟིགས་བཞེད་པར་འགྱུར་རོ།། ཀླུ་ཐམས་ཅད་ལ་བདུགས་པ་ཙམ་གྱིས་དབང་དུ་འགྱུར་ཞིང་གཅང་ཆར་ཆེས་ན་གཅོད་པར་བྱེད་ཅིང་། ཆར་མི་འབབ་ན་ཆར་འབེབས་པར་བྱེད་དོ།། རླུང་དང་། སེར་བ་དང་། སྤྲིན་ཐམས་ཅད་གཅོད་པར་བྱེད། བདུགས་པ་ཙམ་གྱིས་གདོན་ཐམས་ཅད་འཇིག་པར་འགྱུར། བགེགས་དང་ལོག་འདྲེན་ཐམས་ཅད་ཕྱོགས་བཅུར་དཔག་ཚད་སྟོང་དུ་འབྲོས་པར་འགྱུར། མ་མོའི་གནས་སུ་བདུགས་ན་རླུང་དང་། སེར་བ་དང་། སྤྲིན་ཐམས་ཅད་གཅོད་པར་བྱེད་དོ།། མ་མོའི་ཚོགས་དང་ནག་པོ་ཆེན་པོ་ལ་སོགས་པ་འགུགས་པར་འགྱུར་ཞིང་དབང་དུ་གྱུར་ནས་འདུག་པར་འགྱུར། བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ།། གཡུལ་འགྱེད་པའི་ཚེ་བདུགས་ན་དཔུང་གི་ཚོགས་ཡན་ལག་བཞི་པའི་དཔུང་ལས་རྒྱལ་བར་འགྱུར། ཐམས་ཅད་དུ་བདུགས་པ་ཙམ་གྱིས་རྒྱལ་བར་འགྱུར། ཐམས་ཅད་དུ་སྦྱར་བར་བྱས་ན་ཀུན་ཏུ་གྲུབ་པ་ཆེན་པོར་འགྱུར་རོ།། བདུག་པའི་ཆོ་གའོ།། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་གཅིག་པ།། ། དེ་ནས་རིག་སྔགས་འཆང་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཐིག་ལེ་བྱ་བ་དང་། གདོང་བཀྲུ་བ་དང་། ལུས་བསླུ་བ་བྱས་ན་ཡ་ལང་དང་གོ་ཆ་བགོས་པ་དང་འདྲ་བར་འགྱུར་བར་བཤད་པར་བགྱི་ཡིས། བཅོམ་ལྡན་འདས་གསན་དུ་གསོལ། དོན་ཡོད་པའི་ནོར་བུ་རྒྱ་ཆེན་པོ་རྡོ་རྗེ་ཞགས་པ་ཞེས་བྱ་བའི་ནོར་བུ་གང་སྦྱོར་བར་བྱས་པ་ཙམ་གྱིས་ཐམས་ཅད་འགྲུབ་པ། བླ་ན་མེད་པ། མཁས་པས་མཛོད་སྤུ་རྣམས་སུ་ཐིག་ལེ་བྱས་ན་ཚོགས་ཀྱི་ནང་དང་། སྐྱེ་བོ་མང་པོའི་ནང་དང་། ཚོགས་པའི་ནང་དང་དགེ་འདུན་གྱི་ནང་དང་། དེ་བཞིན་དུ་རིག་བྱེད་ཀྱི་ཚོགས་པནིའི་རང་དུ་སྐར་མའི་ཚོགས་ཀྱི་ནང་ན་ཟླ་བ་ཆེས་པ་བཞིན་དུ་མཛེས་ཤིང་འཇིགས་པ་མེད་དོ།། ལྷ་རྣམས་ཐམས་ཅད་ལ་མཚན་སྐྱེ།། དྲག་པོ་ཡིན་ཅིང་པན་འཆང་། ། འཇིག་རྟེན་མགོན་པོའི་གཡས་ཀྱི་དབུའི།། དབུ་རྒྱན་རྩེ་བྲན་ཟླ་ཚེས་བཞིན།། གདོང་བཀྲུ་བ་ནི་མཆོག་ཡིན་ནོ།། ཟླ་བ་ཉ་བའི་འོད་དང་མཚུངས།། སྤྲིན་མ་རྣབ་དཔྲལ་བ་དང་།། པདྨ་དཀར་ཤམ་ཤིན་ཏུའཇམ། ། མིག་གཉིས་ཨུཏྤལ་སྔོན་པོ་འདྲ།། སེམས་ཅན་ཐམས་ཅད་དགའ་བས་ལྟ།། དགའ་ཞིང་རྟག་ཏུ་ཚིག་བཅན་འགྱུར།། དེ་ཡི་མིག་གིས་གང་མཐོང་བ།། ཐམས་ཅད་དབང་དུ་གྱུར་པར་འགྱུར།། སྐྱེས་པ་དག་ལ་བསྐུ་བྱས་ན། ། རྟག་ཏུ་རིག་སྨྲ་བློ་ཆེ་ཞིང་།། རྟག་ཏུ་ཡ་ལད་གོ་བགོས་པའི།། འཇིག་པ་མེད་པའི་ལུས་སུ་འགྱུར།། འབྱུང་པོ་རྣམས་ནི་མི་བཟོད་ཅིང་།། གནོད་སྦྱིན་སྲིན་པོ་གསང་བ་པས།། རྟག་ཏུ་ཐུབ་པར་མི་འགྱུར་རོ། ། སྟོབས་ཆེན་ཕ་རོལ་གནོན་པ་དང་།། རྟག་ཏུ་སྲེད་མེད་སྟོབས་ལྡན་ཞིང་།། གླང་ཆེན་སྟོང་གི་སྟོབས་ལྡན་འགྱུར།། ལྷ་རྣམས་འདར་ནི་ཡིད་ཡོད་ཅིང་།། ཀླུ་རྣམས་མཚོན་སྐྲག་པར་བྱེད།། གལ་ཏེ་རིག་སྔགས་སྨྲ་བ་ཡིས།། རེག་ན་རི་རབ་ལྷུན་པོ་ཡང་།། གཡོ་བར་འགྱུར་བ་ཐེ་ཙོམ་མེད།། རྟག་ཏུ་སྲེད་མེད་སྟོབས་ལྡན་ཞིང་།། སྟོབས་དང་གཟུགས་དང་རྩལ་ལྡན་འགྱུར།། ནོར་བུ་རྒྱལ་པོ་བླ་ན་མེད།། འདི་ནི་ཐོས་པ་ཙམ་གྱིས་སུ།། སྡིག་པ་ཀུན་ལས་ངས་གྲོལ་ཞིང་།། དུག་རྣམས་ཐམས་ཅད་འཇོམས་པར་བྱེད།། དཔལ་དང་སྐལ་བཟང་རྟག་འཐོབ་འགྱུར།། གང་གི་ལག་ཏུ་ཐོབ་གྱུར་པ།། སྒྲིབ་པ་ཀུན་ལས་ངེས་གྲོལ་ཞིང་། ། དེ་བཞིན་འཇིག་རྟེན་དགའ་བར་འགྱུར།། དེ་ནི་དེ་བཞིན་གཤེགས་ཀུན་གྱི།། ཐུགས་སྐྱེས་གསུང་སྐྱེས་སྲས་སུ་འགྱུར།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། བླ་མ་རྟག་ཏུ་རྗེས་འབྲང་ཞིང་། རིག་སྔགས་སྨྲ་བ་དབུགས་དབྱུང་ཕྱིར།། དེ་བཞིན་དུ་ནི་སྲུང་བ་དང་།། རྟག་ཏུ་མཆོག་ནི་སྦྱིན་པར་འགྱུར།། འཇིག་རྟེན་མགོན་པོ་ཐུབ་ཆེན་གྱི།། བསོད་ནམས་ཕུང་པོ་ཆེན་པོ་འཐོབ། གང་ཞིག་ནོར་བུ་འདི་འཆང་བ་དེ་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་སྙེད་ལས་དགེ་བའི་རྩ་བ་བསྐྱེད་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མཐོང་ཞིང་དབུགས་འབྱིན་པ་དང་ཕྱི་བཞིན་འབྲང་བར་འགྱུར་རོ། ། དཔལ་དང་སྐལ་བ་བཟང་པོ་ཐམས་ཅད་དང་ལྡན་པར་འགྱུར། རྟག་ཏུ་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་པར་འགྱུར། སེམས་ཅན་ཐམས་ཀྱིས་མཆོད་པ་གཅིག་པུར་འགྱུར། དགྲ་ཐམས་ཅད་ཀྱིས་མི་སོད་པར་འགྱུར། ཕྱག་ན་རྡོ་རྗེས་དེ་ལ་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་གནས་པར་འགྱུར། ཕྱག་ན་པདྨ་རང་རྟག་དུ་མཆོག་སྦྱིན་པར་འགྱུར་རོ། ། རིག་སྔགས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་སྟེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་ཆེན་པོ་བཟུང་བས་སྡང་བ་བདུད་ལ་སོགས་པ་ཐམས་ཅད་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ལས་རྒྱལ་ཏེ། ཕ་རོལ་ཕམ་པར་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ།། འདི་རྔ་བོ་ཆེ་ལ་བསྐུས་ཏེ་བརྡུངས་ན་ཆོས་ཀྱི་རྔ་བོ་ཆེ་བརྡུངས་པར་འགྱུར་རོ།། གང་དག་སྒྲ་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔའི་སྡིག་པ་རབ་ཏུའི་བར་འགྱུར་རོ།། ཐ་ན་དུད་འགྲོའིའོ་སྐྱ་གནས་སུ་གཏོགས་པའི་རི་དགས་དང་བྱ་གང་ཡིན་པ་དེ་དག་ཐམས་ཅ་ཡོངས་སུ་གྲོལ་བར་འགྱུར་རོ། ། འཕགས་པ་ལ་སྲུང་བ་འདེབས་པ་དང་། དམ་པའི་ཆོས་སྤོང་བ་དང་། མན་མེད་པ་ལ་གཞོལ་ཞིང་གནས་པ་དག་ལས་ཡོངས་སུ་གྲོལ་བར་འགྱུར། དམྱལ་བ། ཆེན་པོ་བཅུ་དྲུག་ལས་ཡོངས་སུ་གྲོལ་བར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། དེ་ལ་དུག་གི་འཇིགས་པ་འབྱུང་བར་མི་འགྱུར། མེའི་འཇིགས་པ་འབྱུང་བར་མི་འགྱུར། མཚོན་གྱི་འཇིགས་པ་འབྱུང་བར་མི་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར། རིམས་ཐམས་ཅད་ཀྱི་འཇིགས་པ་འབྱུང་བར་མི་འགྱུར། འདི་དྲུང་ལ་བསྐུས་ཏེ་བུས་ན་ཆོས་ཀྱི་དུང་ཆེན་པོ་བུས་པར་འགྱུར། ཐ་ན་དུང་གི་སྒྲ་ཐོས་པའི་བར་དེ་དག་ཐམས་ཅད་ཀྱང་སླར་ལྡོག་པར་མི་འགྱུར། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་ཀྱང་སྐྱེ་བ་དང་། རྒ་བ་དང་། ནད་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པའི་སྡུག་བསྔལ་ལས་ཡོངས་སུ་འགྲོལ་བར་འགྱུར། འདི་ནི་སྐྱེ་བ་ཕྱི་མ་ཡིན་ཏེ། ཤི་ནས་ཐམས་ཅད་རིས་མཐུན་པར་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམ་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར། ལུས་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པ། པདྨ་ལས་སྐྱིལ་མོ་ཀྲུང་བཅས་ཏེ་སྐྱེ་བར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་འོད་དཔག་མེད་ལས་མངོན་སུམ་དུ་ཆོས་ཀྱི་འཕེལ་གཏམ་ཐོས་པར་འགྱུར་རོ། ། ཟླ་བ་ཡར་གྱི་རོལ་ཅོད་པན་དཀར་པོ་བཅིངས་ཏེ་ནོར་བུ་ཆེན་པོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་བསྒྲུང་བཅམ་གྱིས་མོད་ལ་ཆོས་ཀྱི་རྒྱལ་མཚན་བསྒྲེངས་པར་འགྱུར་རོ། ། འདི་རྒྱལ་མཅན་ཀྱི་རྩེ་མོ་ལ་བཏགས་པ་མཐོང་བ་ཅམ་གྱིས་དེ་བཞིན་གཤེགས་པ་ཅུས་ཆུབ་ཀྱི་སྙིང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བའི་རྒྱལ་མཚན་བསྒྲེང་བ་མཐོང་བར་རིག་པར་བྱའོ།། འདི་བསྒྲེངས་པ་ཙམ་གྱིས་འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲག་ཐམ་ཅད་ཞི་བར་འགྱུར། གནོད་པ་ཐམས་ཅད་དང་། མི་ངས་དང་། མུ་གེའི་དགོན་པ་རབ་ཏུ་ཞི་བར་འགྱུར། ཆོམ་པོ་དང་། གཡོན་ཅན་དང་། རྐུན་མ་དང་། ཕྱིར་རྒོལ་བ་དང་། མི་མཛའ་བ་འཇིག་པར་འགྱུར། རང་གི་དཔུང་དང་། གཞན་གྱི་དཔུང་དང་ལྡན་པའི་གདུག་པའི་སེམས་ཅན་རབ་ཏུ་ཞི་བར་འགྱུར། དུག་མི་བཟད་པ་དང་། གཅན་གཟན་གཏུམ་པོ་དང་། བྱ་དང་། སྦྲང་བུ་དང་། ཤ་སྤང་དང་། བྱེ་བ་དང་། སྡིག་སྦྲུལ་དང་། འབྲས་དང་། ལོའུ་ཏ་དང་། དུག་དང་། ཤུ་བ་དང་། ལྡོག་པ་དང་། མཚན་མར་རྡོལ་བ་དང་། སྐེ་བགགས་པ་ཐམས་ཅད་འཇིགས་པར་འགྱུར། སྡང་བའི་ཀླུ་དང་། སར་བ་དང་། གྲང་བ་དང་། རླུང་གིས་མི་ཚུགས་ཤིང་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། བདེ་བ་དང་། དགའ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་མང་པོ་དང་། མི་མང་པོས་ཡོངས་སུ་གང་ཞིང་འབྱོར་པར་འགྱུར། ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དང་མགུ་བར་འགྱུར། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ཟས་དང་། སྐོམ་རོ་ཞིམ་པ་དང་། ཤིན་ཏུ་འཇམ་པ་ཕུན་སུམ་ཚོགས་པ་འགྱུར། ཐམས་ཅད་དུ་ལྷའི་རིག་པ་དང་བཅས་པའི་བབའ་བ་དང་བཏུང་བ་འབྱུང་བར་འགྱུར་རོ།། སྣང་བའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་བ་དང་། འཕྲ་མེནས་དང་། ཡི་དགས། དང་། བརྗེད་བྱེད་དང་། སྦྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། གྲིབ་མ་དང་། བཟའ་ཉེས་དང་། འགོ་མཉེས་དང་། བལྟ་ཉེས་དང་། གྲིབ་མ་ངན་བཞི་པར་འགྱུར་ཞིང་མི་ཚུལ་པར་འགྱུར། སེམས་ཅན་དེ་དག་ཐམས་ཅད་ཕན་ཚུན་བྱམས་པའི་སེམས་སུ་འགྱུར། མཆོག་ཏུ་ཡིད་བདེ་བའི་གནས་པས་གནས་པར་འགྱུར་རོ།། ཡོན་ཏན་དང་ཕན་ཡོན་ཆེན་པོ་དེ་དག་ནི་ནོར་བུའི་རྒྱལ་པོ་ཆེན་པོའི་བྱིན་གྱི་རླབས་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་བཞིན་འཛུམ་ཞིང་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གྲུབ་པའི་རྫས་ཀྱི་མཆོག་ནོར་བུ་གདགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ། བདག་གི་སྙིང་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་རྗེས་སུ་བསྒྲགས་པར་བགྱིའོ། ། གསེར་དང་། ན་ལ་ད་དང་། གིའུ་ཝང་དང་། བ་པླ་དང་། ལྡོང་རོས་དང་། པདྨ་དང་། ཨུཏྤལ་དང་། གུར་ཀུམ་དང་། ནག་པུས་པ་དང་། ཏཱ་ཙ་དང་། ཏ་རག་དང་། ཙན་དན་རྣམ་གཉིས་དང་། སྤྲིག་ཀ་དང་། ཀཱ་ལ་ཀ་དང་། རུ་རྟ་དང་། ཤུ་ཏི་དང་། པྲི་ཡང་ཀུ་དང་། ཧ་རེ་རྩ་ཀེ་དང་། སུག་སྨེལ་དང་། ལོ་དྷ་དང་། ཛཱ་ཏ་པ་ཏྲི་ཀ་སུ་མན་དང་། སཱ་མ་ཀ་དང་། སྲ་རྩི་པོག་དང་། ཤིང་ཨརྐའི་འོ་མ་རྣམས་བསགས་ཏེ་ཆ་མཉམ་པར་བྱས་ལ་གསེ། གཉིས་འགྱུར་དུ་བྱས་ཏེ། རྒྱུ་སྐར་བཟང་པོ་དང་ཚེས་གྲངས་ཤིས་ཤིང་དགེ་བ་ལ་ཁྲུས་ལེགས་པར་བྱས་ཏེ། གོས་གཙང་མ་བགོས་ནས་ཉིན་ཞག་གཅིག་བྱམས་པའི་སེམས་ལ་མཉམ་པར་བཞག་སྟེ། ཕྱེ་མ་ཞིབ་མོར་བྱས་ཏེ། དོན་ཡོད་པའི་ཞགས་པའི་རྒྱལ་པོའི་སྙིང་པོའི་གཟུངས་སྟོང་རྩ་བརྒྱད་བཟླས། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར་ལ་དྲི་ཆབ་བཟང་པོས་སྤུངས་ཏེ་སྦྱར་ལ། གསར་དང་བསྲེས་ལ་ག་པུར་དང་གླ་རྩིའི་བདུག་པས་བདུགས་ཏེ། ནོར་བུ་ཞོ་གཉིས་པའི་ཚད་དུ་བྱས་ནས་ཕུག་ལ་རས་སྐུད་ཀྱིས་བཏགས་ཏེ་གསེར་གྱིས་གཡོགས་ལ། ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མི་སྨྲ་བར་བསྒྲུབ་པར་བྱས་ལ། དེ་ཉིད་ཀྱི་ཞབས་དྲུང་དུ་གྲིབ་མ་ལ་བསྐམ་པར་བྱ་སྟེ། ཕྱེད་དམ་བཞི་ཆ་གསེར་གྱིས་གཡོག་པར་བྱ་ཞིང་ཕྱེད་གཡོག་པར་མི་བྱའོ།། གང་ལ་གསེར་གྱིས་གཡོགས་པ་འདི་ནི་གང་ལ་དོན་ཡོད་པའི་ཞགས་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དང་འདྲ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་ཆེན་པོ་སྒྲུབ་པར་བྱེད་དོ།། གསེར་གྱིས་མ་གཡོགས་པས་ནི་འཇིག་རྟེན་པའི་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་དེ། ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། ལུ་ཏ་དང་། འབྲས་དང་། འགྲོ་བའི་ནད་དང་། ཤུ་བ་དང་། ལྡོག་པ་དང་། མཚན་མར་རྡོལ་བ་དང་། ཕོལ་མིག་དང་། ཤ་བཀྲ་དང་། མིག་ནད་དག་ཀླད་ནད་དང་། གཞོགས་ཕྱེད་ན་བ་དང་། མགུལ་བ་འགགས་པ་དང་། ཁ་ནད་དང་། སྣ་ནད་དང་། རྣ་བའི་ནད་དང་། སོ་ནད་དང་། རྐན་ན་བ་དང་། ལྕེན་པ་དང་། མཆུན་པ་དང་། སྙིང་ན་པ་དང་། རྩིབ་ལོགས་ན་བ་དང་། ལྟོ་བ་ན་བ་དང་། མཆིན་པ་ན་བ་དང་། རྒྱབ་ན་བ་དང་། གཅིན་སྙི་བ་དང་། གཟུག་གཟེར་དང་། འཁྲུ་བ་དང་། ཕོ་བའི་ནད་དང་། གཞང་འབྲུམ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་རིམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། རིམས་ཉིན་བཞི་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། ། ལུས་ཀྱི་ནང་གི་ནད་ཐམས་ཅད་ལ་ཆུ་དྲོན་དང་ལྷན་ཅིག་སྦྱིན་ནོ།། ཕྱི་རོལ་གྱི་ནད་ཐམས་ཅད་དང་གནོད་པ་ཐམས་ཅད་ལ་བྱུགས་པ་ཙམ་གྱིས་ཡོངས་སུ་གྲོལ་བར་འགྱུར་རོ།། ཐམས་ཅད་དུ་དགོས་པ་ཐམས་ཅད་ལ་སྦྱར་བ་ཙམ་གྱིས་ཐམས་ཅད་འགྲུབ་པ་འགྱུར་ཏེ། ཐེ་ཙོམ་མི་བྱའོ།། གསེར་གྱིས་གཡོགས་པ་དཔུང་པ་ལ་བཏགས་ན་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་ཏེ། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཕྱག་ན་རྡོ་རྗེ་དང་། པདྨ་འཆང་དང་འདྲ་བར་འགྱུར་རོ།། དགོས་པ་ཐམས་ཅད་འགྲུབ་པ་བླ་ན་མེད་པ་རྣམ་པ་གསུམ་པོ་འདི་ལ་སྦྱར་བར་བྱ་སྟེ། ཐིག་ལེ། དང་། གདོང་པ་བཀྲུ་བ་དང་། ལུས་བསྐུ་བའོ།། ཡིད་ལ་ཇི་ལྟར་བསམས་པའི་དགོས་པ་སྒྲུབ་པའི་དེ་ཁོ་ན་ཉིད་འགྲུབ་པ་སྟེ། ཐེ་ཙོམ་མི་བྱའོ།། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དང་། སྐྱེ་བོ་དང་བློན་པོར་བཅས་པ་རྟག་ཏུ་བགྱི་བ་ཅི་མཆིས་ཞེས་བྲན་བཞིན་དུ་དབང་དུ་འགྱུར་རོ།། ནོར་བུ་སྤྱི་གཙུག་ཏུ་བཞག་ནས་རིག་སྔགས་བཟླས་ན་བགེགས་མེད་པར་ཐམས་ཅད་འགྲུབ་པར་འགྱུར་རོ། ། ལག་པ་གཡས་པ་ལ་བཏགས་ཏེ་རིག་སྔགས་བཟླས་ན་བཟླས་བརྗོད་ཀྱི་ཆོ་ག་སྟོང་ཕྲག་བརྒྱ་འགྱུར་དུ་བྱས་པར་འགྱུར་ཏེ། ལན་ཅིག་བཟླས་པས་སྟོང་ཕྲག་བརྒྱར་རབ་ཏུ་འཕེལ་བར་འགྱུར་རོ། ། མགུལ་པར་བཏགས་ཏེ་བཅངས་ན་ཁྲུས་མ་བྱས་པ་ཁྲུས་བྱས་པར་འགྱུར། མི་གཙང་བ་གཙང་བར་འགྱུར། ཚངས་པར་མི་སྤྱོད་པ་ཚངས་པར་སྤྱོད་པར་འགྱུར། ཐུབ་པར་མ་བྱས་པ་ཐུབ་པར་བྱས་པར་འགྱུར། སྨྱུང་བ་མ་བྱས་པ་སྨྱུང་བ་བྱས་པར་འགྱུར། ཚིག་མི་བཙན་པ་ཚིག་བཙན་པར་འགྱུར། མ་གྲུབ་པ་གྲུབ་པར་འགྱུར། དམ་ཚིག་མི་ཤེས་པ་དམ་ཚིག་ཤེས་པར་འགྱུར། བྱམས་པའི་སེམས་དང་ལྡན་པར་འགྱུར། སྦྱིན་པ་གང་ཅུང་ཟད་ཅི་སྦྱིན་པ་ཆུང་ངུའང་སྟོང་ཕྲག་བརྒྱ་འགྱུར་དུ་སྦྱིན་པ་ཆེན་པོ་འཕེལ་བར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར། ནོར་བུ་འདི་ལག་མཐིལ་གཡས་པ་ལ་བཏགས་ན་གང་ལ་རེག་པ་དེ་ཟད་མི་ཤེས་པར་འགྱུར་རོ། ། སུ་ལའང་བརྗོད་པར་མི་བྱ་སྟེ། དེའི་འོག་ཏུ་དེ་དག་ཐམས་ཅད་འཕེལ་བར་འགྱུར་རོ།། རྐེད་པ་ལ་བཏགས་ཏེ་ཆུའི་ནང་དུ་ཞུགས་ན་ཆུ་ཀླུང་ཆེན་པོའི་གཏིང་བསླེབས་པར་འགྱུར་རོ། ། དེ་ནས་ནོར་བུ་སྒྲུབ་པར་འདོད་པས་དངུལ་ཤིན་ཏུ་ཡོངས་སུ་དག་པ་ལས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་ཕྱེ་བ། དབུས་ཀྱི་སྙིང་པོ་དང་ཟེ་བ་ཟ་མ་ཏོག་འདྲ་བ་སོར་བཅུ་དྲུག་པའི་ཚད་དུ་བྱས་ལ། དེའི་དབུས་སུ་གསེར་གྱི་ནོར་བུ་གཞག་པར་བྱའོ།། བ་ལང་གི་ལྕི་བ་བ་ལང་གི་གཅིན་དང་ལྡན་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་ཚོན་སྣ་ཚོགས་ཀྱིས་བྲི་བར་བྱ་སྟེ། ཁོ་ར་ཁོར་ཡུག་ཏུ་པདྨ་བྲིས་ལ། པདྨའི་དབུས་ཀྱི་ཟེ་བར་དངུལ་ལས་བྱས་པའི་པདྨ་བཞག་སྟེ། བུམ་པ་གང་བ་བཞི་དང་གཏོར་མའི་བུམ་པ་བཞི་གཞག་པར་བྱ་ཞིང་། མེ་ཏོག་དགྲམ་པར་བྱ། ཚོན་རྣམ་པ་སྣ་ཚོགས་ཀྱིས་བྲི་བར་བྱ། ཨ་ཀ་རུ་དང་། ཙན་དན་དང་། དུ་རུ་ཀའི་བདུག་པས་བདུག་ཅིང་གཏོར་མ་དཀར་པོ་གཞག་པར་བྱ། འཕན་གདུགས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པར་བྱམར་གྱི་མར་མེ་སུམ་ཅུ་རྩ་གཉིས་བལྟམ་པར་བྱ། འབྲས་བུ་དང་མེ་ཏོག་འཕྲེང་སྣ་ཚོགས་གཞག་པར་བྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་ཕྱོགས་པར་གཞག་སྟེ། རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ལ་ཉིན་མཚན་གཅིག་སྨྱུང་པར་བྱས་ལ་ཚེས་བཅོ་ལྔ་ནས། ཉི་ཤུ་དགུ་དང་གནམ་སྟོང་གི་བར་དུས་འཚམས་གསུམ་དུ་མཆོད་པར་བྱ་ཞིང་། པདྨ་ཟ་མ་ཏོག་དེ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལའང་མཆོད་པ་བྱས་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་མངོན་དུ་ཕྱོགས་ཏེ་འདུག་ལ་བཟླས་བརྗོད་སྟོང་རྩ་བརྒྱད་བྱ། ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་དང་ཆུས་དབང་བསྐུར་བར་བྱ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་སྟོང་རྩ་བརྒྱད་བྱ། དེ་བཞིན་དུ་ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་བྱའོ།། མི་སྨྲ་བར་དགོས་པ་ཐམས་ཅད་བྱས་ན་དེའི་འོག་ཏུ་ཚེས་བཅོ་ལྔ་ཟླ་བ་ཉའི་ནང་པར་གྱི་དུས་འཚམས་སུ་ནོར་བུའི་རྒྱལ་པོ་པདྨ་དང་བཅས་ཏེ་གཅིག་ཏུ་འབར་བར་འགྱུར་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་སྒྲ་འབྱུང་བར་འགྱུར། རིག་སྔགས་འཆང་དགའ་བར་འགྱུར། ནམ་མཁའི་དཀྱིལ་ནས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར། དེ་བཞིན་གཤེགས་པའི་སྐུ་ཆེན་པོ་མཐོང་བར་འགྱུར། དེ་ནས་རིག་སྔགས་འཆང་གིས་པདྨ་འབར་བ་དེ་ལག་པ་གཡས་པས་བླང་བར་བྱ་སྟེ། བླངས་པ་ཙམ་གྱིས་མོད་ལ་ནམ་མཁའ་ལ་འགྲོ་བར་འགྱུར་ཞིང་། རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་གྱི་མདོག་ཅན་བལྟ་ན་སྡུག་པ་ཆེན་པོ་མདུན་ན་གནས་པར་འགྱུར། སྡང་བ་དང་། ཕྱིར་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་བཟློག་པར་བྱེད།། འཁོར་བྱེ་བ་སྟོང་ཕྲག་བཅུ་གཉིས་དང་ལྡན་པའི་རིག་སྔགས་འཆང་གི་རྒྱལ་པོར་འགྱུར། ཚེ་བསྐལ་པ་སྟོང་ཐུབ་པར་འགྱུར། དོན་ཡོད་པའི་རྣམ་པར་ལྟ་བའི་ནོར་བུ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། དོན་ཡོད་པའི་དྲི་མ་མེད་པ་འབར་བའི་རྩེ་མོ་རྣམ་པར་ལྟ་བ་ཞི་བྱ་བའི་དོན་ཡོད་པའི་ཞགས་པ་འཐོབ་པར་འགྱུར། ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྣམ་པར་འཕྲུལ་པ་མཐོང་བར་འགྱུར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར། ནོར་བུ་ཆེན་པོ་ཡོངས་སུ་དག་པ་རྡོ་རྗེ་ལ་རྣམ་པར་ལྟ་བའི་འོད་ཀྱི་ལུས་རྣམ་པར་དག་པ་འཐོབ་པར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་བགྱི་བ་ཅི་མཆིས་ཤེས་དབང་དུ་འགྲོ་བར་འགྱུར། མགོའི་སྤྱི་བོར་བཏགས་ན་ནོར་བུ་ཆེན་པོའི་རྫུ་འཕྲུལ་གྱིས་ནུབ་ཕྱོགས་སུ་སོང་ནས་བདེ་བ་ཅན་གྱི་རབ་ཏུ་དབྱེ་བ་གཞལ་མེད་ཁང་དང་བཅས། འཁོར་དང་བཅས། ལེགས་པར་བརྒྱན་པའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་དག་ལས་ཆོས་སྣང་བའི་སྒོ་ཆོས་བཤད་པ་ཆེན་པོ་ཐོས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་དང་། རྒྱན་དང་། གཞལ་མེད་ཁང་སྟོན་པར་འགྱུར། མགུལ་དུ་བཏགས་ན་ཕུག་གི་གནས་ཐམས་ཅད་དུ་འཇུག་པར་འགྱུར། ཐམས་ཅད་དུ་རྒྱལ་བའི་རྗེ་དཔོན་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ཕུག་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་སྒོ་འབྱེ་བར་འགྱུར། དཔུང་པ་གཡས་པ་ལ་བཏགས་ན་མི་སྣང་བར་འགྱུར་ཞིང་ལུས་མི་སྣང་བ་གངྒཱའི་ཀླུང་བྱེ་བ་སྟོང་ཕྲག་བརྒྱ་སྙེད་ཀྱི་ལུས་མི་སྣང་བ་རྣམས་ཀྱི་མཆོག་རྗེ་དཔོན་དང་རྒྱལ་པོར་འགྱུར་རོ། ། དཔུང་པ་གཡོན་པ་ལ་བཏགས་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ལ་སོགས་པ་ཐམས་ཅད་མི་སྡང་བར་བྱས་པར་འགྱུར། ཐམས་ཅད་ཀྱི་གནས་ཀྱི་གཞལ་མེད་ཁང་སྒོ་བྱེ་ཞིང་འདུག་པར་འགྱུར་རོ།། རྐེད་པ་ལ་བཏགས་ན་གཏེར་ཐམས་ཅད་འབྱུང་བར་འགྱུར། པུས་མོ་གཡས་པ་དང་བརླ་གཡས་པ་ལ་བཏགས་ནནགས་ཀྱི་ཕུག་གི་གཞལ་མེད་ཁང་གི་གནས་ཐམས་ཅད་ཀྱི་སྒོ་ཕྱེ་ཞིང་། སྨན་གྱི་དངོས་པོ་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་གནས་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ།། རྐང་པའི་རྗེ་ངརལ་བཏགས་ན་རླུང་གི་ཕུང་པོ་དང་པོའི་སྟོབས་ཀྱི་ཤུགས་ཆེན་པོ་དང་ལྡན་པར་འགྱུར་ཞིང་། ཅུང་ཟད་ཙམ་སོང་བས་དཔག་ཚད་སྟོང་ཕྲག་བཅུར་འགྲོ་ཞིང་སླར་ཡང་འོང་བར་འགྱུར། ཉིན་མཚན་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རླུང་ཆེན་པོའི་ཤུགས་ཀྱི་སྟོབས་དང་བརྩོན་འགྲུས་ཀྱིས་སོང་སྟེ། སླར་ཡང་འོང་བར་འགྱུར་ཞིང་གང་གིས་ཀྱང་གནོད་པར་མི་འགྱུར། ཐམས་ཅད་དུ་དགོས་པ་སྒྲུབ་པ་ཐམས་ཅད་གྲུབ་པར་འགྱུར་རོ། ། རྐང་མཐིལ་ལ་བཏགས་ན་སའི་འོག་གི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་ཞིང་། སའི་འོག་ཕུག་གི་སྒོ་ཐམས་ཅད་བྱེ་བར་འགྱུར་ཏེ། རང་ཇི་ལྟར་འདོད་པ་དེར་འཇུག་ཅིང་འབྱུང་བར་འགྱུར་རོ། ། ཁར་བཅུག་ན་ཉི་མ་རེ་རེ་ཚིགས་སུ་བཅད་པ་སྟོང་ལོབས་པར་འགྱུར་རོ།། མིད་པ་ཙམ་གྱིས་ཐོས་པ་རྒྱ་མཚོ་བསགས་པར་འགྱུར་རོ།། ལྕེའི་རྩེ་མོར་བཞག་ན་ལྕེ་པདྨ་དང་ཀུ་མུ་ད་ལྟར་འཇམ་པར་འགྱུར་ཞིང་ཐོས་པ་མང་པོ་འཛིན་པར་འགྱུར་རོ། ། ལག་པ་ལ་བྱུགས་ན་གང་ལ་རེག་པ་དེ་བགྱི་བ་ཅི་མཆིས་ཤེས་བྲན་བཞིན་དུ་འགྱུར་རོ།། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་བེ་ཐམས་ཅད་བགྱི་བ་ཅི་མཆིས་ཞེས་ཐམས་ཅད་དབང་དུ་འགྱུར་རོ། ། ནོར་བུ་སྒྲུབ་པའི་ཆོ་གའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་དོན་ཡོད་གྲུབ་ཀྱི་བུམ་པ་རབ་མཆོག་ཅེས་བགྱི་བའི་སྒྲུབ་པའི་ཆོ་ག་ཆེན་པོ་མཆིས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ཡིད་བཞིན་གྱི་ནོར་བུའི་གཟུངས་ཀྱི་མཐུ་བསྟན་པ་ཇི་ལྟ་བ་དེར། དེ་ལྟར་བཅོམ་ལྡན་འདས་བུམ་པ་ཆེན་པོ་མཐུ་སྒྲུབ་པའི་ཆོ་ག་འདི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་སྒྲུབ་པ་འགྲུབ་པར་འགྱུར་བ་ལགས་སོ།། ། རིག་སྔགས་འཆང་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དེ་ཁོ་ན་ཉིད་ཡང་དག་པར་སྒྲུབ་པར་འགྱུར་བ་ལགས་སོ།། དེ་ནས་གསེར་རམ། དངུལ་ལམ། ཟངས་སམ། ཁམ་པའི་བུམ་པ་ཚད་དང་ལྡན་ཞིང་ཀུན་ནས་ཤིན་ཏུ་ཟླུམ་པ། མགོའམ་མགྲིམ་པར་ཕྱིན་པའི་ཚད་ཤིན་ཏུ་འཇམ་ཞིང་ཐག་ཐུག་དང་ཤང་ཤོང་མེད་པ། དབྱིབས་ལེགས་ཤིང་བྱི་དོར་ལེགས་པར་བྱས་པ། ཀུན་ནས་ཡོངས་སུ་གང་བ་ལ་མཚལ་གྱི་ཚོན་གྱིས་པདྨ་འདབ་མ་བརྒྱ་རྩ་བརྒྱད་པ་བྲི་བར་བྱ་སྟེ། མགྲིན་པར་པདྨའི་སྙིང་པོ་དང་ཟེ་བ་བྲི། ཁོར་ཡུག་ཏུ་འདབ་མ་བྲི་བར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་བྲི་བར་བྱ་སྟེ། ཤར་ཕྱོགས་སུ་ཞལ་བྲི། ལྷོར་མི་འཇིགས་པ་སྦྱིན་པའི་ཕྱག། ནུབ་ཏུ་དབུགས་འབྱིན་པའི་ཕྱག། བྱང་དུ་ཡིད་བཞིན་ནོར་བུ། ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐྱིལ་མོ་ཀྲུང་དུ་བཞུགས་པར་བྱའོ།། པདྨའི་འདབ་མ་ལ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། བྲམ་ཟེ་དང་། ལྷ་དང་། དྲང་སྲོང་གི་ཚོགས་དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་དང་། ཁྱབ་བདག་དང་། བརྒྱ་བྱིན་དང་། རྡོ་རྗེ་འཆང་དང་། ལྷའི་ཚོགས་གཞན་དག་བྲི་བར་བྱ་ཞིང་། མེ་དང་། རླུང་དང་། ཉི་མ་དང་། ཟླ་བ་དང་། ལྷ་མོ་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ཕོ་ཉ་མོ་དཀར་མོ་དང་། ཚོགས་ཀྱི་བདག་པོ་དང་། གཞོན་ནུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། དྲག་པོ་དང་། ཁྱབ་འཇུག་བྲི་བར་བྱའོ།། པདྨའི་འདབ་མའི་ཁོར་ཡུག་ཏུ་པདྨའི་འཕྲེང་བ་བྲིའོ།། དེ་ནས་བུམ་པ་ཚོན་སྣ་ཚོགས་ཀྱིས་བྲི་བར་བྱ་ཞིང་གསེར་གྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ། རིམ་པའི་ཆ་བཀྲ་ཞིང་མཛེས་པར་བྱའོ།། དེ་ནས་ཐང་ཤིང་ལས་པདྨའི་གདན་ཟླུམ་པོ་བུམ་པ་ཤོང་བ་ཙམ་གྱི་ཚད་དུ་བྱས་ལ་དེའི་སྟེང་དུ་བུམ་པ་བཞག་ལ། བུམ་པ་དེ་ཡུངས་ཀར་དཀར་པོས་བཀང་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ། རས་དཀར་པོས་བཅིང་བར་བྱ། སྟེང་དུ་ཡུངས་ཀར་དང་། གླ་རྩི་དང་། ག་པུར་དང་། གིའུ་ཝང་དང་། ལྡོང་རོས་གཞག་པར་བྱ། བུམ་པའི་ཁ་རས་དམར་པོས་གཡོག་པར་བྱ། རིན་པོ་ཆེ་སྣ་བདུན་བཞག་པར་བྱ། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ལ་དཀྱིལ་འཁོར་ཁྲུ་བཞི་གྲུ་བཞི་དང་། འཕང་དུ་ཁྲུ་གང་བ་བྱས་ཏེ། བ་ལང་གི་ལྕི་བ་དང་སར་བསྲེས་པས་ལེགས་པར་བྱུགས་ཏེ་གྲཝ་བཞི་ཆ་མཉམ་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སྟེང་དུ་དྲི་ཐམས་ཅད་ཀྱིས་བྱུགས་ལ། དཀྱིལ་འཁོར་གྱི་སྙིང་པོའི་དབུས་སུ་ཙན་དན་དཀར་པོས་དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ་བྱས་ལ། གུར་ཀུམ་དང་མེ་ཏོག་པདྨས་མཆོད་པར་བྱས་ཏེ། པདྨ་འདབ་མ་སུམ་ཅུ་རྩ་གཉིས་བབྲིས་ལ་པདྨའི་ལེ་བའི་སྟེང་དུ་བུམ་པ་གཞག་སྟེ། འཕན་གདུགས། སྣ་ཚོགས་ཀྱིས་བརྒྱན་པར་བྱ། དཀྱིལ་འཁོར་གྱི་སྙིང་པོ་ཁོར་ཡུག་ཏུ་སྤོས་དང་། མེ་ཏོག་སྣ་ཚོགས་དང་། བྱུག་སྤོས་སྣ་ཚོགས་དང་། མཆོད་ཡོན་གྱི་སྣོད་སྣ་ཚོགས་དང་། བུམ་པ་གང་བ་མཛེས་པ་དང་། བདུག་སྤོས་ཀྱི་ཕྱེ་མ་རྣམ་པ་མང་པོ་གཞག་པར་བྱ། མེ་ཏོག་རྣམ་པ་སྣ་ཚོགས་དང་མེ་ཏོག་འཕྲེང་ཅི་འབྱོར་པ་ཀུན་ཏུ་གཞག་པར་བྱ། མར་གྱི་མར་མེ་བཟང་པོ་བཅུ་དྲུག་བལྟམ་པར་བྱ། ཕྱི་རོལ་གྱི་དཀྱིལ་འཁོར་ཀུན་ནས་པདྨའི་འཕྲེང་བ་བྲི་བར་བྱ། སྒོ་བཞི་ཤིན་ཏུ་འབྱེས་པར་བྲི། འཇིག་རྟེན་དབང་ཕྱུག་གི་མཚན་མ་གསལ་བར་བྱ། མདའ་དང་བ་དན་ཁོར་ཡུག་ཏུ་གཞག་པར་བྱ། ཚོན་སྐུད་སྣ་ལྔས་བསྐོར་བར་བྱ། རོ་རྣམ་པ་སྣ་ཚོགས་དང་དཀར་གསུམ་ཅི་འབྱོར་པ་གཞག་པར་བྱ། འབྲས་བུ་སྣ་ཚོགས་དང་བཟའ་བ་རྣམ་པ་སྣ་ཚོགས་གཞག་པར་བྱ། མེ་ཏོག་སྣ་ཚོགས་གཞག་པར་བྱ། མེ་ཏོག་སྣ་ཚོགས་དགྲམ་པར་བྱ། མེ་ཏོག་འཕྲེང་བཟང་པོ་ཀུན་ཏུ་གཞག་པར་བྱ། བདུག་སྤོས་ཀྱི་སྣོད་དང་བུམ་པ་གང་བ་ཀུན་ཏུ་གཞག་པར་བྱ། པོག་པོར་བཞི་བཞག་པར་བྱ། དྲི་ཆབ་ཀྱི་ཕོར་བུ་བཞི་གཞག་པར་བྱ། སྣོད་བཞི་དང་ཁམ་ཕོར་བརྒྱད་གཞག་པར་བྱ། རོ་སྣ་ཚོགས་ཀྱི་གཏོར་མ་དཀར་པོ་རྣམ་པ་མང་པོ་གཞག་པར་བྱ། མར་གྱི་མར་མེ་གང་བ་དྲུག་ཅུ་རྩ་གཅིག་དབུལ་བར་བྱ། འབྲས་ཡོས་དང་ཡུངས་ཀར་དགྲམ་པར་བྱའོ། ། ཆང་དང་། ཤ་དང་། བེ་གཅོང་དང་། ཀེའུ་དང་། འབགས་པ་དང་། ཁ་ཟས་ངན་པ་དང་། བཏུང་བ་ངན་པ་སྤང་བར་བྱ། འགོམཉེས་སྤང་བར་བྱ་སྟེ། གཙང་མས་གོས།། གཙང་མ་གོས་ལ་ཟླ་བ་ཉ་ལ་བསྒྲུབ་པར་བྱའོ།། སྲུང་བའི་ཆོ་གས་པ་དག་བསྲུང་བ་དང་། ཐོར་ཙུགས་བཅིང་བ་དང་། ཕྱོགས་བཅིང་བ་དང་། ཡུལ་བཅིང་བ་དང་། དེ་བཞིན་དུ་གྲོགས་བསྲུང་བ་དང་། གཞན་བསྲུང་བའང་བྱའོ།། གུ་གུལ་གྱི་བདུག་པ་དང་། མར་དང་ཡུངས་ཀར་གྱི་བདུག་པས་བདུག་པར་བྱའོ།། ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། ཀུན་ཏུ་རུའི་བདུག་པ་འདི་ནི་ཡང་དག་པར་བསྟན་ཏོ། ། བུམ་པ་སྒྲུབ་པ་འདི་ནི་མཆོག་སྟེ། ཞག་ལྔ་སྤྱང་བ་བྱས་ནས་གསང་སྔགས་བསྒྲུབ་པར་བྱ་སྟེ། དུས་འཚམས་གསུམ་དུ་བུམ་པ་དང་སངས་རྒྱས་ལ་མཆོད་པར་བྱའོ།། མི་སྨྲ་བར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་སྐྱིལ་མོ་ཀྲུང་དུ་འདུག་ནས། ལག་པ་གཡས་པ་བུམ་པའི་སྟེང་དུ་བཞག་ལ་ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་བཟླས་ལ། ཆུ་དང་ཡུངས་ཀར་གྱིས་དབང་བསྐུར་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་ཕྲག་བཅུ་བཟླས་སོ། ། ཡིད་ལ་བྱེད་པ་རྩེ་གཅིག་པས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ལྷུར་ལེན་ཅིང་སངས་རྒྱས་ཡིད་ལ་བྱ་བ་བསྒོམས་ལ་བཟླས་བརྗོད་བྱའོ།། དེའི་འོག་ཏུ་ཆེས་བཅོ་ལྔ་ཉའི་ཐུན་ཐ་མའི་ནང་པར་དབྱིག་གི་བུམ་པ་ཆེར་གཡོ་བར་འགྱུར་ཞིང་། ལེགས་སོ་ཞེས་བྱ་བའི་སྒྲ་ཆེན་པོའང་གྲག་པར་འགྱུར་ཏེ། བུམ་པ་ཆེན་པོ་དེའང་འབར་ཞིང་འོད་ཟེར་ལ་དོག་སྣ་ཚོགས་འབྱུང་བར་འགྱུར། རིག་སྔགས་འཆང་དགའ་བར་འགྱུར། དྲི་མ་མེད་ཅིང་ཡོངས་སུ་དག་ལ་དྲི་མ་དང་བྲལ་བར་འགྱུར། མདོག་ཡོངས་སུ་དག་ཅིང་མེ་ཏོག་པདྨ་དང་། ཀུ་མུཏྟ་ལྟར་དཀར་ཞིང་འཇམ་པར་འགྱུར། བུམ་པ་དེའི་སྐུ་གཟུགས་རྣམས་རང་རང་གི་ལུས་ལས་འོད་ཟེར་འབྱུང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱ། རིག་སྔགས་འཆང་བུམ་པ་སྒྲུབ་པ་འདི་ནི་གྲུབ་བོ།། དེའི་འོག་ཏུ་རིག་སྔགས་འཆང་གིས་དྲིའི་ཆུ་དང་ཡུངས་ཀར་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་དབང་བསྐུར་བས་དབང་བསྐུར་བ་བྱས་ན་དབང་བསྐུར་མ་ཐག་ཏུ་བུམ་པ་དེ་ལས་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་བུམ་པ་བཟང་པོ་གྲུབ་སྟེ། བུམ་པ་བཟང་པོ་ཇི་ལྟ་བ་བཞིན་དོན་ཡོད་པའི་སྙིང་པོ་བུམ་པ་བཟང་པོ་ཡིད་བཞིན་གྱི་ནོར་བུ་ཆེན་པོའང་དེ་བཞིན་གྱིས་ཇི་ལྟར་འདོད་པ་ལོངས་སྤྱོད་ཅིག། ཡིད་ལ་ཇི་ལྟར་བསམས་ཤིང་བཅོལ་བ་ཐམས་ཅད་གྲུབ་པར་གྱུར་ཅིག། དེ་ནས་མཆོད་པ་ཆེན་པོ་གཞལ་མེད་ཁང་ཆེན་པོ་མཆོད་དེ། བུམ་པ་བཟང་པོ་དེ་གཟུང་བར་བྱ་ཞིང་མཆོད་པ་བྱས་ན་ཡིད་ལ་ཇི་ལྟར་འཐད་པ་དང་འདོད་པ་ཐམས་ཅད་གྲུབ་པར་འགྱུར་ཏེ། ལེགས་པར་བཤད་པ་འམ། གཙུག་ལག་གམ། སྙན་དངགས་དང་། གར་གྱི་བསྟན་བཅོས་དང་། རྩིས་ཆོས་དང་། བྱཱ་ཀ་ར་ཎ་དང་། ཆོ་ག་ཞིབ་མོ་སྨྲས་པ་དང་། གསང་སྔགས་སྨྲ་བ་དང་། ནགས་སྒྲུབ་པ་དང་། ཕུག་སྒྲུབ་བ་དང་། བཅུད་ཀྱི་ལེན་དང་། མིག་སྨན་དང་། གཏེར་སྨྲ་བ་དང་། རིག་བྱེད་ཀྱི་སྔགས་དང་། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྔ་ལ་སོགས་པ་ཆོས་དང་འདུལ་བ་སྨྲ་བ་དེ་དག་ཐམས་ཅད་འབྱུང་བར་འགྱུར་རོ། ། འདི་ལྟ་སྟེ། ཟས་དང་། སྐོམ་དང་། གོས་དང་། རྒྱུན་དང་། སྤུད་པ་དང་། གསེར་དང་། དངུལ་དང་། ས་ལི་སྦྲམ་དང་། མུ་ཏིག་དང་། ཨིནྡྲ་ནཱི་ལ་དང་མརྒད་དང་། ཀེ་ཀེ་རུ་དང་། ཤེལ་དང་། མུ་ས་ར་དང་། བཻ་ཌཱུཪྻ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། མེ་ཏོག་དང་། འབྲས་བུ་དང་། གོས་དང་། མལ་ཆ་དང་། གནས་དང་། ཁང་པ་དང་ལོངས་སྤྱོད་དང་། རྩེད་མོ་རྒྱ་ཆེན་པོ་དང་། རྒྱལ་པོ་ལ་འོས་པའི་ལྷའི་གཞལ་མེད་ཁང་སེམས་ཀྱིས་བསམས་པ་ཙམ་གྱིས་མོད་ལ་འབྱུང་བར་འགྱུར་རོ།། མིག་འཕྲུལ་གྱི་གཞལ་མེད་ཁང་དང་། སངས་རྒྱས་ཀྱི་སྤྲུལ་པ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་དང་། རྡོ་རྗེ་འཆང་གི་སྤྲུལ་པ་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོའི་གཞལ་མེད་ཁང་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོའི་བདག་པོའི་གཞལ་མེད་ཁང་དེ་ཐམས་ཅད་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་རོ།། ཆར་ཧ་ཅང་ཆེ་བ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། གྲང་བ་དང་། རླུང་དང་། སྤྲིན་དང་། སེར་བ་དང་། ཆུ་བྲོག་པར་བྱེད་པ། དེ་ཐམས་ཅད་སྟོན་པར་བྱེད་དོ།། སྡེ་སྟོན་པར་བྱེད་པ་འམ། གཡུལ་འགྱེད་པ་སྟོན་པར་བྱེད་པ་འམ། གནས་དང་། གཞལ་མེད་ཁང་དང་། དཔལ་སྟོན་པར་བྱེད་པ་དེ་ཐམས་ཅད་སྟོན་པར་བྱེད་པ། དེ་ལ་སོགས་པ་ཐམས་ཅད་བསམས་པ་ཙམ་དང་སྨོན་པ་ཙམ་གྱིས་འགྲུབ་པར་འགྱུར་རོ།། ནོར་དང་། འབྱུང་བ་འབྲས་བུ་དང་། མེ་ཏོག་དང་། གཞལ་མེད་ཁང་འབྱུང་བར་འགྱུར་རོ།། ཇི་ལྟར་བསམས་པ་དེ་ཐམས་ཅད་འབྱོར་པར་འགྱུར་རོ།། གླ་རྩི་དེ་བླངས་ལ་གིའུ་ཝང་དང་ག་པུར་དང་བསྲེས་ཏེ། ཤིང་ཨརྒའི་འོ་མས་སྤྲས་ཏེ་རིལ་བུར་བྱས་ནས་པ་སེར་མོའི་འོ་མ་ལ་བརྡར་ཏེ་དཔྲལ་བར་ཐིག་ལེ་བྱས་ན་ནམ་མཁའ་ལ་འགྲོ་བར་འགྱུར། རིག་སྔགས་འཆང་བྱེ་བ་སྟོང་ཕྲག་བཅུའི་འཁོར་དང་ལྡན་པར་འགྱུར། སྙིང་ཁར་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་ཞིང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་རྗེ་དཔོན་དུ་འགྱུར་རོ།། ལྕེའི་རྩེ་མོ་ལ་རེག་ན་ཉིན་རེ་ཞིང་ཚིགས་སུ་བཅད་པ་སྟོང་བཀླགས་ཤིང་འཛིན་པར་འགྱུར། མིད་ན་ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར། འོ་མ་དང་ལྷན་ཅིག་འཐུངས་ན་ཐོས་པ་མང་པོ་རྒྱ་མཚོ་བསགས་པར་འགྱུར། ཤིང་ཨརྒའི་འོ་མ་དང་ལྷན་ཅིག་ཟོས་ན་རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ཐམས་ཅད་མངོན་དུ་འགྱུར། ལྟེ་བའི་གནས་སུ་ཐིག་ལེ་བྱས་ཏེ་ཆུ་ཀླུང་ཆེན་པོའི་ནང་དུ་ཞུགས་ན་གཏིང་དུ་འབྱིང་བར་མི་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པར་འགྱུར། རྒྱ་མཚོའི་ཕ་རོལ་ཏུའང་ཕྱིན་པར་འགྱུར། སྤྱི་བོར་ཐིག་ལེ་བྱས་ཏེ་གཡུལ་ངོར་ཞུགས་ན་དཔུང་གི་ཚོགས་ཡན་ལག་བཞི་ལས་རྒྱལ་བར་འགྱུར། ཞུན་མར་དང་ལྷན་ཅིག་ཟོས་ན་གླང་པོ་ཆེ་སྟོང་གི་སྟོབས་དང་ལྡན་པར་འགྱུར་ཞིང་། ལག་པ་ཡ་གཅིག་གིས་གླང་པོ་ཆེ་བསྐྱོད་པ་དང་། ནམ་མཁའ་ལ་འཕེན་ཅིང་སླར་ཡང་འཛིན་ཏོ། རིལ་བུ་འདིས་ལག་པ་ལ་བསྐུས་ན་མི་སྟོང་ཐུབ་པར་འགྱུར་རོ།། རིལ་བུ་འདི་ལྷའི་གནས་སུ་བརྐོས་ཏེ་བཞག་ན་ལྷ་ཐམས་ཅད་དབང་དུ་འགྱུར་ཏེ། དུས་དུས་སུ་ཆར་འབེབས་ཤིང་སད་དང་། རླུང་དང་། སྤྲིན་དང་། སེར་བ་གཅོད་པར་བྱེད་དོ།། རྒྱལ་པོའི་སྒོར་བརྐོས་ཏེ་བཞག་ན་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དང་། བཀའ་ལ་གཏོགས་པ་དང་། ཞང་ལོན་དང་། བྲམ་ཟེ་མདུན་ན། འདོན་དང་བཅས་པ་དབང་དུ་འགྱུར་རོ།། གཙུག་ལག་ཁང་གི་སྒོར་བརྐོས་ཏེ་བཞག་ན། དགེ་སློང་ཐམས་ཅད་བདེ་བའི་རེག་པ་ལ་གནས་པས་གནས་པར་འགྱུར་རོ།། རྟག་ཏུ་བྱམས་པའི་སེམས་ཀྱིས་གནས་པར་འགྱུར་རོ། ། འཕགས་པའི་དགེ་འདུན་གྱི་ནང་དུ་རྒན་པའི་མཐར་བརྐོས་ཏེ་བཞག་ན། དགེ་སློང་ཐམས་ཅད་ཟས་དང་སྐོམ་འདོད་དགུ་ཐོབ་པར་འགྱུར་རོ།། ལྷུང་བཟེད་ཀྱི་ནང་དུ་བཞག་སྟེ། གྲོང་ཁྱེར་མང་པོར་བསོད་སྙོམས་ལ་སོང་ན་ཁ་ཟས་རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་འབད་མི་དགོས་པར་ཐོབ་པར་འགྱུར་རོ།། སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་གནས་སུ་བརྐོས་ཏེ་བཞག་ལ་མཆོད་རྟེན་ལ་མཆོད་པ་བྱས་ན། རིལ་བུ་ཇི་སྲིད་དུ་མཆོད་རྟེན་གྱི་གནས་ན་གནས་པ་དེ་སྲིད་དུ་མཆོད་རྟེན་ཆེན་པོ་བརྒྱད་ལ་ཉིན་རེ་ཞིང་མཆོད་པ་ཆེན་པོ་བྱས་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་བརྐོས་ཏེ་བཞག་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ཏེ། དོན་ཡོད་བརྡ་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན། རིལ་བུ་ཇི་སྲིད་གནས་ཀྱི་བར་དུ་ཉི་མ་རེ་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་པར་འགྱུར་རོ།། ལམ་པོ་ཆེར་བརྐོས་ཏེ་བཞག་ན་ཆོམ་པོ་དང་། གཡོན་ཅན་དང་། རྐུན་མ་དང་། མི་དང་། མི་མ་ཡིན་པ་དང་། གཅན་གཟན་ཁྲོ་བོ་རྣམས་བཅིངས་པར་འགྱུར་ཞིང་ཕྱོགས་མཚམས་སུ་འབྱེར་བར་འགྱུར་རོ། རིའི་རྩེ་མོར་བརྐོས་ཏེ་བཞག་ན་སྨན་གྱི་དངོས་པོ་ཐམས་ཅད་འབར་བར་འགྱུར་ཏེ། ཇི་སྲིད་དུ་རིའི་རྩེ་མོ་སྣང་བ་དེ་སྲིད་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བ་ལང་དང་། ཕྱུགས་དང་མ་ཧེ་དང་། རྟ་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཞིང་། སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་གི་འཇིགས་པ་ལས་ཡོངས་སུ་ཐར་པར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། དཔག་ཚད་བརྒྱད་ཁོར་ཡུག་ཏུ་ཞི་བ་ཆེན་པོར་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར། མགུལ་ཏུ་དུ་བཏགས་ཏེ་བཅང་བར་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་བཞད་པར་འགྱུར་ཞིང་རྟག་ཏུ་དགོངས་པར་འགྱུར་རོ། ། བང་བར་བརྐོས་ཏེ་བཞག་ན་འབྲུ་མང་པོ་འཕེལ་བར་འགྱུར་རོ། ། ཆང་ཡོད་པའི་སྒོར་བརྐོས་ཏེ་བཞག་ན་ཆང་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་རོ།། ཞིང་གི་ནང་དུ་བརྐོས་ཏེ་བཞག་ན་ལོ་ཏོག་མང་པོ་འབྱོར་པར་འགྱུར་རོ།། བྲག་རྔུཿ། ཏུ་བརྐོས་ཏེ་བཞག་ན་བྲག་ཕུག་གི་སྒོ་བྱེ་བར་འགྱུར་རོ།། ཕུག་གི་སྒོ་ལ་བྱུགས་ན་ཕུག་གི་སྒོ་ཐམས་ཅད་བྱེ་བར་འགྱུར་རོ།། བུ་གའི་གནས་སུ་བྱུགས་ན་རོ་ཐམས་ཅད་འཛག་པར་འགྱུར་རོ།། ནགས་ཀྱི་ཕུག་ཏུ་བརྐོས་ཏེ་བཞག་ན་ནགས་ཀྱི་ལྷ་ཐམས་ཅད་རང་གི་གཟུགས་མདུན་ན་འདུག་པར་འགྱུར་རོ། ། དགོས་པ་གང་བྱེད་པ་དེ་གྲུབ་པར་འགྱུར་རོ།། པདྨའི་མཚོའི་ནང་དུ་བརྐོས་ཏེ་བཞག་ན་པདྨ་མང་པོ་འབྱུང་བར་འགྱུར་ཞིང་དུས་ཀུན་ཏུ་ལྷའི་དྲི་བསུང་འབྱུང་བར་འགྱུར་རོ། ། ཁྱིམ་མཐོན་པོའི་གནས་སུ་བཞག་ན་ཇི་སྲིད་སྣང་བ་དེ་སྲིད་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་འཇིགས་པ་ཐམས་ཅད་ལས་བསྲུང་བར་འགྱུར་ཞིང་ཕྱོགས་བཅུ་ཀུན་ནས་དཔག་ཚད་བརྒྱ་མཚམས་བཅད་པར་འགྱུར། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། སྡིག་པ་ཐམས་ཅད་དང་། དགྲ་ཐམས་ཅད་དང་། གདོན་ཐམས་ཅད་དང་། འགོ་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། ཕ་རོལ་གྱི་དཔུང་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འགོ་བའི་ནད་ཐམས་ཅད་རྣམ་པར་འཇིག་པར་འགྱུར། གཡུལ་ངོར་ཡུངས་ཀར་དང་བསྲེས་ཏེ་གཏོར་ན་གཡུལ་འགྱེད་པ་ཆེན་པོ་ཕན་ཚུན་མཛའ་བ་ཆེན་པོར་འགྱུར་རོ།། ནད་ཆེན་པོས་ལུས་བསྐམས་ཤིང་ཚེ་ཟད་པ་དང་། བགེགས་ཆེན་བོས་ཟིན་པ་ལ་དྲི་ཆབ་ཀྱི་བུམ་པར་རིལ་བུ་འདི་བསྲེས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཁྲུས་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་ཁྲུས་བྱས་པ་ཙམ་གྱིས་མོད་ལ་ནད་ཐམས་ཅད་དང་གདོན་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། སྡིག་པ་ཐམས་ཅད་དང་སྒྲིབས་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར། ཚེ་ཡོངས་སུ་ཟད་པའི་ཚེ་སླར་ནུར་བར་འགྱུར། ལྷའི་ལུས་གཟུགས་དང་ལྡན་པར་འགྱུར། དྲི་མ་དང་བྲལ་བ་དང་། སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར། ལས་གཞན་དང་གཞན་སྟོང་ཕྲག་བརྒྱ་བྱེད་པར་འགྱུར་ཏེ། རང་གི་བློས་ཀྱང་ཐམས་ཅད་དུ་སྦྱར་བར་བྱའོ།། ཐམས་ཅད་ལ་ཐོགས་པ་མེད་པའི་ལུས་ཅན་དུ་འགྱུར། ཕུག་གི་གནས་ཐམས་ཅད་ཀྱི་རྗེ་དཔོན་དང་རྒྱལ་པོར་འགྱུར། ཚེ་བསྐལ་པ་སྟོང་ཕྲག་བཅུ་གཉིས་ཐུབ་པར་འགྱུར། ཤི་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོ་ལས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནོར་བུ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱུཪྻ་དང་། མར་གད་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མུ་ཏིག་རྣམས་ཀྱིས་ལུས་བརྒྱན་པར་འགྱུར་རོ།། སྤ་བུང་བ་ལྟར་ནག་ཅིང་འཁྲིལ་ལ་འཁྱིལ་བ་དང་། མིག་ཨུཏྤ་ལའི་མཆོག་སྔོན་པོ་ལྟ་བུ་དང་། པགས་པའི་མདོག་གསེར་ལྟ་བུར་འགྱུར་རོ།། ངག་འཇམ་པ་དང་། སྙན་པ་དང་། ཡིད་དུ་འོང་བར་འགྱུར་རོ།། རྒྱལ་བ་འོད་དཔག་མེད་ཀྱིས་ཕྱག་བརྐྱང་སྟེ་ཕྱག་གིས་སྤྱི་བོ་ལ་འཇོག་པར་འགྱུར་རོ། ། ཕྱག་ན་པདྨའི་ཕྱག་མཆོག་སྦྱིན་པས་དབུགས་འབྱིན་ཅིང་ཁྱད་པར་མཆོག་སྦྱིན་པར་འགྱུར་རོ།། པདྨ་ལ་རབ་ཏུ་གནས་པ་རྣམ་པར་གཟིགས་པ་དོན་ཡོད་པའི་སངས་རྒྱས་ཞེས་བྱ་བ་འཕགས་པ་འོད་དཔག་མེད་ལུང་སྟོན་པར་འགྱུར་རོ། ། དེ་ནས་ཡུངས་ཀར་དེ་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱ་ཕྲག་བྱེ་བ་སྙེད་ཀྱི་སྤྱན་དུ་འགྱུར་པ་དང་། གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིང་བསྲེལ་དུ་འགྱུར་ཞིང་། ཁམས་སྣ་ཚོགས་ཀྱི་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་མདོག་གི་ངོ་བོ་ཉིད་དུ་འགྱུར། ནོར་བུ་རིན་པོ་ཆེ་བདུན་དང་འདྲ་ཞིང་། འདི་ལྟ་སྟེ། སྐུ་གདུང་རེ་རེའང་ཉི་མ་བཞིན་དུ་སོ་སོར་གསལ་བར་འགྱུར། ཕྱོགས་བཅུ་ཀུན་ཏུ་འོད་ཟེར་འབྱུང་བར་འགྱུར་ཞིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་མཛད་དེ་ལུས་རེ་རེ་སྟོན་པར་འགྱུར་རོ། ། རིང་བསྲེལ་འདི་མཐོང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། གཞན་དུ་ཡིད་ལ་མ་བྱས་ན་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལ་སྨད་པར་མི་འགྱུར་རོ། ། གཞན་ཡང་ཉལ་ཀར་རང་གི་བློས་བྱམས་པའི་སེམས་ཀྱིས་རིང་བསྲེལ་མངོན་དུ་བྱས་ཏེ་སྨོན་ལམ་གདབ་པར་བྱའོ།། ཅི་འདོད་པ་བསམས་ཏེ་མཆོད་པ་བྱས་ན་བསམས་པ་ཙམ་གྱིས་མོད་ལ་སྐད་ཅིག་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། ། རིང་བསྲེལ་གྱི་སྙིང་པོ་འདི་ཇི་ལྟ་བ་དེ་བཞིན་དུ་བུམ་པ་བཟང་པོ་འདིའང་བལྟ་བར་བྱ་སྟེ། དེ་གཉིས་ཀའང་རྫུ་འཕྲུལ་མཛད་པ་སྣང་བ་མཐུན་པ་ཡིན་ཏེ། འདི་ལ་ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། བུམ་པ་སྒྲུབ་པ་དོན་ཡོད་པའི་ཆོ་གའོ།། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབུའི་སྤྱི་བོར་བཞག་སྟེ་བཀའ་སྩལ་པ། མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བའི་ཆོ་ག་ཞིབ་མོ་གྲུབ་པ། བླ་ན་མེད་པ། དོན་ཡོད་པ་ཆེན་པོའི་བུམ་པ་སྒྲུབ་པ། རིག་པ་འཆང་བ་རྣམས་ཀྱིས་བཀླགས་པས་གྲུབ་པ། འཛམ་བུ་གླིང་པའི་རིགས་བཞིའི་འཇིག་རྟེན་ལ་ཕན་པ་དང་བདེ་བའི་དོན་དུ་རབ་ཏུ་བྱིན་པ་དང་། སྒྲུབ་པ་ཤིན་ཏུ་བཀྲ་ཤིས་པ། བླ་ན་མེད་པ། རང་གི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། དོན་ཡོད་པ་ཆེན་པོའི་ཆོ་འཕྲུལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ། གྲུབ་པ་ཡང་དག་པར་སྒྲུབ་པ། ཆེ་ཞིང་ཆེ་བ། བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ། དེ་བཞིན་གཤེགས་པ་ཆེན་པོའི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་དབུགས་འབྱིན་པ་ཆེན་པོ་འཇིག་རྟེན་དུ་བཞག་པ་ནི་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། ། མཆོག་ཏུ་གྲུབ་པ། བླ་ན་མེད་པ་སྒྲུབ་པ། བཀླགས་པས་འགྲུབ་པ། རྟག་ཏུ་རྗེས་སུ་འབྲང་བར་འགྱུར་བ་རྟག་ཏུ་མཆོག་སྦྱིན་པར་མཛད་པ། རྟག་ཏུ་རྗེས་སུ་སྐྱོང་བར་མཛད་པ་ནི་སེམས་ཅན་གྱི་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ལ་ཡོངས་སུ་གཏད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་ཏུ་ཡིད་དགའ་སྟེ་བཞིན་འཛུམ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཏུད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྲོག་ཆགས་སུ་གྱུར་པ་ཇི་སྙེད་རི་དགས་དང་བྱ་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གིས་ཡོངས་སུ་གཟུང་བར་བགྱི། ཞིང་། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་པར་བགྱི་བ་དང་། བྱང་ཆུབ་ཆེན་པོའི་ལམ་ལ་དགོད་པའི་ཕྱིར་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་རྗེས་སུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་མངོན་པར་བརྩོན་པ་དེ་དག་ནི་བདག་གིས་ཐམས་ཅད་ཀྱི་མཆོག་ཏུ་ཡོངས་སུ་གྲོལ་བར་བགྱིའོ། ། བཅོམ་ལྡན་འདས་ཡང་དག་པར་གྲུབ་པར་བྱེད་པའི་རིག་པ་འཛིན་པ་ཐམས་ཅད་ཀྱིས་བདག་དྲན་ན་བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་བདག་གིས་རྟག་ཏུ་བལྟ་བར་བགྱིའོ། ། རྟག་ཏུ་རྗེས་སུ་དྲན་པ་དང་རྟག་ཏུ་རྗེས་སུ་བསྲུང་བར་བགྱིའོ།། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་གཉིས་པ། བཅོམ་ལྡན་འདས་འོན་ཀྱང་དོན་ཁྱད་པར་ཅན་གྱི་ཆེད་དུ། དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་འང་ཀློག་པ་དང་སྒྲུབ་པ་དང་། རེག་པ་དང་། མཆོད་པར་བྱེད་པ་ལ་མངོན་པར་བརྩོན་པ་དེ། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལྟ་བུར་ཡོངས་སུ་བསྐྱང་བར་བགྱི། ཕྲག་པས་ཡོངས་སུ་བཀུར་བར་བགྱིའོ། ། བཅོམ་ལྡན་འདས་དེ་བཞིན་ཉིད་དུ་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ་ཡོངས་སུ་ཐར་པའི་དོན་གྱི་ཆེད་དང་། མཆོག་སྦྱིན་པ་ཡོངས་སུ་རྫོགས་པའི་ཆེད་དང་། རེ་བ་དང་ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡང་དག་པར་དགོངས་པའི་ཆེད་དུ། བདག་གིས་བཅོམ་ལྡན་འདས་ལ་བལྟོས་པ་མེད་པར་བགྱིའོ།། བདག་བཅོམ་ལྡན་འདས་ཀྱི་ཚིམ་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བའི་ཆེད་དང་། མཆོག་སྦྱིན་པའི་ཆེད་དང་། བསྲུང་བའི་ཆེད་དང་། ཐམས་ཅད་ལ་བྱང་ཆུབ་མཆོག་གི་ལམ་ལ་རབ་ཏུ་དགོད་པའི་ཆེད་དང་། བཅོམ་ལྡན་འདས་ཁྱད་པར་དུ་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་ལ་གལ་ཏེ་ཀློག་པ་དང་། སྒྲུབ་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ལ་མངོན་པར་བརྩོན་པར་བྱེད་པ་དང་། འཆང་བར་བྱེད་པ་དང་། འདོན་པར་བྱེད་པ་དང་། མཆོད་པར་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པས་སྒོམ་པར་བྱེད་པ་དང་། ཉན་པ་བྱེད་པ་དང་། ཐ་ན་རྣ་བའི་བུ་གར་ཡང་སྒྲ་ལྷུང་བར་འགྱུར་བ་དེ་ལ་བདག་གིས་བཅོམ་ལྡན་འདས་རྟག་ཏུ་དུས་ཐམས་ཅད་དུ་རྒྱུན་དུ་རྗེས་སུ་འབྲང་བར་བགྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་ཐམས་ཅད་དང་། བཀྲ་ཞིང་རྣམ་པར་བཀྲ་བའི་ལྷ་རྫས་ཐམས་ཅད་རྗེས་སུ་སྦལ་བར་བགྱི། ཆོ་ག་ཞིབ་མོ་ཆེན་པོ་སྒྲུབ་པར་བྱེད་པ་རྣམས་ཕྱིར་མི་ལྡོག་པའི་གནས་ལ་དགོད་པར་བགྱི། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོ་བའི་རི་དགས་དང་བྱ་རྣམས་ཀྱིའང་སྒྲ་གྲགས་པ་རྣ་བའི་བུ་གར་ལྷུང་བ་ཙམ་ལས་ཕྱིར་མི་ལྡོག་པའི་གནས་ལ་རབ་ཏུ་འཇུག་པར་བགྱི། བཅོམ་ལྡན་འདས་ཅི་སླར་ཡང་ཡོངས་སུ་དག་པའི་ཡིད་ཀྱིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་རྟག་ཏུ་ཡང་དག་པར་གནས་པས་དོན་ཡོད་ཞགས་པའི་སྙིང་པོ་འདི་སྒྲུབ་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་ཆོ་ག་ཞིབ་མོའི་རྒྱལ་པོ་སྒྲུབ་པར་བྱེད་པ་དང་། འཆད་པར་བྱེད་པ་དང་། འདོན་པར་བྱེད་པ་དང་། ཐུན་མཚམས་གསུམ་གྱི་གནས་སུ་གནས་པས་རྗེས་སུ་དྲན་པར་བྱེད་པ་དང་། ཉིན་དང་མཚན་མོར་རི་མོར་བྱེད་པ་འདི་རྣམས་བཅོམ་ལྡན་འདས་མིའི་ལུས་སུ་མི་འགྱུར་ཏེ། མིའི་ལུས་དག་པའི་ལུས་སུ་རིག་པར་བྱ། ལྷ་ཞེས་བྱ་བའི་ལུས་སུ་རིག་པར་བྱའོ།། བཅོམ་ལྡན་འདས་བདག་གིས་རྟག་པར་རྒྱུན་དུ་ཕྲག་པས་ཡོངས་སུ་བཀུར་བར་བགྱི། བཅོམ་ལྡན་འདས་བདག་གི་སྤྱི་བོར་སོན་པ་གཟུང་བར་བགྱི། བཅོམ་ལྡན་འདས་གང་གི་སླད་དུ་ཞེ་ན། བཅོམ་ལྡན་འདས་ལྷའི་ལུས་འདི་ནི་མིའི་ལུས་སུ་རིག་པར་བགྱི་བ་མ་ལགས་སོ། ། གང་གི་སླད་དུ་ཞེ་ན། བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་མིའི་ལུས་ཀྱི་སྙིང་དང་ནང་གི་ཡིད་ལ་གནས་པ་དེས། དེའི་མཐུས་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆེན་པོའི་མཐུ་ཡིས་མིའི་ལུས་དག་པའི་ལྷའི་ལུས་སུ་འགྱུར་ཏེ། ལྷའི་ལུས་སུ་རིག་པར་བྱའོ།། འཇིག་རྟེན་དབང་ཕྱུག་གི་ལུས་སུ་རིག་པར་བྱའོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ལུས་སུ་རིག་པར་བྱའོ།། དེ་བཞིན་གཤེགས་པའི་མཛོད་རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་གྱི་ལུས་སུ་རིག་པར་བྱའོ།། དོན་ཡོད་པའི་སྙིང་པོའི་ལུས་སུ་རིག་པར་བྱའོ།། དྲི་མ་དང་བྲལ་ཞིང་སེར་སྣ་དང་ཕྲག་དོག་སྤངས་པའི་ལུས་སུ་རིག་པར་བྱའོ། ། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་དྲི་མ་མེད་པའི་ལུས་སུ་རིག་པར་བྱའོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། ཕྱག་བྱ་བའི་འོས་སུ་རིག་པར་བྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་བསྲུབ་པའི་ལུས་སུ་རིག་པར་བྱའོ། ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བསྐྱེད་པའི་དགེ་བའི་རྩ་བ་དང་ཡང་དག་པར་ལྡན་པའི་ལུས་སུ་རིཀ་པར་བྱའོ། ། ཚེ་དཔག་ཏུ་མེད་པའི་ལུས་སུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་ཕྱུང་བའི་ལུས་སུ་རིག་པར་བྱའོ།། ལག་ན་རྡོ་རྗེས་རྡོ་རྗེར་བྱིན་གྱིས་བརླབས་པའི་ལུས་སུ་རིག་པར་བྱའོ། ། རྒྱ་མཚོ་ཆེན་པོ་ཟབ་མོའི་ཆུའི་རིགས་དཀུ་དང་མཉམ་ཞིང་མཚུངས་པའི་ལུས་སུ་རིག་པར་བྱའོ།། དེ་མ་ཐག་ཏུ་ལྷུན་པོ་ཆེན་པོའི་ལུས་སུ་རིག་པར་བྱའོ།། ནམ་མཁའ་ཆེན་པོ་ཡོངས་སུ་དག་པ་དང་། ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བར་འགྱུར་ཏེ། ལྷའི་ལུས་དང་། ལྷའི་ཁམས་ཀྱི་སྙིང་པོ་མཉམ་པའི་ལུས་སུ་རིག་པར་བྱའོ།། དེ་ལྟར་མཐུ་ཆེན། པོ་དང་སྟོབས་ཆེན་པོ་ཞེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པར་འགྱུར་ཏེ། ལུས་ཆེན་པོར་ཡང་འགྱུར་རོ།། བཅོམ་ལྡན་འདས་འོན་ཀྱང་སེམས་ཅན་སྒྲུབ་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། གཏིང་དཔག་པར་དཀའ་བ། དད་པ་མེད་པ། སེར་སྣས་ཡོངས་སུ་དཀྲིས་པ། སྡིག་པ་དང་། གདུག་པ་དང་། ལྷག་མ་དང་། སྦགས་པ་དང་། ཁྲོ་བ་དང་། ཞེ་གདུག་པ་མང་བ་དེས་ནི། བཅོམ་ལྡན་འདས་སེམས་ཅན་རང་གི་ཉེས་པ་ལགས་ཀྱི། བཅོམ་ལྡན་འདས་བདག་གི་ཉེས་པ་ནི་མ་ལགས་སོ།། བཅོམ་ལྡན་འདས་འོན་ཀྱང་བདག་དྲན་པ་ཙམ་གྱིས་སྙིང་པོ་འདི་ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། བཟླས་པ་ཙམ་གྱིས་ཡང་དག་པར་དགོངས་པར་བགྱི། མཐོང་བ་སྩལ་བར་བགྱིའོ།། ཡང་དང་ཡང་དུ་བསྐུལ་བར་བགྱིའོ།། བཅོམ་ལྡན་འདས་སེམས་ཅན་དེ་རྣམས་ནི་བདག་ལ་ལྟ་བར་མི་བྱེད་པ་དང་། བསམ་པར་མི་བྱེད་པ་དང་། སེམས་པར་མི་བྱེད་པ་དང་། སྐད་ཅིག་ཡུད་ཙམ་ཐང་ཅིག་ཡིད་ལ་བྱེད་པས་ཀུན་ཏུ་འཛིན་པར་མི་བྱེད་ལགས་ཏེ། གདུག་པའི་བསམ་པ་དང་། གདུག་པའི་སེམས་ཀྱི་སེམས་ཅན་རང་གི་ཉེས་པས་ཡང་དག་པར་གང་བའི་ལུས་ལགས་སོ།། བཅོམ་ལྡན་འདས་བདག་ནི་སེམས་པ་དང་། དྲན་པ་དང་། རྣམ་པར་ལྟ་བར་བྱེད་པ་ཙམ་གྱིས་མོད་ལ་མདུན་དུ་ཉེ་བར་འདུག་པར་བགྱི། མཐོང་བ་དང་། ཡང་དག་པའི་གཏམ་ཀུན་ཏུ་སྨྲ་བ་དང་། ཡང་དག་པར་འགྲོགས་པར་བགྱིའོ།། སེམས་ཅན་དེ་རྣམས་ནི་རིག་སྔགས་འཆང་ཐ་ན་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་ཡང་མི་སྐྱེ་སྟེ། ཡིད་ལ་བྱེད་པ་དང་། སེམས་པར་བྱེད་པའང་མ་ལགས་སོ།། འདི་ལྟ་སྟེ། དགེ་སྦྱོང་གི་ཆ་བྱད་སྐྲ་བཞར་ཞིང་ངུར་སྨྲིག་ཙམ་འཆང་བའི་ཆ་བྱད་ནི། བྲམ་ཟེ་དང་རྒྱལ་རིགས་ཀྱི་ཆ་བྱད་དང་། ཚོང་པ་དང་དེད་དཔོན་ཆེན་པོའི་ཆ་བྱད་དང་། བྱིས་པ་དང་བཅོམ་ལྡན་འདས་ཀྱི་ཆ་བྱད་དང་། རྒྱལ་པོ་དང་། བློན་པོ་དང་། འགྲོགས་ཤེས་དང་། གོས་དམར་པོ་ཅན་ལ་མཁན་པོ་དང་སློབ་དཔོན་དང་མཚུངས་པར། མཁན་པོ་དང་། བུ་དང་། བུ་མོ་དང་། མ་དང་། ཕ་དང་། སྲིང་མོར་ཉེ་བར་ལྟ་བར་བྱེད་དོ།། འོན་ཀྱང་མཁས་པ་ནི་ལྷག་པའི་བསམ་པ་ཡང་དག་པར་རྫོགས་པ་ལ་གནས་པས། གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་། སྐད་དང་། ཡང་དག་པའི་གཏམ་སྨྲ་བ་དང་། ཚིག་འབྲུ་དང་། ཡི་གེ་དང་། དུས་ཚིགས་སུ་འགྲོ་བ་ཡང་དག་པར་མཚོན་པར་བྱ། ཡང་དང་ཡང་དུ་གཏམ་ཀུན་ཏུ་སྨྲ་བ་ལ་རྣམ་པར་སྤྱད་པར་བྱ། དེའི་འོག་ཏུ་ཤེས་པར་བྱའོ།། འཕགས་པའི་སེམས་ཅན་ནོ་ཞེས་བལྟ་བར་བྱ། བདག་ལ་བལྟ་བར་འདོད་པ་དང་། བདག་མཐོང་བར་འདོད་པ་དེར་ཉེ་བར་འགྲོ་བར་བགྱིའོ།། དེ་ལྟ་བུའི་ཚོ་གས་ཤིན་ཏུ་གསལ་བར་མཐོང་བ་སྩལ་བར་བགྱི། རེ་བ་ཐམས་ཅད་དང་ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་བགྱི། སྐྱེ་བོ་ཆེན་པོའི་དབུས་སུ་ཉོ་བ་དང་། འཚོང་བ་དང་། ཀུན་ཏུ་སྨྲ་བ་དང་། ཡང་དག་པར་སྨྲ་བའི་ཐ་སྙད་ཡང་དག་པར་བགྱི། འདུན་སའི་དབུས་སུ་བསྟན་བཅོས་དང་། སྙན་དངགས་དང་། རིག་བྱེད་དང་། གསང་སྔགས་དང་། རིག་པ་དང་། བརྡ་སྤྲོད་པ་དང་། མདོ་སྡེ་དང་། ཟློས་གར་དང་། དྲི་ཟའི་གླུ་དབྱངས་ཀྱི་ཐ་སྙད་ཡང་དག་པར་བགྱི། བྱང་ཆུབ་སྒྲུབ་པ་ལ་ཚུལ་དང་། འདུལ་བ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་མན་ངག་ལྷག་པར་བགྱི། བྲམ་ཟེ་རྣམས་ལ་སྔོན་རབས་དང་། རིག་བྱེད་དང་། མེའི་སྦྱིན་སྲེག་དང་། བྷ་ར་ཏ་དང་། རཱ་མཱ་ཡ་ན་བསྟན་པར་བགྱི། གསང་སྔགས་སྨྲ་བ་རྣམས་ལ་གསང་སྔགས་ཀྱི་བཟླས་བརྗོད་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་དང་། གཟུངས་ཀྱི་བཟླས་བརྗོད་དང་། སྦྱིན་སྲེག་དང་། ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་ལ་སོགས་པ་བསྟན་པར་བགྱི། གང་གིས་བདག་མངོན་སུམ་དུ་མདུན་ན་འདུག་པར་ཅི་ཞིག་གིས་ཤེས་པར་བྱ་ཞེ་ན། རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། ཚིག་སྙན་པ་དང་། འཇམ་ཞིང་མཉེན་པའི་ངག་མི་འགྱུར་ཞིང་ཡོད། སུ་གསལ་བར་རབ་ཏུ་འབྱེད་པ་ཡིན་པ་དང་། ངག་གསལ་བ་ཡིན་པས་ཏེ། ཐམས་ཅད་དུ་མཆོག་ཏུ་སྨྲ་ཞིང་སོ་སོར་ཁྱད་པར་དུ་བྱེད་པའོ།། ཁ་ནས་ཨུཏྤ་ལའི་དྲི་དང་ལྡན་པའི་རླུང་གནས་པ་དང་། ལུས་ལས་ཀྱང་གླ་རྩིའི་དྲི་གནས་པས་ཏེ། འོན་ཀྱང་འཇིགས་སུ་རུང་བའི་གཟུགས་ལ་ཤིན་ཏུ་དཔལ་གྱིས་འབར་བར་བྱེད་དོ།། དེ་ན་རིག་སྔགས་འཆང་གིས་གཞན་ནམ། འཇིག་རྟེན་གྱི་རིགས་བཞི་པོ་གང་ཡང་རུང་བ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ་ཞེས། དེ་གསལ་བར་ཤེས་པར་བྱ་སྟེ། འདི་ལ་ཡིད་གཉིས་དང་དོགས་པ་བསྐྱེད་པར་མི་བྱའོ།། རྨི་ལམ་དུའང་ཐུན་མཚམས་བཞི་རུ་སྣ་ཚོགས་པའི་གཟུགས་དང་། ཁ་དོག་དང་། དབྱིབས་སུ་མཐོང་བ་སྩལ་བར་བགྱི། རེ་བ་ཐམས་ཅད་དང་ཡིད་ཀྱི་ཤིང་རྟའི་མཆོག་རྗེས་སུ་སྩལ་བར་བགྱི། ལྷུན་གྱིས་གྲུབ་པ་ལས་ཕན་པ་ཐམས་ཅད་དང་། ཕུན་སུམ་ཚོགས་པའི་འབྱོར་པ་ཡོངས་སུ་རྫོགས་པར་བགྱི། བཅོམ་ལྡན་འདས་ནམ་དུའང་རྣམ་པ་གཞན་དུ་མི་འགྱུར་བར་བགྱིའོ།། ཡོངས་སུ་གཏང་བར་མི་བགྱིའོ།། དེས་མཆོག་སྦྱིན་པ་ལ་བལྟོས་པར་མི་བགྱིའོ། ། བཅོམ་ལྡན་འདས་རྫུན་དུ་སྨྲ་བ་དེའི་དངོས་གྲུབ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ལྷ་རྣམས་དེ་ལ་སྲུང་བ་དང་ཡོངས་སུ་སྐྱོང་བར་མི་བགྱིད་པ་ནི་མ་གཏོགས་སོ།། བཅོམ་ལྡན་འདས་དེའང་སེམས་ཅན་སྡུག་བསྔལ་ཅན་དེའི་སྐྱོབ་པ་དང་། དཔུང་གཉེན་དང་། སྐྱབས་དང་། འཁྲ་སར་འགྱུར་བར་བགྱི། གདོན་མི་ཟ་བར་བརྩེ་བ་མེད་པར་འགྱུར་བ་མ་ཡིན་ནོ།། ཞེས་མཆོག་ཏུ་བསྒྲལ་བར་བགྱིའོ། ། བཅོམ་ལྡན་འདས་དེ་ལྟར་སྙིང་རྗེས་ཡོངས་སུ་ཟིན་པའི་ཡིད་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པར་བགྱི། ཡང་དག་པར་གཟུང་བར་བགྱི། སེམས་ཅན་འདི་དག་ལ་གདོན་མི་ཟ་བར་བྱང་ཆུབ་ཀྱི་ས་བོན་རྗེས་སུ་གདབ་པར་བགྱིའོ་ཞེས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་སེམས་དཔའ་ཆེན་པོ་མཆོག་གི་སྙིང་རྗེ་ཅན། ཁྱོད་སེམས་ཅན་ལ་མཉེས་གཤིན་པ་གང་གིས་སེམས་ཅན་དེ་རྣམས་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ་མཆོད་པར་བྱེད་ཅིང་། འཁོར་བ་ཆེན་པོར་སྤྱོད་པར་བྱེད་པ་ལས་ཡོངས་སུ་ཐར་པ་གང་ཡིན་པ་དང་། གསད་པར་འོས་པ་ཤིན་ཏུ་ཡོངས་སུ་གྱུར་པར་བྱིང་བར་གནས་པ་དང་། བཀྲེས་པ་དང་། སྐོམ་པས་ཉེན་པ་དང་། འཇིགས་པ་དང་། སྐྲག་པ་དང་། ཡིད་བྱུང་ཞིང་སྐྱོ་བ་དང་། སྡུག་བསྔལ་མང་བ་དེས་ན་སེམས་ཅན་དེའི་དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདིའི་མིང་འཛིན་པ་དང་། སྒྲ་རྣ་བའི་བུ་གར་ལྷུང་ཞིང་ཐོས་པར་བྱེད་པ་དེའི་སྡུག་བསྔལ་ཆེས་ཆེ་བ་དེ་རྣམས་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་གྲོལ་ཏེ། འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ།། དམྱལ་བའི་འཇིགས་པ་ཆེན་པོ་ལས་འདོན་ཅིང་ཡོངས་སུ་གྲོལ་བར་འགྱུར་རོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སྡིག་པ་ཐམས་ཅད་དང་། དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ། ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་འགྱུར་རོ།། ལན་བདུན་ཐོས་པ་ཙམ་གྱིས་སེམས་ཅན་དེ་བརྒལ་བར་འགྱུར་རོ།། ཚོགས་ཆེན་པོ་བསགས་པ་དང་། དེ་བཞིན་གཤེགས་པས་དབུགས་ཕྱུང་བ་ཡིན་ནོ། ། བྱང་ཆུབ་ཀྱིས་ས་བོན་ཡོངས་སུ་རྫོགས་པར་འགྱུར་རོ།། སྤྱན་རས་གཟིགས་དབང་ཕྱུག་འོན་ཀྱང་སེམས་ཅན་དེ་དག་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྙིང་པོ་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་བཅས་པའི་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་ཉན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། འཆང་དུ་འཇུག་པ་དང་། འདོན་དུ་འཇུག་པ་དང་། མཆོད་པར་བྱེད་པ་དང་། འདྲི་བར་བྱེད་པ་དང་། འདྲིར་འཇུག་པ་དང་། མཆོད་པ་ཆེན་པོ་བྱེད་པ་དེའི་སེམས་ཅན་དེ་རྣམས་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། འདི་ལ་ཐེ་ཚོམ་དང་དོག་པ་བསྐྱེད་པར་མི་བྱའོ། ། འོན་ཀྱང་རིལ་བུ་དང་། མིག་སྨན་དང་། བདུག་པ་ལག་ཏུ་ཐོགས་པར་འགྱུར་བ་དེའི་སེམས་ཅན་དེ་རྣམས་ཆེར་དག་ཅིང་། ཀུན་ནས་ཕྱོགས་བཅུ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་པར་འགྱུར་རོ།། ཕྱག་ན་པདྨ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དོན་ཡོད་ཞགས་པའི་སྙིང་པོ་དང་། ཀུན་ཏུ་ཁྲོ་བོའི་ཕྱག་རྒྱའི་སྙིང་པོ་འདི་ལན་བདུན་སྤྱང་བར་གནས་པའི་ཚོ་གས་མཆོད་པ་སྐྱེ་ཅིང་། བཟླས་པ་འབུལ་བར་བྱེད་ཅིང་དབང་བསྐུར་བར་བྱེད་པ་དེ་ནི་མཐོང་བའི་ཆོས་ཉིད་ལ་དེ་བཞིན་གཤེགས་པའི་ལུས་སུ་རིག་པར་བྱའོ།། དེ་བཞིན་གཤེགས་པའི་ཆོས་ཉིད་དངོས་སུ་མཐོང་སྟེ། དེ་བཞིན་གཤེགས་པའི་མཛོད་ལག་ཏུ་སོན་པར་འགྱུར་ཏེ་ཡིད་ཀྱི་ཐེ་ཚོམ་མི་བྱའོ།། འཁོན་དང་དྲེགས་པ་ཐམས་ཅད་ཡོངས་སུ་སྤངས་པས་བྱ་སྟེ། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བས། སེམས་ཅན་དེ་རྣམས་ཐམས་ཅད་ཀྱི་མཐར་ཐུག་པར་འགྱུར་བར་བྱ་ཞིང་བཟླས་པ་སྦྱིན་པར་བྱའོ།། གང་ཡང་དོན་ཡོད་པའི་དཀྱིལ་འཁོར་ཆེན་པོ་འཆད་པར་བྱེད་པ་དང་། མཐོང་བ་དང་། ལྟ་བར་བྱེད་པ་དང་། རས་རིས་ཆེན་པོ་འདི་ལྟ་བར་བྱེད་པ་དེའི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཕྱོགས་བཅུ་ཀུན་ཏུ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་རྗེས་སུ་ཞུགས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་ཚིག་ཆེན་པོའི་སྙིང་པོ་ལ་རབ་ཏུ་ཞུགས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཐོང་བར་འགྱུར་རོ། ། ཁྲོ་བོའི་རྒྱལ་པོ་འདིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ།། དེ་ལྟར་ཡོན་ཏན་དང་། ཕན་ཡོན་ཆེན་པོ་དང་། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། ། དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ།། དེ་བཞིན་དུ་ཕན་ཡོན་ཆེན་པོ་དང་། མཐུ་ཆེན་པོ་དང་། ཡོན་ཏན་ཆེན་པོ་བསྐྱེད་པར་བྱ་བ་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་ཆོ་ག་སྟེ། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདི་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་དང་མཐོང་བ་ཙམ་གྱིས་མཐོང་བའི། ཆོས་ཉིད་ལ་ཆོ་འཕྲུལ་ཆེས་ཆེ་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་པ་བལྟ་བ་འདི་དག་མཚུངས་སོ།། ཆོ་ག་ཞིབ་མོའི་རྒྱལ་པོའི་དཀྱིལ་འཁོར་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གཟུངས་དང་། ། དོན་ཡོད་པའི་རྒྱལ་པོའི་རྣམ་པར་འཕྲུལ་པ་གླེགས་བམ་དུ་བྲིས་པ་ལྟ་བར་བྱེད་པ་འདི་དག་མཚུངས་སོ།། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་དང་མཉམ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རྣམས་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་དུ་ཡང་དག་པར་རྗེས་སུ་འབྲང་བར་འགྱུར། ཡང་དག་པར་སྲུང་བའི་ཆེད་དང་། ཡང་དག་པར་དབུགས་འབྱིན་པའི་ཆེད་དུ་མཐོང་བའི་གནས་སོ།། གླེགས་བམ་བྲིས་པ་འདིའང་མཐོང་བ་ཙམ་གྱིས་མཚམས་མེད་པའི་ལས་རྣམས་དང་། སྔོན་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ།། མཐོང་བའི་ཆོས་ཉིད་ལ་དཔལ་དང་། གཡང་མང་པོ་དང་། གཟི་བརྗིད་དང་ལྡན་པར་འགྱུར་རོ།། ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། ། འདི་ནི་སྐྱེ་བའི་ཐ་མའོ།། གླེགས་བམ་འདི་མཐོང་ན་ཚེ་དང་བྲལ་བའང་ཚེ་འཕེལ་བར་འགྱུར་རོ།། ནད་རྣམས་དང་བྲལ་བར་འགྱུར་རོ། ། སྒྲིབ་པ་དང་ཁྲོ་བོ་དང་བྲལ་བར་འགྱུར་རོ།། མཆོག་ཆེན་པོ་གྲུབ་པར་འགྱུར་རོ།། གྲུབ་པ་ཆེན་པོ་དང་རྣལ་འབྱོར་གྱི་དབང་ཕྱུག་ཏུ་འགྱུར་རོ།། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་ཡང་འགྱུར་རོ། ། གླེགས་བམ་འདི་ནི་ཆོས་ཀྱི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པ་དང་མཚུངས་པར་རིག་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཞིན་འཛུམ་ཞིང་། སྙིང་གཡོ་བ་དང་བཅས་པ། འོད་ཟེར་འབར་ཞིང་སྣང་བར་བྱེད་བཞིན་པ། རྒྱན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡང་དག་པར་བརྒྱན་པའི་ལུས། བཅོམ་ལྡན་འདས་ཀྱི་སྤྲིན་སྔར་འདུག་སྟེ་གསོལ་པ། བཅོམ་ལྡན་འདས་བདག་ལ་པདྨོ་ཡངས་པའི་དཀྱིལ་འཁོར་ཆེན་པོར་ཀུན་ནས་དོན་ཡོད་པའི་རས་རིས་བལྟ་བ་དང་། དོན་ཡོད་ཞགས་པའི་སྙིང་པོ་གང་གིས་དོན་ཡོད་པའི་རས་རིས་ཀྱི་བྱ་བས་དེ་རྣམས་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐོང་བའི་རྣམ་འཕྲུལ་སྟོང་ཕྲག་མང་པོ་མཐོང་བ་དང་། རྣམ་པ་སྣ་ཚོགས་པའི་གཟུགས་དང་། ཁ་དོག་དང་། རྟགས་མཐོང་བ་དང་། གཟུགས་གཅིག་གི་རྗེས་སུ་འཇུག་པར་མཚུངས་སོ་ཞེས་མི་འཇུག་གོ། ། འདི་ལྔ་སྟེ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཕྱུགས་བདག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། དྲང་སྲོང་གི་ཚོགས་དང་། གཞོན་ནུ་དང་། དེད་དཔོན་དང་། ཚངས་པ་དང་། རིག་སྔགས་འཆང་དང་། ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་ལུས་གཅིག་པུས་རྗེས་སུ་འཇུག་པར་འགྱུར་རོ། ། བཅོམ་ལྡན་འདས་གང་གིས་མཐོང་བ་ཙམ་གྱིས་མོད་ལ་དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་ཆེན་པོ་དང་། དམ་ཚིག་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོའི་སྒྲུབ་པ་ཆེན་པོ་དེ་རྣམས་ཐམས་ཅད་བསྒྲུབ་པར་འགྱུར་རོ། ། གྲུབ་པའི་དམ་ཚིག་རྗེས་སུ་ཞུགས་པར་འགྱུར་རོ།། དོན་ཡོད་པ་ཆེན་པོའི་གསང་སྔགས་དང་། སྙིང་པོ་དང་། གཟུངས་དང་། དམ་ཚིག་རྗེས་སུ་སྩལ་བར་བགྱིའོ།། སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྒྲུབ་པའི་ཆེད་དུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མངོན་སུམ་དུ་འདུག་པར་འགྱུར་རོ།། རིག་སྔགས་འཆང་རྣམས་ཀྱི་མཆོག་གི་དངོས་གྲུབ་ཀྱི་མཆེད་དང་། རེ་བ་ཐམས་ཅད་ཡོངས་སུ་། རྫོགས་པའི་ཆེད་དུ་ཀློག་པ་དང་སྒྲུབ་པར་བྱེད་པའོ།། ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨ་མོ་གྷ་པདྨ་པཱ་ཤ་ཀྲོ་དྷ། ཨཱ་ཀཪྵ་ཡ་པྲ་བེ་ཤ་ཡ་མ་ཧཱ་པ་ཤུ་པ་ཏི་ཡ་མ་བ་རུ་ཎ་ཀུ་བེ་ར། བྲཧྨ་བེ་ཥ་དྷ་ར། ཨ་མོ་གྷ་ཧྲིད་ཡ་པདྨ་ཀུ་ལ་ས་མ་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་གཟུངས་ཀྱི་ཕྱག་རྒྱ་འདི། འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པར་གསུངས་པ་ཙམ་གྱིས་མོད་ལ། རི་དང་། ནགས་དང་། དགོན་པར་བཅས་པ་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་གཡོས་ཏེ། མེ་ཏོག་གི་ཆར་ཆེན་པོ་མངོན་པར་བབ་བོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཅ་ཅོའི་སྒྲ་ཆེན་པོ་རིང་དུ་སྒྲོགས་པར་བྱེད་དོ།། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོའི་སྙིང་པོ་འདི་གསུངས་པའི་དེ་མ་ཐག་ཏུ། གནོད་སྦྱིན་དང་། སྲིན་པོ་གདུག་པ་ཐམས་ཅད་དང་། ལོག་འདྲེན་གདུག་པ་ཅན་རྣམས་ཁས་ཕུབ་ཏུ་འགྱེལ་ཏེ་འབར་ཞིང་། ཕྱོགས་ཀྱི་གནས་སྐྱེད་ཅིང་ཁ་ཕྱིར་ཕྱོགས་སོ།། བགེགས་དང་ལོག་འདྲེན་རྣམས་ཕྱོགས་བཅུར་འབྲོས་པར་བྱེད་དོ།། ངུ་བཞིན་དུ་རྒྱུག་པར་བྱེད་ཅིང་། སྤ་གོང་ཞིང་ཀུན་ཏུ་འཁྱམ་མོ། ། འདིར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་རྫས་ཀྱི་རྒྱན་དང་། གོས་དང་། རས་བཅོས་བུ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱེད་ཅིང་། ཆོས་ཀྱི་དགབ་པ་རྗེས་སུ་སྦྱིན་པར་བྱེད་དོ།། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་དྲིའི་མཆོད་པས་མཆོད་པ་བྱེད་པར་འགྱུར་རོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་མེ་ཏོག་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་གོས་དང་། སྤྱད་པ་དང་། རྒྱན་དང་། ལྷབ་ལྷུབ་སྣ་ཚོགས་པ་ཐོགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་དོང་སྟེ་ལྷག་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་བཞིན་གཤེགས་པའི་སྤྱན་སྔར་མཆོད་པ་ཆེས་ཆེ་བ་བྱེད་པར་འགྱུར་རོ།། བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་དབང་ཕྱུག་གིས་མཆོད་པ་འགུགས་པ་ནི་མཆོག་ཏུ་རྙེད་པར་དཀའོ།། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་དང་། དོན་ཡོད་པའི་རས་རིས་ཀུན་ཏུ་བལྟ་བའི་སྙིང་པོ་འདི་གསུངས་པ་འདི་ནི་དག་པའི་སེམས་དཔའ་ཆེན་པོའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དག་པའི་སེམས་དཔའ་ཆོ་ག་ཤིན་ཏུ་རྒྱས་པ་ཤོད་ཅིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུངས་འདིའི་དོན་ཡོད་པའི་རྣམ་པར་འཕྲུལ་པ་ཤིན་ཏུ་རྒྱས་པ་བཤད་དོ། ། གཟུངས་འདིའི་དོན་ཡོད་པའི་རྣམ་པར་འཕྲུལ་པ་ནི། རིག་སྔགས་འཆང་དེས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཉི་མ་རེ་རེར་སྟོང་རྩ་བརྒྱད་དུ་བཟླས་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟུགས་རྣམ་པ་སྣ་ཚོགས་པ་ཡང་དག་པར་མཐོང་བ་དང་།། སྒྱུ་མ་ཡང་དག་པར་མཐོང་བའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་དེ་ཐམས་ཅད་རྗེས་སུ་འཛིན་པར་འགྱུར་ཞིང་། ཐམས་ཅད་རྗེས་སུ་ཞུགས་པར་འགྱུར་ལ། ཐམས་ཅད་དུ་དམ་ཚིག་རྟོགས་པར་ཁོང་དུ་ཆུད་པར་འགྱུར་། ཐམས་ཅད་དུ་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་ཀྱི་ཆོ་ག་ཞིབ་མོའི་རྗེས་སུ་རབ་ཏུ་གནས་པར་འགྱུར་རོ།། ཐམས་ཅད་དུ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱལ་མཚན་གྱི་མཆོག་ཅེས་བྱ་བ་ལ་གནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྗེས་སུ་སོན་ཅིང་རྗེས་སུ་ཞུགས་པར་འགྱུར་རོ།། དོན་ཡོད་པའི་རིག་སྔགས་ཀྱི་དངོས་གྲུབ་ཡོངས་སུ་རྫོགས་པ་ལ་རབ་ཏུ་གནས་པར་འགྱུར་རོ། ། དོན་ཡོད་པའི་རྣམ་པར་འཕྲུལ་པ་དང་ལྡན་པར་འགྱུར་རོ།། དོན་ཡོད་པའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་མཐུན་པར་འགྱུར་རོ།། དོན་དོན་ཡོད་པའི་ཡོན་ཏན་ཡོངས་སུ་བསྒྲགས་པ་དང་ལྡན་པར་འགྱུར་རོ། ། དོན་ཡོད་པའི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ།། དོན་ཡོད་པའི་དེ་བཞིན་གཤེགས་པ་ལུང་བསྟན་པ་ཡོངས་སུ་འཛིན་པར་འགྱུར་རོ། ། དོན་ཡོད་པའི་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་དགེ་བའི་རྩ་བ་སྐྱེད་པར་འགྱུར་རོ།། དོན་ཡོད་པར་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་བྱིན་གྱིས་རློབ་པ་དང་ལྡན་པར་འགྱུར་རོ། ། དོན་ཡོད་པར་དེ་བཞིན་གཤེགས་པའི་རིགས་ཀྱི་རྗེས་སུ་ཞུགས་པར་འགྱུར་རོ།། དོན་ཡོད་པར་རྡོ་རྗེའི་རིགས་ལ་མཉམ་པར་རྗེས་སུ་ཞུགས་པར་འགྱུར་རོ།། དོན་ཡོད་པར་པདྨའི་རིགས་ཀྱི་དམ་ཚིག་བྱིན་གྱིས་བརླབས་པར་འགྱུར་རོ། ། དོན་ཡོད་པར་ནོར་བུའི་རིགས་ཀྱི་དམ་ཚིག་རྗེས་སུ་འཛིན་པར་འགྱུར་རོ།། དོན་ཡོད་པར་རྒྱལ་པོའི་རིགས་ཀྱི་དམ་ཚིག་རྗེས་སུ་འཛིན་པར་འགྱུར་རོ། ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་འཕྲུལ་པ་བྱིན་གྱི་རློབ་པས་བྱིན་གྱིས་བརླབས་པར་འགྱུར་རོ།། དོན་ཡོད་པར་འཁོར་ལོས་སྒྱུར་བའི་རིགས་དབང་དུ་གྱུར་ནས་རབ་ཏུ་གནས་པར་བྱིན་གྱིས་བརླབས་པར་འགྱུར་རོ། ། དོན་ཡོད་པར་རིག་སྔགས་ཀྱི་དབང་གིས་མངོན་པར་དབང་བསྐུར་བར་འགྱུར་རོ།། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་འགྱུར་རོ། ། དོན་ཡོད་པར་ཕྱག་རྒྱ་ཆེན་པོ་རིམ་པར་ཕྱེ་བ་དང་གསང་སྔགས་ཀྱི་སྒྲུབ་ཐབས་ལ་རབ་ཏུ་གནས་པར་འགྱུར་རོ།། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་བྱིན་གྱིས་བརླབས་པར་འགྱུར་རོ། ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། ། དོན་ཡོད་པར་ཆོས་ཀྱི་རྔ་བོ་ཆེ་རྡུང་བར་འགྱུར་རོ།། དོན་ཡོད་པར་ཆོས་ཀྱི་དུང་འབུད་པར་འགྱུར་རོ།། དོན་ཡོད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོར་འགྱུར་རོ། ། དོན་ཡོད་པར་ཐོས་པ་ཟབ་མོ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་དང་ལྡན་པར་འགྱུར་རོ།། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཡན་ལག་བརྒྱད་དང་ལྡན་པར་འགྱུར་རོ། ། དོན་ཡོད་པར་འཇིག་རྟེན་པ་དང་ཐུན་མོང་བའི་ཆོས་ཆོ་ག་ཞིབ་མོའི་སྒྲུབ་པའི་དངོས་གྲུབ་ཆེན་པོ་སོ་སོར་ཐོབ་བོ།། དོན་ཡོད་པར་འཇིག་རྟེན་པའི་ལྷའི་དཔལ་ཉམས་སུ་མྱོང་ངོ་། ། དོན་ཡོད་པར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བླ་མར་བྱེད་པ་དང་། གུས་པར་བྱེད་པ་དང་། སྤྱི་བོར་འཇོག་པར་འགྱུར་རོ།། དེ་བཞིན་དུ་ཚོགས་ཆེན་པོའི་ཡོན་ཏན་དང་ལྡན་པ་དང་ཕན་ཡོན་ཆེན་པོ་རྗེས་སུ་སོན་པར་འགྱུར་རོ། ། དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་དང་བཅས་པ་ལ་ཕྱག་རྒྱ་དང་། དཀྱིལ་འཁོར་སྒྲུབ་པ་དང་། ཞགས་པའི་ཆོ་ག་མཐའ་དག་རྫོགས་པ་གང་ཡིན་པ་འདི་མཉན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། ཀུན་ཆུབ་པར་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བཟླས་པའི་ཆོ་ག་བྱེད་པར་འགྱུར་བ་དང་། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་འགྱུར་བ་དེ་དག་སྐྱེ་བ་འདི་ཉིད་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་སྡིག་པ་ཐམས་ཅད་ཡོངས་སུ་དག་ཅིང་བསལ་བར་འགྱུར་རོ། ། ནད་ཐམས་ཅད་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། འཁོར་བའི་རྒྱ་མཚོའི་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། ། བཅོམ་ལྡན་འདས་འོན་ཀྱང་གང་ལ་ལ་ཞིག་སེམས་ཅན་ཆེས་མང་པོ་ལ་དབང་བྱེད་པར་འགྱུར་ཏེ། དེའང་བཅོམ་ལྡན་འདས་ཕྱིར་མི་ལྡོག་པར་རིག་པར་བགྱིའོ།། ས་བཅུ་ལ་རབ་ཏུ་གནས་པ་དང་བཅས་པར་བརྗོད་པར་བགྱིའོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་འདི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། རས་རིས་ཡོངས་སུ་དག་ནས་དང་པ་དང་གུས་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པའི་བསམ་པ་རབ་ཏུ་དང་བས་འདྲི་བར་འགྱུར་རོ། ། འདྲི་མཁན་དད་པ་དང་། གུས་པ་དང་། བྱམས་པ་ཡོངས་སུ་དག་པའི་ཡིད་ཀྱིས་ཡོ་བྱད་ཡོངས་སུ་མ་ཚང་བ་མེད་པའི་མཆོད་པ་དང་། བསྙེན་བཀུར་བའི་དྲི་མཁན་གྱིས་འདྲི་བ་འམ་འདྲིར་གཞུག་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་མཐུས་དྲིས་པའི་སེམས་ཅན་དེའང་ཕྱིར་མི་ལྡོག་པར་རིག་པར་བགྱི་སྟེ། འདི་ལ་དོགས་པ་དང་ཡིད་གཉིས་བསྐྱེད་པར་མི་བགྱིའོ། ། གཞན་ཡང་སེམས་ཅན་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་སྐྱེད་པའི་སྲས་སུ་རིག་པར་བགྱི། ཞལ་ལས་སྐྱེས་པ་དང་། ཆོས་ལས་སྐྱེས་པ་དང་།། ཆོས་ཀྱི་སྤྲུལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་ཏེ། སེམས་ཅན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་ལུང་བསྟན་ཏོ། ། དེ་ལྟར་རྫུ་འཕྲུལ་ཆེ་བའི་ཕྱིར། ཆོ་ག་ཞིབ་མོའི་རྒྱལ་པོ་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་རིག་པར་བགྱིའོ།། དེའི་ཕྱིར་འདིའི་ཕན་ཡོན་དང་ཡོན་ཏན་ཆེན་པོ་ཡོངས་སུ་བསྒྲགས་སོ། ། དེ་ནས་དོན་ཡོད་པའི་དངོས་གྲུབ་བླ་ན་མེད་པའི་ཡོ་བྱད་དང་ཆོ་ག་བཤད་པར་བགྱི་སྟེ། རས་ཁྲུ་གཉིས་པའི་ཚང་དུ་བགྱི་ཞིང་། ཀུན་ནས་གྲུ་བཞི་པ། ཤིན་ཏུ་གསལ་བ། ཤིན་ཏུ་བཏགས་པ། ཤིན་ཏུ་གསར་པ། ལེགས་པར་བཅགས་པ་ལ། རི་མོ་མཁན་གཙང་མས་གོས་གཙང་མ་བགོས་པས། ཆང་དང་། ཤ་དང་། ཀུན་དོང་དང་། སྒོག་སྐྱ་དང་། ཀེའུ་དང་འདྲེས་པ་དང་། སྤབས་པ་དང་། ཁ་ཟས་ངན་པ་ཡོངས་སུ་སྤུངས་པས་ཚོན་རྣམ་པ་སྣ་ཚོགས་པ་འབར་བ། ལྷག་མ་མ་ཡིན་པ་སྣོད་གསར་པར་བཞག་པས་འདྲིར་གཞུག་པར་བགྱི་སྟེ། འཕགས་བསྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་རི་མོ་བགྱིའོ། ། དོན་ཡོད་པའི་ནགས་པ་ཞི་པའི་ཞལ། སྤྱན་གསུམ་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། ཞལ་བཅུ་གཅིག་པ་བགྱི་སྟེ། ཕྱག་སུམ་ཅུ་སོ་གཉིས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་ན་ཚོན་ཆ་སྣ་ཚོགས་པ་དང་ཞགས་པ་ཐོགས་པོ། པདྨ་དཀར་པོའི་ལུས་དང་ཁ་དོག་ཅན། སྣ་ཚོགས་པའི་གོས་འཆང་བ། ཞལ་གཡས་པ་དབང་ཕྱུག་ཆེན་པོའི་ཞལ། གཡོན་པ་སྲེད་མེད་ཀྱི་བུའི་གཟུགས་འཛིན་པ། དབང་ཕྱུག་ཆེན་པོའི་སྟེང་དུ་གཤིན་རྗེའི་གཟུགས། སྲེད་མེད་ཀྱི་བུའི་སྟེང་དུ་ཆུ་ལྷའི་གཟུགས། གཤིན་རྗེའི་སྟེང་དུ་ལུས་ངན་གྱི་གཟུགས། ཞལ་ཁྲོ་གཉེར་ཅན། ཆུ་ལྷའི་སྟེང་དུ་གཞོན་ནུ་ཞལ་ཁྲོ་གཉེར་ཅན། ལུས་ངན་གྱི་སྟེང་དུ་དབང་ཕྱུག་ཆེན་པོའི་གཟུགས་དྲག་པོ་མཆེ་བ་གཙིགས་པའོ།། གཞོན་ནུའི་སྟེང་དུ་དབང་ཕྱུག་དྲག་པོའི་གཟུགས་མཆེ་བ་གཅིག་པའོ། ། དབང་ཕྱུག་གི་སྟེང་དུ་ཉི་མའི་ཞལ། དབང་ཕྱུག་ཆེན་པོའི་སྟེང་དུ་ཟླ་བའི་ཞལ། སྟེང་གི་རལ་པ་ལ་འཕགས་པ་འོད་དཔག་མེད་འོད་འདོམ་གང་དང་བཅས་པའི་ཕྱག་བརྐྱང་བས་དབུགས་འབྱིན་པར་བྱེད་དོ། ། ཕྱག་གཡས་པ་དང་སྒྲའི་བར་དུ་རླུང་ལྷ་བྱ་སྟེ་ལུས་རྫོགས་པའོ།། གཞོགས་གཡོན་དུ་མེའི་ལྷ་སྟེ་ལུས་ཕྱེད་པའོ།། སྔར་བཤད་པའི་ཕྱག་རྒྱ་དང་མཚོན་ཆ་ལག་ན་ཐོགས་པ་བགྱིའོ།། གཡས་སུ་འཕགས་པ་ཁྲོ་བོའི་རྒྱལ་པོ་བགྱི་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཁྲོས་པའི་གཟུགས་སོ།། གཡོན་དུ་རིག་པའི་རྒྱལ་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བགྱིའོ།། ཁྲོ་བོར་རྒྱལ་པོ་ནི་པདྨ་དང་ཞགས་པ་ཐོགས་པའོ། ། རིག་པའི་རྒྱལ་པོ་ནི་ཡིད་བཞིན་གྱི་ནོར་བུ་དང་། མེ་ཏོག་གི་ཕུར་མ་ཐོགས་པར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་ཞལ་ནས་འོད་ཟེར་འཕྲོ་བཞིན་པ་བགྱི་སྟེ། པདྨའི་གདན་དང་། ལུས་ལ་པདྨའི་འཕྲེང་བ་འཕྱང་བའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་གི་པདྨ་ལ་དཀྱིལ་འཁོར་གྱི་ལྷ་མོ་བགྱི་སྟེ། དྲག་མོ་དྲག་ཏུ་དགོད་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། པདྨ་དང་། ཞགས་པ་དང་། དགྲ་ལྔ་དང་། རལ་གྲི་ཐོགས་པ། པདྨའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བགྱིའོ།། ཁྲོ་བོའི་རྒྱལ་པོའི་རྒྱབ་ཏུ་འཕགས་མ་སྒྲོལ་མ་བགྱི་སྟེ། ཕྱག་ན་གོས་འཛིན་པ། དབུ་སྤྲད་པ། རྒྱན་ཐམས་ཅད་རྣམ་པར་བརྒྱན་པའོ།། རིག་པའི་རྒྱལ་པོའི་རྒྱབ་ཏུ་དཀར་ཤམ་ཆེན་མོ་བགྱི་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་ཐལ་མོ་སྦྱོར་ཞིང་མགོ་སྨད་པའོ།། དཀྱིལ་འཁོར་གྱི་ལྷ་དེ་དག་གི་བར་དུ། གཡས་ངོས་སུ་རིག་སྔགས་འཆང་པུས་མོ་བཙུགས་པ་བགྱི་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ལ་ལྟ་བཞིན་པ། ལག་ན་མེ་ཏོག་གི་ཕོག་པ་ཐོགས་པ་བགྱིའོ།། ངོས་བཞིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རི་མོ་བགྱི་སྟེ། སྐྱིལ་མོ་ཀྲུང་གིས་བཞུགས་པ། དཀྱིལ་འཁོར་གྱི་རྣམ་པ་སུམ་ཅུ་རྩ་བརྒྱད་རྣམ་པར་འབྱེས་པར་བགྱིའོ། ། སྟེང་དུ་སོན་པར་དྲང་སྲོང་རྣམས་དང་ལྷའི་བུ་བགྱིའོ།། གྲཝ་བཞི་རུ་རྒྱལ་པོ་ཆེན་པོ་བཞི་བགྱི་སྟེ། གོ་ཆ་དང་ཡ་ལད་བགོས་པའོ།། ཞབས་དག་གི་འོག་ཏུ་དཔལ་ལྷ་མོ་དང་། དབྱངས་ཅན་དང་། འཇིགས་མ་དང་། མཚན་མོའི་ལྷ་མོ་རྣམས་བགྱིའོ།། རས་རིས་ཡོངས་སུ་རྫོགས་པ་ལེགས་པར་བགྱིས་ཤིང་། ལས་བགྱིས་པ་བྲིས་ནས་དེའི་འོག་ཏུ་གས་བའི་གནས་སུ་བཞག་སྟེ། ཕྱོགས་གཙང་མར་བ་བྱུང་གི་དཀྱིལ་འཁོར་བགྱི་སྟེ། ཀུན་ནས་གྲུ་བཞི་པ་བགྱིའོ།། དེའི་སྟེང་དུ་དྲི་སྣ་ཚོགས་ཀྱི་བྱུག་པ་སྦྱིན་པར་བགྱི། མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་དགྲམ་པར་བགྱི། གང་བའི་བུམ་པས་སྤྲས་པར་བགྱི། པོག་པོར་གྱིས་སྤྲས་པར་བགྱིའོ།། ཙན་དན་དང་། ཀུན་ཏུ་རུ་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། གུ་གུལ་གྱི་བདུག་པ་སྲེག་ཅིང་། མཆོད་ཡོན་དང་ཞབས་བསིལ་ཡང་གཞག་པར་བགྱིའོ། ། རས་རིས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་ནས། རིག་སྔགས་འཆང་གོས་གཙང་མས་གོས་གཙང་མ་བགོས་པ་ལེགས་པར་ཁྲུས་བྱས་པས་བགྱི་སྟེ། རས་རིས་ལ་མཆོད་པ་བགྱི་ཞིང་མར་མེ་བཅུ་དྲུག་སྦར་བར་བགྱིའོ། ། དེ་ནས་རས་རིས་ལ་མངོན་དུ་ཕྱོགས་ནས། སྐྱིལ་མོ་ཀྲུང་གིས་འདུག་ནས་ཕྱག་རྒྱ་བཅིང་བར་འགྱིའོ།། དོན་ཡོད་པ་ཆེན་པོའི་སྙིང་པོའི་གསང་སྔགས་ཀྱི་གཟུངས་ཀྱི་དམ་ཚིག་སྟོང་ཕྲག་བཅུར་བཟླས་སོ། ། དོན་ཡོད་རྒྱལ་པོའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བགྱིའོ།། སྟོང་ཕྲག་བཅུ་རྫོགས་པ་དང་། རིག་སྔགས་འཆང་གི་མགོ་ལ་འབར་བར་བགྱིད་ཅིང་། རས་རིས་དེ་ལའང་འོད་སྣ་ཚོགས་པ་རྣམས་འབར་བར་བགྱིད་དེ། ཐོ་རངས་སྐྱ་རེངས་སེར་པོའི་ཐུན་མཚམས་ཀྱི་དུས་ཚོད་ལ་ཇི་ལྟ་བ་བཞིན་དུ་རས་རིས། མངོན་པར་འདྲི་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷའི་ལུས་ཀྱིས་མདུན་དུ་འདུག་སྟེ། རིག་སྔགས་འཆང་ལ་དབུགས་འབྱིན་པར་བགྱིད་ཅིང་། དེ་བཞིན་དུ་སྨྲ་བར་བགྱིད་དེ། རིག་སྔགས་འཆང་སྨྲོས་ཤིག། མཆོག་སྦྱིན་པར་བྱའོ།། ཡིད་ལ་ཇི་ལྟར་འདོད་པ་དེ་དག་ཐམས་ཅད་སྦྱིན་པར་བྱའོ།། རིག་སྔགས་འཆང་གིས་མཆོག་གཉིས་བླང་བར་བྱ་སྟེ། འཇིག་རྟེན་པའི་མཆོག་གི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པའི་མཆོག་སངས་རྒྱས་ཉིད་དོ།། གལ་ཏེ་འཇིག་རྟེན་པའི་མཆོག་སློང་བར་བྱེད་ན་དེ་ཐམས་ཅད་སྦྱིན་པར་བགྱིད་དེ། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་མཆོག་གི་སྒྲུབ་པའི་དངོས་གྲུབ་ཏུ་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་གྲུབ་པའི་དངོས་གྲུབ་ཇི་ལྟ་བ་དེ་བཞིན་དུ་རིག་སྔགས་འཆང་ལ་མཆོག་གི་དངོས་གྲུབ་འགྲུབ་པར་བགྱིད་དོ། ། ཞེས་བྱ་བའི་དངོས་གྲུབ་ཆེན་པོར་འགྱུར་རོ།། དངོས་གྲུབ་ཡངས་པར་ཡང་འགྱུར་རོ།། འཇིག་རྟེན་པའི་བྱ་བ་ཐམས་ཅད་ཀྱི་མཆོག་སྒྲུབ་པའི་དངོས་གྲུབ་ཏུ་འགྱུར་རོ། ། གཞན་པའི་མཆོག་ཐམས་ཅད་མངོན་པར་བསླངས་ན་སྩོལ་བར་བགྱིད་དེ། འདི་ལྟ་སྟེ། སྔགས་ཀྱི་དངོས་གྲུབ་དང་། མིག་འཕྲུལ་དང་། འོད་ཟེར་གྱི་དྲ་བ་དང་། ལྷའི་གཟུགས་མཐོང་བ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཁུང་བུར་འཇུག་པ་དང་། ནགས་སུ་འཇུག་པ་དང་། ཀླུའི་གནས་སུ་འཇུག་པ་དང་། མི་འམ་ཅིའི་གནས་སུ་འཇུག་པ་དང་། ཆུ་ལ་འཇུག་པ་དང་། ནམ་མཁར་འཇུག་པ་དང་། ས་འོག་ཏུ་འཇུག་པ་དང་། ནོར་སྒྱུར་བ་སྨྲ་བ་དང་། ཞིང་དུ་སྨྲ་བ་དང་། ནོར་དུ་སྨྲ་བ་དང་། གཡུལ་ངོར་འཇུག་པ་དང་། འགུགས་པ་དང་། ཆར་འབེབས་པ་དང་། ཡང་དག་པར་འཛིན་པ་དང་། དབང་དུ་བྱེད་པ་དང་། གནོད་སྦྱིན་ཕྱིར་འབྱིན་པ་དང་། རྣམ་པར་གཡོ་བ་མེད་པར་བྱེད་པ་དང་། ཆུ་ཀླུང་ཆེན་པོ་སྒྲོལ་བ་དང་། རྒྱུ་སྐར་སྨྲ་བ་དང་། སྔགས་སྨྲ་བ་དང་། རྫས་དང་སྨན་གཡོ་བར་བྱེད་པ་དང་། བཅུད་ཀྱི་ལེན་སྒྲུབ་པ་དང་། འཕོ་བར་བྱེད་པ་དང་། འབྱིན་པར་བྱེད་པ་དང་། ལོ་ཏོག་སྒྲུབ་པ་དང་། གོས་འདོར་བར་བྱེད་པ་དང་། རྒྱལ་པོ་དབང་དུ་བྱེད་པ་དང་། འཇིག་རྟེན་པའི་སྒྲུབ་པའི་དངོས་གྲུབ་དེ་ཐམས་ཅད་འགྲུབ་པར་བགྱིད་དོ།། དེ་ནས་འཇིག་རྟེན་པ་གཞན་དོན་དུ་གཉེར་ཅིང་འདོད་ན་ཕྱག་གཡས་པ་སྤྱི་བོའི་གཙུག་ཏུ་འཇོག་པར་བྱེད་དེ། གཞག་པ་ཙམ་གྱི་མོད་ལ་ལུས་མེད་པ་དྲི་མ་དང་བྲལ་བ་ཡོངས་སུ་དག་པ་ཞེས་བྱ་བའི་ཡོངས་སུ་དག་པའི་ལུས་སོ་སོར་ཐོབ་སྟེ། སྦྲུལ་གྱི་ཤུན་པ་བཞིན་དུ་ལུས་འདོར་བར་བགྱིད་དོ།། བསམས་པ་ཉིད་ཀྱི་མོད་ལ། དེ་མ་ཐག་ཁོ་ནར་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་བགྱིད་དོ། ། སྐྱེ་བ་བྱེ་བ་བརྒྱ་སྟོང་ཕྲག་གི་ཚེ་རབས་དྲན་པར་འགྱུར་ཏེ། དེ་མ་ཐག་ཁོ་ནར་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་ལུང་བསྟན་པ་ཐོབ་པའི་མོད་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། འདི་ཉིད་ནི་སྐྱེ་བར་སྐྱེས་པའི་ཐ་མའོ་ཞེས་སོ།། སྒྲིབ་པ་ཐམས་ཅད་དང་བྲལ་བ་དོན་ཡོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་། ཏིང་ངེ་འཛིན་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཐོབ་བོ།། ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་ཞིང་ལེགས་སོ་ཞེས་བྱ་བ་རྗེས་སུ་སྩོལ་བར་མཛད་དོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། ལྷ་ཐམས་ཅད་ཀྱིས་ཀྱང་འདི་ལ་ཀུན་ཏུ་སྲུང་བར་འགྱུར་རོ།། འཇིག་རྟེན་པ་དཔའ་ཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་གཉིས་པོ་འདི་ནི་མཐོང་བའི་ཆོས་ཉིད་ལ་རྗེས་སུ་སྩོལ་བར་འགྱུར་རོ།། བྱ་བ་གཞན་མང་ཞིང་ཆོས་མང་བ་ཐམས་ཅད་སྒྲུབ་པར་བགྱིད་དོ།། ། གདོན་གྲོལ་བར་བྱེད་པ་དང་། འབེབས་པར་བྱེད་པ་དང་། མདོ་སྡེ་ལ་རྟོག་པ་དང་། ཚེ་ལ་རྟོག་པ་དང་། ནད་རབ་ཏུ་ཞི་བར་བྱེད་པ་དང་། འབྲས་དང་། ཕོ་ལ་མིག་དང་། ལྷོག་པ་དང་། མཚན་མར་རྡོལ་བ་དང་། རྐབ་ཤུ་དང་། ཤ་བཀྲ་དང་། མཛོད་པ། འབྲུམ་བུ་ཕྲ་མོ་དང་། གཡན་པ་དང་། མེ་དཔལ་དང་། ལྟོ་བ་ན་བ་དང་། མིག་ན་བ་དང་། མགོ་བོ་ན་བ་དང་། ཞོགས་ཕྱེད་ན་བ་དང་། མ་རོ་ཙ་ཀ་དང་། ཕོ་བའི་ནད་དང་། སོ་ན་བ་དང་། མགུལ་བ་ན་བ་དང་། ལྕེ་དང་རྐན་ན་པ་དང་། ཁ་ན་པ་དང་། སྣུན་པ་དང་། རྣ་བ་ན་པ་དང་། སྙིང་ན་པ་དང་། ལྟོ་བན་པ་དང་། རྩིབ་ལོགས་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། རྗེ་ངར་ན་བ་དང་། སེན་མོ་ན་བ་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རྟག་པའི་རིམས་པ་དང་། མཚན་མོ་པ་དང་། ཉིན་མོ་པ་དང་། འདུས་པ་སྟེ། འདི་དག་ཐམས་ཅད་གསང་སྔགས་འདི་བཟླས་པ་ཙམ་གྱིས་རྣམ་པར་ཉམས་པར་བགྱིད་དོ།། སྡིག་པ་དེ་རྣམས་རྣམ་པར་ཉམས་པར་བགྱིད་དོ། ། གདུག་པ་ཐམས་ཅད་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་རྣམ་པར་ཉམས་པར་བགྱིད་དོ།། དེ་ལྟར་གཟུངས་ཀྱི་སྙིང་པོ་འདི་ནི་སྟོབས་ཆེན་པོ་དང་ལྡན་པས་ཏེ། འཇིག་རྟེན་པའི་དངོས་གྲུབ་ཀྱི་མཆོག་འདི་དག་འགྲུབ་པར་འགྱུར་རོ།། དེ་ནས་ལས་བྱེད་པར་འདོད་ན། དེའི་འོག་ཏུ་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་པ་ལེགས་པར་ཁྲུས་བྱས་པས་བགྱི་སྟེ། དེ་ནས་དོན་ཡོད་པ་ཆེན་པོའི་སྙིང་པོའི་གསང་སྔགས་ཀྱི་གཟུངས་འདི་སྒྲུབ་ཅིང་བཟླས་པས་དེ་དག་འགྲུབ་པར་འགྱུར་རོ།། སྟོང་ཕྲག་བཅོ་བརྒྱད་དུ་བཟླས་པས་སྡིག་པ་ཐམས་ཅད་ཞི་ཞིང་འཇིག་རྟེན་པའི་རིག་སྔགས་ཆེན་གྲུབ་པར་འགྱུར་རོ། ། ཐམས་ཅད་ལ་ལུས་ཐམས་ཅད་དུ་སྒྲུབ་པར་བྱེད་དོ།། དེ་ནས་འཇིག་རྟེན་ལས་འདས་པའི་བཟླས་པའི་ཆོ་ག་སྒྲུབ་པར་འདོད་པའི་རིག་སྔགས་འཆང་དེས་ཉི་མ་རེ་རེ་ཞིང་གཞི་གཙང་མ་ལེགས་པར་ཁྲུས་བགྱིས་ཤིང་གོས་གཙང་མ་བགོས་པས་བགྱིས་ཏེ་ཉལ་ཚེ་གཅིག་ནས་བརྩམས་ཏེ། ཉི་མ་རེ་རེ་ཞིང་སྟོང་ཕྲག་བཅུར་བཟླས་པ་དབུལ་བར་བྱའོ། ། བཅུ་གཅིག་པའི་ཕྱོགས་ལ་ཚེས་གསུམ་གྱི་ཉིན་མཚན་ནས་བགྱི་སྟེ། ཉི་མ་རེ་རེ་ཞིང་སྟོང་ཕྲག་ཕྱེད་དང་གཉིས་བཟླས་པ་དབུལ་བར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱི། བཅོ་ལྔའི་ཉ་ལ་དཀར་གསུམ་གྱི་གཏོར་མ་དབུལ་བར་བགྱི། མཆོད་ཡོན་དང་ཞབས་བསིལ་དབུལ་བར་བགྱི། དེ་ནས་ཟས་དཀར་གསུམ་བཟའ་བར་བགྱི་ཞིང་། བཅོ་ལྔ་ཉའི་མཚན་མོ་སྟོང་རྩ་བརྒྱད་བཟླས་པ་དབུལ་བར་བགྱིའོ། ། ཐུན་ཐ་མ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འོངས་ཏེ། རིག་སྔགས་འཆང་ལེགས་སོ་ཞེས་སྨྲ་བར་བགྱིད་ཅིང་། ཁྱོད་ཀྱིས་དོན་ཡོད་རྒྱལ་པོའི་སྙིང་པོ་མཐའ་དག་ཡོངས་སུ་རྫོགས་པའི་ཆོ་ག་ཞིབ་མོ་དང་། རྣམ་པར་ཐར་པའི་དཀྱིལ་འཁོར་གྲུབ་བོ།། ཕྱག་གཡས་པ་བརྐྱང་ནས་པདྨ་སྩོལ་བར་བགྱིད་དེ། རིག་སྔགས་འཆང་གིས་བླང་བར་བགྱིའོ།། བླངས་པ་ཙམ་གྱིས་མོད་ལ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་ཞིང་གང་དུ་འདོད་པའི་སངས་རྒྱས་ཀྱི་ཞིང་དེར་འགྲོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་དབུགས་འབྱིན་པར་བགྱིད་དོ།། དེ་ནས་སྦྱིན་སྲེག་གི་ཆོ་ག་བགྱིད་པར་འདོད་པས་པདྨའི་སྙིང་པོ་བཟའ་བར་བགྱི། དཀྱིལ་འཁོར་གྱི་ཚད་ལ་པདྨའི་རྩ་བ་དང་། སྡོང་བུ་དང་། ལོ་མ་མར་དང་བསྲེས་པའི་སྦྱིན་སྲེག་བགྱིའོ།། དྲི་ཞིམ་པོའི་ཤིང་ལ་མེ་སྦར་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བགྱིའོ། ། སྟོང་ཕྲག་བརྒྱད་རྫོགས་པ་དང་། དཔལ་ལྷ་མོ་ཆེན་མོ་དངོས་སུ་འོངས་ཏེ། དེ་ལ་དྲི་ཞིམ་པོའི་མཆོད་ཡོན་ཕུལ་བས་རིག་སྔགས་འཆང་བགྱི་བ་ཅི་ཡོད་ཅེས་སྨྲ་བར་བགྱིའོ། ། དེས་བཅོམ་ལྡན་འདས་མ་བདག་ལ་ནོར་མི་ཟད་པ་རྙེད་པ་དང་། གཏེར་རྙེད་པ་རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ཁྱོད་ཀྱི་དེ་བཞིན་བྱའོ་ཞེས་དབུགས་འབྱིན་པར་བྱེད་ཅིང་མི་སྣང་བར་འགྱུར་རོ། ། རིག་སྔགས་འཆང་གང་དང་གང་དུ་འགྲོ་བ་དེ་དང་དེར་གཏེར་ཆེན་པོ་མཐོང་སྟེ། ནམ་ཡང་ཟད་པར་ཉེ་བར་མི་འགྲོའོ།། སྦྱིན་པར་བགྱི། ལོངས་སྤྱད་པར་བགྱི། དཀོན་མཆོག་གསུམ་ལ་མཆོད་པར་བགྱི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱི། དཔལ་ལྷ་མོ་ཆེན་མོ་ལ་ཉི་མ་རེ་རེ་ཞིང་སོ་སོའི་ཆ་ཤས་དབུལ་བར་བགྱིའོ།། ཨུཏྤ་ལ་སྔོན་པོ་དང་། ཙན་དན་གྱི་ཕྱེ་མ་དང་། མར་གསར་བསྲེས་པས་ཨརྐའི་ཤིང་ལ་མེ་སྥར་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་རིས་ཀྱི་མདུན་དུ་ཟླ་ཕྱེད་གཅིག་ཏུ་སྦྱིན་སྲེག་བགྱི་སྟེ། དཔག་ཏུ་མེད་པ་དབུལ་བར་བགྱིས་ན། རྫོགས་པ་ན་ལས་ཐམས་ཅད་ལ་ཀུན་ནས་ལོངས་སྤྱོད་པ་ཐོབ་བོ།། རས་རིས་ཀྱི་མདུན་དུ་ཤིང་ཀུན་དང་། ཏིལ་མར་དང་། ཡུངས་ཀར་བསྲེས་ལ་པདྨའི་འདབ་མ་དང་། ཐང་ཤིང་གི་ཡམ་ཤིང་གིས་ཞག་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་གྲོང་བརྒྱ་ཐོབ་བོ།། ཤིང་མྱ་ངན་མེད་པའི་ཡམ་ཤིང་མར་ལ་བཏགས་པས་ཟླ་ཕྱེད་གཅིག་ཏུ་ཐུན་གསུམ་དུ་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་པོ་ཉིད་ཐོབ་བོ། ། མཚན་མོ་མདུན་དུ་ཐུན་གསུམ་དུ་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་གནས་ངེས་པར་བསྟན་པའི་ཚི་ག་སྨྲ་བར་བྱེད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་ལ་མཚན་མོ་བཅུ་གཉིས་སུ་མ་ལི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མཆོད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་མངོན་པར་དད་པ་དང་། ལྷ་དང་ཀླུ་རྣམས་མངོན་པར་དང་བར་འགྱུར་རོ། ། མཆོག་ཐམས་ཅད་དང་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་དོ།། ནོར་བུ་བཟང་པོ་སྨན་དྲང་བར་འདོད་པས་སྙིང་ཁར་མིང་མེད་ཀྱི་སོར་མོ་བཞག་ནས་ཐུན་གསུམ་དུ་བརྒྱ་བརྒྱ་བཟླས་པར་བྱ་སྟེ། མཚན་མོ་བཅུ་གཉིས་སུ་ལས་རྫོགས་པ་དང་། ནོར་བུ་བཟང་པོ་མཐོང་བ་སྩོལ་བར་བྱེད་དོ།། སྙིང་ཁར་ཡོངས་སུ་བྱུགས་པ་ཙམ་གྱིས་ཉི་མ་རེ་རེ་ལ་དོང་ཚེ་བརྒྱ་སྩོལ་བར་བགྱིད་དེ། དེའང་ལྷག་མ་མེད་པར་ཟད་པར་བགྱི་སྟེ། ཡང་དང་ཡང་དུ་སྩོལ་བར་བགྱིད་དོ།། གང་ཡིན་པ་དེ་དང་དེ་མ་བགྱིས་ན་ཕྱིས་སྩོལ་བར་མི་བགྱིད་དོ།། འཕག་པ་སྤྱན་རས་གཟིག་དབང་ཕྱུག་ལ་མངོན་དུ་ཕྱོག་པར་འདུག་ནས་སམ། ཡང་ན་རིང་བསྲེལ་གྱི་མཆོད་རྟེན་ནམ། རས་རིས་ལ་མངོན་དུ་ཕྱོགས་པར་གཞག་པར་བགྱིའོ།། སེང་ལྡེང་གི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པས་ཐུན་གསུམ་དུ་བརྒྱད་བརྒྱར་སྦྱིན་སྲེག་བགྱི་སྟེ། ཉི་མ་བདུན་ཡོངས་སུ་རྫོགས་པ་ན་ཟོང་སྟོང་ཕྲག་བཅུ་ཐོབ་བོ། ། དེ་ལྟ་བུ་ལ་སོགས་པའི་རྒྱས་པའི་ལས་རྣམས་ཐམས་ཅད་དུ་སྦྱར་བར་བགྱིའོ།། དེ་ནས་མིག་སྨན་སྒྲུབ་པར་འདོད་པའི་རིག་སྔགས་འཆང་དེས་གཙང་མས་བསྒྲུབ་པར་བགྱི་སྟེ་ཁྲུས་བགྱིའོ། ། ལྡོང་རོས་ཟངས་ཀྱི་སྣོད་དུ་གཞག་པར་བགྱི་སྟེ། རས་རིས་ལ་མངོན་དུ་ཕྱོགས་ནས་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཚེས་བརྒྱད་དམ་བཅོ་ལྔ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས། ཨ་ཤྭཏྠའི་འདབ་མ་བཞིས་དགབ་པར་བགྱི་སྟེ། ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དྲོ་བར་བགྱིད་པ་དང་། དུ་བ་འཐུལ་བར་བགྱིད་པ་དང་། འབར་བར་བགྱིད་པ་དེ་སྲིད་དུ་བཟླས་པ་བགྱིའོ། ། དྲོ་བར་གྱུར་པ་འདིས་མིག་ལ་བྱུགས་པས་གང་མཐོང་བ་དེ་དབང་དུ་འགྱུར་རོ།། གང་བླངས་པ་དེ་རྙེད་དོ།། འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་འོས་ཆེན་པོར་འགྱུར་རོ།། རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པ་བྱ་བའི་འོས་སུ་འགྱུར་ཏེ། སྤྱི་བོར་འཇོག་པར་འགྱུར་རོ།། དུ་བ་འཐུལ་བ་འདིས་མིས་ལ་བྱུགས་པས་སོར་མོ་བཅུའི་ཚད་ཀྱི་ས་གཞི་ལ་རྐང་པས་རེག་པས་དཔག་ཚད་སྟོང་ཕྲག་ཏུ་སོང་ནས། སླར་ཡང་འོང་བར་བྱེད་དོ།། དཔག་ཚད་སྟོང་ཕྲག་ཏུ་ཉན་པར་བྱེད་དོ།། དཔག་ཚད་སྟོང་ཕྲག་ཏུ་ལྟ་བར་བྱེད་དོ།། ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ། ། སུ་གང་གིས་ཀྱང་བཀའ་བསྒོ་བ་བྱེད་པར་མི་འགྱུར་རོ།། རྟག་ཏུ་བདེ་བ་དང་བཅས་པ་ཡང་དག་པར་ཐོབ་པ་དང་། རྟག་ཏུ་བླ་མའི་གནས་སུ་བྱ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལྷག་པར་མཐོང་བར་འགྱུར་རོ། ། འབར་བས་ནི་བདག་ཉིད་གཉིས་ཏེ། འཕུར་བར་བྱེད་པ་དང་། ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ།། དེ་ནས་ལྡོང་རོས་ཀྱི་སྒྲུབ་པ་གཞན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པར་བྱེད་པའོ།། དེ་ནས་ཀར་ཝཱི་ར་དང་ལྡོང་རོས་དཔའ་བོའི་རིན་གྱིས་བླངས་ནས་སྦྱོང་དུ་གཞུག་པར་བགྱི་ཞིང་འབྱུང་ལྔས་ཡང་དག་པར་སྦྱངས་ནས་རྫོགས་པ་ལ་ཞག་གསུམ་དུ་སྦྱང་བར་གནས་པས། བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། པདྨའི་འདབ་མ་བཞི་རྣམས་ཀྱིས་ལྡོང་རོས་ལ་རབ་ཏུ་བཀོད་ནས། གསུམ་གྱིས་ཀུན་ཏུ་གཡོགས་ཏེ། ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དྲོ་བར་བྱེད་པ་དང་། དུ་བ་འཐུལ་བར་བྱེད་པ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ།། དྲོ་བར་བྱེད་བཞིན་པས་ནི་ཐིག་ལེ་བྱས་ནས། ཇི་སྲིད་དུ་སེམས་ཅན་མཐོང་བ་དང་། གང་གིས་བལྟ་བ་དེ་ཐམས་ཅད་དབང་དུ་འགྱུར་རོ།། དུད་འགྲོའི་སྐྱེ་གནས་སུ་སོང་བ་ཆེ་མེད་པའང་ཚེ་ཉིས་འགྱུར་དུ་འཕེལ་བར་འགྱུར་རོ།། དུ་བ་འཐུལ་བཞིན་པས་ནི་ཐིག་ལེ་བྱས་པས་རིགས་བཞིའི་འཇིག་རྟེན་ཐམས་ཅད་དེའི་དབང་དུ་འགྱུར་རོ། ། སྐྱེས་བུ་ཙམ་གྱི་ས་གཞི་ལ་རྐང་པས་རེག་པས་དཔག་ཚད་སྟོང་ཕྲག་གསུམ་མཐོང་ངོ་།། དཔག་ཚད་སྟོང་ཕྲག་གསུམ་ནས་ཉན་པར་བྱེད་དོ། ། ལོ་སྟོང་ཕྲག་བཅུ་གཉིས་སུ་འཚོ་བར་འགྱུར་རོ།། འབར་བར་བྱེད་པས་ནི་ཐིག་ལེ་བྱས་པས་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། ལན་གྲངས་ཉི་ཤུར་འཕུར་བར་བྱེད་དོ།། ལྡོང་རོས་ཀྱི་དངོས་གྲུབ་ཐམ་ཅད་ཀྱི་རྒྱལ་པོར་འགྱུར་རོ། ། དཔག་ཚད་སྟོང་ཕྲག་གསུམ་དུ་འཕུར་བར་བྱེད་དོ།། ལོ་སྟོང་ཕྲག་བརྒྱད་བཅུར་འཚོ་བར་བྱེད་དོ།། གིའུ་ཝང་སྒྲུབ་པར་འདོད་པས་བ་སེར་སྐྱའི་མར་གྱིས་གིའུ་ཝང་ཡང་དག་པར་སྦྱངས་ཏེ། དཀར་པོའི་བཅོ་ལྔ་འམ་བརྒྱད་ལ་མཚན་མོ་གསུམ་དུ་སྦྱང་བར་གནས་པས། བཅོམ་ལྡན་འདས་དང་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་རབ་ཏུ་བཀོད་དེ། ལག་པ་གཡས་པས་མནན་ནས་ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དྲོ་བར་བྱེད་བཞིན་པས་ནི་ཐིག་ལེ་བྱས་པས་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་རྣམས་ཀྱིས་དེ་ལ་རི་མོར་བྱེད་དོ།། གང་བསླངས་པ་དེ་སྟེར་རོ།། ཉི་མ་དེ་ནས་བརྩམས་ཏེ་ཚེ་ལོ་སྟོང་ཕྲག་ལྔར་འགྱུར་རོ།། དུ་བ་འཐུལ་བཞིན་པས་ནི་ཐིག་ལེ་བྱས་ན་མི་སྣང་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། ། རླུང་གི་ཕུང་པོ་རབ་ཏུ་ཞི་བས་བཞོན་པར་བྱེད་དོ།། དཔག་ཚད་སྟོང་ཕྲག་ཉི་ཤུར་སོང་ནས་སླར་ཡང་འོང་བར་བྱེད་དོ།། ཚེ་ལོ་སྟོང་ཕྲག་དྲུག་ཅུར་འགྱུར་རོ།། དཔག་ཚད་སྟོང་ཕྲག་དྲུག་ཅུ་རྣམས་མཐོང་བར་བྱེད་དོ། ། འབར་བར་བྱེད་པས་ཐིག་ལེ་བྱས་ནས་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། བདག་ཉིད་ལན་བརྒྱར་འབར་བར་བྱེད་དོ།། གིའུ་ཝང་གྲུབ་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་ཏེ་ལོ་བྱེ་བར་འཚོ་བར་འགྱུར་རོ། ། གང་གི་ཚེ་འཆི་བར་འགྱུར་བ་དེའི་ཚེ་གླིང་བཞི་ལ་དབང་བའི་རྒྱལ་པོར་འགྱུར་རོ།། དེ་ནས་བདག་ཉིད་གསེར་གྱི་ཁ་དོག་ཏུ་སྒྲུབ་པར་འདོད་པའི་རིག་སྔགས་འཆང་དེས་ཟླ་ཕྱེད་དྲུག་གི་བར་དུ་། བཟླསཔའི་ཆོ་ག་བསྒྲུབ་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་པས་ལེགས་པར་ཁྲུས་བྱས་ཏེ་སྨན་འདི་རྣམས་བསྒྲུབ་པར་བགྱིའོ།། ཡུཥྨཱ་ཎི་དང་། ལྡོང་རོས་དང་། བ་བླ་དང་། སྦྲང་རྩི་དང་། ས་ཀཱི་དང་། རུ་རྟ་དང་། གུར་ཀུམ་དང་། གིའུ་ཝང་དང་། ཤིང་མྱ་ངན་མེད་ཀྱི་མེ་ཏོག་དང་། པཱུཎྜ་ཏྲ་བྱམས་དང་། འཛམ་བུ་ཆུ་བོའི་སྨན་དང་། གསེར་གྱི་ཕྱེ་མ་དང་། བའི་འོ་མ་དང་། ཤིང་ཨརྐའི་འོ་མ་དང་། གསེར་གྱི་འོ་མ་དང་། སཱུ་ཧའི་འོ་མ་དང་། བྱང་ཆུབ་ཤིང་གི་འོ་མ་དང་། ཁྱབ་འཇུག་ཆེན་པོའི་འོ་མ་སྟེ། འདི་རྣམས་ཆ་མཉམ་པར་སྦྱར་བར་བྱས་ནས་ཟངས་ཀྱི་སྣོད་དུ་གཞག་པར་བགྱི་ཞིང་དཀྲུག་པར་བགྱི་སྟེ། ཟླ་བ་ཕྱེད་ལ་བའི་འོ་མ་ཉིད་དུ་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ།། རས་རིས་ལ་མངོན་དུ་ཕྱོགས་པར་གཞག་པར་བྱ་ཞིང་། དགོན་པ་འམ། གཙུག་ལག་ཁང་ངམའཆག་ས་འམ། སའི་ཕྱོགས་གཙང་མར་རས་རིས་བཞག་ནས་བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་དང་། བརྟན་ཞིང་དཔའ་བས་པ་རོལ་གནོན་པའི་གོ་ཆ་ཆེན་པོ་བགོས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོག་ཏུ་དད་ཅིང་གུས་པ་དང་། བྱང་ཆུབ་དོན་དུ་གཉེར་ཞིང་མངོན་པར་འདོད་བཞིན་པས་ཉི་མ་རེ་རེ་ཞིང་ཇི་ལྟར་ནུས་པའི་མཆོད་པ་སྔོན་དུ་འགྲོ་བས་ཟླ་ཕྱེད་དྲུག་ཏུ་བཟླས་པར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་ཟླ་ཕྱེད་དྲུག་རྫོགས་པ་དང་། སྨན་གྱི་མཆོག་བསྐམས་ལ་ཕྱེ་མ་ཞིབ་མོར་བྱེད་དུ་བཅུག་སྟེ་ཟངས་ཀྱི་སྣོད་དུ་བཞག་ནས། དོན་ཡོད་རྒྱལ་པོ་སྙིང་པོ་སྟོང་རྩ་བརྒྱད་བཟླས་ཤིང་། ཁྲོ་བོའི་རྒྱལ་པོའང་སྟོང་རྩ་བརྒྱད་དུ་བཟླས་སོ།། དེ་ནས་ཚེས་བཅོ་ལྔའི་ཉ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། ཕྱོགས་བཞིར་གཏོར་མ་ཆེས་རྒྱ་ཆེ་བ་དབུལ་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་སྨན་གྱི་མཆོག་དེ་དངུལ་ཆུ་དང་། ལི་ཁ་ར་དཀར་པོ་དང་། སྦྲང་རྩི་དང་ལྷན་ཅིག་སྦྱར་བར་བྱའོ།། དེ་ནས་སླར་ཡང་སྟོང་ཕྲག་བཅུར་བཟླས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཟངས་ཀྱི་སྣོད་ལ་འབར་བར་བགྱིད་དེ་དྲོ་བར་བགྱིད་དོ། ། འོད་ཟེར་ཁ་དོག་སྣ་ཚོགས་པ་རྣམས་འབར་བར་བགྱིད་དོ།། རིག་སྔགས་འཆང་གི་ལུས་འབར་བར་འགྱུར་ཏེ། སའང་གཡོ་བར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་བ་བཞིན་འཛུམ་པ་ཡིད་ལ་བྱའོ།། འབར་བ་དེ་དང་བྲཧྨ་པུ་ཏྲ་ཀའི་མར་དང་ལྷན་ཅིག་སྦྱར་ལ་བདག་གི་ལུས་བསྐུ་བར་བྱའོ།། བསྐུས་པ་ཙམ་གྱིས་མོད་ལ་རང་གི་ལུས་ཀྱི་པགས་པ་གསེར་གྱི་མདོག་ཏུ་འགྱུར་རོ། ། ལུས་རྡོ་རྗེ་སྙིང་པོ་བཞིན་དུ་མི་མཆོད་པ་དང་མི་ཕིགས་པར་གྱུར་ནས་འཁོར་བརྒྱ་ཕྲག་སྟོང་དང་བཅས་ཏེ་འཕུར་བར་འགྱུར་རོ།། སྒྲ་ལ་བསྐུས་ན་སྐྲ་སྤུ་གསེར་གྱི་མདོག་ཏུ་འགྱུར་རོ། ། སེན་མེ་ལ་བསྐུས་ན་སེན་མོ་གསེར་མདོག་ཏུ་འགྱུར་རོ།། སོ་ལ་བསྐུས་ན་སོ་གསེར་དུ་འགྱུར་རོ།། མི་ལུས་གང་དང་གང་དུ་བསྐུས་པ་དེ་དང་དེ་ཉིད་གསེར་མདོག་ཏུ་འགྱུར་རོ། ། ཏིལ་མར་བཞག་སྟེ་བཅུད་ཀྱིས་ལེན་མཆོག་སྲང་གཅིག་གིས་ཟངས་སྲང་སྟོང་གསེར་དུ་འགྱུར་རོ།། ཏིལ་མར་དང་སྦྱར་བ་ཟངས་གླེབས་པ་ལ་བསྐུས་ཏེ་མེར་བསྲེག་ན་སྲང་གཅིག་གིས་སྲང་བཅུའི་གསེར་དུ་འགྱུར་རོ། ། བཅུད་ཀྱིས་ལེན་མཆོག་འདི་དང་། བའི་འོ་མ་དང་། ཞུན་མར་བཞི་ཆ་གཅིག་དང་སྦྱར་ཏེ་མེ་མི་ཆེ་བས་བསྐོལ་ཏེ་ཆོས་པར་རིག་པ་དང་། འདི་དེ་ནས་བྱུགས་ལ་ཁྲུས་ལེགས་པར་བྱས་ཤིང་གོས་གསར་པ་བགོས་ལ་གཙང་མར་བྱས་ཏེ། ཐོག་མར་བའི་རྣམ་ལྔ་ལ་རེག་པར་བྱའོ།། དེ་ནས་ཆུ་དྲོན་པོ་དང་བཅུད་ཀྱིས་ལེན་གྱི་མཆོག་འདི་བཏུང་བར་བྱའོ།། སྦྱོར་བ་ཞག་བདུན་དུ་བྱས་ན་དེའི་ལུས་རྣམ་པར་དག་པར་འགྱུར་རོ། ། སྡིག་པ་ཐམས་ཅད་ཟད་པ་དང་། མོད་ལ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང་། ནད་ཐམས་ཅད་བྱང་བ་དང་། མོད་ལ་དུག་ཐམས་ཅད་སེལ་བ་དང་། དུག་སླར་ཞེན་པར་མི་འགྱུར་བ་དང་། མཚོན་གྱིས་མ་ཡིན། ཆུས་ཁྱེར་བར་མི་འགྱུར། མེས་ཚུགས་པར་མི་འགྱུར། ཡང་དུག་མ་རུངས་པ་གཞན་གྱིས་མི་ཚུགས་པར་འགྱུར་རོ།། ཞག་བཅུ་བཞིར་སྦྱོར་བ་བྱས་ན་ནད་ཐམས་ཅད་བྱུང་བ་དང་། འདིའི་པགས་པ་རྣམ་པར་དག་པ་དང་། གཉེར་མ་དང་སྐྲ་དཀར་མེད་པར་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་སྦྱོར་བ་བྱས་ན་བྱིས་པ་ལོ་བཅུ་པ་པདྨ་དཀར་ཤ་མ་དང་འདྲ་བའི་མདོག་ཅན་གྱི་ལུས་སུ་འགྱུར་རོ། ། པདྨའི་ལོ་མ་དང་ཀུ་མུ་ད་ལྟར་འཇམ་པ་དང་། ཨུཏྤ་ལ་སྔོན་པོ་ལྟ་བུ་ལྷའི་མིག་དང་། མི་འམ་ཙིའི་དབྱངས་ལྟ་བུར་མ་ཞུམ་པ་དང་། དབུ་སྒྲ་འཁྱིལ་ལ་འཁྱིལ་ཅིང་བུང་བ་ལྟར་མདོག་གནག་པ་ལྷ་རྫས་ལྟ་བུར་འགྱུར་རོ། ། ཟླ་བ་གཅིག་ཏུ་སྦྱོར་བ་བྱས་ན་ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ།། དགྲ་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོའི་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ།། འབྱུང་པོ་དང་སྡིག་པ་བྱེད་པ་གཞན་རྣམས་ཀྱིས་ཀྱང་དེ་མི་མཐོང་བར་འགྱུར་རོ།། ལོ་གཅིག་ཚང་བར་བསྙེན་ན་ལྷའི་བུ་མོ་དག་དང་ལྷན་ཅིག་རྩེ་ཞིང་ལྷ་རྫས་ཀྱི་ལོངས་སྤྱོད་དང་། གཞལ་མེད་དང་། ཇི་ལྟར་ལྷ་རྣམས་རྩེ་བ་བཞིན་དུ་འགྱུར་རོ།། དྲོ་བར་གྱུར་པ་སྦྲང་རྩི་དང་ལྷན་ཅིག་ཟོས་ན་ལོ་ཁྲི་ཉིས་སྟོང་དུ་འཚོ་བར་འགྱུར་རོ། ། ནམ་མཁའ་ལ་འགྲོ་བར་འགྱུར་རོ།། ཟངས་སྲང་སྟོང་དང་། བཅུད་ཀྱིས་ལེན་པའི་མཆོག་སྲང་གཅིག་དང་། དངུལ་སྲངས་བཅུ་ཟངས་དང་སྦྱར་ཏེ་བཞུན། བཅུད་ཀྱིས་ལེན་མཆོག་དངུལ་སྲང་སྟོང་དུ་འགྱུར་རོ། ། སྲང་གཅིག་གིས་ཟངས་སྲང་སྟོང་དངུལ་དུ་འགྱུར་རོ།། ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་བྱུང་ན་ནི་ཁ་དོག་སྣ་ཚོགས་སུ་འགྱུར་ཏེ། གཟུགས་མདོག་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེ་འཆང་ཞིང་། དངུལ་དང་གསེར་བཞུ་ལ་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་མགོ་བོ་ལ་བསྐུས་པ་ཙམ་གྱིས་མོད་ལ་སྐྲ་མདོག་སྣ་ཚོགས་སུ་འགྱུར་རོ།། ལུས་ལ་བསྐུས་ན་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འབྱུང་བར་འགྱུར་རོ། མིག་ལ་བསྐུས་ན་ནམ་མཁའ་ལ་འགྲོ་ཞིང་ཁྱིམ་ཐམས་ཅད་ཀྱི་སྒོ་ཕྱེ་བར་མཐོང་སྟེ། ཁྱིམ་ཐམས་ཅད་ཀྱི་དཔོན་པོ་དང་རྒྱལ་པོར་འགྱུར་རོ།། དཔྲལ་བ་ལ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ།། ཁར་བཅངས་ན་གང་དང་གང་སྨྲ་བ་དེ་ནོར་གྱི་དབང་དང་བདག་གི་དབང་དུ་འགྱུར་རོ། ། ཡང་ན་བ་སེར་སྐྱའི་འོ་མ་མར་དང་། མར་དཀར་དང་། འོ་མ་དང་། བཅུད་ཀྱིས་ལེན་གྱི་མཆོག་འབར་བ་དང་ལྷན་ཅིག་བསྐོལ་ཏེ་ཁར་བཞིན་དུ་ལེགས་པར་ཚོས་པ་དང་བླངས་ལ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། རིག་སྔགས་འཆང་བ་བདག་ཉིད་བསྐུས་པ་ཙམ་གྱིས་མོད་ལ་ཐམས་ཅད་རིག་འཛིན་གྱི་འཁོར་ལོས་། སྒྱུར་བར་འགྱུར་རོ།། བསྐལ་པ་ཆེན་པོ་བཅུར་འཚོ་བར་འགྱུར་རོ།། བར་གྱི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ།། ། ཐིག་ལེ་བྱས་ན་ནམ་མཁའ་ལ་འཕུར་བར་འགྱུར་རོ།། ཨོཾ་ཞེས་བྱས་པའི་སྒྲས་ཚངས་པ་གནས་ནས་ཕྱིར་འབྱུང་བར་འགྱུར་རོ།། སེ་གོལ་གཏོགས་པ་ཙམ་གྱིས་འོག་མིན་གྱི་གནས་ཀྱི་བར་དུ་འགྲོ་ཞིང་ཕྱིར་ཡང་འོང་བར་འགྱུར་རོ། ། ནམ་གྱི་ཚེ་འཆི་བའི་དུས་བྱེད་པར་འགྱུར་བ་དེའི་ཚེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ།། འདི་ནི་སྐྱེ་བ་ཐ་མ་ཡིན་ཞིང་མངལ་ན་གནས་པ་ལས་ཡོངས་སུ་ཐར་པ་ཡིན་ནོ།། ། དེ་ནས་དོན་ཡོད་པའི་རིལ་བུ་བརྗོད་པར་བྱ་སྟེ། རིག་སྔགས་འཆང་བ་སྒྲུབ་པར་བྱེད་པ་ལེགས་པར་སྒྲུབ་ན་ནི། རིག་སྔགས་འཆང་བ་ལེགས་པར་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་གཙང་བར་བྱའོ།། པདྨ་དང་། ལིག་བུ་མིག་དང་། ན་ག་གེ་སར་དང་། གི་ཧང་དང་། ཨུཏྟ་མ་ར་ཎི་དང་། སྐྱེར་ཁ་འདའ་དང་། ཨ་ཀ་རུ་རྣམས་དེ་བཞིན་དུ་རྫས་དེ་དག་ཆ་བསྙམས་ཏེ་ཞིབ་མོར་བཏགས་ལ་ཁ་ར་དང་སྦྱར་ཏེ། གསེར་དང་དངུལ་གྱིས་དཀྲིས་ཤིང་ཟངས་ཀྱིས་ཀྱང་དཀྲིས་ཏེ། ཙན་དན་དཀར་པོའི་གབ་ཆེའི་ནང་དུ་བཅུག་ལ་ལག་པའི་སྙིམ་པར་བཅང་བར་བྱའོ།། ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དང་། བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་རིས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། གསང་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ།། དེ་ནས་འགུལ་བར་གྱུར་ན་དེ་བླངས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ།། ལོ་སྟོང་ཐུབ་པར་འགྱུར་རོ།། སོར་བཞི་ཙམ་གྱིས་རྐང་པས་ལ་མི་རེག་པར་འགྱུར་རོ།། དཔག་ཚད་བརྒྱར་འགྲོ་ཞིང་ཕྱིར་ཡང་འོང་བར་འགྱུར་རོ།། མེ་ཏོག་ཅན་གྱི་རིག་འཛིན་འཁོར་ལོས་སྒྱུར་བར་འགྱུར་རོ།། ལུས་ལས་ཀུ་མུཏྟ་དང་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་རོ། ། ཨུཏྤ་ལ་སྔོན་པོ་དང་། ཙམ་པ་ཀ་དང་། ཀེ་ཏ་ཀིའི་མེ་ཏོག་དང་། དེ་དག་ཆ་བསྙམས་ཏེ་སྦྱར་ལ་མཁས་པས་སྦྲང་རྩི་དང་ལྷན་ཅིག་སྦྱར་ཏེ་རིལ་བུ་བྱས་ལ་གསེར་དང་། དངུལ་དང་། བངས་ཀྱིས་དཀྲིས་ཏེ། ཟླ་བ་ཡར་གྱི་ཚེས་དྲུག་ནས་ཚེས་བརྒྱད་དམ། ཚེས་བཅུ་གཉིས་ནས་བཅུ་བཞིའམ། བཅུ་གསུམ་ནས་བཅོ་ལྔའི་ཚེ་ཉིན་ཞག་གསུམ་དུ་སྦྱང་བ་བྱའོ།། ཤིན་ཏུ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་གཙང་བར་བྱའོ། ། སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་དབང་ཕྱུག་གི་སྐུ་གཟུགས་རས་ལ་བྲིས་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཤིང་ཨ་ཤྭད་ཐ་ལས་བྱས་པའི་གབ་ཚེའི་ནང་དུ་རིལ་བུ་བཅུག་ནས་ལག་པའི་སྙིམ་པར་བཅུག་ལ། རི་མོའི་སྤྱན་སྔར་ཇི་སྲིད་དུ་འཁོལ་བའི་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བྱའོ།། དེ་ནས་གྲུབ་པ་ཡིན་ཏེ་དེ་ལས་ཁར་བཅུག་ན་དཔག་ཚད་སྟོང་ཏུ་འདི་འགྲོ་བར་འགྱུར་ཞིང་སླར་ཡང་འོང་བར་འགྱུར་རོ། ། སོར་བརྒྱད་ཙམ་རྐང་པ་ས་ལ་མི་རེག་པར་འགྱུར་རོ།། ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ།། མིག་ཨུཏྤ་ལ་སྔོན་པོ་ལྔ་བུར་འགྱུར་རོ། ། ཨུཏྤ་ལ་སྔོན་པོའི་དྲི་ཁ་ནས་འབྱུང་བར་འགྱུར་རོ།། བཞིན་ཡོངས་སུ་རྒྱས་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་འགྱུར་རོ།། མདོག་པདྨ་ལྟ་བུར་འགྱུར་རོ།། ལུས་ལས་ཙམ་པ་ཀའ་དྲ་འབྱུང་བར་འགྱུར་རོ། ། རིག་འཛིན་ནམ་མཁའ་ལ་འགྲོ་བ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། ཙན་དན་གྱི་ཕྱེ་མ་དང་། ཨ་ཀ་རུའི་ཕྱེ་མ་དང་། རྒྱ་སྤོས་དང་། ཨ་རུ་ར་དང་། པ་ནི་ན་དང་། དེ་དག་རྣམས་ཆ་བསྙམས་ཏེ་ཞིབ་མོར་བཏགས་ལ་དུ་རུ་ཀའི་མར་གྱིས་རིལ་བུར་བྱའོ།། གསེར་དང་། དངུལ་དང་། ཕངས་ཀྱིས་དཀྲིའོ།། ཙན་དན་དཀར་པོ་ལས་བྱས་པའི་སྒྲོམ་བུར་བཅུག་སྟེ། ཚེས་བཅུ་གསུམ་ནས་ཉའི་བར་དུ་ཉིན་ཞག་གསུམ་མི་ཉལ་བར། སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེར་བྱ་ཞིང་གཏོར་མའང་རྒྱ་ཆེར་བྱིན་ལ། རྩཝརྫ་དུར་བའི་སྟན་ལ་འདུག་སྟེ་ལག་པའི་སྙིམ་པར་བཅུག་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་ཀྱི་བར་དུ་བཟླས་བརྗོད་བྱའོ།། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བརྗོད་བྱའོ།། དེ་ནས་རིལ་བུ་འགུལ་བར་གྱུར་ན་རིག་སྔགས་འཆང་བས་དེ་ནས་གྲུབ་པ་ཡིན་པར་རིག་པར་བྱ་སྟེ། རིལ་བུ་གྲུབ་པ་ནི་དེ་ཡིན་ནོ།། དེ་ནས་རིག་སྔགས་འཆང་བས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་མཆོད་པ་བྱས་ཏེ། ནམ་ལངས་ཀ་སྐྱ་རེངས་སེར་པོ་འཆར་བའི་དུས་སུ་བཟའ་བར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བྱའོ། ། གྲོགས་བྱེད་པ་ལའང་བྱིན་ཏེ་རིལ་བུ་གཅིག་གཞུག་པར་བྱའོ།། རིལ་བུ་ཁར་བཅུག་པ་ཙམ་གྱིས་མོད་ལ་མི་སྣང་བར་འགྱུར་རོ།། ནམ་མཁའ་ལ་འགྲོ་བར་འགྱུར།། དཔག་ཚད་ལྔ་སྟོང་དུ་འགྲོ་ཞིང་སླང་ཡང་འོང་བར་འགྱུར། རིལ་བུ་སྒྲུབ་པར་བྱེད་པ་ཚེགས་མེད་པར་གྲུབ་པ་རྣམས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར། ཁྲུ་གང་ཙམ་གྱིས་རྐང་པ་ས་ལ་མི་རེག་པར་འགྱུར་རོ། ། དེ་ནས་གཏེར་རྐོ་བར་འདོད་པས་གནས་གང་ན་གཏེར་ཡོད་པར་དོགས་པའི་གནས་དོར་བའི་ལྕི་བས་མཎྜལ་བྱས་ལ། མེ་ཏོག་གཏོར་ཞིང་གུ་གུལ་གྱི་བདུག་པས་བདུག་ཅིང་། གཏོར་མ་གཙང་མ་དང་། ཤ་དང་ཁྲག་གི་གཏོར་མ་དང་། ཕྱེ་ཟན་དང་། འབྲས་བུ་དང་། པདྨའི་གཏོར་མ་དང་། གཏོར་མ་རྣམ་པ་གསུམ་སྦྱིན་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱའོ། ། སྟོང་ཕྲག་བཅུ་བཟླས་བརྗོད་བྱའོ།། སྟོང་ཕྲག་བཅུ་ཚང་བ་དང་གནས་གང་ན་གཏེར་ཡོད་པའི་གནས་དེར་གཏེར་སྲུང་བ་མངོན་དུ་འབྱུང་ཞིང་གཏེར་འབྱུང་བར་འགྱུར་རོ། ། གཏེར་སྲུང་བ་ལ་གཏོར་མ་དང་མཆོད་ཡོན་སྦྱིན་པར་བྱས་ན་གཏེར་སྲུང་བ་དེ་ཇི་སྲིད་འཚོའི་བར་དུ་ལས་བྱེད་པ་པོར་འགྱུར་རོ།། གང་དུ་མངགས་པ་དང་། གང་བསྒོ་བའི་ལས་དེ་ཐམས་ཅད་བྱེད་པར་འགྱུར་རོ། ། ཡུངས་ཀར་དང་ཐལ་བ་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་བརྗོད་བྱས་ཏེ་ཕྱོགས་བཞིར་གཏོར་ན་བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་བཅིངས་པར་འགྱུར་རོ། ། མཚམས་ཆེན་པོ་བཅིང་བ་བྱས་པར་འགྱུར་རོ།། ལོག་འདྲེན་ཕུང་བར་བྱས་ཡུངས་མར་དང་། ཡུངས་ཀར་དང་། གུ་གུལ་དང་། སྐེ་ཚེའི་འབྲུ་དང་། ལན་ཚྭ་རྣམས་སྦྲང་རྩི་དང་བསྲེས་ལ་ཤིང་ཀ་ར་ཝཱི་རའི་ཡམ་སྲེག་ཤིང་གིས་མེ་བུས་ཏེ། ཉིན་པར་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ལོག་འདྲེན་གྱི་རིགས་ཐམས་ཅད་བཅོམ་པར་འགྱུར་ཞིང་རྣམ་པར་ཞི་བར་འགྱུར་རོ། ། དམག་བཅིང་བར་འདོད་པས་ཡུངས་ཀར་དང་། དུང་དང་། སྐེ་ཚེའི་འབྲུ་དང་། ས་བོན་བདུན་རྣམས་སྦྲང་རྩི་དང་སྦྱར་ལ་དམག་གི་མདུན་དུ་ཤིང་ནིམ་པའི་མེ་སྤར་ཏེ། ཐོག་མར་བརྒྱད་བརྒྱ་བྱས་ན་དམག་བཅིངས་པར་འགྱུར་རོ། ། ལན་གཉིས་བྱས་ན་ནད་ཆེན་པོ་མི་འབྱུང་བར་འགྱུར་རོ།། བརྒྱད་བརྒྱ་བཟླས་བརྗོད་ལན་གསུམ་བྱས་ན་དམག་ཐམས་ཅད་ཞིག་པར་འགྱུར། ཞིང་ཕྱིར་ཡང་ལན་འགའ་ཡང་འོང་བར་མི་འགྱུར་རོ།། དེ་ནས་དབྱུག་པ་སྒྲུབ་པར་འདོད་ན་དབྱུག་པ་སེང་ལྡེང་ལས་གཤིན་རྗེའི་དབྱུག་པའི་ཚད་ཁྲུ་དོ་བ་བྱའོ།། དེ་ནས་འཕགས་པ་སྨན་རས་གཟིགས་ཀྱི་དབང་ཕྱུག་གི་སྤྱན་སྔར་ཟས་དཀར་གསུམ་ཟོས་ཏེ་སྟོང་ཕྲག་བཅུར་བཟླས་བརྗོད་བྱའོ། ། དེ་ནས་ཚེས་བཅོ་ལྔ་ཚང་བའི་ཚེ་ཞག་གཅིག་སྨྱུང་བ་བྱས་ཏེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ན་དེ་ནས་དབྱུག་པ་འབར་རོ།། དེ་ནས་གྲུབ་པ་ཡིན་པར་ཤེས་པར་བྱའོ།། དོན་ཡོད་པའི་དབྱུག་པ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་མཆོད་པ་བྱའོ།། དེ་ནས་རིག་སྔགས་འཆང་བས་དབྱུག་པ་བླངས་ཏེ་ཀུན་ཏུ་ལན་བདུན་བསྐོར་བར་བྱའོ། ། དེ་ནས་དབྱུག་པ་དེས་ལ་བརྡབ་པར་བྱའོ།། དབྱུག་པས་ས་ལ་གྲུ་བཞིར་གཞལ་བར་བྱས་ན་ཀུན་ཏུ་གྲུ་བཞི་ལྷམ་པའི་ཁྱིམ་ཆེན་པོ་གཞལ་མེད་ཁང་འབྱུང་བར་འགྱུར་ཏེ། ཕུན་སུམ་ཆོགས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷའི་གཞལ་མེད་ཁང་འབྱུང་བར་འགྱུར་རོ། ། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོའི་སྐྱེ་བོས་གང་བར་འགྱུར་ཏོ།། དེ་ནས་ལྷ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཟང་བ། མཛེས་པ། བལྟ་བ་འོས་པ་ཞིག་འོངས་ནས་རིན་པོ་ཆེ་བདུན་ལས་བྱས་པའི་སྣོད་བུམ་པ་གང་བ་ཞིག་ཐོགས་ཤིང་སྒོའི་ནང་ན་འདུག་གོ། དེ་ནས་ལྷ་མོ་དེ་ན་རེ། རིག་སྔགས་འཆང་རང་གི་ཁྱིམ་ཡིན་གྱིས་ནང་དུ་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ།། རིག་སྔགས་འཆང་བས་སྙིང་པོ་མེད་པར་གྱུར་པའི་ཁྱིམ་གཞལ་མེད་ཁང་འདིས་ཅི་ཞིག་བྱ་ཞེས་བརྗོད་པར་བྱའོ། ། དེ་ན་རེ། སྣོད་གང་བ་འདི་ལོང་ཞིག་དང་རྒྱ་ཆེར་འཕེལ་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་རོ།། རིག་སྔགས་འཆང་བས་དྷི་ག་དྷིག་ཅེས་ཁྲོས་པ་བྱས་པ་དང་། ལྷ་མོ་དེ་ངུས་ཏེ་ཇི་ལྟར་ཆར་པ་བབས་ཆེར་འབབ་པ་དེ་བཞིན་དུ་འདིའི་མིག་ནས་མཆི་མ་བྱུང་བ་དང་། རིག་སྔགས་འཆང་བས་བླང་བར་བྱ་ཞིང་རང་གི་ལུས་ལ་བསྐུ་བར་བྱའོ།། བསྐུས་པ་ཙམ་གྱིས་མོད་ལ་འཛམ་བུ་ཆུ་བོའི་གསེར་ལྟ་བུའི་ལུས་སུ་འགྱུར་རོ། ། ཙན་དན་སྦྲུལ་གྱི་སྙིང་སོ་དང་གོ་ཤི་ཤའི་དྲི་ལུས་ལས་འབྱུང་བར་འགྱུར་རོ།། ཁར་བཅུག་ན་ལྷ་རྫས་ཀྱི་ཨུཏྤ་ལའི་དྲི་ཁ་ནས་འབྱུང་བར་འགྱུར་རོ།། མཆི་མ་དེ་མིག་ཏུ་བསྐུས་ན་ལྷ་རྫས་ཀྱི་ཨུཏྤ་ལ་སྔོན་པོ་འདྲ་བའོ་ལྷའི་མིག་ཏུ་འགྱུར་རོ། ། སྐྲ་ལ་བསྐུས་ན་ལྷའི་རྨ་བྱའི་མདོག་འདྲ་བའི་སྐར་འགྱུར་ཞིང་སྐྲ་འཁྱིལ་ལ་འཁྱིལ་བར་ཡང་འགྱུར་རོ།། རྣ་བའི་བུ་གར་བླུགཱ་ན་ལྷའི་སྙན་དུ་འགྱུར་ཏེ། དཔག་ཚད་སྟོང་ཕྲག་གསུམ་དུ་ཐོས་པར་འགྱུར་རོ།། དཔག་ཚད་སྟོང་ཕྲག་གསུམ་དུ་མཐོང་བར་འགྱུར་རོ།། འཐུངས་ན་བསྐལ་པ་སྟོང་ཕྲག་བཅུ་འཚོ་བར་འགྱུར་རོ།། བར་གྱི་བསྐལ་པ་སྟོང་རྗེས་སུ་དྲན་པར་འགྱུར་རོ། ། གར་ཐབས་དང་། ཏོ་ཊ་ག་དང་། བརྡ་སྤྲོད་པ་དང་། བསྟན་བཅོས་དང་། བྷ་ར་ཏ་དང་། ར་མ་ཡ་ན་དང་། སྔོན་གྱི་གཏམ་རྙིང་དང་། ཚུལ་དང་། འདུལ་བ་དང་། སྐྱེས་རབས་དང་། སྙན་དངགས་དང་། བྱེ་བྲག་པ་ཐམས་ཅད་དང་། ཆོ་ག་ཞིབ་མོ་ཐམས་ཅད་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། གཟུངས་དང་། མདོ་སྡེ་དང་། ཆོས་མངོན་པ་དང་། ཐེག་པ་ཆེན་པོ་དང་། དེ་དག་ཐམས་ཅད་མངོན་དུ་གྱུར་པར་གནས་སོ།། ཐམས་ཅད་དུ་རྟོགས་པ་ཁོང་དུ་ཆུད་པ་ཆེན་པོར་འགྱུར་རོ།། དེ་ནས་བུད་མེད་དེ་ན་རེ། རྗེ་བཙུན་དམ་པ་རང་གི་ཁབ་མཆོག་ཏུ་གཤེགས་སུ་གསོལ་ཞེས་སྨྲ་བར་འགྱུར་རོ། ། རིག་སྔགས་འཆང་བས་བརྗོད་པར་བྱ་ཞིང་རང་གི་རྐང་པ་རིམ་གྱིས་འཇུག་པར་བྱའོ།། དེ་ནས་བུད་མེད་དེ་ནུ་མ་གཉིས་སྟོན་པར་བྱེད་ན་རིག་སྔགས་འཆང་བས་ནུ་མ་གཉིས་བཟུང་ལ་བཙིར་ན་དེ་ལས་འོ་མ་འཛག་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་བས་བླང་བར་བྱ། གཏུང་བར་བྱ། རྐང་པ་ལ་བསྐུ་བར་བྱས་ན་བསྐུས་པ་ཙམ་གྱིས་མོད་ལ་འཁོར་སྟོང་དང་། ལྷ་མོ་དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཕུར་ཏེ་འགྲོ་བར་འགྱུར་རོ།། རླུང་གི་ཕུང་པོ་དང་པོ་ལ་ཞོན་པར་འགྱུར། རིག་འཛིན་འཁོར་ལོས་སྒྱུར་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་རིག་འཛིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་དཔོན་པོར་འགྱུར་རོ། ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར། དེ་ཉིད་རིག་འཛིན་རྣམས་ཀྱི་མཆོག་ཏུ་འགྱུར་ཏེ། འཇིག་རྟེན་པའི་ཆོ་ག་སྒྲུབ་པ་པ་ཡིན་ནོ། ། དབྱུག་པ་ལ་ལག་པ་གཡས་པས་བཟུང་སྟེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་ཞིང་ལན་བདུན་བསྐོར་བ་བྱས་ན་དོན་གང་ཡིད་ལ་སེམས་པ་དང་། གང་འདོད་པ་དེ་དག་ཐམས་ཅད་སྐད་ཅིག་ཏུ་འགྲུབ་པར་འགྱུར་རོ། ། གང་དགུག་པ་དེ་དག་ཐམས་ཅད་བཀུ་གཅིག་མདུན་ན་གནས་པར་འགྱུར་རོ།། གནོད་སྦྱིན་དང་གནོད་སྦྱིན་མོ་དགུག་པར་འདོད་ན་བཙག་གི་རི་མོ་བྲིས་ལ་དབྱུག་པ་ལ་དོན་ཡོད་པའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱ་ཞིང་། གནོད་སྦྱིན་དང་གནོད་སྦྱིན་མོའི་སྟེང་དུ་བསྐོར་བར་བྱའོ།། གུ་གུལ་གྱི་བདུག་པ་སྦྱིན་པར་བྱའོ།། གཏོར་མ་དཀར་པོ་ཅན་གྱི་སྣོད་དབུལ་བར་བྱའོ། ། ལན་བདུན་བསྐོར་བ་ཙམ་གྱིས་མོད་ལ་གནོད་སྦྱིན་དང་གནོད་སྦྱིན་མོ་མདུན་ན་འདུག་ཅིང་བཀའ་བཞིན་དུ་བྱེད་པར་འགྱུར་རོ།། གང་བསྒོ་བའི་ལས་དེ་བྱེད་པར་འགྱུར་རོ།། ཐམས་ཅད་མ་ཚང་བ་མེད་པར་བསྒྲུབ་པར་འགྱུར་རོ། ། ནོར་དང་། འབྲུ་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། དངུལ་དང་། ས་ལེ་སྦྲམ་དང་། གོས་དང་། མལ་སྟན་དང་། ཆོས་གོས་དང་། རྒྱན་གྱི་རྣམ་པ་ལ་སོགས་པ་སྒྲུབ་པ་བྱེད་པར་འགྱུར་རོ། ། གཞན་གང་བསྒོ་བ་དེ་ཐམས་ཅད་སྒྲུབ་པར་བྱེད་དོ།། དཔལ་ལྷ་མོའི་མདུན་དུ་བསྐོར་ན་ནོར་གྱི་མཆོག་རྣམ་པ་མང་དུ་སྦྱིན་པར་བྱེད་དོ།། མདུན་ན་རང་གི་ངོ་བོ་གནས་པར་འགྱུར་རོ། ། གང་འདོད་པ་དེ་ཐམས་ཅད་སྦྱིན་པར་བྱེད་དོ།། རྣམ་ཐོས་སྲས་ཀྱི་ཞབས་ལ་ལན་བདུན་བརྡབ་ཅིང་དོན་ཡོད་པའི་རྒྱལ་པོ་ལ་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱས་ན་རྣམ་ཐོས་ཀྱི་སྲས་རྒྱུག་ཅིང་མདུན་ན་གནས་པར་འགྱུར་རོ། ། ནོར་མང་དུ་སྦྱིན་པར་མཛད་དོ།། གང་འདོད་པ་དེ་ཐམས་ཅད་མཛད་པར་འགྱུར་རོ།། མི་སྨྲ་བར་དབྱུག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་ཞིང་རྒྱལ་པོའི་སྒོར་ལན་བདུན་བསྐོར་བ་བྱས་ན། རྒྱལ་པོ་དང་བཙུན་མོའི་འཁོར་དང་རྣམས་བདག་ཉིད་དང་ནོར་ལ་དབང་བར་འགྱུར་རོ།། གྲོང་ཁྱེར་གྱི་སྒོར་བསྐོར་ན་གྲོང་ཁྱེར་ན་གནས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་དབང་དུ་འགྱུར་ཞིང་གནས་སོ། ། དེ་གཅིག་པུ་མཆོད་པར་འོས་པར་འགྱུར་རོ།། དེ་དག་ཐམས་ཅད་བྲན་ཕོ་དང་བྲན་མོ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ།། ལྷ་ཁང་དུ་སོང་ནས་ལྷའི་སྤྱན་སྔར་བསྐོར་ཞིང་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་བརྗོད་བྱས་ན་ལྷ་དེ་རང་གི་ངོ་བོ་མདུན་ན་གནས་པར་འགྱུར་རོ། ། གང་བསྒོ་བ་དེ་ཐམས་ཅད་བྱེད་པར་འགྱུར་རོ།། གང་འདོད་པ་དེ་ཐམས་ཅད་སྦྱིན་པར་འགྱུར་རོ།། ཉི་མ་འཆར་བའི་ཚེ་ཉི་མའི་མདུན་དུ་བསྐོར་བར་བྱ་ཞིང་། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་བརྗོད་བྱས་ན་ཉི་མ་བབས་ཏེ་མཆོག་གང་འདོད་པ་དེ་ཐམས་ཅད་སྦྱིན་པར་མཛད་དོ།། ཟླ་བ་ཉའི་ཞལ་དུ་བསྐོར་ཅིང་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱེད་ན་ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་དང་བཅས་ཏེ་འབབ་པར་འགྱུར་རོ།། མཆོག་བསམ་པ་ཐམས་ཅད་སྦྱིན་པར་བྱེད་དོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་བྱེད་ཅིང་དོན་ཡོད་པའི་རྒྱལ་པོ་བཟླས་བརྗོད་བྱེད་ཅིང་དབྱུག་པ་བསྐོར་ན་མཆོད་རྟེན་འབར་ཞིང་སྒྲ་འབྱུང་བར་འགྱུར་རོ།། གང་བསམས་པ་དང་དྲིས་པ་བདེ་ཐམས་ཅད་སྨྲ་བར་འགྱུར་རོ། ། གང་འདོད་པ་དེ་ཐམས་ཅད་སྦྱིན་པར་མཛད་དོ།། དེ་བཞིན་གཤེགས་པ་ལ་བསྐོར་བ་བྱ་སྟེ། དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱེད་ཅིང་དབྱུག་པ་བསྐོར་ན། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་འབྱིན་པར་མཛད་པ་དང་། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པར་འགྱུར་རོ། ། ཡང་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་གི་སྐུ་བཞི་ཐུན་གྱི་ཐོ་རངས་ཀྱི་ཚེ་མདུན་ན་བཞུགས་པར་འགྱུར་རོ།། མཆོག་བསམ་པ་ཐམས་ཅད་སྦྱིན་པར་མཛད་པར་འགྱུར་རོ།། དགོས་པ་ཐམས་ཅད་གྲུབ་པོར་མཛད་པར་འགྱུར་རོ།། དོན་ཡོད་པའི་དབྱུག་པ་རིག་འཛིན་འཁོར་ལོས་སྒྱུར་བ་གྲུབ་པ་ཐོབ་པར་འགྱུར་རོ།། ཆར་མི་འབབ་པའི་ཚེ་ཀླུའི་གནས་སུ་སོང་སྟེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བྱ། དབྱུག་པ་བསྐོར་བར་བྱའོ།། བསྐོར་བ་ཙམ་གྱིས་མོད་ལ་ཀླུ་རྣམས་ཆར་པའི་རྒྱུན་ཆེན་པོ་འབྱུང་བར་འགྱུར་རོ། ཅི་འདོད་པའི་ཆར་གྱི་རྒྱུན་འབེབས་སོ།། ཆར་ཆེས་ན་ཁང་ཐོག་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྐད་དྲག་པོས་བརྗོད་དེ། དབྱུག་པ་བསྐོར་ན་ཆར་ཆེས་པ་འཆད་པར་འགྱུར་རོ།། སེར་བ་འབབ་པའི་ཚེ་སྤྲིན་ལོགས་སུ་བལྟས་ཏེ་ཁྲོས་པས་ཁྲོ་བོའི་རྒྱལ་པོ་སྐད་ཆེན་པོས་དྲན་པར་བྱ་ཞིང་ཁྲོས་པས་དབྱུག་པ་བསྐོར་ན་སད་དང་། རླུང་དང་། སེར་བ་མི་འབབ་པར་འགྱུར་རོ།། དཔག་ཚད་ཚུན་ཆད་དུ་མཚམས་ཆེན་པོ་ཀུན་ཏུ་བཅད་པར་འགྱུར་རོ། ། གདོན་ཀུན་གྱིས་ཟིན་པ་ལ་ཁྲོ་བོའི་རྒྱལ་པོ་ལ་ལན་བདུན་དྲན་པར་བྱ་ཞིང་དབྱུག་པ་བསྟན་ན་གདོན་ཐམས་ཅད་ངུ་ཞིང་འབྲོས་པར་འགྱུར་རོ།། བརྗེད་བྱེད་ལ་སོགས་པའི་བར་ལ་བསྟན་པ་ཙམ་གྱིས་འབྲོས་པར་འགྱུར་རོ།། རིམས་ཐམས་ཅད་དོན་ཡོད་པའི་རྒྱལ་པོའི་སྙིང་པོས་བྱ་བས་ན་བྱབས་པ་ཙམ་གྱིས་མོད་ལ་རིམས་ཐམས་ཅད་ལས་ཐར་པར་འགྱུར་རོ། ། ཞག་བཞི་པའི་རིམས་ནི་ངུ་ཞིང་འབྲོས་པར་འགྱུར་རོ།། གཡུལ་འགྱེད་ཅིང་འཐབ་པའི་ཚེ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཁྲོས་པས་བཟླས་བརྗོད་བྱ། དབྱུག་པ་བསྐོར་བ་བྱས་ན། མཚོན་དང་། དགྲ་ཆ་དང་། ལག་ཆ་ཐམས་ཅད་མི་སྣང་བར་འགྱུར་ཞིང་། ཕ་རོལ་གྱི་དཔུང་རྣམས་ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་འབྲོས་པར་འགྱུར་རོ།། འབྲོག་དགོན་པའི་ནང་དུ་འགྲོན་པོ་རྣམས་སོང་བ་ན་དོན་ཡོད་པའི་རྒྱལ་པོ་དྲན་པར་བྱ་ཞིང་དབྱུག་པ་བསྐོར་བ་བྱས་ན་རྐུན་པོ་དང་། ཆོམ་པོ་དང་། མི་རྒོད་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། དུག་མི་བཟད་པ་དང་། གཅན་གཟན་ཁྲོ་བོ་དང་། གླང་པོ་ཆེ་དང་། མ་ཧེ་དང་། དུག་དང་བཅས་པའི་སྲོག་ཆགས་དེ་དག་ཐམས་ཅད་མི་སྣང་བར་འགྱུར་རོ།། རང་གི་ཁྱིམ་དུ་བདེ་བར་འགྲོ་བར་འགྱུར་རོ།། མི་ངས་ཐམས་ཅད་དང་། བ་ལང་གི་ནད་ཐམས་ཅད་དང་། ཕྱུགས་ངས་ཆེན་པོ་དང་། རྟ་ནང་ཆེན་པོ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོའི་ནད་ཆེན་པོ་བྱུང་བའི་ཚེ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོའི་སྙིང་པོ་སྐད་ཆེན་པོས་དྲན་པར་བྱ་ཞིང་དབྱུབ་པ་གྲོང་ཁྱེར་གྱི་སྒོ་བཞིར་བསྐོར་བ་བྱས་ན། བསྐོར་བ་ཙམ་གྱིས་མོད་ལ་མི་ངས་དང་། གནོད་པ་དང་། ཉོན་མོངས་པ་དང་། འཁྲུགས་པ་ཐམས་ཅད་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་ཞི་བར་འགྱུར་རོ།། འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། བུད་མེད་དང་སྐྱེས་པ་དགུག་པར་འདོད་ན་གནས་མཐོན་པོར་འདུག་སྟེ། སྐད་ཆེན་པོས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱའོ།། དབྱུག་པ་བསྐོར་བར་བྱའོ།། གང་གི་ཆེད་དུ་བྱ་བ་དེའི་མིང་བརྗོད་པར་བྱས་ན་དཔག་ཚད་བརྒྱ་ནས་ཀྱང་དེ་འོང་ཞིང་བདག་དང་ནོར་ལ་དབང་བྱ་བར་ཡོད་ཅིང་གནས་པར་འགྱུར་རོ། ། ཇི་སྲིད་འཚོའི་བར་དུ་གནས་པར་འགྱུར་རོ།། འོན་ཏེ་ནོར་བུ་བཟང་པོའི་སྲས་དགུག་པར་འདོད་ན་ཟླ་བ་ཡར་གྱི་ངོ་ཚེས་བཅུ་བཞི་ལ་སྤྱང་བ་བྱས་ཏེ། དབྱུག་པ་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་སྟེ། ནོར་བཟངས་ཀྱི་སྲས་ཀྱི་ལྟོ་བའི་སྟེང་དུ་གཞག་པར་བྱ། ཁྲོ་བོའི་རྒྱལ་པོ་བཟླས་པ་བྱས་ན་བཞི་ཐུན་གྱི་ཐོ་རངས་ཙམ་ན་ནོར་བུ་བཟང་པོའི་སྲས་རང་ཉིད་རིག་སྔགས་འཆང་བའི་མདུན་ན་བཞུགས་པར་འགྱུར་ཞིང་། གསེར་གྱི་དོང་ཚེ་སྟོང་ཕྲག་བཅུ་སྦྱིན་པར་མཛད་དོ། ། དེ་ལས་དཀོན་མཆོག་གསུམ་གྱི་སྐུ་སྐལ་དབུལ་བར་བྱ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་མཆོད་པ་བྱ། ནོར་བུ་བཟང་པོའི་སྲས་ལ་མཆོད་ཡོན་གྱི་ཆས་དབུལ་བར་བྱ། ཉི་མ་རེ་རེ་ཞིང་ནོར་བཟང་གི་སྲས་ལ་མཆོད་ཡོན་གྱི་ཆབ་ཕུལ་ན། ནམ་མཚོའི་བར་དུ་ཉི་མ་རེ་རེ་ཞིང་གསེར་གྱི་དོང་ཚེ་སྟོང་སྦྱིན་པར་མཛད་དོ།། དེ་ནས་རིག་སྔགས་འཆང་བས་ཕྱེད་དམ་བཞི་ཆ་གཅིག་བགོད་པར་བྱ་སྟེ་སྦྱིན་པར་སྦྱིན་པར་བྱ། བསོད་ནམས་བསགས་པར་བྱས་ལ། ནོར་བུ་བཟང་པོའི་སྲས་དང་ལྷན་ཅིག་ཏུ་རྗེས་སུ་ཡི་རང་བར་བྱའོ།། འབྲོག་དགོན་པ་གང་དུ་སོང་བ་ན། འབྲོག་དགོན་པ་གང་ན་ཆུ་དཀོན་པར་དབྱུག་པ་ལ་ལན་ཉི་ཤུ་རྩ་གཅིག་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱ་ཞིང་། གང་ན་ནེའུ་གསིང་སྔོན་པོ་ཡོད་པའི་གནས་དེར་ས་ལ་ལན་བདུན་བརྡབ་ཅིང་བསྐོར་ཏེ་སྐད་དྲག་པོས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བྱ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཉམ་ཐག་ཐག་སྐད་དུ་བྱས་ན། དེ་ནས་གནས་གང་དུ་བརྡབས་པའི་གནས་དེར་ལྷ་རྫས་ཀྱི་ཆུ་ཧ་ཅང་གྲང་བའང་མ་ཡིན། ཧ་ཅང་དྲོ་བའང་མ་ཡིན། རོ་དང་ཆས་པ་ཡོད་པའི་རྫིང་བུ་འབྱུང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བས་དབྱུག་པ་ལ་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱ་སྟེ། རྫིང་བུའི་ནང་དུ་ཆུ་ལ་བརྡབ་པར་བྱའོ།། དེ་ནས་རྫིང་བུའི་ནང་ནས་མི་སེར་སྐྱ་བོ་ཞིག་བྱུང་སྟེ། རིག་སྔགས་འཆང་བ་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མདུན་ན་འདུག་སྟེ་རིག་སྔགས་འཆང་བ་ཅི་འདོད་ཅེས་སྨྲ་བར་འགྱུར་རོ། ། རིག་སྔགས་འཆང་བས་བདག་ནི་ཁ་ཟས་ཀྱི་ཆེད་དུ་ལགས་ཀྱིས། སྩལ་དུ་གསོལ་ཞེས་བརྗོད་པར་བྱའོ།། དེ་ནས་རིག་སྔགས་འཆང་བས་མི་དེ་ལ་ཤིས་པའི་ཚིག་བརྗོད་པར་བྱའོ། ། དེ་ནས་མི་དེ་རྫིང་བུའི་ནང་དུ་ཞུགས་པ་དང་། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཁ་ཟས་དང་བཏུང་བའི་རོ་ཞིམ་པོ་རྣམ་པ་སྣ་ཚོགས་ཡོད་པར་བྱེད་ཅིང་། རིག་སྔགས་འཆང་བ་ལ་སྦྱིན་པར་བྱེད་དོ། ། སྐྱེ་བོ་སྟོང་ཕྲག་བརྒྱའི་སྟོན་མོ་བྱར་ཡོད་ཅིང་ཡོ་བྱད་ཕུན་སུམ་ཚོགས་པ་ཤིན་ཏུ་མང་པོར་འགྱུར་རོ།། གལ་ཏེ་རིག་སྔགས་འཆང་བས་རྫིང་བུ་མེད་པར་མི་བྱེད་ན་རྫིང་བུ་དེ་དུས་རྟག་ཏུ་གནས་པར་འགྱུར་རོ། ། མི་སྣང་བར་མི་འགྱུར་ཏེ། སེམས་ཅན་ཐམས་ཅད་དང་འགྲོན་པོ་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་ཀྱིས་བྲལ་བ་མེད་པར་འབྱུང་བར་འགྱུར་རོ།། འོན་ཏེ་དོན་ཡོད་པ་སྣ་ཚོགས་བྱ་བར་འདོད་ན་རིག་སྔགས་འཆང་བ་དེས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་དྲི་ཆུས་ཁྲུས་བྱས་ལ་སྤྱི་གཙུག་བཅིང་བར་བྱའོ། ། མི་སྨྲ་བར་དབྱུག་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་བསྐོར་བར་བྱ་དེ་ནས་འཁོར་དང་སྐྱེ་བོ་མང་པོ་འཁོར་ཞིང་རྨོངས་པར་འགྱུར་རོ། ། དེ་ནས་དབྱུག་པ་བསྐོར་བ་བྱས་ན་ཡིད་ལ་ཇི་ལྟར་སེམས་པའི་ངོ་བོ་དེ་བཞིན་དུ་ཐམས་ཅད་སྟོན་པར་བྱེད་དོ།། འབྲས་བུ་དང་མེ་ཏོག་གི་ཆར་འབེབས་སོ། ། སྒྱུ་མ་རྣམ་པ་སྣ་ཚོགས་སྟོན་པར་བྱེད་དོ།། དེ་ནས་རོ་ལངས་བསླང་བར་འདོད་ན་རིག་སྔགས་འཆང་བ་དེས་ལེགས་པར་ཁྲུས་བྱས་ཤིང་གོས་གསར་པ་བགོས་ཏེ་གཙང་མར་བྱས་ལ་དུར་ཁྲོད་དུ་སོང་སྟེ། དབྱུག་པ་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་བརྗོད་བྱས་ནས་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱེད་ཅིང་། དུར་ཁྲོད་ཀྱི་ནང་དུ་བསྐོར་བ་བྱས་ན་དཔག་ཚད་ཚུན་ཆད་དུ་ཀུན་ཏུ་མཚམས་བཅད་པར་འགྱུར་རོ། ། བགེགས་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོ་མ་རུངས་པ་ཐམས་ཅད་བཅིངས་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བས་མི་རོ་བླངས་ཏེ་བཀྲུ་བར་བྱའོ།། བའི་རྣམ་ལྔས་སྦྱང་བར་བྱའོ།། བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱའོ།། སེང་ལྡེང་གི་ཕུར་པ་ཚད་སོར་བཅུ་གཉིས་པ་བཞི་གྲཝ་བཞིར་གཟུགས་པར་བྱའོ།། ཚོན་སྣ་ལྔའི་སྐུད་པས་དཀྱིལ་འཁོར་ཀུན་ཏུ་བསྐོར་བར་བྱའོ། ། མི་རོ་རས་དཀར་པོས་དཀྲི་བར་བྱས་ལ་དཀྱིལ་འཁོར་དབུས་སུ་གཞག་པར་བྱའོ།། མེ་ཏོག་གིས་གཏོར་བར་བྱའོ།། གཏོར་མ་དཀར་པོ་གཞག་པར་བྱའོ།། མཆོད་ཡོན་གྱི་ཆུ་གཞག་པར་བྱའོ། ། གུ་གུལ་གྱི་གདུག་པ་སྦྱིན་པར་བྱའོ།། རིག་སྔགས་འཆང་བ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་དབྱུག་པ་ལག་པ་གཡས་པར་གཞག་སྟེ་རིག་པའི་རྒྱལ་པོ་གདོན་པར་བྱའོ།། ཁྲོ་བོའི་རྒྱལ་པོ་ལན་དྲུག་ཅུ་དྲན་པར་བྱའོ།། གཡས་པས་བྱབ་པར་བྱའོ།། ལག་པ་གཡས་པའི་དབྱུག་པས་བརྡབ་པ་བྱས་ན་མི་རོ་དེ་འགུལ་བར་འགྱུར། གཡོ་བར་འགྱུར་ཏེ་ལངས་ཏེ་ཕྱོགས་བཅུར་ལྟ་བར་འགྱུར། རིག་སྔགས་འཆང་བས་དབྱུག་པ་དེ་སྤྱི་བོར་བཞག་པར་བྱས་ན་མི་རོ་དེ་ཚིག་སྨྲ་བར་འགྱུར་རོ།། རིག་སྔགས་འཆང་བས་གསང་སྔགས་དྲན་པར་བྱའོ།། ཡིད་ཀྱིས་བསམས་པར་བྱས་ན་མི་རོ་དེས་ཐམས་ཅད་སྨྲ་བར་འགྱུར་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་ན་འབྱུང་བ་སྨྲ་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བས་དབྱུག་པ་སྙིང་ཁར་བཞག་པར་བྱས་ན་ཁྲག་ཏུ་སྐྱུག་པར་འགྱུར་ཏེ། ཁྲག་དེས་ཐིག་ལེ་བྱས་ན་ཁྱིམ་ཐམས་ཅད་ལ་སྒོ་སྲུངས་མེད་ཅིང་སྒོ་ཐམས་ཅད་གདངས་པར་འགྱུར་རོ།། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་དབང་དུ་འགྱུར་ཞིང་འདུག་གོ།། དབྱུག་པ་སྙིང་ཁར་བཙིར་ན་སྐྱུག་པར་འགྱུར་རོ།། རིག་སྔགས་འཆང་བས་བླངས་ཏེ་མཐའ་དག་བཟའ་བར་བྱའོ།། ཟོས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། འབྱུང་པོ་ཆེན་པོའི་བདག་པོ་དང་དབང་ཕྱུག་ཆེན་པོ་འདྲ་བར་འགྱུར་རོ།། ལྷའི་ལོ་སྟོང་དུ་འཚོ་བར་འགྱུར་རོ།། ཨོཾ་ཞེས་བྱ་བས་དབྱུག་པས་བཙིར་ལ་བསྡིག་པ་བྱས་ན་དེ་ནས་ལྕེ་འབྱིན་པར་འགྱུར་རོ། ། རིག་སྔགས་འཆང་བས་བཅད་ལ་རིག་སྔགས་འཆང་བས་བླང་བར་བྱའོ།། བླངས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། རིག་སྔགས་འཆང་བ་རལ་གྲིའི་འཁོར་ལོ་སྒྱུར་བར་འགྱུར་རོ།། ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ།། རིག་སྔགས་འཆང་བ་བཅོ་བརྒྱད་ཀྱི་འཁོར་གྱིས་བསྐོར་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བས་མི་རོའི་སྤྱི་བོར་དབྱུག་པས་བརྡབས་ན་སྒྲ་འབྱུང་བར་འགྱུར་ཞིང་། ཤི་བའི་རོ་གཅིག་ཏུ་མཁྲེགས་པའི་གསེར་ཡིན་པས་བླང་བ་བྱས་ན་སྲང་གཅིག་གིས་ཟངས་སྲང་སྟོང་གསེར་དུ་འགྱུར་རོ།། དེ་དག་ནི་འཇིག་རྟེན་པ་སྒྲུབ་པའི་ཆོ་ག་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་དག་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་བདག་གི་འཇིག་རྟེན་པ་སྒྲུབ་པའི་ཆོ་ག་ལགས་སོ། ། །། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་སྩལ་པ། སེམས་ཅན་ཆེན་པོ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་ཆོ་ག་དམ་པ་གསང་བའི་སྙིང་པོ་དང་། དཀྱིལ་འཁོར་དང་། བློ་བརྟན་པོ་འཇིགས་པ་མེད་པ་ཐོབ་པར་འགྱུར་བ་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་དམ་པ་སྒྲུབ་པར་བྱེད་པ་དེ་ཁོ་ན་ཉིད་གྲུབ་པར་འགྱུར་བ་དང་། བཀླགས་པ་དང་། དྲན་པ་ཙམ་དང་། སྒྲུབ་པར་བྱེད་པ་ཙམ་གྱིས་དེ་དག་ཐམས་ཅད་གྲུབ་པ་ཆེན་པོ་ཐོབ་པར་འགྱུར་བ་དང་། བསམ་པ་ཆེན་པོ་ཡོངས་སུ་རྫོགས་པ་གྲུབ་པར་འགྱུར་བ་དང་། མཆོག་གྲུབ་པ་ཆེན་པོ་སོ་སོར་ཐོབ་པར་འགྱུར་བ་དང་། རིག་སྔགས་འཆང་བའི་འདོད་པར་གཏོགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྲུབ་པར་འགྱུར་བ་སྨྲོས་ཤིག། དེ་ནས་བྱང་ཆུབ་ས་ཨེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱི་དྲུང་ནས་དབུགས་འབྱིན་པ་དང་བསྒོ་བ་ཐོས་ནས་ཤིན་ཏུ་ཡིད་དགའ་བ་ཆེན་པོ་པོར་འགྱུར་ཏེ། དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རྒྱན་སྣ་ཚོགས་དང་། སྤྱད་པ་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་དང་བསྙེན་བཀུར་ཆེན་པོ་བྱས་ཏེ་མཆོད་ནས། འཁོར་གྱི་དཀྱིལ་འཁོར་མང་པོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དཀྱིལ་འཁོར་གྱི་ལྷར་གཏོགས་པ་དང་། གང་དག་རིག་འཛིན་གྲུབ་པ་དང་། གང་དག་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གང་དག་དོན་ཡོད་པའི་ཞགས་པའི་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་དམ་ཚིག་ལ་རྗེས་སུ་ཞུགས་པ་དང་། གང་དག་རི་བོ་པོ་ཊ་ལ་ན་གནས་པ་དེ་དག་ཐམས་ཅད་ཀྱིས་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། གོས་དང་། རྒྱན་སྣ་ཚོགས་དང་། ཆས་དང་། སྤུད་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་ཏེ་ཡིད་དགའ་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་སྟོང་ཕྲག་བརྒྱ་བསྐོར་བ་བྱས། འཁོར་གྱི་དཀྱིལ་འཁོར་དེ་ལའང་མཆོད་པ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཏུད་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མིག་མི་འཛུམས་པར་འདུག་སྟེ། བཅོམ་ལྡན་འདས་ལ་ཚིག་འཇམ་པོ་འཇམ་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་མཆིས་པ་ནི་རྨད་དུ་བྱུང་བ་རྣམ་པར་ལྟ་བ་དོན་ཡོད་པའི་ཆོ་འཕྲུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་རྨད་དུ་བྱུང་བ་དེ་ཁོ་ན་ཉིད་རྣམ་པར་འཕྲུལ་པ་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་དང་། དམ་ཚིག་ཆེན་པོའི་དཀྱིལ་འཁོར་དོན་ཡོད་པའི་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་དང་། འཇིག་རྟེན་ལས་འདས་པའི་བཀླགས་པ་དང་སྒྲུབ་པར་བྱེད་པར་གྲུབ་པ། མཆོག་ཏུ་གྱུར་པའི་སྙིང་པོ་དང་འཇིག་རྟེན་ལས་འདས་པའི་མཆོག་སྒྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་ལགས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱི་རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་གྲུབ་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་སེལ་བ། སྔོན་གྱི་སྒྲིབ་པ་དང་སྡིག་པ་མི་བཟད་པ་འཇོམས་པ། ངན་སོང་ཐམས་ཅད་སེལ་བ། འཇིག་རྟེན་དང་། འཇིག་རྟེན་ལས་པའི་སྡིག་པ་དང་སྒྲིབ་པ་ངེས་པར་སྲེག་པར་བྱེད་པ་ཡོངས་སུ་བསྒྲགས་པར་བགྱིའོ།། མཚམས་མེད་པ་ལྔ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤོང་བ་དང་། དམ་པའི་ཆོས་སྤོང་བ་དང་། མཚམས་མེད་པ་ལ་གཞོལ་བ་དང་། འཕགས་པའི་དགེ་འདུན་ལ་འཁུ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་སྤོང་བར་བྱེད་པ་དེ་དག་གིས་མཉན་པ་དང་། མཐོང་བ་ཙམ་དང་། སྡོམ་པ་ཙམ་དང་། ལན་ཅིག་འབད་པ་དང་། འཆད་པ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར་རོ། ། ང་མཐོང་བ་ཙམ་གྱིས་ཐམས་ཅད་ཟད་པར་འགྱུར། བྱང་བར་འགྱུར་རོ།། རིམས་ཐམས་ཅད་དང་། ནད་ཐམས་ཅད་དང་། དྲི་མ་དང་། སེར་སྣ་དང་། ཕྲག་དོག་ཐམས་ཅད་བྲལ་བར་འགྱུར་རོ། ། ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྡུག་བསྔལ་སྐྱེ་བ་དང་། རྒ་བ་དང་འཆི་བ་དང་། ནད་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ།། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕུང་བར་བྱེད་པ་དང་། རྡེག་པ་དང་། བསྡིགས་པ་དང་། གསོད་པ་དང་། གཡུལ་འགྱེད་པ་དང་། གཤེགས་བགྱེད་པ་དང་། བཙོན་དུ་འཛིན་པ་དང་། ལྕགས་སུ་འཇུག་པ་དང་། རྐུན་མ་དང་། ཟོལ་བ་དང་། མི་རྒོད་དང་། སེང་གེ་དང་། གླང་པོ་ཆེ་དང་། མ་ཧེ་དང་། ནད་ངན་པ་དང་། དམུ་ཆུ་དང་། ཤ་བཀྲ་དང་། མཛེ་དང་། འབྲུམ་བུ་དང་། གཡོན་ཅན་དང་། ཤུ་བ་དང་། ཤུ་བྲན་དང་། གཡན་པ་དང་། ཀླད་པ་ན་བ་དང་། གཞོགས་བྱེད་ན་བ་དང་། དོམ་དང་། དྲེད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྦྲུལ་མ་རུངས་པ་དང་། ཁཱ་གདུག་པ་དང་། སྦྲུལ་ནག་པོ་དང་། སྲོག་ཆགས་གོན་དང་། དུག་དང་བཅས་པའི་སྲོག་ཆགས་འཇིགས་པ་སྣ་ཚོགས་དང་བཅས་པ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་དང་། གཡང་ས་དང་། ཁྱིམ་རྡིབ་པ་དང་གྲང་བ་དང་། རླུང་དང་། ཉི་ཚན་དང་། བྱི་བ་ཁ་གདུག་པའི་འཇིགས་པ་ཐམས་ཅད་ནི་བཀླགས་པ་དང་། ཁ་ཏོན་བྱས་པ་དང་། མཐོང་བ་ཙམ་གྱིས་ཐམས་ཅད་རྣམ་པར་ཞིག་པར་འགྱུར། ཕུང་བར་འགྱུར།། མོད་ལ་ཕྱེ་མར་རླག་པར་འགྱུར་རོ།། ཡོངས་སུ་ཐར་པར་འགྱུར་བ་འདི་ལ་དོགས་པར་མི་བྱ། ཡིད་གཉིས་བསྐྱེད་པར་མི་བྱ། ཐེ་ཙོམ་མི་བྱ། སེམས་གཉིས་སུ་འགྱུར་བ་བསྐྱེད་པར་མི་བྱའོ།། བཅོམ་ལྡན་འདས་བདག་རྟག་ཏུ་མངོན་དུ་དྲན་པར་བགྱིད་པ་དང་། རྟག་ཏུ་ཡིད་ལ་བྱེད་པའི་བློ་འབྱུང་བར་འགྱུར་རོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོའི་སྙིང་པོའང་བཟླས་པར་བགྱིའོ།། རྨད་དུ་བྱུང་བ་རྣམ་པར་ལྟ་བ། དོན་ཡོད་པ་རྣམ་པར་འཕྲུལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་རྨད་དུ་བྱུང་བའི་ཆོ་འཕྲུལ། རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་དམ་ཚིག་ཆེན་པོའི་དཀྱིལ་འཁོར། དོན་ཡོད་པར་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་ནི་རྟག་ཏུ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་ཡིད་ལ་ཁ་ཏོན་དུ་བརྗོད་པར་བྱའོ། ། རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་དྲན་པ་བསྒོམ་པར་བྱའོ།། དེ་དག་དྲན་པ་བསྒོམ་པ་ཙམ་དང་དྲན་པ་ཙམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། ། ཕྱིར་མི་ལྡོག་པ་ཞེས་བྱའོ།། ཕྱིར་མི་ལྡོག་པའི་གནས་ལ་རབ་ཏུ་གནས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དང་། ལུང་སྟོན་པ་དང་། བྱིན་གྱིས་རློབས་པར་འགྱུར་ན། ལྟ་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་མཐོང་སྟེ་ཕྱག་འཚལ་བ་དང་། མཆོད་པ་དང་། དྲན་པ་དང་། དུས་གསུམ་དུ་ཤིན་ཏུ་གསལ་བར་ཡིད་ལ་བྱེད་པ་དང་། མཆོད་ཅིང་ཕྱག་བྱེད་པ་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་དེ་ནི་ང་དང་འདྲ་བ་ཡིན་པར་རིག་པར་བྱའོ།། འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས། པའི་ལུས་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བས་དབང་བསྐུར་བར་ཡིན་པར་རིག་པར་བྱའོ།། གང་ཞིག། ལན་མང་དུ་ཤིན་ཏུ་ལྷག་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་རིག་པར་བྱའོ།། བདག་ཀྱང་དུས་ཐམས་ཅད་དུ་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ། ། དུས་ཐམས་ཅད་དུ་མཐོང་བ་སྦྱིན་པར་བགྱིའོ།། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ།། དེའི་ཚེ་བདག་གིས་སེམས་ཅན་ཐམས་ཅད་མྱུར་བ་མྱུར་བར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་གཞག་པར་བགྱིའོ།། བཅོམ་ལྡན་འདས་བདག་ནི་གོ་ཆ་ཆེན་པོ་བརྟན་པར་ཁས་བླངས་པ་ལ་འཆེལ་བ་ལགས་པས། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་རེ་བའི་མཆོག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ཅན་དག་པའི་མཆོག་ལེགས་སོ་ལེགས་སོ།། འདི་ནི་མཆོག་ཏུ་དཀོན་པ་སྟེ། འཇིག་རྟེན་ལས་འདས་པའི་ཆོ་ག་དེའི་མིང་འཛིན་པ་ཙམ་གྱིས་སེམས་ཅན་ཡོངས་སུ་གྲོལ་བར་འགྱུར་ན། ལྟ་བ་དང་། ཀློག་པ་དང་། སྒྲུབ་པ་དང་། སྨྱུང་བའི་ཆོ་ག་བྱེད་པ་དང་། སྡོམ་པ་ལ་གནས་པ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། སེམས་ཅན་དག་པ་དུས་ལ་བབ་པ་གང་ཡིན་པ་དེ་ནི་ཤེས་ན་སྨྲོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་བཞིན་འཛུམ་སྟེ། དོན་ཡོད་པ་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་སྨྲས་སོ།། ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། ། འཕགས་པ་བྱམས་པ་ལ་སོགས་པ་འཕགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག་ལ་ཕྱག་འཚལ་ལོ།། འཕགས་པ་རྡོ་རྗེ་འཆང་བའི་དཀྱིལ་འཁོར་གྱི་ལྷ་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། དྲང་སྲོང་གི་ཚོགས་ཀྱི་མཆོག་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏེ་པཱ་ཤ་ཧྲྀ་ད་ཡེ། ཛྭཱ་ལ་ཛྭཱ་ལ། དྷརྨ་དྷ་ཏུ་གརྦྷེ། ཙ་ར་ཙ་ར། མ་ཧཱ་པདྨ། པདྨ་བྷུ་ཛེ། དྷ་ར་དྷ་ར། མ་ཧཱ་པཱ་ཤ་དྷི་ར། བ་ར་བ་ར་བ་ར། རོཤྨི་ཤ་ཏ་སཧཱ་སྲ། པྲ་ཏི་མརྟྟི་ཏ། ཤ་རཱི་ར། ཏ་ར་ཏ་ར། བི་པུ་ལ་ཏེ་དདྷ་རེ། བྷ་ར་བྷེ་ར། ཥར་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། ཀ་ལ་ཀ་ལ། མཉྫུ་བྲཧྨ། བེ་དྷ་རེ། མ་ལ་མ་ལ། སརྦྦ་པཱ་པ་ཨཱ་བ་ར་ཎ། མ་ལ་ཀིལླི་ཥ། ནཱ་ཤ་ནེ། དྷུ་རུ་དྷུ་རུ། བོ་དྷི་སཏྭཱ། བི་ཤུདྡྷེ་བྷུརྱཱ་བྷུ་རུ། མ་ཧཱ་ས་ཏྭཱ། བཏ་ས་ལེ། ཡ་མ་བ་རུ་ཎ། ཀུ་བེ་ར་ན་མསྠ་ཏྭེ། ཧུ་ནུ་ཧུ་རུ། བྲྀརྠ། བིཥྞུ་མ་ཧེ་ཤྭ་ར། ཀུ་མཱ་ར། ནེན་དི་ཀེ་ཤྭ་ར། ཨཱི་ཤྭ་ར། མེ་ཧེ་ཤྭ་ར། དཾ་བ་པྲ་ཏྲ། བན་ཏི་བན་དི་ཏ་ན~ཾ་མི་ཙྪེ་ཏ~ཾ། བི་བི་དྷ་མ་ཎི་མོ་ལི་དྷ་རུ་རེ། ཨ་མི་ཏཱ་བྷ་ཛེན། སུ་ཀུཊ་དྷ་རེ། དི་བྱ་མ་ཎི་ཀན་། སྭཱ་། བརྒྱནྡྷ། ནཱི་ལ་ཊྚས་དྷཱ།། ། 8། སན། པདྨ་བྷྲཱུ~ཾཿ། ཏྲཻ་ལོ་ཙན། ཧཱུ~ཾཤཱུ་ལ་དྷཱ་། པཱ་ཤ་དྷ་རཾ། སརྦྦཱ་ཏ་ཐཱ་གཱ་ཏཱ། ཨ་བྷི་ཥི་ཀ་ཏ། ས་ར་ས་ར། སརྦྦ་བྱཱ་བ། པྲཱ་ཤ་མ་ན་ཀ་ར། མཱ་ཧཱཀྵ་རུ་ཎི་ཀ~ཾ་ཏུརྦ་ཏྲརྦ། སརྦྦ་བ་ར་དཱ་ལ་དྷཱིཛདྷཾ། སརྦ་ཏ་ཐཱ་ག་ཏེ། ཨ་རྦ་མེ་ཀོ་ཏི། བོ་དྷི་མཏྟེ། ཨ་བ་མ་ཀཾ་ཏེ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མ་ཧཱ་ཙིན་ཏ་མ་ཎི་དྷ་ར། བི་ཤྭ་རཱུ་པ། མ་ཧཱ་སོ་མྱ། བ་ད་ན་མ་ཧཱ་ཀཱ་རུ་ཎི་ཀ། བུདྡྷེ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། བྷ་ག་བན། སརྦྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏ་གནྡྷེ། མ་ཧཱ་པུ་ཛྙཱ། ཏེ་ཛ། དྷ་ར། པྲ་བ་ར། སིད་དྷི་ཀ་ར། སརྦ་བཱ་དྷི་ཧ་ར། སརྦ་སཏྭ་དཱ་ཡ་པ་ར། སརྦ་དུཿཁ། པྲཱ་མ~ཾ་ཙཀ་མ་ཧཱ་ཀ་རུ་ཎི་ཀ། ན་མོ་སཱུ་ཏེ་སྭཱཧཱ། བཅོམ་ལྡན་འདས་བདག་གི་འདི་ནི་རྨད་དུ་བྱུང་བ་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོའོ།། དོན་ཡོད་པའི་ཞགས་པའི་སྙིང་པོའོ།། རྣམ་པར་གྲོལ་བའི་དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་གཟུངས་ཀྱི་སྙིང་པོའོ། ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་སྙིང་པོའོ།། གཟུགས་སྣ་ཚོགས་ཆེན་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་འཕྲུལ་པ། ཕྱག་སྟོང་མངའ་བ། དབུ་སྟོང་མངའ་བ། སྤྱན་སྟོང་གིས་རྣམ་པར་གཟིགས་པ། ཕྱག་བརྒྱ་སྟོང་གིས་བྱིན་གྱིས་བརླབས་པ། གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བཅུའི་བྱེ་མའི་རྡུལ་ཤིན་ཏུ་ཕྲ་བ་དང་མཉམ་པའི་དམ་ཚིག་གི་དཀྱིལ་འཁོར་དུ་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསང་བ་ལ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་འཇུག་པ། བྱང་ཆུབ་ཀྱི་སྙིང་པོར་བགྲོད་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། ཆོས་ཀྱི་སྒྲོན་མེ་འབར་བ། བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་ཀྱི་བདུད་འཇོམས་པ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་རྒྱལ་མཚན་སྒྲེང་བ། དམྱལ་བ་ཐམས་ཅད་སེལ་བ། ཆོ་ག་ཞིབ་མོ་ཐམས་ཅད་གྲུབ་པར་མཛད་པ། ཆོ་ག་གྲུབ་པ་ཐམས་ཅད་ཀྱི་མཆོག་ས་བཅུ་ཆེན་པོ་ལ་སོ་སོར་འཇོག་པ། ཕྱིར་མི་ལྡོག་པའི་གནས་ལ་རྗེས་སུ་འཇུག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབས་པ། དོན་ཡོད་པའི་མཆོག་ཕུན་སུམ་ཚོགས་པ་ཐོབ་པར་མཛད་པ། དོན་ཡོད་པའི་རྣམ་པར་འཕྲུལ་པའི་རྣམ་པར་སྤྲུལ་པ། དོན་ཡོད་པར་སེམས་རྒྱ་མཚོ་སྙེད་ཡང་དག་པར་འཛིན་པ། དོན་ཡོད་པར་སེམས་ཅན་ས་བོན་ལ་སོ་སོར་འཇོག་པ། དོན་ཡོད་པར་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ལ་འཇོག་པ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་སྒྲོགས་པ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་བསྙེན་བཀུར་གྱི་སྤྲིན་རབ་ཏུ་བྱེད་པ། དོན་ཡོད་པར་སེམས་ཅན་ཐམས་ཅད་མི་འཇིགས་པའི་ཁྱིམ་དུ་འཛུད་པ། དོན་ཡོད་པར་སྦྱིན་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དོར་ཡོད་པར་ལྷ་རྫས་ཀྱི་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རྒྱན་དང་། ཆོས་གོས་སྣ་ཚོགས་དང་། རིན་པོ་ཆེ་བདུན་གྱི་ཆར་འབེབས་པ། དོན་ཡོད་པར་ཚེ་ཡོངས་སུ་བརྗེས་ཏེ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བརྒྱན་པ་སྣ་ཚོགས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་ལྟ་བ། དོན་ཡོད་པར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་རབ་ཏུ་རྫོགས་པ། དོན་ཡོད་པར་དགེ་བའི་རྩ་བ་ཆེན་པོ་སྐྱེད་པ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཐོང་བ་དང་། གྲུབ་པ་དང་། ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟོན་པ། དོན་ཡོད་པར་དབང་ཕྱུག་གྲུབ་པ། དོན་ཡོད་པར་རིག་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ཡང་དག་པར་སྟོན་པ། དོན་ཡོད་པར་གྲུབ་པ་མཐོང་བ། དོན་ཡོད་པར་ཆོ་ག་མཐོང་བ། དོན་ཡོད་པར་ཚེ་རབ་ཏུ་འཕེལ་བ། དོན་ཡོད་པར་སྙན་པར་གྲགས་པ་རབ་ཏུ་སྟོན་པ། དོན་ཡོད་པར་འཁོར་བ་ལས་རབ་ཏུ་སྒྲོལ་བ། དོན་ཡོད་པར་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལས་ཡོངས་སུ་སྒྲོལ་བ། དོན་ཡོད་པར་མཆོག་རབ་ཏུ་སྦྱིན་པ། དོན་ཡོད་པར་བཟླས་བརྗོད་དང་ཆོ་ག་རབ་ཏུ་རྫོགས་པ། དོན་ཡོད་པར་དྲན་པའི་དགེ་བའི་རྩ་བ་རབ་ཏུ་རྫོགས་པ། དོན་ཡོད་པར་རིག་འཛིན་འཁོར་ལོ་སྒྱུར་བ་ཐོབ་པར་ཡང་དག་པར་སྟོན་པ། དོན་ཡོད་པར་ལྷའི་གནས་དང་གཞལ་མེད་ཁང་སུམ་ཅུ་རྩ་གཉིས་ཀྱི་ལྷའི་གནས་སུ་འཇུག་པ། དོན་ཡོད་པར་དགའ་ལྡན་གྱི་གནས་སུ་འཇུག་པ། དོན་ཡོད་པར་འོག་མིན་གྱི་གནས་སུ་འཇུག་པ། དོན་ཡོད་པར་སུམ་ཅུ་རྩ་གསུམ་གྱི་གནས་སུ་བརྒྱ་བྱིན་ལྷའི་རྒྱལ་པོར་འཇུག་པ། དོན་ཡོད་པར་རི་རབ་ཆེན་པོ་ལག་པ་གཅིག་གིས་སྒུལ་བ། དོན་ཡོད་པར་རྫུ་འཕྲུལ་གྱི་སྟོབས་སྟོན་པ། དོན་ཡོད་པར་མི་སྣང་བ་སྟོན་པ། དོན་ཡོད་པར་སྟོབས་འཕེལ་བ། དོན་ཡོད་པར་གླིང་བཞི་ལ་དབང་བའི་འཁོར་ལོ་སྒྱུར་བ་སོ་སོར་འཐོབ་པ་སྟོན་པ། དོན་ཡོད་པར་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ། དོན་ཡོད་པར་འབྲུའི་ཆར་འབེབས་པ། དོན་ཡོད་པར་གོས་ཀྱི་ཆར་འབེབས་པ། དོན་ཡོད་པར་རྒྱན་དང་། ཆོས་གོས་དང་། མུ་ཏིག་གི་ཆུན་འཕྱང་དང་། གདུབ་ཀོར་དང་། གསེར་གྱི་ཙོང་ཙོང་དང་། གདུ་བུ་དང་། དཔུང་རྒྱན་སྣ་ཚོགས་ཀྱི་ཆར་འབེབས་པ་ཡང་དག་པར་སྟོན་པ་དོན་ཡོད་པར་རོ་རྣམ་པ་སྣ་ཚོགས་རོའི་མཆོག་རོ་བརྒྱའི་ཁ་ཟས་ཀྱི་ཆར་འབེབས་པ། དོན་ཡོད་པར་སེམས་ཅན་སྣ་ཚོགས་གྲོལ་བ་སྟོན་པ། དོན་ཡོད་པར་བསྟན་བཅོས་དང་། ཚིག་ལེའུར་བཅད་པ་དང་། ཚུལ་དང་། འདུལ་བ་དང་། མདོ་སྡེ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་བཞི་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པ་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་མན་ངག་སྣ་ཚོགས་དང་། ཆོས་མངོན་པ་དང་། ཚོགས་ཀྱི་གཏམ་ཡང་དག་པར་སྟོན་པ་དང་། དོན་ཡོད་པར་ཐེག་པ་ཆེན་པོ་རྣམ་པ་སྣ་ཚོགས་རྒྱ་མཚོ་ཆེན་པོ་ལ་འཇུག་པ་རབ་ཏུ་སྟོན་པ། དོན་ཡོད་པར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། བརྗེད་བྱེད་དང་། བགེགས་དང་། ལོག་འདྲེན་སྣ་ཚོགས་ཉེས་པ་དང་། གསོད་པ་དང་། ཤིན་ཏུ་སེལ་བ་ཡང་དག་པར་སྟོན་པ་ཡིན་ནོ། ། བཅོམ་ལྡན་འདས་དེ་ལྟར་ན་ཡོན་ཏན་ཆེན་པོ་ཅན་གྱི་གཟུངས་ངན་སོང་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ། ཐམས་ཅད་དུ་མི་འཇིགས་པའི་གནས་རབ་ཏུ་སྟོན་པ། འཇིག་རྟེན་ལས་འདས་པའི་ལམ་ལེགས་པའི་ལམ་རབ་ཏུ་སྟོན་པ། མྱ་ངན་ལས་འདས་པའི་ལམ་རབ་ཏུ་སྟོན་པ། ཕྱིར་མི་ལྡོག་པའི་གནས་དང་སངས་རྒྱས་ཉིད་སྦྱིན་པར་མཛད་པ་ལགས་ཏེ། བཅོམ་ལྡན་འདྲ་དོན་ཡོད་པར་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོའི་གཟུངས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡོན་ཏན་ཁྱད་པར་ཡོངས་སུ་བསྒྲགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་ལ་རབ་ཏུ་གནས་པ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་དཔའ་ཆེན་པོ་མཆོག་ཏུ་དཀོན་པའི་གཟུངས་འདིའི་སྙིང་པོ་འཇིག་རྟེན་ལས་འདས་པ་རྣམ་པར་འཕྲུལ་པ་བཤད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་རྫུ་འཕྲུལ་རྣམ་པར་འཕྲུལ་པ། གསང་བའི་སྙིང་པོ་ཡོངས་སུ་བསྒྲགས་པ་ལེགས་སོ་ལེགས་སོ།། དེ་དག་ནི་སེམས་ཅན་ཐམས་ཅད་ལ་ལམ་མཆོག། ཤིན་ཏུ་མཆོག་ཏུ་གྱུར་པ། གྱ་ནོམ་པ། བླ་མ་བླ་ན་མེད་པ། མཆོག་ཏུ་དཀོན་པའི་གཟུངས་ཀྱི་སྙིང་པོ་གསང་བ་ཡོངསུ་བསྒྲགས་པ་སྟེ། གང་གིས་འཁོར་བའི་རྒྱ་མཚོའི་ཆུ་བོ་ཆེན་པོ་དང་། སྲིད་པའི་རྒྱ་མཚོ་ལས་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་སྒྲོལ་བ་ཡིན་ནོ། ། སཱན་རས་གཟིགས་ཀྱི་དབང་ཕྱུག་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་བསྙེན་པ་འམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་གང་ལ་ལ་ཞིག་གམ། སེམས་ཅན་གཞན་གང་ཡང་རུང་བས་དོན་ཡོད་པར་རྣམ་པར་ལྟ་བའི་སྙིང་པོ་འདི་དང་། རྨད་དུ་བྱུང་བ་རྣམ་པར་ལྟ་བ་དོན་ཡོད་པའི་སྙིང་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རྣམ་པར་གྲོལ་བའི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་རྨད་དུ་བྱུང་བའི་དེ་ཁོ་ན་ཉིད་རྣམ་པར་འཕྲུལ་པ། རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ། དམ་ཚིག་ཆེན་པོ་དཀྱིལ་འཁོར་གྱི་མིང་འཛིན་པ་ཙམ་གྱིས་ཀྱང་དགེ་བའི་རྩ་བ་ཆེན་པོ་སོགས་པར་འགྱུར་རོ།། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་ཡོངས་སུ་འཛིན་པར་ཡང་འགྱུར་རོ། ། གངྒཱའི་ཀླུང་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ཀྱི་བྱེ་མའི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་མཐོང་བ་དང་། མངོན་དུ་ཆོས་ཐོས་པ་དང་། མངོན་དུ་དབྱངས་ཐོས་པ་དང་། མངོན་དུ་ལུང་བསྟན་པ་ཐོས་པར་འགྱུར་བའི་སེམས་ཅན་ཆེན་པོ་དེ་དག་གིས་ནི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་ཆེ་བ་དང་། དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ།། སེམས་ཅན་དེ་གཟུངས་གང་ཡིན་པ་དང་། དཀྱིལ་འཁོར་དང་། ཆོ་ག་དང་། མིང་སྣ་ཚོགས་ད་ལྟར་ཐོས་པ་དང་། ཡང་ན་ཀློག་པ་དང་། ཡང་ན་ལྟ་བ་ཙམ་མཐོང་བ་ནི་དེ་དང་མཉམ་པ་ཡིན་ཏེ། རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་དང་ལྡན་པར་འགྱུར། བའང་དེ་དང་མཉམ་པ་ཡིན་ན། དཀའ་བ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་ཐོས་པ་དང་མཐོང་བར་འགྱུར་རོ།། གང་དག་གཟུངས་འདིའི་དཀྱིལ་འཁོར་འབད་དེ་སྟོབས་དང་བརྩོན་འགྲུས་ཕ་རོལ་གནོན་པར་བྱེད་པ་དང་། ཚོལ་བ་དང་། འདྲི་བ་དང་། ཀློག་པ་དང་། བཟླས་བརྗོད་ཀྱི་ཆོ་ག་བྱེད་པ་དང་། དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པར་བྱེད་པ་དང་། འབད་པར་བྱེད་པ་དེ་ནི་དཀའ་བ་ཆེན་པོ་ལ་ཞུགས་པ་ཡིན་ནོ། ། དེ་དང་མཉམ་པ་ཡིན་ནོ།། དཀའ་བ་གང་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་ལ་ཞུགས་པ་དང་། སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་ཡིན་ནོ།། རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ཕ་འམ། དགེ་སློང་མའམ། དགེ་བསྙེན་པ་འམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། དམངས་རིགས་གང་ཡིན་པ་འམ། སེམས་ཅན་གཞན་གང་ཡང་རུང་བའི་གཟུངས་འདིའི་དཀྱིལ་འཁོར་དང་། ཆོ་ག་སྟོབས་ཆེན་པོ་དང་། ཕ་རོལ་གནོན་པའི་བརྩོན་འགྲུས་ཀྱིས་སྒྲུབ་པར་བྱེད་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོ་ག་ཚོལ་བ་ཡིན་ནོ། ། འདི་ལྟ་སྟེ། འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། བཟླས་བརྗོད་དང་། ཆོ་ག་དང་། དཀྱིལ་འཁོར་ལྟ་བ་དང་། འཇུག་པ་དང་། དམ་ཚིག་དང་། ཕྱག་རྒྱ་བཅིངས་ཏེ་སྒྲུབ་པ་དང་། འདི་ལྟ་སྟེ། ཐོས་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པར་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སེམས་པ་དང་། དུས་གསུམ་དུ་ལན་གསུམ་དོན་ཡོད། པའི་ཞགས་པའི་སྙིང་པོ་དྲན་པ་དང་། ཁྲོ་བོའི་རྒྱལ་པོས་དབང་བསྐུར་བ་དང་། གཟུངས་འདིའང་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་བརྗོད་དང་། ཆོ་ག་དྲན་པ་དང་། བྱམས་པ་དང་། སྙིང་རྗེ་དང་། བུམས་པས་སྙིང་བརླན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ལྷུར་བྱེད་པ་དེ་ནི་དཀའ་བར་སྤྱོད་པ་ཆེན་པོ་ལ་ཞུགས་པ་ཡིན་ནོ།། བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱོད་པ་ལ་ཞུགས་པ་དང་འདྲ་བ་འམ། ལྷག་པ་ཡིན་ནོ།། དེ་ཚེ་འདི་ཉིད་ལ་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་བ་དང་། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་དང་། སངས་རྒྱས་ཉིད་དུ་སོ་སོར་གནས་པ་ཡིན་ནོ།། ། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་གསུམ་པ།། བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་བསགས་པར་འགྱུར་རོ།། རྟག་ཏུ་འཇིག་རྟེན་དབང་ཕྱུག་རྗེས་སུ་འབྲང་བར་འགྱུར་རོ། ། རྟག་ཏུ་ཕྱག་གཡས་པ་བྱང་ཆུབ་སེམས་དཔའ་དེའི་སྤྱི་བོ་ལ་འཇོག་པར་འགྱུར་རོ།། རྟག་ཏུ་མཆོག་སྦྱིན་པ་མཛད་པར་འགྱུར་རོ།། རྟག་ཏུ་ཞལ་མཐོང་བར་འགྱུར་རོ། དེ་ལྟར་ན་ཡོན་ཏན་རྒྱ་ཆེན་པོ་བརྗོད་པའི་གཟུངས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་འདི་ནི་མཆོག་ཏུ་དཀོན་པ་ཡིན་ནོ།། གཟུངས་དང་དཀྱིལ་འཁོར་གྱི་ཆོ་ག་འདི་ཐོས་པ་ཙམ་དང་། རྣ་བའི་བུ་གར་འདིའི་སྒྲ་ལན་བདུན་དུ་ངེས་པར་ལྷུང་ན། དེ་འཆི་འཕོ་བ་ཙམ་དང་བསམས་པ་ཙམ་གྱིས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། འོད་དཔག་མེད་ཀྱི་སྤྱན་སྔར་ཞབས་ཀྱི་དྲུང་དུ་པདྨ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་མདོ་སྡེ་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རྣམས་ཁ་ཏོན་དུ་ཀུན་ཏུ་གནས་ཤིང་ཚེ་རབས་དྲན་པར་ཡང་འགྱུར་རོ། ། དབང་པོ་དྲུག་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་ལྔའང་སོ་སོར་ཐོབ་བོ།། ཙམ་ལ་རབ་ཏུ་སྐྱེ་བར་འགྱུར་རོ།། ལྷའི་གཟུགས་དང་། ཁ་དོག་དང་།། རྟགས་དང་། དབྱིབས་ཡོངས་སུ་དག་པ་དེའི་ཕྱིར། སྟོབས་དང་བརྩོན་འགྲུས་ཀྱིས་སེམས་ཅན་ཐམས་ཅད་སྣ་ཚོགས་འཛིན་པ་དང་མཉན་པར་བགྱི། བཀླག་པར་བགྱི། ཁ་ཏོན་དུ་བགྱི། སེར་སྣའི་དྲི་མ་དང་བྲལ་བ་དང་། ཕྲག་དོག་དང་བྲལ་བར་བགྱི། སེམས་ཅན་ཐམས་ཅད་བྱམས་པ་དང་། སྙིང་རྗེ་ལ་སོགས་པ་མཆོག་དང་ཡང་དག་པར་ལྡན་པར་བགྱིའོ།། གཟུངས་དང་དཀྱིལ་འཁོར་གྱི་ཆོ་ག་འདི་མཉན་པར་བགྱི། བལྟ་བར་བགྱི། འཇུག་པར་བགྱིའོ།། ཕྱི་མའི་དུས་དང་ཕྱི་མའི་ཚེ་མ་ཡིན་པར་ཕུལ་དུ་བྱུང་བའི་དོན་ལ་བརྩོན་པར་བགྱིའོ་ཞེས་པའོ།། འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་ཀྱི་ཆོ་ག་འདི་ནི་བླ་ན་མེད་པ་ཞེས་བགྱིའོ། ། མང་དུ་སྨོས་ཅི་འཚལ་ཏེ། དེ་ལ་འགྲན་སེམས་ཀྱིས་ཀྱང་མཉན་པར་བགྱིའོ་ཞེས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུངས་འདི་གསུངས་པའི་དེ་མ་ཐག་ཏུ། སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་པོ་ཊ་ལའི་རི་བོ་འདི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་གྱུར་ཏོ།། མེ་ཏོག་གི་ཤིང་ལྗོན་པ་དང་འབྲས་བུའི་ཤིང་ལྗོན་པ་གང་ཡིན་པ་རྣམས་ཀྱང་། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་པ་བརྩེགས་པར་རབ་ཏུ་གྱུར་ཏོ།། གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རྣམས་འབུམ་ཕྲག་བྱེ་བ་དགུ་བཅུ་རྩ་དགུའི་རྡུལ་ཕྲ་རབ་དང་མཉམ་པར་རབ་ཏུ་གྱུར་ཏོ། ། ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུ་རྣམ་པར་བཀྲ་བ་རྣམ་པ་སྣ་ཚོགས་པ་རྣམས་ཕམ་པར་བྱས་པའི་རྒྱན་རྣམ་པར་བཀྲ་བས་རྣམ་པར་བཀྲ་ཞིང་། དྲིལ་བུ་གཡེར་ཀའི་དྲ་བ་དང་གསེར་གྱི་དྲིལ་བུ་འཁྲོལ་བའི་བླ་རེ་དཔྱངས་པ་རྣམས་དང་། ལྷ་རྫས་ཀྱི་སེང་གེའི་ཁྲི་ཡོངས་སུ་བཤམས་པ་རྣམས་ཀྱང་རེ་རེ་ཞིང་ཁང་པ་བརྩེགས་པའི་དབུས་ན། སེང་གེའི་ཁྲི་བཤམས་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་རབ་ཏུ་བྱུང་བར་གྱུར་ཏེ། སེང་གེའི་ཁྲི་ཐམས་ཅད་ལ་ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་ཡང་དག་པར་བྱོན་ཏེ་བཞུགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོའི་གཙུག་ཏུ་ཕྱག་འཇོག་པར་མཛད་ཅིང་། ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པར་མཛད་དོ། ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ།། མཆོག་ཏུ་ཁྱད་པར་དུ་འཕགས་པའི་འཇིག་རྟེན་ལས་འདས་པའི་ལམ་ཆེན་པོ་རབ་ཏུ་བསྟན་པས་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་འགྲོ་བར་བྱེད་པ་དང་། གང་གིས་ཐོས་པ་ཙམ་གྱིས་འཇིག་རྟེན་ལས་འདས་པ་སོ་སོར་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཉིད་ཀྱི་ལམ་ཚོལ་བ་ལ་རྗེས་སུ་འགྲོའོ།། འོན་ཀྱང་བཟླས་པ་དང་། འདྲི་བ་དང་། ཀློག་པ་དང་། དཀྱིལ་འཁོར་མཐོང་བ་དང་། འཇུག་པ་ཆེས་མང་བའི་དབང་དུ་བྱས་པའི་སེམས་ཅན་རྣམས་དམ་ཚིག་ལ་རྗེས་སུ་འཇུག་པར་འགྱུར་བ་དེ་སྐྱེ་བ་འདི་ཉིད་ལ་དེ་བཞིན་གཤེགས་པའི་ལུས་སུ་རིག་པར་བྱའོ། ། དེ་ནས་པོ་ཊ་ལའི་གནས་ཀྱི་རི་བོ་དང་། རྩ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་དེ་རྣམས་ཐམས་ཅད་ལ་མི་གང་ཙམ་དུ་མཐོ་བ་ཉིད་དང་། ཤིང་རྟའི་འཁོར་ལོའི་ཚད་ཙམ་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་གྱི་པདྨ་རྣམས་རབ་ཏུ་བྱུང་སྟེ། འདབ་མ་ཁ་དོག་སྣ་ཚོགས་པ་དང་། སྡོང་བུ་བཻ་ཌཱུཪྻ་དང་། འཛམ་བུ་ཆུ་བོའི་གསེར་གྱི་ཁ་དོག་ལྟར་དམར་བའི་མུ་ཏིག་གི་ཟེའུ་འབྲུ་དང་། ལྷ་རྫས་ཀྱི་མུ་ཏིག་གི་གེ་སར་གྱིས་ཁོར་ཡུག་ཏུ་བསྐོར་བ་གང་ཡིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་། ཀྱང་ཆོས་ལ་གུས་པས་ཐམས་ཅད་པུས་མོ་བཙུགས་ཏེ། གཟུངས་འདིའི་དཀྱིལ་འཁོར་དང་ཕྱག་རྒྱ་མཐོང་བའི་དོན་དུ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་པར་བཀབ་པར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་འདིའང་ཆེས་ཆེར་གཡོས་པར་གྱུར་ཏོ། ། ལྷའི་མེ་ཏོག་གི་ཆར་ཆེན་པོ་མང་པོ་རབ་ཏུ་ཕབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དོན་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའི་དོན་དང་། གཟུངས་འདིའི་དཀྱིལ་འཁོར་དམ་པ་ལ་མཆོད་པའི་དོན་དུ་ཆར་རབ་ཏུ་ཕབ་བོ། ། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཞིན་འཛུམ་ཞིང་རྡོ་རྗེ་བསྐོར་བཞིན་དུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་སྟེ། འདི་ལྟ་བུའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་ཆོ་འཕྲུལ་ནི་དེ་བཞིན་གཤེགས་པ་བསྐྱེད་པར་བལྟ་བར་བགྱི། ཆོས་ཀྱི་འཁོར་ལོ་བསྐོར་བར་བལྟ་བར་བགྱི། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་བལྟ་བར་བགྱིའོ། ། བཅོམ་ལྡན་འདས་མཐུ་ཆེན་པོ་འདི་འཛམ་བུའི་གླིང་ན་མཆོག་ཏུ་དཀོན་པར་བལྟ་བར་བགྱི་སྟེ། འདི་ནི་ཕྱི་མའི་དུས་ཕྱི་མའི་ཚེ་ན་དེ་བཞིན་གཤེགས་པའི་མཛད་པ་དང་། སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ།། གང་གིས་ཐོས་པ་ཙམ་གྱིས་འདི་ལྟ་བུའི་ཡོན་ཏན་དང་ཕན་ཡོན་སོ་སོར་ཐོབ་བོ།། ཀུན་ཏུ་སྣང་བར་བྱེད་པར་འགྱུར་བ་འདི་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མ་གཏོགས་པར། སེམས་ཅན་ཐམས་ཅད་ཀྱི་ནང་ན་གཞན་སུའང་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ།། ལག་ན་རྡོ་རྗེ་འཛམ་བུའི་གླེང་བའི་སེམས་ཅན་ཐམས་ཅད་མ་དང་པར་གྱུར་པ་འདི་གཟུངས་ཀྱི་དཀྱིལ་འཁོར་འདི་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་བ་དང་། སྐྱོབ་པ་དང་། སྐྱབས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔུང་གཉེན་བྱེད་པ་ནས། ཇི་སྲིད་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཀྱི་བདག་ཉིད་ཀྱི་བར་ལ་རབ་ཏུ་འགོད་པར་བྱེད་དོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པས་སྔོན་སེམས་ཅན་རྣམས་ལ་ཕན་པའི་དོན་དུ་ཞུགས་པ་ཡིན་ནོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ནི་རྡོ་རྗེ་ཉི་མའི་འོད་ཟེར་གྱི་སྙིང་པོ་དྲི་མ་མེད་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་དོང་སྟེ་ལྷག་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། ནོར་བུ་རིན་པོ་ཆེ་ཆེན་པོ་དེའང་མངོན་པར་དགབ་པར་ཕུལ་ལོ།། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པས་གཅལ་དུ་བཀྲམ་པ་མཆོད་པའི་དོན་དུ་རབ་ཏུ་བཀོད་ནས་རང་གི་སྟན་ལ་འདུག་གོ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དོན་ཡོད་པ་དྲི་མ་མེད་ཅིང་རྣམ་པར་དག་པ་རབ་ཏུ་གསལ་བའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གང་གིས་སྤྱི་བོའི་མཚམས་སུ་གདུགས་ཀྱི་རྣམ་པའི་ཁང་པ་བརྩེགས་པ་ཀུན་ཏུ་གནས་པར་གྱུར་ཏོ།། ། ཁང་པ་བརྩེགས་པ་དེ་ལས་ཀྱང་འོད་ཟེར་རྣམ་པ་སྣ་ཚོགས་པ་བྱུང་ངོ་།། འོད་ཟེར་སྣ་ཚོགས་པའི་སྣང་བ་དེས་ཀྱང་ནམ་མཁའ་མཐིལ་དུ་རྫུ་འཕྲུལ་པ་དང་ཆོ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ཏོ།། འོད་ཟེར་གྱི་སྣང་བ་རེ་རིས་ཀྱང་དེ་བཞིན་གཤེགས་པའི་སྐུ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་རབ་ཏུ་བསྟན་ཏོ། ། དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ཐམས་ཅད་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་ཆེན་པོ་མཆོག་ཏུ་རྙེད་པར་དཀའ་བའི་གཟུངས་ཀྱི་དཀྱིལ་འཁོར་། དང་ཕྱག་རྒྱ་འདི་བཤད་པ་འདི་ལེགས་སོ་ལེགས་སོ།། འཇིག་རྟེན་ལས་འདས་པ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱེད་པའི་ལམ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའི་ཆོས་ཀྱི་རྣམ་པ་ཕྲུལ་འབར་བར་བྱེད་པ། ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད་པ། ཆོས་ཀྱི་དུང་འབུད་པར་བྱེད་པ། བདུད་བཞིའི་དཀྱིལ་འཁོར་ལས་རྣམ་པར་རྒྱལ་བར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་བཅུས་གནོན་པར་བྱེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རབ་ཏུ་རྫོགས་པར་བྱེད་པ། མི་འཇིགས་པ་བཞིས་གནོན་པར་བྱེད་པ། དེ་བཞིན་ཉིད་དང་ཡང་དག་པའི་མཐས་ཕ་རོལ་གནོན་པར་བྱེད་པ།། ། ཕ་རོལ་ཏུ་ཕྱིན་པ་བཅུ་རབ་ཏུ་རྫོགས་པར་བྱེད་པའོ།། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པར་བྱེད་པའོ།། འདི་ནི་ལམ་རབ་ཏུ་ཉམས་པ་རྣམས་ཀྱི་ལམ་དུ་འཆག་པར་བྱེད་པ། བསམ་པ་རབ་ཏུ་ཉམས་པ་རྣམས་ཀྱི་བསམ་པ་ཡོངས་སུ་དག་པ། ངན་སོང་དུ་འགྲོ་བར་རྒྱུ་བ་རྣམས་ཀྱི་བདེ་འགྲོའི་ལམ་དུ་འགྲོ་བར་བྱེད་པ། འདི་ནི་བྱང་ཆུབ་ཆེན་པོའི་སྙིང་པོའི་ས་བོན་དང་འབྲས་བུ་རབ་ཏུ་སྟོན་པར་བྱེད་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་དག་པ་འཇིག་རྟེན་ལས་འདས་པ་ཁྱད་པར་དུ་འཕགས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་རྣམ་པར་འཕྲུལ་པ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ཉེ་བར་སྤྱོད་པའི་ཆོ་ག་ཤོད་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བསྐུལ་བ་ཐོབ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཇིག་རྟེན་ལས་འདས་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་ཉེ་བར་སྤྱོད་པའི་ཆོ་ག་དང་སྒྲུབ་ཐབས་གསུངས་སོ།། གནས་བཟངས་གཞི་དགེ་བ་དང་།། ས་གཞི་གཙང་ཞིང་ནེའུ་གསིང་ལ།། ལྗོན་ཤིང་མེ་ཏོག་འབྲས་བུས་ཁྱབ། ། མེ་ཏོག་འཁྲི་ཤིང་འགྲམ་དང་ནི།། ས་གཞི་མཉེན་ལ་དག་པ་དང་།། གང་དུ་ཆུ་བོ་འབབ་པ་དང་།། གཟི་བརྗིད་ལྡན་ཞིང་ཡིད་དགའ་བ།། ས་གཞི་སེམས་ནི་དགའ་བར་འོས།། ཡིད་ཀྱི་ཤིང་རྟ་རྒྱས་བྱེད་ཅིང་། ། སྒོ་སྐབས་ལེགས་པར་གནས་པ་དང་།། ཤིན་ཏུ་དག་ཅིང་ཐུན་ཚགས་བྲལ།། རུས་པ་གསེག་མ་གྱོ་མོ་དང་།། ཕུབ་མ་སོལ་བ་ཡོངས་སུ་སྤངས།། གཙང་ཞིང་གཙང་ལ་ལེགས་དག་པའི། ས་གཞི་ཡོངས་སུ་ཟླུམ་པ་དེར།། མཁས་པས་རྒྱར་ནི་གཟིངས་ཚད་དུ།། གཞལ་ནས་ཤིན་ཏུ་རྣམ་འབྱེས་ཤིང་།། གཙང་ཞིང་མཉེན་ལ་འཇམ་པར་ཕྱེ།། གནས་དེར་དཀྱིལ་འཁོར་ལེགས་པར་བསྒྲུབས།། སངས་རྒྱས་བྱང་ཆུབ་བླ་ན་མེད།། འཇིག་རྟེན་ལས་འདས་ཁྱད་འཕགས་པར།། དེ་བཞིན་གཤེགས་ཀུན་གྱིས་བྱིན་བརླབས།། ས་ཡི་ཆ་ལས་དཔངས་སུ་ནི།། མི་གང་ཚད་དུ་བརྐོ་བར་བྱ།། དམར་པོའམ་ཡང་ན་གུར་ཀུམ་ཁ་དོག་དང་། ། ས་རྡུལ་དཀར་པོ་སྣུམ་པ་ནི།། མར་གསར་འདྲ་བ་འཇམ་པ་ཡིན།། ས་ཡི་ཁྱད་པར་དབྱེ་བ་དེ།། དེ་བཞིན་གཤེགས་པ་ཀུན་གྱིས་བསྔགས།། བྱང་ཆུབ་སྙིང་པོ་ས་དེར་མཚུངས། ། རིང་བསྲེལ་བཞུགས་པའི་མཆོད་རྟེན་དང་།། དེ་ནི་མཚུངས་པར་གྱུར་པ་ཡིན།། བརྐོས་པའི་ནང་དུ་མཁས་པ་ཡིས།། སླར་ཡང་ས་དེས་དགང་བར་བྱ།། ཇི་སྲིད་དོང་བུ་མཉམ་པར་དགང་། ནི་དཀྱིལ་འཁོར་ཡང་དག་པའོ།། ཉུང་དང་ལྷག་པ་བསྔགས་པ་མིན།། འདིར་ནི་འགྲུབ་པ་མེད་པར་བསྟན།། ཁྲུ་ནི་སུམ་ཅུ་རྩ་གཉིས་ཚད། མཁས་པས་དཀྱིལ་འཁོར་ཐིག་དག་གདང། ཡང་ན་ཁྲུ་ནི་བཅུ་དྲུག་དང་། ཡང་ན་ཁྲུ་ནི་བཅོ་ལྔར་བྱ། ། མཉམ་ཞིང་གྲཝ་བཞིར་ལེགས་པར་དབྱེ།། བ་ཡི་ལྕི་བ་དག་དང་ནི།། ས་དང་བསྲེས་ཏེ་བསྐུ་བྱ་བ།། ཤིན་ཏུ་ཞེན་པར་བཇིག་པ་དང་།། འཇམ་ཞིང་མཉེན་པར་བྱ་བ་ཡིན།། དེ་ལ་དཀྱིལ་འཁོར་ཐིག་གདབ་པ། ། སྣ་ཚོགས་ཚོན་གྱིས་ཀུན་ཏུ་དབྱེ།། སྒོ་བཞི་རྣམ་པར་འབྱེས་པ་དང་།། རྟ་བབས་བཞི་དང་ལྡན་པར་བྱ།། དཀྱིལ་འཁོར་དབུས་ཀྱི་སྙིང་པོ་ནི།། རྣམ་པར་ཕྱེ་སྟེ་གྲུ་བཞི་ཚད།། ཁྲུ་གསུམ་ཡང་ནི་ཁྲུ་བཞི་ནི། ། ཐིག་སྐུད་ཚོན་གྱིས་རྣམ་པར་དབྱེ།། ནང་གི་ཐིག་གི་ཚད་དག་ཏུ།། མདུང་རྩེ་གསུམ་པ་དག་དང་ནི།། ནོར་བུ་རིན་ཆེན་སྣ་ཚོགས་བྱ།། བར་གྱི་ཐིག་གི་ཚད་དག་ཏུ།། པདྨ་དང་ནི་རྡོ་རྗེ་དང་།། ཀུན་ཏུ་བྲི་བར་བྱ་བ་ཡིན། ། ཕྱི་ཡི་ཐིག་གི་ཚད་དག་ཏུ།། རྡོ་རྗེའི་རྣམ་པའི་སྟེགས་བུ་དང་།། རིན་ཆེན་སྣ་ཚོགས་གཞལ་མེད་ཁང་།། སྟེགས་བུ་དག་ཀྱང་བྲི་བར་བྱ།། པདྨའི་དབུས་སུ་གཞལ་མེད་ཁང་།། གཞལ་ཡས་ཁང་པ་གནས་པར་བྱ། ། དཀྱིལ་འཁོར་དབུས་ཀྱི་པདྨ་ལ།། རྣམ་པར་སྣང་མཛ་ཐུབ་པ་བྱ།། གཡོན་དུ་འོད་ནི་དཔག་མེད་པ།། གཡས་ཕྱོགས་སུ་ནི་དེ་བཞིན་གཤེགས།། ཤཱཀྱའི་རྒྱལ་པོ་དག་དང་ནི། ། དོན་ཡོད་རྒྱལ་པོ་འཇིག་རྟེན་གྱི།། དབང་ཕྱུག་མགོན་ལ་མངོན་སུམ་དུ།། བཏུད་དེ་ཐལ་མོ་སྦྱོར་བ་ནི།། ཕྱག་བཞི་པར་ནི་བྱ་བ་ཡིན།། ཕྱག་གཉིས་ཀྱིས་ནི་སྣ་ཚོགས་པའི།། མེ་ཏོག་རྣམས་ནི་འཆང་བ་དང་།། རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྱ།། འོད་དཔག་མེད་པའི་མདུན་དུ་ནི།། ཁྲོ་བོའི་རྒྱལ་པོ་ཕྱག་བཞི་པ།། བཏུད་དེ་ཐལ་མོ་སྦྱོར་བ་དང་།། ལྷ་རྫས་མེ་ཏོག་སྣ་ཚོགས་པ། ། ལག་པ་གཉིས་ན་ཐོགས་པ་དང་།། སྣ་ཚོགས་བརྒྱན་གྱིས་བརྒྱན་པར་བྱ།། དབུས་ཀྱི་དཀྱིལ་འཁོར་ལེགས་པར་བརྒྱན།། སྣ་ཚོགས་དར་གྱིས་མཛེས་པར་བྱས།། དོན་ཡོད་ཞགས་པའི་ཕྱག་རྒྱ་ཆེ། ། པདྨའི་གདན་དང་རྣམ་བརྒྱན་པ།། འབར་བའི་ནང་ན་ཡོད་པར་བྱ།། གྲཝ་བཞི་དག་ནི་བྱས་ན་ནི།། གཉིས་ཀྱི་བར་གྱི་ཆ་བཞི་སྟེ།། དབུས་ཀྱི་གནས་སུ་འཇིགས་མེད་པ།། ཤར་གྱི་གནས་སུ་གནས་པ་ནི། ། ལྷ་མོ་སྒྲོལ་མ་རྣམ་པར་བརྒྱན།། གཡས་ཀྱི་གནས་སུ་གནས་པ་ནི།། གོས་དཀར་མོ་ནི་རྣམ་པར་བརྒྱན།། ནུབ་ཀྱི་གནས་ན་གནས་པ་ནི།། ལྷ་མོ་དཀར་མོ་རྣམ་པར་བརྒྱན།། བྱང་གི་གནས་ན་གནས་པ་ནི། ། ལྷ་མོ་པདྨ་མཛེས་དྭགས་བརྒྱན།། དཀྱིལ་འཁོར་ཕྱི་རིམས་གྲཝ་རྣམས་སུ།། རྒྱལ་ཆེན་བཞི་ནི་གཞག་པར་བྱ།། བར་གྱི་གནས་སུ་གཞག་པ་ནི།། རལ་པ་གཅིག་པ་གཏུམ་མོ་ཤར། ། ནུབ་ཏུ་ཕོ་ཉ་བཞིན་སྒྱུར་མ།། གཡས་ཕྱོགས་སུ་ནི་བཞིན་སྒྱུར་མ།། རྡོ་རྗེ་ལྕགས་སྒྲོག་བྱ་བ་ཡིན།། བྱང་དུ་སྲིན་མོ་ཁྲོ་གཉེར་གདོང་།། ཀུན་ཀྱང་མེ་དབུས་འཇིགས་པ་མེད།། དཀྱིལ་འཁོར་དབུས་སུ་དགོད་པ་བཞིན། ། ཕྱི་རོལ་ཐིག་ལེ་པདྨོའི་འཕྲེང་།། རྡོ་རྗེ་རྩེ་གསུམ་གཞག་པ་ནི།། ཀུན་ཏུ་འབར་བའི་འཕྲེང་བར་བཅས།། ཕྱི་རོལ་དཀྱིལ་འཁོར་ཀུན་ཏུ་ནི།། བྲི་བྱ་རྟགས་དང་ཕྱག་རྒྱ་དང་།། ལྷ་ནི་དབང་ཕྱུག་དབང་ཕྱུག་ཆེ། ། ཚངས་པ་ཁྱབ་འཇུག་གཤིན་རྗེ་དང་།། ཆུ་ལྷ་དབང་པོ་ལུས་ངན་པོ།། དབང་སྒྱུར་དགའ་ལྡན་གནས་དག་གི། ལྷ་ནས་འོག་མིན་གནས་ཀྱི་བར།། ལྷ་རྣམས་བྲི་བར་བྱ་བ་ཡིན། སུམ་ཅུ་རྩ་གསུམ་ལྷ་རྣམས་དང་།། རྟགས་ནི་རྣམ་པ་སྣ་ཚོགས་དང་།། ཀུན་ཀྱང་པདྨོའི་གདན་ལ་གནས།། དེ་བཞིན་ཆོས་ཀྱི་འཁོར་ལོ་དང་།། རྡོ་རྗེ་རྩེ་ལྔ་རྡོ་རྗེ་དང་།། ཞགས་པ་དང་ནི་དགྲ་སྟ་དང་།། ལེགས་མཐོང་འཁོར་ལོ་དེ་བཞིན་ནོ།། མདུང་རྩེ་གསུམ་དང་པནྡྷ་ས།། ངོས་ལ་དབྱུག་པ་ཐོ་བ་དང་།། རྡོ་རྗེ་དཀྱིལ་འཁོར་པདྨའི་འཕྲེང་།། འཁོར་ལོ་གདུང་དང་དགའ་བ་དང་།། རལ་གྲི་དང་ནི་ཏོ་མ་རབ།། བུམ་པ་གང་བ་དག་དང་ནི།། མི་སྣང་བ་ཡི་འབག་ཤ་དང་།། པདྨ་དང་ནི་ཨུཏྤ་ལ།། རྒྱལ་མཚན་གདུགས་དང་ནོར་བུ་དང་།། དབྱུག་པ་དང་ནི་རྡོ་རྗེ་དང་།། གྲཝ་བཞིར་རྡོ་རྗེས་མཚན་པ་ཡིན།། ནོར་བུ་རྡོ་རྗེ་དག་དང་ནི། ། དགྲ་སྟ་རྡོ་རྗེ་དག་དང་ནི།། ཕྱག་རྒྱ་བཞི་དང་དགའ་བ་འཁྱིལ།། བྱ་མ་བུམ་དང་ཀུན་དི་དང་།། རིང་བ་བྷྲིང་ག་རི་དང་ནི།། རི་དགས་ཨེ་ནྱའི་པགས་པ་ལ།། མཆོད་ཕྱིར་ཐོགས་པའི་སྣམ་བུ་དང་།། སྟེང་དུ་རྒྱུ་སྐར་བཅས་པ་ཡི།། ཟླ་བ་ཉི་མ་དེ་བཞིན་ནོ།། ཀུན་ཀྱང་འབར་བའི་ནང་དུ་འདུག། སོ་སོར་ཆ་ནི་དབྱེ་བར་བྱ།། མཁས་པས་ཤར་གྱི་སྒོར་བྲི་བ།། འགྱིང་བག་མཐོང་ན་འཇིགས་སུ་རུང་།། ལག་ན་རྡོ་རྗེ་འཇིགས་པ་མེད།། རྡོ་རྗེ་འཆང་བ་འབར་བའི་ནང་།། ཀེ་ལ་ཀེ་ལ་གཏུམ་པོ་ཆེ།། ལྷོ་ཕྱོགས་ཀྱི་ནི་སྒོ་རུ་གཞག། ནུབ་ཏུ་རྡོ་རྗེ་བིངག་ལ།། མཐོང་ན་འཇིགས་སུ་རུང་བ་ཡི།། བྱང་དུ་ངེས་པར་གནོད་མཛེས་བྱ།། ཕྱི་རོལ་དཀྱིལ་འཁོར་ཀུན་ཏུ་ནི།། པདྨའི་འཕྲེང་དང་ཨུཏྤལ་འཕྲེང།། གྲཝ་དག་དང་ནི་གྲཝ་རྣམས་སུ།། ཀླུ་ཡི་རྒྱལ་པོ་བཞི་རྣམས་བྲི།། སྒོ་སྲུངས་པ་དག་བྲི་བ་ནི།། ནོར་བུ་བཟང་དང་གང་བ་བཟང་། ། སྟོབས་ཀྱི་ལྷ་དང་ལྔས་རྩེན་ཡིན།། སྒོ་ཡི་གནས་ཀྱི་བར་དག་ཏུ།། ཆུ་བོ་བཞི་ནི་བྲི་བྱ་བ།། གངྒཱ་དང་ནི་སཱི་ཏ་དང་།། པཀྵ་དང་ནི་སིར་དྷཱ་ཡིན།། འཕྲེང་བའི་ནང་རོལ་ཐོག་ཐག་ཏུ།། དཔལ་གྱི་ལྷ་མོ་བ་སན་ཏི།། དཔེ་མེད་མ་དང་ས་ཡི་ལྷ།། ལོ་ཏོག་སྨན་གྱི་ལྷ་མོ་དང་།། སྒྲ་དབྱངས་མ་དང་འཇིགས་ལྡན་མ།། དེ་བཞིན་མེ་ཡི་ལྷ་དག་དང་།། འཕྲོག་མ་དང་ནི་དུང་ཅན་མ།། གཏུམ་མོ་དང་ནི་མེ་ཏོག་སོ། ། དེ་དག་བྲི་བར་བྱ་བ་ཡིན།། ཁྲུས་བྱས་འདྲི་མཁན་གཙང་མ་ཡིས།། གཙང་མའི་སྣོད་དུ་ཚོན་རྣམས་ནི།། ལྷག་མ་མིན་པས་ཀུན་ཏུ་བྲི།། ཟས་ནི་དཀར་གསུམ་གྲུབ་པར་བྱ།། ཁྱད་པར་འདོད་པས་ཟས་ངན་པ། ། སྤང་བར་བྱ་བ་ཉ་ཤ་དང་།། བཙོང་དང་སྒོག་སྐྱ་ཀེའུ་རྣམས་དང་།། འདྲེས་པ་སྤང་བར་བྱ་བ་ནི།། ལོག་འདྲེན་གླགས་ཚོལ་སྤང་ཕྱིར་རོ།། ཁྲུས་བྱས་གོས་ནི་གསར་པ་བགོས། ། གཙང་མས་དཀྱིལ་འཁོར་བྲི་བར་བྱ།། དཀྱིལ་འཁོར་རྣམ་པ་སྣ་ཚོགས་ཀྱིས།། ཀུན་ཏུ་བརྒྱན་པར་བྱ་བ་ནི།། བ་དན་རྣམ་པ་སྣ་ཚོགས་དང་།། རྣམ་པ་སྣ་ཚོགས་མདའ་དང་ནི།། ལྔལྷ་རྫས་དར་ནི་སྦྱང་བ་དང་།། བ་དན་ཡང་ནི་སྤྱང་བར་བྱ།། ཚོན་སྐུད་སྣ་ལྔའི་སྲད་བུ་ཡིས།། ཀུན་ཏུ་ཡོངས་སུ་བསྐོར་བར་བྱ།། ཟངས་ལས་བྱས་པའི་པདྨའི་ཚད།། སོར་བཞི་འདབ་མ་ཁ་བྱེ་བ། མཛེས་པ་གྲཝ་བཞིར་གཟུགས་པར་བྱ།། སྙིང་པོའི་དཀྱིལ་འཁོར་གྲཝ་རྣམས་སུ།། པདྨ་བརྒྱད་ནི་གཞག་པ་དག། གསེར་ལས་བྱས་པ་བཞི་གཞག་ཅིང་།། དེ་བཞིན་དངུལ་ལས་བྱས་པ་བཞི།། ཀུན་ཏུ་བྱུ་རུའི་འཕྲེང་བ་དང་། ། མུ་ཏིག་འཕྲེང་བ་དེ་བཞིན་ནོ།། ཀུན་ཏུ་གསེར་གྱི་སྲད་བུ་དང་།། རིན་ཆེན་སྣ་ཚོགས་བཞག་པར་བྱ།། སྙིང་པོའི་དཀྱིལ་འཁོར་ཐིག་བར་དུ།། གསེར་གྱི་སྣོད་ནི་བཞི་དག་དང་།། དངུལ་གྱི་གནོད་ནི་བཞི་གཞག་གོ། ། དངུལ་གྱི་བུམ་པ་གང་བ་བཞི་ལ་དངུལ་དང་། གསེར་དང་། ཟངས་ལས་བྱས་པའི་མེ་ཏོག་གིས་སྤྲས་པའི་མགོ་ལྕོགས་ཀྱིས་སྤྲས་པ་གཞག་པར་བྱའོ།། གསེར་གྱི་བུམ་པ་གང་བ་བཞི་བཞག་པ་ལ་མུ་ཏིག་དང་། བྱུ་རུ་དང་། པདྨ་རཱ་ག་དང་། མར་གད་དང་། ཨིནྡྲ་ནི་ལ་དང་། དངུལ་དང་། གསེར་དང་། མེ་ཏོག་གིས་སྤྲས་པའི་མགོ་ལྕོགས་གཞག་པར་བྱའོ།། གླ་རྩི་དང་། ག་པུར་དང་། གུར་ཀུམ་དང་། ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་གསེར་གྱི་སྣོད་བཀང་བ་དང་། དངུལ་གྱི་སྣོད་ཀྱི་ནང་དུ་གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཟངས་ཀྱི་མེ་ཏོག་མུ་ཏིག་གིས་བརྒྱན་ཅིང་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ་གཞག་པར་བྱ། ། ཅོད་པན་གྱི་རྒྱན་མཚན་བཞི་གཞག་པར་བྱ། རིན་པོ་ཆེའི་རྒྱལ་མཚན་བཞི་གཞག་པར་བྱ། ཚོན་སྣ་ཚོགས་ཅན་དང་དར་དམར་པོ་སྤྱང་བར་བྱ། དངུལ་གྱི་པོག་པོར་བཞི་གཞག་སྟེ། ཙན་དན་དང་། གླ་རྩི་དང་། ག་པུར་དང་། གུར་ཀུམ་གྱི་བདུག་པས་བདུག་པར་བྱ། ས་ལས་བྱས་པའི་བུམ་པ་གསེར་གྱིས་གཡོགས་པའི་ནང་དུ་དྲི་ཆབ་རྣམ་པསྔ་ཚོགས་ཀྱིས་བཀང་སྟེ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་བགྱིས་ལ། བཀང་བ་ལ་དར་གཙང་མས་བཅིངས་ལ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་སྟེང་དུ་ཟངས་ལས་བྱས་པའི་མེ་ཏོག་བཞག་ནས། སྙིང་པོའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་སྟེང་དུ་གཞག་པར་བྱའོ།། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ཐོག་ཐག་ཏུ་དྲི་དང་། ཕྱེ་མ་དང་། བྱུག་པ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་རྣམ་པ་སྣ་ཚོགས་དང་། མཆོད་ཡོན་གྱི་ཆབ་ཀྱིས་དངུལ་གྱི་སྣོད་དང་ཟངས་ཀྱི་སྣོད་བཀང་བ་དྲུག་ཅུ་རྩ་བཞི་གཞག་པར་བྱའོ།། ལྕགས་ཀྱི་སྣོད་བུམ་པ་གང་བ་དྲུག་ཅུ་རྩ་བཞི་གཞག་པར་བྱའོ།། མེ་ཏོག་དང་། མགོ་ལྕོགས་དང་། པོག་པོར་བཀང་བ་དྲུག་ཅུ་རྩ་བཞི་གཞག་པར་བྱའོ།། བདུག་པ་སྣ་ཚོགས་ཀྱིས་བདུག་པར་བྱའོ།། སྒོ་བཞིར་ཟངས་དང་ལྕགས་ཀྱི་དྲི་ཆབ་ཀྱི་བུམ་པ་དར་གྱིས་བརྒྱན་ཅིང་སྤུད་པ་གཞག་པར་བྱའོ།། སྣ་མའི་མེ་ཏོག་གིས་གདུ་བུའི་སྟེང་དུ་མདའ་ལ་བ་དན་བཏགས་པ་དྲུག་ཅུ་རྩ་བཞི་བཙུགས་ཏེ། ཚོན་སྣ་ཚོགས་ཀྱིས་བཀྲ་བར་བྱས་པའི་མདའ་དང་ནོར་བུའི་འཕྲེང་བ་རྣམ་པ་སྣ་ཚོགས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱའོ།། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ཐོག་ཐག་ཏུ་ས་དང་བསྲེས་པའི་བའི་ལྕི་བས་དཀྱིལ་འཁོར་བྱས་ལ། དྲི་ཆབ་ཀྱིས་བསྐུས་ཏེ་ཚོན་སྣ་ལྔའི་སྲད་བུས་ཐིག་བཏབ་ལ་སྒོ་བཞི་རྣམ་པར་ཕྱེ་སྟེ། སེང་ལྡེང་གི་ཕུར་བུ་ཚང་སོར་བཅུ་གཉིས་པ་དྲུག་ཅུ་རྩ་བཞི་གདབ་བོ། ། ཚོན་སྣ་ལྔའི་སྲང་བུས་དཀྱིལ་འཁོར་ཀུན་ཏུ་བསྐོར་བར་བྱའོ།། བུམ་བུ་དང་། བྲུབ་པ་དང་། བྱམ་བུམ་དྲུག་ཅུས་བནི་གཏོར་མ་སྣ་ཚོགས་ཀྱིས་བཀང་བ་གཞག་གོ། ། ཁམ་ཕོར་ཟླུམ་པོ་དྲུག་ཅུ་རྩ་བཞི་གཏོར་མ་སྣ་ཚོགས་ཀྱིས་བཀང་བ་གཞག་གོ། གཏོར་མ་ཚུལ་སྣ་ཚོགས་པ་དྲུག་ཅུ་རྩ་བནི་སོ་སོར་གཞག་གོ། སྣོད་ཚོན་སྣ་ལྔ་པ་དྲུག་ཅུ་རྩ་བཞི་ཁ་ཟས་རྣམ་པ་སཱ་ཚོགས་ཀྱིས་བཀང་བ་དང་། བཅའ་བ་རྣམ་པ་སྣ་ཚོགས་བླུགས་པ་དང་། གཏོར་མ་དཀར་པོ་རྣམ་པ་སྣ་ཚོགས་གཞག་གོ། ཡོ་བྱད་ཐམས་ཅད་ཀྱིས་ཡོངསུ་གང་བ་རོ་རྣམ་པ་སྣ་ཚོགས་ཀྱི་གཏོར་མ་གཞག་གོ།། འབྲས་བུ་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་དགྲམ་མོ།། འཕྲེང་བ་བརྒྱ་ཉི་ཤུ་རྩ་གཅིག་དཀྱིལ་འཁོར་དུ་སྤྱང་བར་བྱ་སྟེ། བྱང་ཕྱོགས་ཀྱི་དཀྱིལ་འཁོར་ལ་དྲུག་ཅུ་རྩ་བཞི། སྙིང་པོའི་དཀྱིལ་འཁོར་ལ་སུམ་ཅུ་རྩ་གཉིས་གདགས་སོ། ། མེ་མར་གྱི་སྡོང་བུ་བཞི་བུད་པར་བྱའོ།། གཏོར་མ་བརྒྱ་དྲུག་ཅུ་རྩ་བཞི་དང་དཀྱིལ་འཁོར་ཐོག་ཐག་ཏུ་མར་མེ་བུད་པར་བྱའོ།། ཆང་དང་། ག་དང་། བེག་ཙོང་དང་། སྒོག་སྐྱ་དང་། ཀེའུ་དང་། ཚོད་སྔོན་དང་། ལ་ཕུག་སྤངས་པའི་གཏོར་མ་གཞན་རྣམ་པ་སྣ་ཚོགས་གཞག་པར་བྱའོ།། དཀྱིལ་འཁོར་གྱི་ཕྱིའི་གྲཝ་བཞིར་དོན་ཡོད་པའི་ཞགས་པའི་མདོ་སྡེ་བཀླག་པར་བྱ་སྟེ། སྒོ་རེ་རེར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། ། ཆོས་ཀློག་པ་ལེགས་པར་ཁྲུས་བྱས་ཏེ། ལྷ་རྫས་ཀྱི་གོས་ཀྱིས་དཀྲིས་ཏེ་གཙང་མ་ལ་དྲི་རྣམ་པ་སྣ་ཚོགས་ཀྱིས་བསྒོས་པའི་གོས་གཙང་མ་གསར་པ་བགོས་ཏེར་ཆོས་ཀྱི་སྟན་ཤིན་ཏུ་བརྒྱན་པ་ལྷ་རྫས་ཀྱི་སྟན་ལ་འདུག་ནས་ཚིག་འཇམ་པོ་འཇམ་པོ་ཚིག་མཉེན་པོས་བཀླག་པར་བྱའོ། ། ནུབ་ཀྱི་ཕྱོགས་ཆ་ལ་དཀྱིལ་འཁོར་མཐོན་པོ་ལ་བདེ་བ་ཅན་ནི་བཀོད་པ་བྲིས་པ། འོད་དཔག་མེད་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། མཐུ་ཆེན་ཐོབ་པའི་གཟུགས་བྲིས་པའི་རས་ཀྱི་སྐུ་གཟུགས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་པར་གཞག་པར་བྱའོ། ། ཤར་གྱི་ཕྱོགས་ཆ་ལ་དཀྱིལ་འཁོར་གྲུ་བཞི་མཐོན་པོ་བྱས་ལ། རྣམ་པར་གྲོལ་བའི་དཀྱིལ་འཁོར་ལ་ཤཱཀྱ་ཐུབ་པ་དང་། འཕགས་པ་རྡོ་རྗེ་འཆང་བ་དང་། དོན་ཡོད་པའི་ཞགས་པའི་ཁྲོ་བོའི་གཟུགས་བྲིས་པ་རས་ཀྱི་སྐུ་གཟུགས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་གོ། ། ལྷོའི་ཕྱོགས་ཆ་ལ་རི་འདྲ་བའི་གནས་མཐོན་པོ་བྱས་ལ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། དོན་ཡོད་པའི་ཞགས་པ་རས་ལ་བྲིས་པའི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་གོ། བྱང་ཕྱོགས་ཆལ་ཁྲོ་བོའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། བྱམས་པ་དང་། སའི་སྙིང་པོ་བྲིས་པའི་རས་ཀྱི་སྐུ་གཟུགས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་གོ། སྟེགས་བུའི་རྣམ་པ་མཐོན་པོར་བྱས་པ་ཐམས་ཅད་ལེགས་པར་བརྒྱན་པར་བྱའོ། ། དར་གྱི་འཕྲེང་བས་བརྒྱན་པར་བྱའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། བུམ་པ་གང་བ་གཞག་པ་དང་། དྲིས་དཀྱིལ་འཁོར་བྱ་བ་དང་། རོའི་མཆོག་རྣམ་པ་སྣ་ཚོགས་བཟའ་བའི་ངོ་བོ་རྣམ་པ་དུ་མའི་ཁ་ཟས་ཀྱི་རོ་དབུལ་བ་དང་། འབྲས་བུ་རྣམ་པ་སྣ་ཚོགས་དང་ལྡན་པའི་བསོད་སྙོམས་གཞག་པ་དང་། ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། ག་པུར་དང་། གླ་རྩི་དང་། གུར་ཀུམ་དང་བསྲེས་པའི་བདུག་པ་རས་ཀྱི་སྐུ་གཟུགས་ལ་དབུལ་བར་བྱའོ།། དེ་ནས་རིག་སྔགས་འཆང་བས་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ། དུས་གསུམ་དུ་བཟླས་བརྗོད་དང་སྦྱིན་སྲེག་གི་ཆོ་ག་བྱའོ།། ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔ་ཚང་གི་བར་དུ་དོན་ཡོད་པའི་ཞགས་པ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ།། ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། ། དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་ཉི་ཤུ་རྩ་གཅིག་དང་། དོན་ཡོད་པའི་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་དང་། འཇིག་རྟེན་ལས་འདས་པ་རྣམ་པར་འཕྲུལ་པ་ལན་ཉི་ཤུ་རྩ་གཅིག་དང་། རྣམ་པར་གྲོལ་བའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་སྟོང་རྩ་བརྒྱད་བཟླས་བརྗོད་བྱ་བ་དང་། རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། ། ཟླ་བ་ཉར་ཐུག་གི་བར་དུ་ཟས་དཀར་གསུམ་བཟའ་བར་བྱའོ།། ཚེས་བཅོ་ལྔའི་ཉིན་མཚན་ཐོག་ཐག་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་དཔག་ཏུ་མེད་པར་བཟླས་བརྗོད་བྱའོ། ། མཚན་ཐོག་ཐག་བཟླས་བརྗོད་བྱས་ཀྱང་ངལ་བ་མེད་པ་དང་། ལུས་སྙོམས་པ་དང་བྲལ་བས་བཟླས་བརྗོད་བྱའོ།། བྱམས་པ་དང་སྙིང་རྗེའི་ལྷག་པའི་བསམ་པའི་སེམ་བྱའོ། ། བཟླས་བརྗོད་ཀྱི་ཆོ་ག་ཟིན་ནས་དཀྱིལ་འཁོར་གྱི་བྱ་བ་མཚམ་བཅད་པ་དང་། ཕྱོགས་བཅིང་བ་དང་། བདག་བསྲུང་བ་དང་། གཞན་བསྲུང་བ་དང་། དཀྱིལ་འཁོར་བསྡམ་པ་བྱས་ནས། དེ་ནས་འཁོར་རྣམས་དཀྱིལ་འཁོར་དུ་དམ་ཚིག་ལ་གཞུག་པར་བྱའོ།། དཀྱིལ་འཁོར་དུ་གཞུག་པ་དང་། དཀྱིལ་འཁོར་གྱི་ལས་ཟིན་ནས་མཆོད་པ་བརྩམ་མོ།། མཆོད་པའི་ཆོ་གཟིན་པ་དང་། དེ་ནས་བཟླས་བརྗོད་བརྩམ་པར་བྱ་སྟེ། དོན་ཡོད་པའི་ཞགས་པའི་སྙིང་པོའི་དཀྱིལ་འཁོར་གྱི་སྤྱན་སྔར་འདུག་ནས། དོན་ཡོད་པའི་ཞགས་པའི་སྙིང་པོའི་བཟླས་བརྗོད་བྱས་ལ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་ཀྱིས་དབང་བསྐུར་རོ།། བཟླས་བརྗོད་ལན་ཉི་ཤུ་རྩ་གཅིག་དང་། དབང་བསྐུར་མ་ཐག་ཏུ་རས་ཀྱི་སྐུ་གཟུགས་དང་། དཀྱིལ་འཁོར་ཐམས་ཅད་ཀུན་ཏུ་འབར་ཞིང་འོད་ཟེར་སྣ་ཚོགས་འབྱིན་ཅིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་རོ། ། རིག་སྔགས་འཆང་བའི་སྙིང་དགའ་ཞིང་ལུས་འབར་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཤིན་ཏུ་འབར་ཞིང་འོད་འཕྲོ་བ། ཉི་མའི་སྟོང་ཕྲག་བརྒྱ་པས་ལྷག་པའི་འོད་ཟེར་ཅན། དོན་ཡོད་པའི་ཞགས་པ་ཚངས་པའི་ཆ་བྱད་འཆང་བ་དཀྱིལ་འཁོར་གྱི་དབུས་ཀྱི་ནང་ནས་མངོན་སུམ་དུ་གཤེགས་ཏེ། ཕྱོགས་བཅུའི་དཀྱིལ་འཁོར་ཀུན་ལ་རྣམ་པར་གཟིགས་ཤིང་རིག་སྔགས་འཆང་བ་ལེགས་སོ་ཞེས་བྱ་བའི་སྒྲ་ཕྱུང་སྟེ། ཕྱག་གཡས་པ་བརྐྱང་སྟེ་རིག་སྔགས་འཆང་བའི་སྤྱི་བོ་ལ་བཞག་སྟེ། དཀྱིལ་འཁོར་གྱི་མཆོག་ཤིན་ཏུ་བརྒྱན་ཅིང་སྨྲས་པ་འདི་ནི་ཤིན་ཏུ་བཟང་བ་ཡིན་ཏེ་ལེགས་སོ་ལེགས་སོ།། འདི་ནི་རྣམ་པར་གྲོལ་བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པ་རྣམ་པར་འཕྲུལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་རྣམས་ཀྱི་དམ་ཚིག་གི་དཀྱིལ་འཁོར། བདུད་ཐམས་ཅད་ཕམ་པར་བྱེད་པའི་དཀྱིལ་འཁོར། བགེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་འཇོམས་པ། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་རྗེའུའི་རིགས་དང་། དམངས་རིགས་དང་། ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་བྱའང་རུང་སྟེ། སེམས་ཅན་ཐམས་ཅད་འཁོར་བའི་གཅོང་རོང་ལས་སྒྲོལ་བ་ཡིན་ནོ།། འདི་ནི་སྡིག་པ་དང་། སྒྲིབ་པ་ཐམས་ཅད་དང་། དམྱལ་བ་དང་། སྡུག་བསྔལ་དང་། ནད་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་ལས་ཡོངས་སུ་ཐར་པར་བྱེད་ཅིང་འཇིགས་པ་མེད་པའི་ཁྱིམ་དུ་འཇུག་པར་བྱེད་པ་ཡིན་ནོ།། ། འདི་ནི་རྣམ་པར་ཐར་པར་བྱེད་པ་དཀྱིལ་འཁོར་ཆེན་པོའི་སྙིང་པོ་དང་གསང་སྔགས་སུ་བཅས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་འདི་རིག་སྔགས་འཆང་བ་དེ་དང་དེས་མིང་བརྗོད་པ་དང་། གང་དྲན་པ་ཙམ་ལ་སོགས་པ་དང་། ལྟ་བ་དང་། ཉན་པ་དང་། མིང་འཛིན་པའང་འཁོར་བའི་ཕ་རོལ་ཏུ་རྒལ་བར་འགྱུར་རོ།། ཕྱིར་མི་ལྡོག་པ་ཉིད་དུ་ས་བཅུ་བགྲོད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་པར་འགྱུར་རོ། ། དེ་གང་ཞེ་ན། གང་ཞིག་དཀྱིལ་འཁོར་ཆེན་པོ་འདི་འདྲ་བ་མངོན་དུ་མཐོང་བ་དང་། རྣམ་པར་གྲོལ་བའི་གཟུགས་འཇིག་རྟེན་ལས་འདས་པའི་གསང་སྔགས་ཀྱི་ཚིག་བཟླས་བརྗོད་བྱེད་པ་དང་། ཀློག་པ་དང་། དྲན་པ་དང་། འཆད་པ་དང་། ལན་འགའ་སྨྱུང་བས་མཐོང་བ་དང་། ཐང་ཅིག་དང་། སྐད་ཅིག་དང་། ཡུད་ཙམ་གྱིས་མཐོང་བ་ནི་ང་དང་མཉམ་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ནོ་ཞེས་སྨྲའོ།། བདག་ནི་སེམས་ཅན་དེ་ལ་དེ་བཞིན་གཤེགས་པ་ཡིན་པར་ཡང་འཛིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་པས་སྤྱི་བོས་དབང་བསྐུར་བར་བགྱིའོ། ། རིག་སྔགས་ལྔཆང་བས་ཟུང་ཞིག་དང་། མཆོག་ཇི་ལྟར་འདོད་པ་དང་། ཇི་ལྟར་ཡིད་ལ་རེ་བ་དང་། བསམ་པ་དེ་ཐམས་ཅད་རྗེས་སུ་གཟུང་ཞིང་སྦྱིན་པར་མཛད་དོ། ། དེའི་ཚེ་རིག་སྔགས་འཆང་བས་ཡིད་ལ་ཇི་ལྟར་བསམས་པའི་མཆོག་སྨྲས་ན། དེ་ཐམས་ཅད་སྦྱིན་པར་མཛད་ཅིང་དོན་ཡོད་པའི་ཡེ་ཤེས་བཀོད་པ་རྣམ་པར་གྲོལ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། ། གཞན་ཡང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་དང་མཉམ་པ་ཁྲག་ཁྲིག་སྟོང་ཕྲག་བཅུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། དཀྱིལ་འཁོར་དེའི་དམ་ཚིག་ཏུ་ཞུགས་པ་ནི་དམ་ཚིག་ཤེས་པའི་རྗེས་སུ་ཞུགས་པ་ཡིན་ཏེ། དེ་དག་ཐམས་ཅད་ས་བཅུ་ལ་རབ་ཏུ་གནས་པ་ཡིན་ནོ།། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་བ་ཡིན། ལུང་བསྟན་པ་དང་བྱིན་གྱིས་བརླབས་པར་འགྱུར་བ་ཡིན། དེ་ནི་མངལ་ན་གནས་པ་སྐྱེ་བའི་ཐ་མ་སྟེ། ཕྱིས་མངལ་ན་གནས་པའི་དྲི་མས་གོས་པར་མི་འགྱུར་རོ།། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། དེ་པདྨའི་ནང་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་རྫུས་ཏེ་སྐྱེ་བར་འགྱུར་རོ།། ཚེ་རབས་ཀུན་ཏུ་ཚེ་རབས་དྲན་པར་འགྱུར་རོ།། དོན་ཡོད་པའི་རྒྱལ་པོའི་ཕུན་སུམ་ཚོགས་པ་ཆོ་ག་ཞིབ་མོའི་རྒྱལ་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ། དམ་ཚིག་ཆེན་པོ་འདི་ཁ་ཏོན་བྱེད་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ལེགས་སོ་ཞེས་བྱ་བ་ཐོབ་པར་འགྱུར། ཏེ། རིགས་ཀྱི་བུ་སྐྱེ་བ་བླངས་པ་ལེགས་པར་སྐྱེ་བ་ཡིན་པས་ལེགས་སོ་ལེགས་སོ།། ཕྱིར་མི་ལྡོག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པ་ཡིན་ནོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འོད་ཟེར་འབུམ་ཕྲག་བྱེ་བས་མཛེས་པར་གྱུར་ཅིང་། བསོད་ནམས་ཀྱིས་བརྒྱན་པའི་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་སྤྱི་བོར་ཕྱག་འཇོག་ཅིང་དབུགས་འབྱིན་པར་ཡང་མཛད་དོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཆོས་འབེལ་བའི་གཏམ་མངོན་སུམ་དུ་སྒྲོགས་པར་མཛད་དོ།། ཐ་ན་དཀྱིལ་འཁོར་ཆེན་པོར་རོལ་མོའི་སྒྲ་རྔ་བོ་ཆེ་དང་། རྔ་ཕྲན་དང་། རྡུང་དང་། རྫ་རྔ་དང་། རོལ་མོའི་སྒྲ་གང་དག་གྲགས་པ་ལ། སེམས་ཅན་གང་དག་གིས་སྒྲ་དེ་ཐོས་ནས་རྣ་བའི་བུ་ག་ཙམ་དུ་སོང་བ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པར་འགྱུར་རོ། ། ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་བྱའི་རྣ་བར་སྒྲ་ཐོས་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་ལྟར་ན་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཆེན་པོ་དང་ལྡན་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་མཐུ་ཆེན་པོ་རྣམ་པར་འཕྲུལ་པ་ཡིན་ནོ། ། རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། སེམས་ཅན་གཞན་གང་ཡང་རུང་བ་དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུའི་རིགས་སམ། དམངས་རིགས་སམ། འགའ་ཞིག་གི་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོ་ག་འདི་འཁོར་མང་པོའི་ནང་དུ་ཀློག་པ་དང་། སེམས་ཅན་གང་གིས་སྒྲ་དེ་ཐོས་ནས་སྒྲ་དབྱངས་དེ་དང་མིང་ཐོས་པ་རྣ་བའི་བུ་གར་སོང་བར་གྱུར་པ་དེ་དག་ཐམས་ཅད་སྒྲིབ་པ་དང་སྡིག་པ་མི་བཟད་པ་ལས་བྲལ་བར་འགྱུར་རོ། ། སྔོན་གྱི་སྒྲིབ་པ་དང་སྡིག་པ་ལས་རྣམ་པར་གྲོལ་བར་འགྱུར་རོ།། ཕྱིར་མི་ལྡོག་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་སུ་རིག་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་ཀྱི་ཐུ་བོ་ཡིན་ནོ། ། རྟག་པར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གྲོགས་མཛད་ཅིང་རྗེས་སུ་འབྲང་བར་འགྱུར་རོ།། རྟག་ཏུ་དབུགས་འབྱིན་པར་མཛད་པར་འགྱུར་རོ། ། མཐར་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་རྟག་ཏུ་རྗེས་སུ་སྲུང་བར་མཛད་དོ།། སེམས་ཅན་གང་ཞིག་དཀྱིལ་འཁོར་དེའི་ས་ཕྱོགས་སུ་སོང་སྟེ། ས་གཞི་སྣང་བ་ཙམ་མཐོང་བ་དེ་དག་ཐམ་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། ། ཉོན་མོངས་པ་ཐམས་ཅད་བསྲེགས་ཤིང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། དེའི་ས་རྡུལ་རླུང་གིས་བདས་ཏེ་ལུས་ལ་ཕོག་པ་གང་ཡིན་པ་དེ་དང་། ཐ་ན་སེམས་ཅན་ངན་པའང་རུང་སྟེ། དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་བའི་གནས་ལ་རབ་ཏུ་གནས་པར་འགྱུར་རོ།། སྡིག་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཐོང་བ་དང་ལྡན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་ཕྱུང་བར་འགྱུར་རོ།། ལྷ་ཐམས་ཅད་ཀྱིས་བསྲུངས་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ།། དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། དེ་ལྟར་ན་སྒྲ་ཐོས་པ་ཙམ་དང་། མིང་འཛིན་པ་ཙམ་གྱིས་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་རོ། ། དེ་ནས་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྲེག་ཅིང་སྡུག་བསྔལ་དྲག་པོ་ལས་རྣམ་པར་གྲོལ་བར་འགྱུར་བ་དང་། ཉོན་མོངས་པ་དྲག་པོའི་རྒྱ་མཚོ་དང་འཁོར་བ་ལས་སྒྲོལ་བ་འགྲུབ་པ། ཕྱིར་མི་ལྡོག་པའི་གནས་བླ་ན་མེད་པར་དབུགས་འབྱིན་པར་མཛད་པ། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་བླ་ན་མེད་པ་སྟོན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོན་པ། ལྷའི་སྟེགས་སྦྱིན་སྲེག་བྱས་པ་ཙམ་གྱིས་མོད་ལ་ཐེ་ཙོམ་མེད་པར་མེ་ལྷ་དང་། དབང་པོ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་རྣམས་སྦྱིན་སྲེག་བྱས་པ་འདི་ཙམ་གྱིས་མོད་ལ་ཐམས་ཅད་འོང་བར་འགྱུར་རོ།། ཐེ་ཙོམ་མེད་པར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཤ་ཟ་དང་། གྲུལ་བུམ་ཐམས་ཅད་འོང་བར་འགྱུར་ཞིང་། དེའི་མོད་ལ་རིག་སྔགས་འཆང་བའི་རྐང་པ་གཉིས་ལ་རྟག་ཏུ་འདུད་པར་བྱེད་དོ།། དེ་བཞིན་དུ་ཉིན་མཚན་དུ་ཀུན་ཏུ་སྲུང་བར་འགྱུར་རོ། ། རྒྱལ་པོ་ཆེན་པོ་བཞི་དང་། ཕྱག་ན་རྡོ་རྗེ་བདག་ཉིད་ཆེན་པོ་དང་། གནོད་སྦྱིན་གྱི་དབང་པོ་ཆེན་པོ་བཅུའང་ཕྱོགས་བཅུར་སྲུང་བར་བྱེད་དེ། མི་བསྲུན་པ་མ་རུངས་པ་སེལ་ཅིང་དམྱལ་བ་དང་། འཇིགས་པ་མི་བཟད་པ་དང་། དུག་དྲག་པོ་དང་། སེམས་ཅན་མ་རུངས་པ་རྣམས་སེལ་བར་བྱེད་དོ།། དེ་མ་ཐག་ཏུ་བསོད་ནམས་ཆེན་པོའི་ལྷུན་པོ་དང་། བསོད་ནམས་ཆེན་པོའི་ཕུང་པོ་བླ་ན་མེད་སྐྱེ་བར་འགྱུར་རོ། ། ཙན་དན་སྲང་ཉི་ཤུ་དང་། ཨ་ཀ་རུ་སྲང་ལྔ་དང་། དུ་རུ་ཀ་སྲང་བདུན་དང་། ག་པུར་དང་གླ་རྩི་སྲང་གཅིག་གི་བཞི་ཆ་རེ་རེ་དང་། གུར་ཀུམ་སྲང་གཅིག་དང་། ལྕེ་པོག་ཀུན་ཏུ་ར་སྲང་ལྔ་དང་། གུ་གུལ་སྲང་བདུན་དང་། འདི་རྣམས་གཅིག་ཏུ་བསྲེས་ཏེ་ཕྱེ་མར་བྱས་ལ། ཁ་ར་དཀར་པོ་དང་སྦྲང་རྩི་རིལ་བུ་ཞོ་རེའི་ཚད་ཙམ་དུ་བྱས་པ་སྟོང་རྩ་བརྒྱད་དང་། ཡུངས་ཀར་དང་འབྲས་ཡོས་བསྲེས་ཏེ་རིལ་བུ་དང་བསྲེས་ནས་མར་གྱི་ནང་དུ་བསྙུངས་ཏེ་སྤྲིན་སྲེག་བྱའོ། ། ཤིང་སུ་ར་བྷི་དང་། ཤིང་ཨརྐ་དང་། ཤིང་ཤ་མྱའི་ཡམ་ཤིང་གིས་མེ་སྦར་ཏེ་སྦྱིན་སྲེག་གི་ཆོ་ག་བྱའོ།། གང་དང་གང་གི་ཚེ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེ་དང་དེའི་ཚེ་སྡིག་པ་དང་སྒྲིབ་པ་དྲག་པོ་ཐམས་ཅད་སྲེག་པར་འགྱུར་རོ། ། དེ་དང་དེའི་ཚེ་དེ་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། དེ་དང་དེའི་ཚེ་གཅོད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། དེ་དང་དེའི་ཚེ་འཛམ་བུའི་གླིང་གི་སེམས་ཅན་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་ལ་སོགས་པ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་པར་འགྱུར་རོ།། སྡིག་པ་ཐམས་ཅད་དང་། གྱུར་ཐམས་ཅད་དང་། གནོད་པ་ཐམས་དང་། འཁྲུག་པ་ཐམས་ཅད་དང་། འཐབ་པ་དང་། རྩོད་པ་དང་། གཡུལ་འགྱེད་པ་དང་། གཤེགས་འགྱེད་པ་ཐམས་ཅད་དང་། རང་གི་འཁོར་དང་། གཞན་གྱི་འཁོར་གྱི་འཇིགས་པ་ཐམས་ཅད་དང་། ཕྱིར་རྒོལ་བའི་དགྲས་འཇིགས་པ་ཐམས་ཅད་དང་། སེམས་ཅན་མ་རུངས་པ་ཐམས་ཅད་དང་། རྐུན་པོ་དང་། ཟོལ་བ་དང་། མི་རྒོད་དང་། གཅན་གཟན་གཏུམ་པོའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། སེམས་ཅན་དེ་དག་ཐམས་ཅད་འཇིགས་པ་མེད་པར་འགྱུར་རོ།། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་གང་དག་གིས་དེའི་དྲི་ཚོར་བ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པར་འགྱུར་རོ། ། ཚེ་བརྗེས་ནས་ཐམས་ཅད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་ཞིང་། པདྨོའི་ནང་ནས་རྫུས་ཏེ་སྐྱེ་བར་འགྱུར་རོ།། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རྐང་གཉིས་དང་རྐང་བཞི་པ་རྣམས་ཀྱིས་དེའི་དྲི་ཚོར་བ་ཙམ་གྱིས་ཐམས་ཅད་ངེས་པར་ཕྱིར་མི་ལྡོག་པར་འགྱུར་རོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མངོན་པར་རྫོགས་པར་ཚང་རྒྱའོ། ། རིག་སྔགས་འཆང་བ་དེ་ཇི་ལྟ་ཇི་ལྟར་སྦྱིན་སྲེག་བྱེད་པ་དེ་ལྟ་དེ་ལྟར་དེའི་ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ།། སྟོང་རྩ་བརྒྱད་ཚང་ན་རིག་སྔགས་འཆང་བའི་ལུས་འབར་བར་འགྱུར་རོ། ། ཕྱོགས་བཅུའི་སངས་རྒྱས་མང་པོའི་སྐུ་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་རིག་སྔགས་འཆང་བ་ལ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་ཏེ། རིག་སྔགས་འཆང་བ་ལེགས་སོ་ལེགས་སོ། ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོག། རྣམ་པར་གྲོལ་བའི་དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ཆོ་ག་ཡིན་ནོ།། འདི་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའི་སྦྱིན་སྲེག་ཆེན་པོའི་ཆོ་ག་ཡིན་ནོ། ། འདི་ནི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། བགེགས་དང་། ལོག་འདྲེན་ཚར་གཅོད་པའི་སྦྱིན་སྲེག་ཆེན་པོའི་ཆོ་ག་ཡིན་ནོ། འདི་ནི་བྱང་ཆུབ་ཀྱི་སྙིང་པོར་སོང་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྦྱིན་སྲེག་ཆེན་པོ་ཆོ་ག་ཡིན་ནོ།། འདི་ནི་བྱང་ཆུབ་ཀྱི་ལམ་བླ་ན་མེད་པའོ།། དེ་ནས་དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ། རིག་སྔགས་འཆང་བའི་མགོའི་སྤྱི་བོ་ལ་ཕྱག་འཇོག་པར་མཛད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་གི་ངོ་བོ་ཉིད་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དོན་ཡོད་པའི་ཞགས་པ་དང་ཚངས་པའི་ཆ་བྱད་འཆང་བ། དབུ་ལྷུང་ལོ་ཅོད་པན་གྱིས་བརྒྱན་པ། པདྨ་དང་། མདུང་རྩེ་གསུམ་པ་དང་། ཞགས་པ་ཐོགས་པ། རིག་སྔགས་འཆང་བའི་མདུན་དུ་བཞུགས་ཏེ་བཀའ་སྩལ་པ། རིག་སྔགས་འཆང་བ་ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ཆོ་ག་ཆེན་པོ་གྲུབ་པ་ལེགས་སོ་ལེགས་སོ། ། ཟུང་ཞིག་དང་། མཆོག་ཇི་ལྟར་བ་དང་། ཇི་ལྟར་འདོད་པ་དེ་ཐམས་ཅད་སྦྱིན་ནོ།། དེ་ནས་རིག་སྔགས་འཆང་བས་ཇི་ལྟར་འདོད་པའི་མཆོག་སྨྲས་ན། དེ་ཐམས་ཅད་ཐོབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་ཕྱག་བརྐྱང་སྟེ་རིག་སྔགས་འཆང་བའི་མགོ་བོའི་སྤྱི་བོ་ལ་ཕྱག་བཞག་པ་དང་། ཕྱག་བནག་མ་ཐག་ཏུ་རིག་སྔགས་འཆང་བ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་ཐོབ་པར་འགྱུར་རོ།། ཕྱིར་མི་ལྡོག་པ་དང་ཕྱིར་མི་ལྡོག་པའི་གནས་ཐོབ་པར་འགྱུར་རོ། ། སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཐོབ་པར་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཞིང་ལ་བསྙེན་བཀུར་བྱས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་འོད་དཔག་མེད་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཆོས་འཆད་པ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ། མངོན་སུམ་དུ་ཐོབ་པར་འགྱུར་རོ།། དེ་ནས་ཧོ་ཁུང་བཤད་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་གནས་བླ་ན་མེད་པ་ནི་པདྨ་ཁ་བྱེ་བ་འདྲ་བར་བྱས་པ། ཟླུམ་པོ་ཁྲུ་གསུམ་པ་ས་དང་བའི་ལྕི་བ་བསྲེས་པ་དང་ལྡན་པར་བྱས་ཏེ། པདྨའི་སྙིང་པོ་ལ་ཧོ་ཁུང་ཟབས་སུ་བརྐོ་བ་དང་། ཐད་ཀ་ཀུན་ཏུ་ཁྲུ་གང་བ་བརྐོ་བར་བྱའོ།། ནང་དུ་པདྨ་བཅུ་དྲུག་པ་འབུར་དུ་བྱས་པ་བཞག་ལ། ཚོན་སྣ་ཚོགས་ཀྱིས་པདྨ་དེ་བརྒྱན་པར་བྱའོ། ། པདྨའི་ཕྱི་འཁོར་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ་དྲི་སྣ་ཚོགས་ཀྱིས་གཏོར་བ་དང་བརྒྱན་པར་བྱའོ།། དཀྱིལ་འཁོར་ཀུན་ཏུ་བུམ་པ་གང་བ་བཞི་དང་། དངུལ་གྱི་སྣོད་གང་བ་བཞི་དང་། མཆོད་ཡོན་གྱི་ཆུས་བཀང་བའི་དངུལ་གྱི་སྣོད་བཞི་དང་། རོལ་མོ་དང་དྲི་སྣ་ཚོགས་ཀྱིས་བཀང་བའི་གསར་གྱི་སྣོད་བཞི་དང་། རོ་སྣ་ཚོགས་ཀྱི་གཏོར་མ་བཞག་པ་ནི་གཏོར་མ་དཀར་གསུམ་རྣམ་པ་སྣ་ཚོགས་དང་འབྲས་བུ་རྣམ་པ་སྣ་ཚོགས་བཞག་པ་དང་། དྲི་དང་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏེ་འཕྲེང་བ་རྣམ་པ་སྣ་ཚོགས་སྦྱངས་ལ། དཀྱིལ་འཁོར་ཀུན་ཏུ་ཚོན་སྣ་ལྔའི་བ་དན་གྱིས་མདའ་ལ་བརྒྱན་ཏེ་གཟུགས་པ་དང་། སྒོ་བཞི་ཆ་དབྱེ་བ་དང་། བུམ་པ་བཞག་པ་ནི་ལེགས་པར་བརྒྱན་ཅིང་དྲི་ཆུས་ཡོངས་སུ་བཀང་བ་བྱའོ།། སྒོ་བཞིར་ཆོས་སྨྲ་བ་ཤིན་ཏུ་བརྒྱན་པའི་སྟན་ལ་འདུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། ། གྲཝ་བཞིར་ཆོས་སྨྲ་བ་ཆོས་ཀྱི་སྟན་ལེགས་པར་བརྒྱན་པ་ལ་འདུག་ནས་དོན་ཡོད་པའི་ཞགས་པའི་མདོ་སྡེ་བཀླག་པར་བྱའོ།། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཟངས་ཀྱི་མེ་ཏོག་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་པར་བྱའོ།། དེ་ནས་རིག་སྔགས་འཆང་བས་ཁྲུས་བྱས།། གོས་གཙང་མ་བགོས། དྲི་ཞིམ་པོས་བསྒོས་ཏེ་གཙང་མར་བྱས་ལ། རིལ་བུ་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་ཀྱིས་དབང་བསྐུར་རོ།། དོན་ཡོད་པ་རྣམ་པར་ལྟ་བའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ།། དེ་ནས་དོན་ཡོད་པ་འབར་བ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱ་བ་ནི་མོ་སྨྲ་བར་བྱམས་པའི་སེམས་དང་། སྙིང་ཐག་པ་ནས་བརྩེ་བ་དང་། སྙིང་རྗེ་བར་བྱ་བ་ནི་ལས་བླ་ན་མེད་པ་ཡིན་ནོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ཨོཾ་པདྨ་མ་པཱ་ནི། ཙ་ར་ཙ་ར་པདྨ་བྷུ་ཛེ། ཛྭ་ལ་ཛྭ་ལ་ཧཱུ་ཏ་ཤ་ན། བྷུ་རུ་བྷུ་རུ། བི་མོཀྵ་བྷུ་ཛེ། ད་ཧ་ད་ཧ། སནྡྷུ་མ་ལཱ་ནཽ། ཨ་མོ་གྷ་པཱ་ཎི་བ་ར་དེ། ཧཱུ~ཾཧཱུཾཧཱུ་ནིར་ད་ཧ། པཱ་པཾ། ཤ་མ་ཤ་མ་ནི། ལོ་ཀོཏྟཱ་ར་ཎི། ས་མནྟ་རཤྨི་བ་ར་ཏེ། ཏུ་རུ་ཏུ་རུ། པྲ་བ་རཾ། ཨ་མོ་གྷ་སིད་དྷི། ཨོཾ་བྷཱུཪྵཱ་བ། ན་པོ་སྟུ་ཏེ་སྭཱ་ཧཱ། དེ་ནི་རྣམ་པར་གྲོལ་བའི་དཀྱིལ་འཁོར་འབར་བ་ཞགས་པ་ཆེན་པོའི་སྙིང་པོ་དང་གཟུངས་ཀྱི་སྦྱིན་སྲེག་གི་ཆོ་ག་འཇིག་རྟེན་ལས་འདས་པ་བླ་ན་མེད་པ་ཡིན་ནོ། ། དེ་ནས་རིག་སྔགས་འཆང་བས་ཐལ་བ་དེས་རྨད་དུ་བྱུང་བ་ཆེན་པོའི་བྱ་བ་ཐམས་ཅད་བྱའོ།། ཐལ་བ་དེས་གང་གི་ལུས་ལ་བྱུགས་པ་དེ་ནི་སྒྲིབ་པ་དང་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། དཔྲལ་བར་ཐིག་ལེ་བྱས་ན་དེ་མ་ཐག་ཏུ་ཞག་བཞི་པའི་རིམས་ལས་ཐར་པར་འགྱུར་རོ།། ཞག་གཉིས་པ་དང་། ཞག་གསུམ་པ་དང་། མཚན་མོ་པ་དང་། ཉིན་པར་པ་དང་། ནམ་ཕྱེད་པ་དང་། ཉིན་ཕྱེད་པ་དང་། ལོ་གཅིག་པ་དང་། ཟླ་བ་གཅིག་པ་དང་། ཞག་བདུན་པ་དང་། རྟག་པའི་རིམས་དང་། གྲང་བའི་རིམས་ལན་འགའ་ཡང་གནས་ཤིང་ཕྱིར་འོང་བར་མི་འགྱུར་རོ། ། དཔག་ཚད་བརྒྱ་འདས་ཏེ་འབྲོས་པར་འགྱུར་རོ།། འཚོག་མར་ཐིག་ལེ་བྱས་ན་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་ཐར་བར་འགྱུར་རོ།། ཐམས་ཅད་ཀྱང་ཕྱོག་བཅུར་དཔག་ཚད་སྟོང་དུ་འབྲོས་པར་འགྱུར་རོ། ། ཐལ་བའི་རྡུལ་བྱ་རོག་གི་མཆུ་ལ་གོས་པ་ཕྱོགས་ཀྱི་གནས་གང་དུ་ལྷུང་བ་དེར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་བ་དང་། ཡི་དགས་དང་། གྲུལ་བུམ་དང་། བརྗེད་བྱེད་དང་། བགེགས་དང་། ལོག་འདྲེན་ཕྱིར་གནས་པར་མི་འགྱུར་རོ།། ཐམས་ཅད་འབྲོས་སོ།། ཕྱོགས་ཀྱི་གནས་དེར་ལྷུང་ན་སླར་འོང་བར་མི་འགྱུར་རོ།། སྙིང་ཁར་ཐིག་ལེ་བྱས་ན་ནང་ཐམས་ཅད་ལས་ཐར་པར་འགྱུར་རོ། ། ལྟེ་བའི་གནས་སུ་ཐིག་ལེ་བྱས་ན་ལྟོ་བའི་ནང་གི་ནད་ཐམས་ཅད་མོད་ལ་སོས་པར་འགྱུར་རོ།། གདུག་པས་ཟིན་པ་ལ་བསྐུས་ན་དུག་མེད་པར་འགྱུར་རོ།། དུག་གིས་མྱོས་པ་ལ་བྱིན་ན་དུག་མེད་པར་འགྱུར་རོ། ། ཐལ་བས་ཁྲུས་བྱས་ན་བྱད་དང་། གཡེངས་བྱེད་དང་། སྔགས་དང་། དུག་ཐམས་ཅད་རྣམ་པར་ཞིག་པར་འགྱུར་རོ།། ཤ་བཀྲ་དང་། མཛེ་དང་། འབྲས་དང་། ཤུ་ཕྲན་མཆེད་པ་དང་། འབྲུམ་བུ་དང་། ལྷོག་པ་དང་། མེ་དཔལ་དང་། འབྲུམ་ཕྲན་རྣམས་བྱུང་ན་ཆུ་དྲོན་མོ་དང་སྦྱར་ཏེ་བསྐུས་ལ། མར་ལ་ལན་བདུན་བཟླས་བརྗོད་བྱས་པས་བསྐུས་ན་མོད་ལ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། སྤྲིན་ལོགས་སུ་གཏོར་ན་སད་དང་། རླུང་དང་། སེར་བ་ཐམས་ཅད་མི་འབབ་བོ།། རླུང་ལྡང་བའི་ལོགས་སུ་གཏོར་ན་རླུང་བསྡམས་པར་འགྱུར་རོ།། ཕྱོགས་བཞིར་གཏོར་ན་མཚམས་ཆེན་པོ་བཅད་པར་འགྱུར་རོ།། ཡུལ་འཁོར་ཀུན་ཏུ་གཏོར་ན་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། མེ་ཏོག་གི་ལྗོན་ཤིང་དང་། ཤིང་གི་ཡལ་ག་དང་། ལྡུམ་ར་དང་། ཀུན་དགའ་ར་བ་དང་། རི་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ལེགས་པར་བསྲུངས་པར་འགྱུར་རོ།། ཡུལ་འཁོར་ལ་དཔག་ཚད་བརྒྱ་ཚུན་ཆད་ཀུན་ཏུ་མཚམས་ཆེན་པོ་བཅད་པ་བྱས་པར་འགྱུར་རོ། ། གྲོང་ཁྱེར་གྱི་སྒོ་བཞིར་གཏོར་ན་དེར་འཇུག་པ་དང་ཕྱིར་འབྱུང་བའི་སེམས་ཅན་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རྐང་གཉིས་པ་དང་། རྐང་བཞི་པ་དང་། རི་དགས་དང་། བྱ་དེ་དག་ཐམས་ཅད་སྒྲིབ་པ་དང་སྡིག་པ་དང་བྲལ་བར་འགྱུར་རོ། ། འགོངས་པ་ཙམ་གྱིས་ནད་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། ཚེ་ཡོངས་སུ་བརྗེས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་། སངས་རྒྱས་ཉིད་དུ་གནས་ཀྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་བའི་གནས་ཐོབ་པར་འགྱུར་རོ།། དུར་ཁྲོད་དམ་རོ་བསྲེགས་པའི་སྟེང་དུ་ཐལ་བས་གཏོར་ན། དམྱལ་བར་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་མོད་ལ་དམྱལ་བ་ནས་ཐར་ཏེ། མངོན་པར་དགའ་བ་འམ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། ལྷའི་གནས་སམ། གྲོང་ངམ། ཁྱིམ་མམ། དགོན་པའི་གནས་སམ། ཡུལ་འཁོར་ཀུན་ཏུ་གཏོར་ན་མཚམས་ཆེན་པོ་བཅད་ཅིང་ཞི་བ་ཆེན་པོར་འགྱུར་རོ།། རྒྱལ་པོའི་ཕོ་བྲང་གི་སྒོར་གཏོར་ན་རྒྱལ་པོ་དང་བཙུན་མོའི་འཁོར་དགྲ་ཐམས་ཅད་ལས་ལེགས་པར་བསྲུངས་པར་འགྱུར་རོ། ། སྐྱེ་བོ་མང་པོའི་ནང་དུ་གཏོར་བ་ཙམ་གྱིས་མོད་ལ་སྐྱེ་བོ་མང་པོ་དེ་དག་ཐམས་ཅད་སྒྲིབ་པ་དང་སྡིག་པ་དང་བྲལ་བར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། གཞན་ཡང་བྱེ་བ་སྟོང་ཕྲག་བརྒྱ་བྱེད་པས་རང་འདོད་པ་ལ་རང་གི་བློས་ཐམས་ཅད་དུ་སྦྱར་བར་བྱའོ།། དེ་ནས་རྣམ་པར་གྲོལ་བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་འཇིག་རྟེན་ལས་འདས་པའི་སྐུ་གཟུགས་རས་ལ་བྲི་བ་བཤད་པར་བྱའོ། ། དར་རམ་རས་གཙང་མ་ལེགས་པར་བཏགས་པ་ཚད་ཁྲུ་དོ་འམ། ཁྲུ་གསུམ་མམ། ཁྲུ་བཞི་པ་དེའི་དབུས་སུ་དོན་ཡོད་པའི་ཞགས་པ་འཇིག་རྟེན་དབང་ཕྱུག་ཚངས་པའི་ཆ་བྱད་འཆང་བ། དབུ་ལྕང་ལོ་ཅོད་པན་གྱིས་བརྒྱན་པ། ཅོད་པན་རྒྱལ་བ་འོད་དཔག་མེད་དང་གཡས་སུ་ཟླ་བ་ཚེས་པ་ཅན་གྱིས་བརྒྱན་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་བྲི་བ་ནི་རི་བོ་པོ་ཊ་ལ་ལྕུག་མ་མེ་ཏོག་ཅན་སྣ་ཚོགས་ཀྱིས་གང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ལྕུག་མས་གང་བ་བྱའོ།། དེའི་སྟེང་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་བ་སེང་གེའི་ཁྲི་བྱའོ། ། སེང་གེའི་ཁྲིའི་སྟེང་དུ་པདྨའི་གདན་བྱའོ།། དེའི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་པར་བྱ་སྟེ། པདྨ་དང་། མདུང་རྩེ་གསུམ་པ་དང་། ཞགས་པ་ཐོགས་ཤིང་གཟུགས་དེ་ཕྱག་དབུགས་འབྱིན་པ་བྱའོ། ། དབུའི་གོང་མན་ཆད་གཞལ་མེད་ཁང་ཆེན་པོ་ལྷ་རྫས་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། དབུས་སུ་མཐོ་བ་དང་བཅས་པ་བྱའོ།། དབུས་མཐོ་བའི་སྟེང་དུ་དེ་བཞིན་གཤེགས་པ་བདུན་ཚད་དང་འཐུན་པར་པདྨའི་གདན་ལ་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། དེ་བཞིན་གཤེགས་པ་དེའི་གོང་གི་དབུས་སུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་འོད་དང་། དེ་བཞིན་གཤེགས་པ་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་བཅས་ཏེ་གཞལ་མེད་ཁང་གི་ནང་ན་བཞུགས་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོད་འདོམ་གང་བ་ལ་འཁོར་བར་དེ་བཞིན་གཤེགས་པ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བྱ། དེ་བཞིན་གཤེགས་པའི་ཉེ་འཁོར་ཀུན་ཏུ་འོད་ཟེར་འབར་བ་སྣ་ཚོགས་དང་མདུང་རྩེ་གསུམ་པའི་འཕྲེང་བ་བྱའོ། ། དེ་ཉིད་ཀྱི་ཉེ་འཁོར་དུ་ལྷ་སུམ་ཅུ་རྩ་གཉིས་བྱའོ།། གོང་གི་དབུས་སུ་རྡོ་རྗེ་འཆང་བ་ཁྲོ་གཉེར་ཅན་གཏུམ་པོ་རྡོ་རྗེ་གསོར་བར་བྱའོ།། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། སུམ་ཅུ་རྩ་གསུམ་གྱི་དབང་པོ་དང་། འོག་མིན་གནས་ཀྱི་ལྷའི་བུ་དང་། དགའ་ལྡན་གྱི་ལྷའི་བུ་དང་། འཕྲུལ་དགའི་ལྷའི་བུ་དང་། ཟླ་བ་དང་ཉི་མའི་ལྷའི་བུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། མེ་ལྷ་དང་། ནག་པོ་ཆེན་པོ་དང་། དགའ་བའི་དབང་ཕྱུག་དང་། དགའ་བོ་དང་། ཉེ་དགའ་བོ་དང་སྟོབས་ལྷ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། གནས་གཙང་མའི་རིགས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམ་མེ་ཏོག་སྣ་ཚོགས་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ལག་པ་ནས་འཕྲུལ་པ་དང་། མཚོན་ཆ་སྣ་ཚོགས་ཐོགས་པར་བྱའོ།། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་བཅུ་བཞི་པ། ། ། ལྷ་རྣམས་ཀྱི་ཕ་རོལ་ཐོག་ཐག་ཏུ་པདྨའི་འཕྲེང་བ་རྡོ་རྗེ་དང་མདུང་རྩེ་གསུམ་པས་སྤྲས་པའི་པདྨའི་འཕྲེང་བས་ཀུན་ཏུ་འཁོར་བར་བྱའོ།། གཡས་ཕྱོགས་སུ་འཕགས་མ་སྒྲོལ་མ་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། ཨུཏྤ་ལ་དང་ནོར་བུ་རིན་པོ་ཆེ་ཕྱག་ན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ཏུ་བལྟ་བར་བྱའོ།། དེའི་རྒྱབ་ཏུ་ཁྲོ་གཉེར་མ་མེ་ཏོག་སྣ་ཚོགས་འཆང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ།། གཡོན་དུ་དཀར་མོ་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། ཀུ་མུ་ད་དང་ནོར་བུ་རིན་པོ་ཆེ་ལག་ན་ཐོགས་པ་སྣ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་བར་བྱའོ།། དཀར་མོ་དེའི་རྒྱབ་ཏུ་པདྨ་མཛེས་དགའ་མ་མེ་ཏོག་སྣ་ཚོགས་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱའོ། ། ལྷ་མོ་སྒྲོལ་མ་དང་དཀར་མོའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་བཅུའི་ལྷ་མོ་ཐམས་ཅད་ཀྱང་དབུ་ཡིད་ཙམ་འདུད་པ། ན་བཟའ་དཀར་པོ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞེངས་པ་བྱའོ།། གཡས་ཕྱོགས་སུ་སྲིན་མོ་རལ་པ་གཅིག་མ་གཏུམ་མོ་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། ཕྱག་བཞི་ལ་ཞགས་པ་དང་། དགྲ་སྟ་དང་། རལ་གྲི་དང་། རྡོ་རྗེ་ལག་ན་ཐོགས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་བར་བྱའོ། ། གཡོན་དུ་ཕོ་ཉ་མོ་ཞལ་མཆེ་བ་གཙིགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བཞི་ལ་ཞགས་པ་དང་། དགྲ་སྟ་དང་། རྡོ་རྗེ་དང་། མདུང་གསུམ་པ་ཕྱག་ན་ཐོགས་པ། སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། འབར་བའི་ནང་ན་འཇིག་རྟེན་དབང་ཕྱུག་ལ་བལྟ་བར་བྱའོ།། རི་བོ་པོ་ཊ་ལའི་ངོས་ཀྱི་གསེབ་ཏུ་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དང་། ཀླུའི་བུ་མོ་ཀླུའི་གནས་དང་བཅས་པ་བྱ་སྟེ། མེ་ཏོག་སྣ་ཚོགས་ཐོགས་ཤིང་། གོང་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་འཐོར་བར་བྱའོ།། རིའི་སྨད་དུ་ལྷ་མོ་དཔེ་མེད་མ་དང་། ལྷ་མོ་བསན་ཏི་དང་། སའི་ལྷ་མོ་དང་། དཔལ་ལྷ་མོ་དང་། ལྷ་མོ་འཇིགས་བྱེད་མ་དང་། སྒྲ་དབྱངས་མ་དང་། ལྕགས་སྒྲོགས་མ་དང་། དུང་ཅན་མ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་དང་ནོར་བུ་རིན་པོ་ཆེ་ཐོགས་པ་བྱའོ། ། གཞལ་མེད་ཁང་གི་གོང་དུ་མཆོད་རྟེན་ཆེན་པོ་བརྒྱད་འཕྲེང་བར་སྦྲེངས་ལ། མཆོད་རྟེན་གྱི་རྒྱན་ཇི་ལྟར་བརྒྱན་པ་དེ་ལྟར་བརྒྱན་པར་བྱའོ།། མཆོད་རྟེན་གྱི་འོག་གཡས་རོལ་དུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ལ་འཇིག་རྟེན་ཕྱུག་མངོན་དུ་མཆོད་པ་མཛད་པ་བྱའོ། ། འཕགས་པ་རྡོ་རྗེ་འཆང་བ་ཕྱག་ན་རྔ་ཡབ་ཐོགས་པ་བྱའོ།། དེའི་འོག་ཏུ་དྲང་སྲོང་དང་ལྷའི་བུ་མེ་ཏོག་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱའོ། ། གཡོན་ཕྱོགས་སུ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱ་སྟེ། ཀུན་དགའ་བོ་དང་། རྡོ་རྗེ་འཆང་བ་ལ་ག་ན་རྔ་ཡབ་ཀྱིས་བཅོམ་ལྡན་འདས་ལ་མངོན་དུ་གཡོབ་པར་བྱའོ། ། གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ།། གཡོན་ཕྱོགས་སུ་ཁྲོ་བོའི་རྒྱལ་པོ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ། ། དེའི་འོག་ཏུ་དྲང་སྲོང་དང་ལྷའི་ཚོགས་བཅོམ་ལྡན་འདས་མཆོད་པ་བྱེད་པ་བྱའོ།། རས་ཀྱི་སྐུ་གཟུགས་ཀྱི་གཡོན་དང་གཡས་ཀྱི་ཕྱི་རོལ་ཐོག་ཐག། ཏུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱ་རྩ་བརྒྱད་པདྨོའི་གདན་ལ་ཚད་ཇི་ལྟ་བ་བཞིན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སེང་གེའི་གདན་གྱི་ཞབས་དྲུང་དུ་རིག་སྔགས་འཆང་བ་པུས་མོ་བཙུགས་ཏེ། མེ་ཏོག་དང་། པོག་པོར་དང་། བགྲང་འཕྲེང་ལག་ན་ཐོགས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་དུ་བལྟ་བར་བྱའོ། ། རི་མོ་མཁན་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་གཙང་བར་བྱས་ལ། རོ་སྣ་ཚོགས་པའི་ཟས་དཀར་གསུམ་བཟའ་བར་བྱའོ།། སྣོད་གསར་པ་གཙང་མའི་ནང་ནས་ཚོན་ལྷག་མ་མ་ཡིན་པས་བྲི་བར་བྱའོ། ། འདིའང་ཁ་ཟས་མི་གཙང་བ་སྣ་ཚོགས་དང་གོས་ངན་པ་མི་གཙང་བ་ཡོངས་སུ་སྤང་བར་བྱའོ།། ཚིག་ངན་པ་དང་སེམས་ངན་པ་ཡོངས་སུ་སྤང་བར་བྱའོ།། ཆང་དང་། དང་། བེ་གཙོང་དང་། སྒོག་སྐྱ་དང་། ཀེའུ་དང་འདྲེས་པ་ཡོངས་སུ་སྤང་བར་བྱའོ།། ཉི་མ་རེ་རེ་ཞིང་བའི་རྣམ་ལྔ་ལ་རེག་པར་བྱའོ།། དྲི་མ་དང་བྲལ་ཞིང་སེར་སྣ་ཕྲག་དོག་དང་བྲལ་བར་བྱའོ།། བྱམས་པ་དང་སྙིང་རྗེའི་ལྷག་པའི་བསམ་པ་དང་། དཀོན་མཆོག་གསུམ་ལ་དད་པ་ལྷག་པར་བྱ་སྟེ། རས་ཀྱི་སྐུ་གཟུགས་བྲི་བར་བྱའོ།། ག་པུར་དང་གླ་རྩིས་བསྒོས་པའི་ཚོན་སྣ་ཚོགས་ཀྱིས་བྲི་བར་བྱའོ། ། དབེན་ཞིང་འདུ་འཛི་ཡོངས་སུ་སྤང་བར་བྱའོ།། རྨུགས་པ་དང་གཉིད་ཡོངས་སུ་སྤང་བར་བྱའོ།། དེ་ལྟར་ར་མོ་བྲི་བ་ནི་ལས་ལེགས་པར་བྱས་པ་ཡིན་ནོ།། ཟླ་བ་ཡར་གྱི་ངོ་ལ་བྲི་བར་བྱའོ། ། རྒྱུ་སྐར་ཤིན་ཏུ་བཀྲ་ཤིས་པ་དང་། ཚེས་གྲངས་དང་ཉི་མ་ཤིན་ཏུ་བཀྲ་ཤིས་པ་ལ་བརྩམ་པར་བྱའོ།། རྒྱུ་སྐར་རྒྱལ་ནི་བཀྲ་ཤིས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། ལྷ་ཐམས་ཅད་ཀྱིས་རྗེས་སུ་བཟུང་བ་ཡིན་ནོ།། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ལ་ལ་ཞིག་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་གཟིགས་པ། བྱང་ཆུབ་ཆེན་པོའི་དཀྱིལ་འཁོར་གསང་བ། རྣམ་པར་གྲོལ་བའི་དཀྱིལ་འཁོར་གསང་བ། རས་ཀྱི་སྐུ་གཟུགས་མཐོང་བ་ཙམ་གྱིས་མོད་ལ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། མཚམས་མེད་པ་ལྔ་བྱེད་པ་དང་། མནར་མེད་པ་ལ་གཞོལ་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་སྤོང་བར་བྱེད་པ་རྣམས་ཀྱང་མཐོང་བ་ཙམ་ལ་སོགས་པས་སྡིག་པ་ཐམས་ཅད་ཕྱི་མར་རློག་གོ། རྣམ་པར་གྲོལ་བར་འགྱུར་རོ།། སྡོམ་པ་ཆེན་པོ་ཡང་དག་པར་འཛིན་པར་འགྱུར་རོ།། གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་སྙེད་ཀྱི་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་གཤེགས་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་བ་དང་འདྲ་བར་རིག་པར་བྱའོ།། རས་ཀྱི་སྐུ་གཟུགས་འདི་མཐོང་བ་ནི་གཞལ་མེད་ཁང་གནས་དང་བཅས་པའི་རི་བོ་པོ་ཊ་ལ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་གྱི་དཀྱིལ་འཁོར་དང་བཅས་ཏེ་མངོན་དུ་བཞུགས་པ་མངོན་དུ་མཐོང་བ་དང་འདྲ་སྟེ། འདི་ལ་ཐེ་ཙོམ་མི་བྱའོ། ། ཡིད་གཉིས་བསྐྱེད་པར་མི་བྱའོ།། སེམས་ཀྱི་སྐད་ཅིག་གཅིག་རབ་ཏུ་དང་བ་བྱས་ན་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ།། དགེ་བའི་རྩ་བ་ཆེན་པོ་སོགས་པ་དང་ལྡན་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགོངས་ཏེ་མཆོག་སྦྱིན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ།། ལུས་དང་སེམས་ཡིད་ལས་བྱུང་བ་ཡོངས་སུ་དག་པར་འགྱུར་རོ། ། དབང་པོ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ།། དྲི་མ་དང་བྲལ་ཞིང་སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར་རོ།། འཇིག་རྟེན་པ་ཐམས་ཅད་དགའ་པ་དང་བླ་མར་ལྟ་བར་འགྱུར་རོ། ། ཚེ་རིང་པོར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། ཚེ་རབས་དྲན་པར་འགྱུར་རོ།། པདྨའི་ནང་ནས་རྫུས་ཏེ་སྐྱེ་བར་འགྱུར་རོ།། མཐོང་བ་ཙམ་གྱིས་མོད་ལ་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་གཟུགས་འདི་གང་གིས་མཆོད་པ་དེ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། ། འདི་ནི་མངལ་ན་གནས་པའི་ཐ་མ་ཡིན་ཏེ། ཕྱིས་མ་རིག་པའི་མུན་པའི་ནང་དུ་ལྷུང་བར་མི་འགྱུར་རོ།། དེ་ལྟར་ན་མི་མཉམ་པ་དང་འདྲ་བ་ཡིན་ཏེ། རས་ཀྱི་སྐུ་གཟུགས་ཀྱི་ཆོ་ག་འཇིག་རྟེན་ལས་འདས་པ་སྒྲུབ་པའི་ཆོ་ག་འདི་ནི་དམ་པ་ཡིན་ནོ།། དེ་ནས་གསང་སྔགས་ཀྱི་ཆོ་ག་འཇིག་རྟེན་ལས་འདས་པ་སྒྲུབ་བ་བརྗོད་པར་བྱའོ། ། གང་གིས་དྲན་པ་ཙམ་གྱིས་མོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་མཐོང་ནས་འདུག་པ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒོ་ཕྱེ་སྟེ་འདུག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མངོན་དུ་མཐོང་བ་སྦྱིན་པར་མཛད་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་མངོན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་མཛད་པ་དང་། དཀྱིལ་འཁོར་དང་ཕྱག་རྒྱ་དང་། གསང་སྔགས་དང་། སྙིང་པོ་དང་། ཆོ་ག་ཞིབ་མོ་ཐམས་ཅད་མངོན་དུ་འགྱུར་རོ།། འཇིག་རྟེན་ལས་འདས་པའི་ལུས་སུ་འགྲོ་བ་ཡོངས་སུ་དག་པར་འགྱུར་རོ།། དུས་གསུམ་དུ་གཤེགས་ཤིང་སོ་སོ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་འཕགས་པའི་ཚོགས་མཆོག་ཐམས་ཅད་ལ་ཕྱག་འཚལ་ལོ།། འཕགས་པ་རྡོ་རྗེ་འཆང་བ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་། རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཨོཾ་ཨ་མོ་གྷ་ཨ་བ་ལོ་ཀི་ཏེ་མ་ཧཱ་མཎྜལ་པདྨ་སརྦྦ་བོ་དྷི་སཏྭཱ་ན་མསྐྲྀ་ཏེ། བྷ་ར་བྷཱ་ར། ས་མནྟ་ཨ་བ་ལོ་ཀི་ཏེ། ཨ་མོ་གྷ་མ་ཧཱ་བྲཧྨ། བེ་ཥ་དྷ་ར། དྷ་ར་དྷ་ར། མ་ཧཱ་ཀཱ་རུ་ཎི་ཀ་བོ་དྷ་ཡ་བོ་དྷ་ཡ། མ་ཧཱ་བོ་དྷ་ནི། བོ་དྷི་བོ་དྷི། པདྨ་བི་བོ་དྷ་ནི། སརྦྦེ་པཱ་པ་ཨན་དྷ་ཀ་ར། པྲ་ཤ་མ་ནི། སརྦྦ་དུརྒ་ཏི། བྷཱ་ར་ཀ། མ་ཧཱ་ཀཱ་རུ་ཎི་ཀ། བ་ཧུ་བི་བི་དྷ། བེཥ་དྷ་ར། སརྦྦ་ཏ་ཐཱ་ག་ཏ་གརྦྷེ། ཧུ་རུ་ཧུ་རུ། ཨ་མོ་གྷ་གརྦྦེ། ཏུ་རུ་ཏུ་རུ། ཨ་མོ་གྷ་པཱ་ཤ་ཧསྟེ། མུ་རུ་མུ་རུ། བི་མོ་ཀྵ་བྷུ་ཛེ། ཀྵི་ཎི་ཀྵི་ཎི། སརྦྦ་ཨཱ་བ་ར་ཎ་བི་ཤུདྡྷི། བྷ་ར་བྷ་ར། སརྦ་ཏ་ཐཱ་ག་ཏ། པ་རེ་པཱུ་ར་ཎི། ཏར་ཏ་ར། ཏཱ་ར་ཡ་མཱན། ཨ་བ་ལོ་ཀཱ་ཡ། པདྨ་བྷུ་ཛ། མ་ཎི་ཀ་ན་ཀ། བི་བྷཱུ་ཥི་ཏ། བཱ་ཧུ། ད་མ་ད་མ། དུར་དཱན་ཏཱ་ནཱན། མ་ཧཱ་བོ་དྷི་སཏྭ་བ་ར་ད། མ་ཧཱ་ཀཱ་རུ་ཎི་ཀ། སརྦྦ་དེ་བ་ག་ཎ་ན་མོ་སྠ་ཏ། རི་ཥི་ག་ཎ། སྟ་བི་ཏ། ཤ་ཏ་ས་ཧ་སྲ་ཙནྣ་སཱུརྱ། ཨ་ཏི་རེ་ཀ། རཤྨི། ཨ་བ་བྷཱ་སི་ཏ། མ་ཧཱ་མ་ཤུ་པ་ཏི། བེ་ཥ་དྷ་ར། པ་ར་མ། ཤུདྡྷ་སཏྭ། ཨ་བ་ལོ་ཀི་ཏེ། ལོ་ཀཻ་ཤྭ་ར། པ་ར་མ། ཀཱ་རུ་ཎི་ཀ། མཎྜ་ལེ་ཤཱ་ར། སུཔྲ་བུདྡྷ། མ་ཧཱ་པདྨ། བྷུ་ཛེ་ཤྭ་ར། མ་ཧཱ་བི་དྱཱ་དྷ་རེ་ཤྭ་ར། དྷི་རི་དྷི་རི། མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་བི་མོཀྵ། མནྟ་ལ་དྷ་ར་སརྦྦ་ཏ་ཐཱ་ག་ཏ། གུ་ཧྱ། མུ་དྲ་ས་མ་ཡ་དྷ་ར། མ་ཧཱ་བ་ལ་བིདྱཱ་དཱ་ར། མ་ཧཱ་མ་ཎི། མཽ་ལི་དྷ་ར། ཨ་མི་ཏཱ་བྷ། མ་ཀུ་ཊ། དྷ་ར། དྷུ་རུ་དྷུ་རུ། ས་མནྟ། ཨ་བ་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། པཱ་ཤ་དྷ་རེ་ཤྭ་ར། པ་ར་བ་ར། པ་ར་མ། མ་ཧཱ་མེ་ཏྲི། ཨ་བ་ལོ་ཀི་ཏ། སརྦྦ་སཏྭཱཾ་སནྟ་རཱ་ག་སིདྷ་སིདྷྱ་ཤ། བ་རི་པཱུ་ར་ཀེ། མ་ཧཱ་བ་ར། པྲ་མོ་ད་ནན་མོ་སྟུ་ཏེ་སྭཱ་ཧཱ། འདི་ནི་ཐམས་ཅད་རྣམ་པར་གྲོལ་བའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་མཆོག་གསང་བ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བ། འཇིག་རྟེན་ལས་འདས་པའི་ལམ་རྣམ་པར་སྦྱོང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་འཇུག་པ་ཡིན་ནོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཨོཾ་བཱི་ར་བཱི་ར། མ་ཧཱ་མཎྜ་ལ། བི་ཤྭ་རཱུ་པ་ཥ་ཊ་པཱ་ར་མི་ཏཱ། པ་རི་པཱུ་ར་ཀ། སརྦྦ་བོ་དྷི་སཏྭ། ན་མསྠི་ཏ། པ་ར་མ་བི་པུ་ལ། བི་མོཀྵ་དྷ་ར། མ་ཧཱ་པཱ་ཤ། བི་ལོ་ཀི་ཏ། ཨ་མོ་གྷ་པཱ་ཤ་ཛཱ་ལི་ཏ། མཧཱ་ཛཱཛྭ་ལ་ཨ་བ་ལོ་ཀི་ཏ། མ་ཧཱ་མ་ཎི། བིཥྚ་དྷ་ར། ས་མནྟ་ཨ་བ་བྷཱུ་སི་ཏ། ཛཱ་ལ་ཛཱ་ལ། མ་ཧཱ་གམ་བྷཱི་ར། བི་མོཀྵ་པཱ་ཤ་དྷ་ར། བ་ལ་བོ་དྷྱང་ག། ཨཱ་ཀཪྵ་ཀ། ཨོཾ་བྲཧྨ་རཱུ་པ། མ་ཧཱ་ཨ་མོ་གྷ་པཱ་ཤ་ཧཱུཾ་ཧཱུཾ། ཕཊ་ཕཊ། སརྦྦ་སཏྭ། བི་ལོ་ཀི་ཏ། བ་ར་པྲ་ད། ན་མོ་སཱུ་ཏེ་སྭཱ་ཧཱ། འདི་ནི་རྣམ་པར་གྲོལ་བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་འཇིག་རྟེན་ལས་འདས་པའི་རྣམ་པར་འཕྲུལ་པའོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཨོཾ་བི་བུ་དྡྷ། བི་བུ་དྷྱ། མ་ཧཱ་ཀཱ་རུ་ཎི་ཀ། ཏ་ར་ཏ་ར། ཏ་རཱ་ཡ། མ་ཧཱ་ཨརྞྞ་བ་པཱ་རཾ། མ་ཧཱ་བྷུ་ཛ་བི་ལོ་ཀཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྷ་པཱ་ཤ། མ་ཧཱ་དཱ་ན་པཱ་ར་མི་ཏཱ། པ་རི་པཱུ་ར་ཡ། ཧཱུཾ་ད་ར་ད་ར། བི་བི་དྷ། བི་ཙི་ཏྲཾ། སརྦྦ་སཏྭ། ཨུ་པ་བྷོ་ག། སརྦྦ་། ཏ་ཐཱ་ག་ཏ། མ་ཧཱ་དཱ་ན། པཱུ་ཛཱ་མེ་གྷ། པྲ་བརྟ་ཡ། ཏ་ར་ཏ་ར། ཏ་ར་ཡ། མ་ཧཱ་པདྨ་པཱ་ཎི་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཞགས་པ་ཆེན་པོའི་སྙིང་པོ་སྟེ། གང་གིས་ཡུངས་འབྲུ་ཙམ་ཡང་སྦྱིན་པ་བྱིན་ཏེ། དྲན་པ་ཙམ་གྱིས་ལན་བདུན་བཟླས་བརྗོད་བྱས་ན་མཆོད་སྦྱིན་སྦྱིན་པ་རྣམ་པར་འཕྲུལ་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུད་དྷ་སཏྭ། པདྨ་བི་བྷཱུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ། ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ། གཟུངས་འདི་སྨྱུང་བ་བྱས་ཏེ་གསོ་སྦྱོང་གི་ཡན་ལག་བརྒྱད་བཟུང་ནས་མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱའོ། ། དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱའོ།། བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དྲི་མང་པོ་ལུས་ལས་བྱུང་ཞིང་ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་པར་འགྱུར་རོ། ། གང་ཞིག་ཉི་མ་རེ་རེ་ཞིང་གཟུངས་འདི་དྲན་ན་དེ་ནི་རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ།། དགེ་སློང་གང་ཞིག་ཚུལ་ཁྲིམས་ཉམས་པས་སྦྱང་བ་བྱས་ཏེ་འདི་བཟླས་བརྗོད་བྱས་ན་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། ། ཚུལ་ཁྲིམས་མང་པོ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཨོཾ་མ་ཧཱ་བཱིརྱ། ཨ་མོ་གྷ་བི་ལོ་ཀི་ཏེ། བ་ར་བ་ར། དྲི་ཌཱ། བཱིརྱ། མ་ཧཱ། བ་ལ། མ་ཧཱ་བོ་དྷྱཾ་ག། བ་ལ་བོ་དྷ་ནི་ཧཱུཾ་ཕཊསྭཱ་ཧཱ། གཟུངས་འདི་དུས་རྟག་ཏུ་ཡོངས་སུ་དག་པའི་ཡིད་ཀྱིས་དྲན་པར་བྱས་ན། དྲན་པ་ཙམ་གྱིས་མོད་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་ཀྱིས་སྙིང་པོ་ལ་ཐུག་གི་བར་དུ་ནམ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྷ་ཀྵཱན་ཏི། སརྦྦ་བོ་དྷིཀྵ་མི་ཎ། ཀྵ་ནཀྵ་ཎ། མ་ཧཱ་མཻ་ཏྲཾ། ཀཱ་རུ་ཎ། སརྦྦ་སཏྭ་བཏ་ས་ལ། མ་ཧཱ་ཀཱ་རུ་ཎི་ཀ། སརྦྦ་སཏྭ་ཀྵོ་མི་ཎ་ཧཱུཾ་ཕཊ་སྭཱ་ཧཱ། གཟུངས་འདི་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་བཟོད་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། བརྩེ་བའི་སེམས་ཀྱིས་དམྱལ་བ་ན་གནས་པ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རི་དགས་དང་བྱ་གང་དག་འདས་པ་གང་ཡིན་པ་དང་། གནས་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དེ་རྣམས་ལ་སྙིང་རྗེ་བའི་ཕྱིར་གང་ཞིག་གཟུང་ཀྱིས་མཆོག་དྲན་པར་བྱེད་ན། དམྱལ་བའི་སེམས་ཅན་ལས་ཐར་པར་འགྱུར་ཞིང་སྐྱེ་བོ་མང་པོ་གནས་པ་གང་ཡིན་པ་རྣམས་གྲོལ་བར་འགྱུར་རོ།། ནམ་སངས་རྒྱས་ཀྱི་ཞིང་ལ་གནས་ཀྱི་བར་དུ་བཟོད་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཨོཾ་སརྦྦ་ཏ་ཐཱ་ག་ཏ། མ་ཧཱ་ཨ་མོ་གྷ། ཀ་རུ་ཎ། དྷྱན་ས་མཱ་དྷི། སརྦྦ་བི་མོ་ཀྵ། ཨ་པྲ་ཀཾ་པྱ་ཀ། ཙུ་རུ་ཙུ་རུ་ཧཱུཾ་ཕཊ་སྭཱཧཱ། གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དམིགས་ནས་ཡིད་རྩེ་གཅིག་ཏུ་བྱས་ཏེ་དྲན་པར་བྱས་ན། དྲན་པ་ཙམ་གྱིས་མོད་ལ་དེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། གཞན་ཡང་ཉིང་འཛིན་སྟོང་ཕྲག་བརྒྱ་སོ་སོར་ཐོབ་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་ཐམས་ཅད་དུ་ཞུགས་པ་འགྱུར་རོ།། བཟླས་བརྗོད་བྱས་པ་ཙམ་གྱིས་ཏིང་ངེ་འཛིན་ཐམས་ཅད་ལ་དབང་སྒྱུར་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུག་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྷ། མ་ཧཱ་པྲཛྙཱ། ཨ་བ་བྷཱ་ས། སྥ་ར་ཎ། བུད་དྷི། པྲ་ས་ར་པྲ་ས་ར། ས་མནྟ་བུད་དྷི། ཨ་བ་ལོ་ཀི་ཏེ། བྷ་ག་བཱན་པྲཛྙཱ། ཨ་བ་ལོ་ཀི་ཏ། ཙཀྵུ་ཥཱ་མ་ཧཱ་པྲཛྙཱ། བ་ར་ད། པཱ་ཎི། མ་ཧཱ་པྲཛྙཱ། པདྨ་དྷཱ་ར་ཎི། བྷུ་ཛེ་ཧཱུ~ཾ་ཕཊ་སྭཱ་ཧཱ། གཟུངས་འདི་དྲན་པ་ཙམ་གྱིས་མོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཐབས་དང་ཤེས་རབ་སྣ་ཚོགས་ཀྱི་དགེ་བ་ཆེན་པོའི་བློ་འཕེལ་བར་འགྱུར་རོ། ། རྟག་ཏུ་རྒྱུན་མི་འཆད་པར་ཕ་རོལ་ཏུ་ཕྱིན་པ་བཅུའི་བློ་དང་ལྡན་པར་འགྱུར་རོ།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྗེས་སུ་དྲན་པའི་ཤེས་རབ་དང་བློར་འགྱུར་རོ།། ལན་འགའ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྲལ་བར་མི་འགྱུར་རོ།། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་བློ་ཉམས་པར་མི་འགྱུར་རོ།། བྱང་ཆུབ་ལ་ཐུག་གི་བར་དུ་རབ་ཏུ་རྨོངས་པར་མི་འགྱུར་རོ།། དོན་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུངས་ཆེན་པོ་ཡིན་ནོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཨ་མོ་གྷ་གི་མོ་ཀྵ། མཎྜ་ལ་མ་ཧཱད་བྷུ་ཏ་བི་མ་ལེ། དྷ་ར་དྷ་ར། དྷི་རི་དྷི་རི། མ་ཧཱད་བྷཱུ་ཏ། ཨ་མི་ཏཱ་བྷཱ། མ་ཀུ་ཊ། དྷ་ར་ཧཱུཾ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་དེར་ཡུངས་ཀར་དང་དྲི་ཆབ་དང་ལྡན་པའི་བུམ་པ་ལ་སྔགས་བཟླས་བརྗོད་བྱས་ནས་ཆུས་ཀུན་ཏུ་ཆག་ཆག་བཏབ་ན། ཆག་ཆག་བཏབ་པ་ཙམ་གྱིས་མོད་ལ་དཀྱིལ་འཁོར་ཀུན་ཏུ་དཔག་ཚད་གཅིག་གི་ནང་དུ་ས་སྤྱང་ཏེ་ཡོངས་སུ་དག་པར་འགྱུར་རོ། ། ཇི་ལྟར་ཤེལ་གོང་རིན་པོ་ཆེ་སྣ་ཚོགས་པ་དག་པ་དྲི་མ་མེད་པ་མཛེས་པ་དེ་འདྲ་བའི་ས་གཞིར་འགྱུར་རོ།། ཤིན་ཏུ་དག་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་ཉམས་དགའ་བ་དང་། ཤིན་ཏུ་ཡིད་དུ་འོང་བའི་ས་གཞིར་འགྱུར་རོ།། ཤིན་ཏུ་ས་གཞི་དཔའ་བར་འགྱུར་རོ།། ས་ཕྱོགས་དེའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་གང་དག་འཁོད་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་གནས་པར་འགྱུར་རོ།། དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ།། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། ཚེ་རབས་དྲན་པར་འགྱུར་རོ།། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དགེ་བའི་རྩ་བ་ཆེན་པོ་སོགས་པར་འགྱུར་རོ། ། གང་དག་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་རི་དགས་དང་བྱ་དེ་དག་ཕྱོགས་དེར་འགྲོ་ཞིང་རབ་ཏུ་འཇུག་པ་དེ་དག་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། ། བདེ་འགྲོའི་ལམ་ལ་རབ་ཏུ་གནས་པར་འགྱུར་རོ།། གང་གིས་དེའི་ས་ལག་པར་འོངས་ཏེ་རེག་པ་དེ་དག་ཐམས་ཅད་ནད་དང་བྲལ་བ་དང་། ཉོན་མོངས་པ་དང་བྲལ་བ་དང་། རིམས་དང་བྲལ་བ་དང་། སྒྲིབ་པ་མེད་པ་དང་། སྡིག་པ་དང་བྲལ་བར་འགྱུར་རོ།། དེ་དག་ཕྱིས་ལུས་ལ་ཚོར་བའི་ནད་འབྱུང་བར་མི་འགྱུར་རོ།། རྟག་ཏུ་བདེ་བས་ཚིམ་པའི་ལུས་སུ་འགྱུར་རོ།། ས་ཡོངས་སུ་སྦྱོང་བའི་རིག་སྔགས་སོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྨན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཨ་མོ་གྷ་དྲུ་མ། ལ་ཏ་བྲིཀྵ། ཤཾ་ཁ་པ་ཏྲ། པུཥྤ་ཕ་ལ། བི་ཊ་པ་ཨ་རོ་ཧ། ན་ཧི་ཌཱ་ག། པུཤྭ་རི་ཎ། ཨུད་ས་ཧྲི་ད། སུནྡ་ར་པྲ་སྲ་པ་ཎི། བི་བི་དྷ། བི་ཙི་ཏྲ། པ་རི་ཤཱ་དྷ་ཡ། པདྨ་བྷུ་ཛེ། ས་མ་ས་མ། ས་མནྟེ་ན། པ་རི་མཎྜ་ལ། པ་རི་ཤོ་དྷ་ཡ། མ་ལ་མ་ལ། བི་མ་ལ་བི་མ་ལ་ནི་རྨ་ལ་སུ་པ་རི་ཤུད་དྷ། པདྨ་ཨུད་པ་ལིཔྟ། ཛ་ལ་མ་ལཱད་བི་ཤུད་དྷ། ཤོ་དྷ་ཡ་ཤོ་དྷ་ཡ། བ་ར་མ་མ་ཧཱ་ཤུད་དྷཱ་ཡ། སཏྭ་ཧཱུཾ་ཕཊ་སྭཱཧཱ། ན་མཿ་ཏྲི་བྷུ་བ་ནེ་ཧཱུཾ་ཕཊ་སྭཱ་ཧཱ། འདིས་ཙན་དན་དང་། པདྨ་དང་། ཆུ་དང་། ཡུངས་ཀར་ལ་ཡོངས་སུ་བཟླས་ཏེ། ལྗོན་པའི་སྡོང་པོ་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྣ་ཚོགས་པའི་ལྕུག་མ་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ཆུ་ཀླུང་དང་། མཚོ་ཕྲན་དང་། ལྟེང་ཀ་དང་། རྫིང་བུ་དང་། འབབ་ཆུ་མཛེས་པའི་སྟེང་དུ་གཏོར་བར་བྱ་སྟེ། དེ་རྣམས་ཐམས་ཅད་ལ་བདུད་རྩི་བླུག་པར་འགྱུར་རོ།། དེ་རྣམས་ཐམས་ཅད་ལ་ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུར་འགྱུར་རོ།། ཐ་ན་ལྷའི་རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཀྱི་བདག་པོར་འགྱུར་རོ།། གང་ལ་རེག་པ་ཙམ་གྱིས་རེག་པ་དེ་ཐམས་ཅད་སེར་སྣའི་དྲི་མ་དང་བྲལ་ཞིང་ཕྲག་དོག་སྤངས་པར་འགྱུར་རོ། ། མཁྲིས་པ་དང་། བད་ཀན་དང་། མཆིལ་མ་དང་བྲལ་ཞིང་། ལུས་ཀྱི་ཕྱི་དང་ནང་གི་དྲི་མི་ཞིམ་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ།། གང་ཡང་ལུས་ཀྱི་ནང་གི་ནད་དང་གནོད་པ་སྣ་ཚོགས་པ་དེ་རྣམས་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་ཞིང་། རྣམ་པར་དག་པ་དང་། རྣམ་པར་ཉམས་པ་དང་། ལེགས་པར་ཡོངས་སུ་དག་པ་དང་། དྲི་མ་མེད་པར་འགྱུར་རོ་ཞེས་སོ།། དེ་ལ་ཆུས་ཁྲུས་བྱས་པ་གང་ཡིན་པ་དེ་རྣམས་ཀྱང་། ལྷའི་ཆུ་དང་བྱང་ཆུབ་ཡན་ལག་གི་ཆུས་ཁྲུས་བྱས་པར་འགྱུར་རོ།། སྡིག་པ་དང་སྒྲིབ་པའི་དྲི་མ་ཐམས་ཅད་བཀྲུས་པར་འགྱུར་རོ། ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་བཀྲུས་པར་འགྱུར་རོ།། དེས་སོ་ཤིང་ཟོས་པ་དེ་རྣམས་དེ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་རྗེས་སུ་དྲན་པ་ཆེན་པོ་འཕེལ་བར་འགྱུར་རོ།། མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་ཞིང་། ཞགས་པ་ཐམས་ཅད་ཡོངས་སུ་སྤངས་པ་དང་། རྟག་ཏུ་ཁ་ནས་ཨུཏྤ་ལའི་དྲི་བྲོ་བར་འགྱུར་རོ།། ངག་འཇམ་ཞིང་སྙན་པར་ཡང་འགྱུར་ཞིང་ངག་མཉེན་པར་ཡང་འགྱུར་རོ།། དགའ་བའི་གཏམ་བྱེད་པར་འགྱུར་ཞིང་སྐྱེ་བོ་ཐམས་ཅད་ཡིད་དགའ་བར་ཡང་འགྱུར་རོ།། མི་འམ་ཅིའི་དབྱངས་སུའང་འགྱུར་རོ།། བསྟན་བཅོས་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། ཐེག་པ་ཆེན་པོ་ཐམས་ཅད་ཐོས་པ་ཙམ་གྱིས་ཀུན་ཏུ་འཛིན་པར་བྱེད་ཅིང་ཁ་ཏོན་དུའང་གནས་པར་བྱེད་དོ།། མེ་ཏོག་དེ་ལ་མནམས་པ་དང་། འཕྲེང་བ་མགུལ་པར་འཆིང་བར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་། བྱང་ཆུབ་ཡན་ལག་གི་མེ་ཏོག་གི་འཕྲེང་བ་བཅིངས་པར་འགྱུར་རོ།། དེ་བཞིན་གཤེགས་པའི་དབང་གིས་མངོན་པར་དབང་བསྐུར་བར་ཡང་འགྱུར་རོ།། སྣ་ཚོགས་སུ་དག་པར་ཡང་འགྱུར་ཏེ། ལྷའི་དྲི་དང་རེག་པ་དང་ཡང་དག་པར་ལྡན་པར་འགྱུར་རོ།། ལྕེ་པདྨའི་འདབ་མ་དང་མཚུངས་པར་ཡོངས་སུ་དག་པར་འགྱུར་རོ།། ལྷའི་སོ་དང་མཚུངས་པའི་ཁ་དོག་ཏུ་འགྱུར། བུད་མེད་དང་། སྐྱེས་བུ་དང་། ཁྱེའུ་བུ་མོ་གང་ལ་གཏམ་སྨྲས་པ་དེ་རྟག་ཏུ་དབང་དུ་འགྱུར་རོ། ། ཤི་འཕོས་ཤིང་སྐྱེ་བ་བརྗེས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། ཚེ་རབས་དྲན་པར་ཡང་འགྱུར་རོ་ཞེས་པའོ། ། འབྲས་བུ་དང་། མེ་ཏོག་དང་། ཆུ་དང་། ནགས་ཀྱི་བདག་པོ་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་ཡོངས་སུ་སྦྱོང་བའི་སྔགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཨ་མོ་གྷ་ཨ་མ་ལེ་ཏྲི་མ་ལེ། བི་མ་ལེ། ནིརྨ་ལེ། ངིདི་བྱ་བ་རི་ཤུདྡྷེ་སརྦྦ་མ་ལོ་པ་ཀཪྵི་མ་མ་ཧཱ་བོ་དྷི་ས་ཏྭ་བ་ར་དེ་པྲ་བ་ར་པ་རི་ཤུདྡྷེ། མ་ཧཱ་མ་ཎི་རཏྣ་ཀཱ་ཡ་པ་རི་ཤུདྡྷེ། མ་ཎི་མ་ཎི་ཤོ་དྷ་ནི་མ་ཧཱ་ཨ་མོ་གྷ་ཙིནྟནྟཱ་མ་ཎི་ཤུདྡྷེ། ཧྲྀ་ད་ཡ་ཤུདྡྷེ། ཀཱ་ཡ་ནིརྨ་ལ་མ་ཧཱ་ཎི་པ་རི་ཤུདྡྷེ། ཧུ་རུ་ཧུ་རུ་པྲ་བ་ར་པཱ་ཎི་མཧཱ་བྷུ་ཛ་བ་ར་དེ། ཏུ་རུ་ཏུ་རུ། མ་ཧཱ་སཏྭ་བཏ་ས་ལེ། པ་རི་ཤོ་དྷ་ཡ་མཱཾ་སརྦ་པཱ་སུ་བི་ཤུདྡྷ་མ་ལེ་སྭཱ་ཧཱ། རིག་སྔགས་འདིས་རིག་སྔགས་འཆང་གིས་བདག་ཉིད་ཀྱི་ལུས་ཡོངས་སུ་སྦྱང་བར་བྱ་སྟེ། ཙན་དན་གྱི་ཆུ་དང་། གུར་ཀུམ་དང་། གླ་རྩིའི་ཆུ་དང་། ག་པུར་གྱི་ཆུ་དང་། ཡུངས་ཀར་དང་། བ་བྱུང་ལྔ་བསྲེས་པས་རྫ་གསར་པའི་བུམ་པ་བཀང་སྟེ། རིག་སྔགས་འདི་སྟོང་རྩ་བརྒྱད་དུ་བཟླས་པར་བྱའོ། ། རས་དཀར་པོས་བཀྲུ་བར་བྱ་ཞིང་ལན་བདུན་སྲང་བདུན་བཏུང་བར་བྱའོ།། ཁྲུས་བྱས་པ་ཙམ་གྱིས་མོད་ལ་ཁྲོ་བོའི་རྒྱལ་པོས་བདག་ཉིད་དབང་བསྐུར་བར་བྱའོ།། ཁྲུས་བྱས་པ་ཙམ་དང་། དབང་བསྐུར་བ་ཙམ་གྱིས་བདག་རང་གི་ཕྱི་ནང་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར་རོ།། སྡིག་པ་དང་། སྒྲིབ་པ་དང་། དུག་དང་བྲལ་བར་འགྱུར་རོ།། ཉོན་མོངས་པ་དང་ནད་དང་བྲལ་བར་འགྱུར་རོ། ། རྒ་བ་ལ་སོགས་པ་དང་བྲལ་བར་འགྱུར་རོ།། བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་ཞིང་། བར་ཆད་བྱ་བའི་ཕྱིར་རིག་སྔགས་འཆང་བའི་དྲུང་དུ་སླར་འོང་ནུས་པར་མི་འགྱུར་རོ།། རིག་སྔགས་འཆང་བདེ་བར་སྒྲུབ་པ་དང་། བདེ་བར་ཉལ་བ་དང་། བདེ་བར་སད་པ་དང་། ནམ་འཚོའི་བར་དུ་བདེ་བར་གནས་པ་དང་། དྲི་མ་ཐམས་ཅད་སྤངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་སྟེ་ཤི་བའི་དུས་བྱེད་པར་འགྱུར་རོ།། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། པདྨོའི་ནང་ནས་རྫུས་ཏེ་སྐྱེས་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་མངོན་སུམ་དུ་མཐོང་བར་འགྱུར་རོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་ཚེ་རབས་དྲན་པར་འགྱུར་རོ། ། མཐར་བྱང་ཆུབ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ།། རྣམ་པར་གྲོལ་བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོ་འདི་མཐའ་དག་རྫོགས་པར་ཁ་ཏོན་བྱེད་པར་འགྱུར་རོ། ། གཞན་ཡང་དེ་བཞིན་གཤེགས་པས་བཀའ་སྩལ་པའི་མདོ་སྡེ་གཞུང་སྣ་ཚོགས་རྣམ་པ་དུ་མ་ཁ་ཏོན་བྱེད་པར་འགྱུར་རོ། ། བསྐལ་པ་སྟོང་ཕྲག་བརྒྱ་ཚུན་ཆད་དུ་སྐྱེ་བ་དྲན་པར་འགྱུར་རོ།། ཨོཾ་ཨ་མོ་གྷ་པདྨ། བི་མ་ལེ་པྲ་ས་ར། ས་མནྟ། པུ་ཁེ་སྭཱཧཱ། དཀྱིལ་འཁོར་ཆར་ཕྱེ་སྟེ་ཐིག་གདབ་པའི་སྔགས་སོ།། ཨོཾ་ཨ་མོ་གཱ་བི་བི་དྷ། རཱུ་པ་བི་ཙི་ཏྲ། གན་དྷ། ར་སན་དྷ་ར། པྲ་བ་ར། བྷ་ཛེ་སྭཱཧཱ། ཚོན་རྩིའི་སཱཀྐ་དང་། སྐུ་གཟུག་གཞག་པ་དང་། མཚོན་ཆ་དང་རྟགས་བྲི་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་སནྣ་པ་རི་མནྡ་ལ། པཱ་ཤ་བན་དྷཧཱུཾ། ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་པས་དཀྱིལ་འཁོར་བསྡམ་པར་བྱའོ།། ཨོཾ་ཨ་མོ་གྷ་ས་མནྟ། ད་ཤ་དིག་མ་ཧཱ་སཱི་མན། བན་དྷ་ཡ། དྷུ་རུ་དྷུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། ཡུངས་ཀར་དང་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་པས་མཚམས་གཅད་པའོ། ། ཨོཾ་ཨ་མོ་གྷ་རཀྵ་ཎ། པཱ་ཤ་ཧ་སྟེ། བྷུ་རུ་བྷུ་རུ་སྭཱ་ཧཱ། ཡུངས་ཀར་དང་དྲི་ཆབ་ལ་ལན་བདུན་བཟླས་བརྗོད་བྱས་པས་བདག་བསྲུང་བའོ།། ཨོཾ་ཨ་མོ་གྷ། ཙཱུ་ཌ་མ་ཎི། ཧུ་རུ་གུ་རུ། ནཱ་ག་པཱ་ཤ་བན་དྷེ་ཧཱུཾ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས་སྤྱི་གཙུག་བཅིང་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་རཀྵ་ས་མན་ཏེ་ན། མ་ཧཱ་པཱ་ཤེ། བྷུ་རུ་བྷུ་རུ་སྭཱ་ཧཱ། སློབ་མ་དང་གྲོགས་རྣམས་བསྲུང་བའི་སྔགས་ཏེ། ཡུངས་ཀར་དང་ཐལ་བ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བསྲུང་བར་བྱའོ།། ཨོཾ་ཨ་མོ་གྷ། ཛ་ལ་བི་མ་ལེ་སུ་རུ་སུ་རུ་སྭཱ་ཧཱ། ། དྲི་ཆུ་ལ་ལན་ཉི་ཤུ་ལ་རྩ་གཅིག་བཟླས་བརྗོད་བྱས་པས་ཁྲུས་བྱ་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་ཨ་མྲི་ཏ། བིནྡྷ་ཙ་ར་ཙ་ར་སྭཱ་ཧཱ། ཉེ་རེག་བྱ་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་དི་བྱ་བསྟེ་ཙུ་རུ་ཙུ་རུ་སྭཱ་ཧཱ། གོས་ཀྱིསྔགས་སོ། ། ཨོཾ་ཨ་མོ་གྷ་བྷུ་ཛ་ཀ། ཀ་བ་ཙ། བ་ར་དེ། ཙཽ་རི་ཙཽ་རི་སྭཱ་ཧཱ། གོ་ཆའི་སྔགས་ཡིན་ཏེ་ཡུངས་ཀར་དང་གུར་ཀུམ་གྱི་ཆུས་བྱའོ།། ཨོཾ་ཨ་མོ་གྷ་བྲཧྨ་བྷུ་ཛེ་པཨཱརྱན་ཏེ་པྲ་ས་ར་སྭཱ་ཧཱ། མཆོད་ཕྱིར་། ཐོགས་ཀྱི་སྔགས་སོ།། ཨོཾ་ཨ་མོ་གྷ་ཙུ་ཌ་མ་ཎི་པདྨེ། ཨ་བྷི་ཥིཉྫ་ཡ། མ་མ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཾ་མ་ཎི་མ་ཎི་སྭཱ་ཧཱ། དབང་བསྐུར་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་པདྨ་བ་སུན་དྷ་ར། དྷ་ར་དྷ་ར། དྷ་ར་ཎི། མཎྜེ་ཧཱུཾ། སྟན་གྱི་གསང་སྔགས་སོ།། ཨོཾ་ཨ་མོ་གྷ་ས་མནྟ་བརྱང་ཀེ། བྷུ་བི་སྭཱ་ཧཱ། སྐྱིལ་མོ་ཀྲུང་བཅའ་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་སུ་ར་དྷི། པདྨེ་པ་ར་པ་ར་ཧཱུཾ། མེ་ཏོག་གི་སྔགས་སོ། ། ཨོཾ་ཨ་མོ་གྷ་བི་བི་དྷ། ག་ན་དྷ། པྲ་ས་རཾ། པཱུརྞ་བྷུ་ཛེ་སྭཱ་ཧཱ། དྲིའི་སྔགས་སོ།། ཨོཾ་ཨ་མོ་གྷ་བི་བི་དྷ་ལེ་པ་ན་པྲ་བ་རེ་པི་རི་པི་རི་སྭཱ་ཧཱ། བྱུག་པའི་སྔགས་སོ།། ཨོཾ་ཨ་མོ་གྷ་ག་ན་སྥུ་ར་ཎ་མ་ཡཾ་བྷུ་རུ་བྷུ་རུ་ཧཱུཾ། བདུག་པའི་སྔགས་སོ།། ཨོ་ཨ་མཽ་གྷ་ཤུ་ཀླ་ར་ས་ར་ས། ཨ་གྲ་དྷ་ར་བི་དྷ་ར་ཧཱུཾ། གཏོར་མའི་སྔགས་ཏེ་ཐམས་ཅད་དུ་བྱའོ།། ཨོཾ་ཨ་མོ་གྷ། པྲ་བ་ར། ནུ་པི་ལོ་ཀི་ནི། ཀི་རི་ཀི་རི་ཧཱུཾ། ཟས་དང་གཏོར་མའི་སྔགས་སོ།། ཨོཾ་བི་བི་དྷ། ཨ་མོ་གྷ། ཕ་ལ། པ་ར་པ་ར་ཧཱུཾ། འབྲས་བུའི་སྔགས་སོ།། ཨོཾ་ཨ་མོ་གྷ་ཨང་བྷུ་ཏ་གན་དྷ་བ་རེ་ཧཱུཾ། མཆོད་ཡོན་གྱི་སྔགས་སོ།། ཨོཾ་ཨ་མོ་གྷ། བི་བི་དྷ། མ་ཎི། བྷུ་ཥ་ཎ། བ་རེ། ཛཱ་ལ་ཛཱ་ལ་ཧཱུཾ། རྒྱན་དང་། ཐོད་དང་། དར་སྤྱང་བ་དང་། མདའ་དང་། ཚོན་སྣ་ལྔ་དང་། ཐིག་སྐུད་ཀྱི་སྔགས་སོ།། ཨོཾ་ཨ་མོ་གྷ། བི་བི་དྷ། བྷ་ཛ་ནེ། ། ཛ་ཡ་ཛ་ཡ་སྭཱ་ཧཱ། སྣོད་ཀྱི་སྔགས་ཏེ་ཐམས་ཅད་དུ་སྦྱར་རོ།། ཨོཾ་ཨ་མོ་གྷ། པྲ་བ་ར་བྷ་བ་ན། བྷུ་བེ་ཐ་ར་ཐ་ར་སྭཱ་ཧཱ། གཞུག་པའི་སྔགས་སོ།། ཨོཾ་ཨ་མོ་གྷ་ན་མ་ས་ར་ཎ། སརྦྦ་ཏ་ཐཱ་ག་ཏ། ཨོཾ་ཛ་ལེ་ཧཱུཾ། ཕྱག་འཚལ་བ་དང་ཐལ་མོ་སྦྱོར་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་ཙཀྲེ་དུ་རུ་དུ་རུ་པྲ་དུརུ་སྭཱ་ཧཱ། བསྐོར་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་ས་མནྟ་བྷ་བ་ནེ་བྷ་བ་བྷ་བ་སྭཱ་ཧཱ། སྤྱན་དྲང་བའི་སྔགས་སོ། ། ཨོཾ་ཨ་མོ་གྷ་ཙིནྟ་མ་ཎི་པྲཱ་ཀ་རཱ་ཡ་དུ་རུ་དུ་རུ་སྭཱ་ཧཱ། གསོལ་བ་གདབ་པའི་སྔགས་སོ།། ཨོཾ་ཨ་མོ་གྷ་ནིརྨརྡྷ་ཎ་བི་མོཀྵ་མཎྜ་ལེ་མི་ལི་མི་ལི་སྭཱ་ཧཱ། སྙན་གསན་དབབ་པའི་སྔགས་སོ།། ཨོཾ་ཨ་མོ་གྷ་མ་ཧཱ་རཤྨི་ཛྭཱ་ལ་ཛྭཱ་ལ་ས་མནྟ་སྭཱ་ཧཱ། པར་མེའི་སྔགས་སོ།། ཨོཾ་ཨ་མོ་གྷ་པཱ་ཤ་ཧསྟེ་པྲ་ས་ར་གཙྪ་སྭ་བྷཱ་བ་ནན་བི་སརྫི་ཏ་སི་ས་ར་ས་ར་ཧཱུཾ་ཕཊ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ།། ཨོཾ་ཨ་། མོ་གྷ་པཱ་ཤ་བནྡྷ་ས་མེནྟ་མ་ཧཱ་ས་མ་ཡ། དྲི་ཌྷེ་ཧཱུཾ་ཕཊ་སྭཱ་ཧཱ། དམ་ཚིག་གི་སྔགས་སོ།། ཨོཾ་ཨ་མོ་གྷ་ས་མནྟེ། པྲ་བ་ར། ས་ར་ས་ར། པྲ་ས་ར་མ་ཧཱ་བྷཱུ་ཏེ་ཤྭ་ར། དྷི་རི་དྷི་རི། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གསང་སྔགས་འདིས་ལ་དུ་དང་། མོ་ད་ཀ་ར་དང་། ཟན་དང་། རྩ་བ་དང་། སྡོང་བུ་དང་། གཏོར་མ་དཀར་པོ་དང་། ཚོགས་ཆེན་པོའི་བདག་པོའི་གཏོར་མ་སྦྱིན་པ་དང་། མེ་ཏོག་དང་། བདུག་པའི་སྦྱིན་པ་བྱས་ན་ཕྱིས་བགེགས་བྱེད་ནུས་པར་མི་འགྱུར་རོ། ། འཇིག་རྟེན་འདས་པའི་དཀྱིལ་འཁོར་གྱི།། ཕྱག་རྒྱ་དེ་ནས་བརྗོད་བྱ་སྟེ།། གང་གིས་བཟུང་བ་ཙམ་གྱིས་ནི།། སྡིག་པ་ཐམས་ཅད་ཞི་བར་འགྱུར།། ལས་དང་ཉོན་མོངས་སྒྲིབ་པ་དང་། དུག་རྣམས་ཐམས་ཅད་རྣམ་པར་བཅོམ།། རྣམ་གྲོལ་དཀྱིལ་འཁོར་རིགས་ཀྱི་ནི།། དམ་ཚིག་ཕྱག་རྒྱ་ཡང་དག་ཡིན།། ལག་གཉིས་པདྨ་འདྲར་བྱས་ལ།། སོར་མོ་རྣམས་ནི་མཉམ་བཞག་སྟེ། ། གུང་མོ་ལྕགས་ཀྱུ་འདྲ་བར་བྱ།། ལག་གཉིས་མཉམ་པར་བཞག་པ་ཡི།། ཕྱག་རྒྱ་རྣམ་གྲོལ་དམ་ཚིག་འདི།། དོན་ཡོད་ཞགས་པར་བྱིན་གྱིས་བརླབས།། འཇིག་རྟེན་འདས་པ་ཁྱད་པར་གྱི། ལམ་གྱི་འབྲས་བུ་ཐོབ་པར་བྱེད།། ཨོཾ་པདྨ་བྷུ་ཛེ། པདྨ་ཀ་རེ། པདྨ་བི་མ་ལེ་སྭཱ་ཧཱ། དམ་ཚིག་རྩེ་མོའི་རྩེ་ཤེས་པས།། རྡོ་རྗེ་པདྨ་རྟག་ཏུ་བྱ།། གུང་མོ་ཅུང་ཟད་བསྐུམས། ནས་ནི།། ལག་གཉིས་པདྨོ་འདྲ་བར་བྱ།། གང་གིས་ཕྱག་རྒྱ་འདི་མཐོང་བ།། འཇིག་རྟེན་རྣམས་ཀྱི་དབང་ཕྱུག་དག། མཚུངས་པ་མེད་པར་འགྱུར་བ་ཡིན།། རྣམ་གྲོལ་ཕྱག་རྒྱས་དོགས་མེད་པར།། སངས་། རྒྱས་མཚུངས་མེད་འགྱུར་བ་ཡིན།། བྱང་ཆུབ་སེམས་དཔའ་ཀུན་གྱིས་ནི།། ཕྱག་བྱས་པ་ཡི་ཕྱག་རྒྱ་འདི།། རྣམ་གྲོལ་དཀྱིལྟ་རྨད་དུ་བྱུང་།། ཨོཾ་པདྨེ་སུ་པདྨེ། བི་མོ་ཀྵ་མཎྜ་ལ། པདྨ་བྷུ་ཛེ་སྭཱ་ཧཱ། རྡོ་རྗེ་བཅིང་བ་མཉམ་བཞག་སྟེ།། རྡོ་རྗེ་པདྨོ་གུང་མོ་ནི།། བསྐུམས་ན་དེ་བཞིན་གཤེགས་ཀུན་གྱི།། རྣམ་གྲོལ་གསང་བའི་ཕྱག་རྒྱ་འདི།། ཡང་དག་གྲོལ་བ་རབ་ཏུ་བསྟན།། ཕྱག་རྒྱ་འདི་ནི་བསྟན་པས་ནི། ངན་པར་བྱས་པ་ཐམས་ཅད་འཇིག། ཨོཾ་ཨ་མོ་གྷ་བཛྲ་པདྨ་བྷུ་ཛེ་མི་ལི་མི་ལི་སྭཱ་ཧཱ།། ལག་གཉིས་ཐལ་མོ་ཁོང་སྟོང་ལས།། མདོར་ན་ནོར་བུ་འདྲ་བར་བཅིང་།། ནོར་བུའི་ཕྱག་རྒྱ་རྡོ་རྗེ་འདྲ།། ཡིད་བཞིན་ནོར་བུར་བརྗོད་པ་ཡིན། ། ལས་ནི་དོན་ཡོད་ཐམས་ཅད་བྱེད།། དོན་ཡོད་མཆོད་པའི་ཆར་འབེབས་ཤིང་།། དོན་ཡོད་ཕ་རོལ་ཕྱིན་དྲུག་རྫོགས།། དོན་ཡོད་སངས་རྒྱས་རྣམས་དང་ནི།། བྱང་ཆུབ་སེམས་དཔའ་མཐོང་བ་ཡིན། ། དོན་ཡོད་རྣམ་གྲོལ་དཀྱིལ་འཁོར་གསང་།། མཚམས་མེད་ལྔ་པོ་སྦྱོང་བར་མཛད།། ཨོཾ་ཨ་མོ་གྷ། མ་ཎི་མ་ཎི། མ་ཧཱ་མ་ཎི། པདྨ་ཎི་སྭཱ་ཧཱ། རྡོ་རྗེ་པདྨའི་ཐལ་མོ་སྦྱར་པདྨ་ཁ་བྱེ་འདྲ་བར་རྒྱས། ། གུང་མོ་ལྕགས་ཀྱུ་འདྲ་བ་ཡི།། ཕྱག་རྒྱ་འདི་ནི་མཆོག་ཏུ་བཟང་།། ཕྱག་རྒྱ་འདི་ནི་མཐོང་ཙམ་གྱིས།། འབྲས་བུ་ཆེན་པོ་རྨད་དུ་བྱུང་།། འཇིག་རྟེན་འདས་པ་ཁྱད་པར་འཕགས་དུས་གསུམ་སངས་རྒྱས་མཐོང་བ་ཡིན། ། ཨོཾ་ཨ་མོ་གྷ། བཛྲེ་མ་ཧཱ་པདྨེ། ཛྭ་ལེ་སུ་ཛྭཱ་ལེ། མ་ཧཱ་ཛ་ལེ་སྭཱ་ཧཱ། སྙིང་ཁར་རྡོ་རྗེ་པདྨ་ཉིད།། རྡོ་རྗེ་བཅིང་བ་ཕུན་སུམ་ཚོགས།། མཛུབ་མོ་ལྕགས་ཀྱུ་འདྲ་བ་ནི། ། བཙིར་བར་བྱ་བའི་ཕྱག་རྒྱ་འདི།། གཟི་བརྗིད་ཆེན་པོ་དག་དང་ནི།། སྟོབས་ཆེན་ཕ་རོལ་གནོད་པ་དང་།། ཐམས་ཅད་གྲུབ་པར་བྱེད་པའི་གནས།། ཐམས་ཅད་གྲུབ་པར་རབ་ཏུ་སྦྱིན།། འཇིག་རྟེན་འདས་པ་གྲུབ་པ་ཆེ། ། སངས་རྒྱས་ཉིད་ཕྱིར་བླ་ན་མེད།། སྡིག་པ་ཐམས་ཅད་འཕྲོག་པ་གྲུབ།། གསང་སྔགས་གྲུབ་པ་བླ་ན་མེད།། ཨོཾ་ཨ་མོ་གྷ་སིདྡྷེ། སརྦྦ་ཏ་ཐཱ་ག་ཏ་སིདྡྷེ། ཨ་བ་ལོ་ཀཱ་ཡ་སིདྡྷེ། མ་ཧཱ་བི་པུ་ལ་སིདྡྷེ། ཀུ་རུ་ཀུ་རུ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་མཉམ་བཞག་སྟེ།། གུང་མོ་གཤིབས་ཏེ་བསྒྲེང་བ་དང་།། སྲིན་ལག་མཐེ་བོང་སོ་སོར་དགྱེད།། གུང་མོ་ཡིད་ཙམ་དགུག་བྱ་བ།། པདྨའི་དབང་ཕྱུག་སེམས་དཔའ་ཆེ། ། འཇིག་རྟེན་དབང་ཕྱུག་བླ་མ་སྟེ།། རྟག་ཏུ་རྣམ་གྲོལ་དཀྱིལ་འཁོར་ནི།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།། ཕྱག་རྒྱ་བྱས་པ་འདི་ཡིན་ནོ།། ཕྱག་རྒྱ་འདི་དང་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཕྱག་རྒྱ་དང་། ཕྱག་རྒྱ་དེ་དག་མཐོང་བ་ནི་འཇིག་རྟེན་དབང་ཕྱུག་མཐོང་བ་དང་འདྲ་བ་ཡིན་ནོ།། ཕྱག་རྒྱ་མཆོག་འདི་མཐོང་བ་ནི་རྣམ་པར་གྲོལ་བའི་དཀྱིལ་འཁོར་མཐོང་བ་དང་འདྲ་བ་ཡིན་ཏེ། ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ།། ཕྱག་རྒྱ་འདི་བཅིངས་པ་ཙམ་མཐོང་བས་མོད་ལ་དམ་ཚིག་ཐམས་ཅད་ཤེས་པར་འགྱུར་རོ།། མཐོང་བ་དང་བཟུང་བ་ཙམ་གྱིས་མོད་ལ་འབྲས་བུ་ཆེན་པོ་འཐོབ་ཅིང་། མོད་ལ་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པ་ཡིན་ནོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕམ་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་བ་ལོ་ཀི་ཏ། མ་ཧཱ་ཤུདྡྷ་སཏྭ་ས་ར་ས་ར། ས་མནྟ་ཨ་བ་བྷཱ་ས། ཀུཎྜ་ལ། དྷ་ལ། ཨ་མི་ཏཱ་བྷཱུ། མ་ཀུ་ཊ། དྷ་ར་། ཛཱ་ཊ་མ་ཀུ་ཊ། ན་བ་བཛྲེནྨ། མཎྜི་ཏ། ཙ་ར་ཙ་ར། སཾ་བྷ་ར། བྷུ་བ་ཎེ་ཤྭ་ར་པདྨ་བྷུ་ཛེ་སྭཱ་ཧཱ། ཕྱག་རྒྱ་ཆེན་པོ་བདུན་པོ་དེ་དག་ནི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སྙིང་པོའི་ལམ་གྱི་འབྲས་བུ་སྟོན་པ་རྟག་ཏུ་འཇིག་རྟེན་དབང་ཕྱུག་བླ་མའི་འཇིག་རྟེན་མགོན་པོའི་ཆོས་ཀྱི་འཁོར་ལོ་སྐོར་བ་ཡིན་ནོ། ། ཕྱག་རྒྱ་བདུན་ནི་ཕྱག་རྒྱ་ཆེན་པོ་བྱེ་བ་ཕྲག་བདུན་གྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བདུན་པོ་དེ་གང་དུ་བཅིངས་ཤིང་ཕྱག་རྒྱ་མཆོག་བཟུང་བ་ནི་ཕྱག་རྒྱ་ཆེན་པོ་བྱེ་བ་ཕྲག་བདུན་བརྒྱ་བཅིངས་པར་འགྱུར་རོ། ། བཟུང་བར་འགྱུར་རོ།། དེ་དག་ཐམས་ཅད་མཆོད་པ་དང་བསྙེན་བཀུར་བྱས་པར་འགྱུར་རོ། ། བསྟོད་པར་འགྱུར་རོ།། མིང་འཛིན་པ་བྱས་པར་འགྱུར་རོ།། ཕྱག་རྒྱ་བདུན་པོ་དེ་དག་ནི་གསང་སྔགས་སྒྲུབ་པ་ཐམས་ཅད་དང་། ཀུན་ཏུ་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། ཐམས་ཅད་བྱེད་པའི་ཕྱག་རྒྱ་འཇིག་རྟེན་ལས་འདས་པའི་ལམ་བླ་ན་མེད་པ་ཡིན་ནོ། ། གང་ཞིང་ཕྱག་རྒྱ་དེ་དག་བཅིངས་མཐོང་ཞིང་ཁྲུས་ལེགས་པར་བྱས་ཏེ། གཙང་མས་སྒྲུབ་པར་བྱེད་པ་འདི་ནི་ངན་འགྲོར་འགྲོ་བར་མི་འགྱུར་རོ། ། སྔོན་གྱི་སྒྲིབ་པས་དམྱལ་བ་མཐོང་བར་མི་འགྱུར། ཕྱག་རྒྱ་བཅིངས་པ་ཙམ་གྱིས་མོད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་གྱི་དྲུང་དུ་དགེ་བའི་རྩ་བ་བསགས་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཀུན་ཏུ་བཟུང་བར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། ས་བཅུ་ལ་རབ་ཏུ་གནས་པར་འགྱུར་རོ།། ཕྱིར་མི་ལྡོག་པའི་གནས་རབ་ཏུ་ཐོབ་པར་འགྱུར་རོ།། མཚམས་མེད་པ་ལྔ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། མནར་མེད་པ་ལ་གཞོལ་བ་རྣམས་ཀྱིས་ཅི་སྟེ་ཕྱག་རྒྱ་བཟུང་བ་ཙམ་དང་། བསྟན་པ་ཙམ་གྱིས་མོད་ལ་སྡིག་པ་དེ་དག་ཐམས་ཅད་རྣམ་པར་ཞིག་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པ་རྣམས་ལས་ལེགས་པར་བསྲུངས་པར་འགྱུར་རོ།། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། གཞོན་ནུ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་རྒྱུན་དུ་རྗེས་སུ་འབྲང་བ་བྱེད་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་དགའ་བ་མཐོང་བར་འགྱུར་རོ།། མཆོད་རྟེན་དུ་གྱུར་པ་ཡིན་པར་འདོད་པ་དང་། ལུས་རིང་བསྲེལ་གྱི་སྙིང་པོ་ཡིན་པར་འགྱུར་རོ།། རྡོ་རྗེ་ལྟར་མཐེས་པའི་ལུས་སུ་འགྱུར་རོ། ། དུག་གིས་མི་ཚུགས། མེས་མ་ཡིན། མཚོན་གྱིས་པ་ཡིན། ཆུས་མ་ཡིན། དབྱིག་དུག་གི་འཇིགས་པས་མ་ཡིན། སེང་གེས་མ་ཡིན། གཅན་གཟན་གཏུམ་པོས་མ་ཡིན། དུག་མི་བཟད་པས་མ་ཡིན། རྐུན་པོ་དང་མི་རྒོད་ཀྱིས་མ་ཡིན། ཁྱིམ་རྡིབ་པས་མ་ཡིན། གནོད་སྦྱིན་དང་། སྲིན་པོའི་གདོན་ཡང་འོང་བར་མི་འགྱུར། ནད་ཐམས་ཅད་འཇུག་པར་མི་འགྱུར། ལུས་ལ་དུག་སྦྱར་མ་དང་། བྱང་དང་། སྤོད་གཏོང་གི་འཇིགས་པ་འབྱུང་བར་མི་འགྱུར་རོ།། རྟག་ཏུ་སྡིག་པ་ཅན་གྱི་རྨི་ལམ་མཐོང་བར་མི་འགྱུར་རོ།། རྟག་ཏུ་དེ་བཞིན་གཤེགས་པ་ལྟ་བ་མཐོང་བར་འགྱུར་རོ། བྱང་ཆུབ་སེམས་དཔའ་ལྟ་བ་མཐོང་བར་འགྱུར་རོ།། རྟག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་སྟེ། རྟག་ཏུ་མཆོག་སྦྱིན་པ་མཛད་པར་འགྱུར་རོ།། ལྷ་ཐམས་ཅད་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་འདིས་མཐོང་བར་དགྱེས་པར་འགྱུར་རོ། ། རྟག་ཏུ་ཡོན་ཏན་དང་བསོད་ནམས་འབར་རོ།། དཔལ་གྱིས་ལུས་ལ་ཤིན་ཏུ་འབར་བའི་ལུས་སུ་འགྱུར་རོ།། ཐམས་ཅད་དུ་འདི་མཆོད་པར་འོས་པ་ཆེན་པོར་འགྱུར་ཏེ། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། བཙུན་མོའི་འཁོར་གྱིས་མཆོད་པར་འོས་པ་ཆེན་པོར་འགྱུར་རོ།། ལྷའི་གནས་སུམ་ཅུ་རྩ་གཉིས་ཀྱི་བར་དུའང་དགྱེས་པར་འགྱུར་ཏེ་མཆོད་པར་བྱེད་དོ། ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྷའི་བདག་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། དྲང་སྲོང་གི་ཚོགས་རྣམས་ཀྱིས་མཆོད་པར་འོས་པ་ཆེན་པོར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱང་རྟག་ཏུ་དེ་མཐོང་བར་འདོད་པར་འགྱུར་རོ།། རྟག་ཏུ་དགྱེས་པར་སྟོན་པར་བཞེད་པར་འགྱུར་རོ། ། རིག་སྔགས་འཆང་བས་ཁྲུས་བྱས་གོས་གཙང་མ་བགོས་ཏེ་གཙང་མར་བྱས་ལ་དྲི་སྣ་ཚོགས་ཀྱིས་ལུས་བསྐུ་བ་དང་། བདུག་པ་སྣ་ཚོགས་ཀྱིས་བདུག་པ་བྱས་ལ། ཙན་དན་དཀར་པོ་དང་། གུར་ཀུམ་གྱིས་ལག་པ་གཉིས་བསྐུས་ཏེ། ག་པུར་དང་གླ་རྩིས་བསྒོས་པའི་ས་ཕྱོགས་གཙང་མར་རས་རིས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔ་འམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔ་འམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ཕྱག་རྒྱ་འདི་བཅིང་བར་བྱའོ།། མཆོད་རྟེན་རིང་བསྲེལ་ཅན་གྱི་དྲུང་དུ་ཕྱག་རྒྱ་བཅིང་བར་བྱའོ། ། སངས་རྒྱས་ལ་མཆོད་པའི་ཚོགས་ཡོན་ཆབ་ལ་སོགས་པ་དབུལ་བར་བྱའོ།། བྱམས་དང་དང་སྙིང་རྗེའི་སེམས་སུ་བྱའོ།། སེམས་ཅན་ཐམས་ཅད་ལ་ལྷག་པར་བརྩེ་བ་དང་སྙིང་རྗེའི་སེམས་བསྒོམ་པར་བྱའོ། ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་ཤེས་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་དྲན་པར་བྱའོ། ། སངས་རྒྱས་ཡིད་ལ་བྱེད་པ་དྲན་པ་བསྒོམ་པར་བྱ་སྟེ། ཕྱག་རྒྱ་ཆེན་པོ་བདུན་པོ་དེ་དག་ནི་བཅིང་བ་བྱས་ན་ཕྱག་རྒྱ་བྱེ་བ་ཕྲག་བདུན་བཅིངས་པར་འགྱུར་རོ།། དེ་ནས་མཐུ་བརྗོད་པར་བྱའོ།། མཐུ་ནི་འཇིག་རྟེན་ལས་འདས་པ་ཡང་དག་པར་མཐོང་བ་དང་། དོན་ཡོད་པའི་ཞགས་པའི་ཆོ་འཕྲུལ་དང་། རང་བཞིན་གྱི་སྐུ་མངོན་དུ་མཐོང་བ་ཡིན་ནོ།། རྒྱལ་པོ་འམ། བཙུན་མོའི་ནང་དུ་འམ། སྐྱེ་བོ་མང་པོའི་ནང་དུ་ཚོགས་པའམ། དགེ་སློང་གི་ཚོགས་ཀྱི་དགེ་འདུན་གྱི་ནང་དུ་འམ། འཁོར་དུ་བཅས་པའི་ནང་དུའམ། རིག་བྱེད་བཞི་ཚོགས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། རྗེའུ་རིགས་དང་། དམངས་རིགས་དང་བཅས་པ་དེ་དག་གི་ནང་དུ་དེ་དག་གིས་དོན་ཡོད་པའི་ཞགས་པའི་ཆོ་འཕྲུལ་འཇིག་རྟེན་ལས་འདས་པ་མོད་ལ་མངོན་དུ་མཐོང་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཆི་བ་དང་། སྐྱེ་བ་དང་། སྐྱེས་ནས་ཡང་དག་པར་དགེ་བ་དང་མི་དགེ་བའི་འབྲས་བུ་དང་། དགེ་བ་དང་མི་དགེ་བས་ཤི་བ་དང་། སྐྱེས་ནས་ཕྱུག་པོ་འམ། དབུལ་པོ་འམ། རྒྱལ་པོ་ཐོབ་པ་འམ། ལྷའི་ལོངས་སྤྱོད་དང་། ལྷའི་གནས་སུམ་ཅུ་རྩ་གཉིས་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། རྟག་ཏུ་དབང་ཕྱུག་ཆེན་པོར་འགྱུར་བ་དང་། ཀླུའི་སྐྱེ་གནས་དང་། ཡི་དགས་དང་། གནོད་སྦྱིན་དང་། སྲིན་པོ་གསང་བ་པ་རྣམས་ཀྱིས་དམྱལ་བ་མི་བཟད་པར་སྐྱེ་བ་དང་། མཚམས་མེད་པ་ལ་ཐུག་གི་བར་དུ་མཐོང་བ་དང་། བྲམ་ཟེའི་རིགས་སམ། རྒྱལ་རིགས་སམ། གཞན་ཡང་རིགས་དུ་མ་སྣ་ཚོགས་པར་སྐྱེ་བར་མཐོང་བ་དག་འཇིག་རྟེན་མགོན་པོའི་མཐུས་མངོན་སུམ་དུ་མཐོང་བར་འགྱུར་རོ། ། འཇིག་རྟེན་པའི་ལས་བསྒྲུབ་པར་བྱ་བ་དེ་དག་ཐམས་ཅད་བསྟན་པར་བྱ་སྟེ། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། བདེ་བ་དང་། ལོ་ལེགས་པ་དང་། ལོ་ཉེས་པ་དང་། མི་ངས་དང་། ཡམས་ཀྱི་ནང་དང་། ཕ་རོལ་གྱི་འཁོར་རམ། རང་གི་འཁོར་ལ་གནོད་པ་དང་། དགྲ་དང་། ཕྱིར་རྒོལ་བ་དང་། འགྱེད་པ་དང་། གཡུལ་སྤྲོད་པ་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། ནད་འབྱུང་བ་དང་། ནད་མེད་པ་དང་། ཆར་འབབ་པ་དང་། ཤིན་ཏུ་ཆར་འབབ་པ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པར་འབབ་པ་དང་། དར་བ་དང་། རྒུད་པ་དང་། འབྱོར་པ་དང་། མི་འབྱོར་པ་དང་། འོང་བ་དང་། འགྲོ་བ་དང་། ནོར་དང་། འབྲུ་རྙེད་པ་དང་། འཕེལ་བ་དང་། བྲི་བ་དང་། ལོ་ཉེས་པ་མཐོང་བ་དང་། འཁོར་བ་ན་ད་ལྟར་གྱི་ལས་གང་ཅུང་ཟད་ལེགས་པར་བྱེད་པ་དང་། ཉེས་པར་བྱེད་པ་དང་། དགེ་བ་འམ། མི་དགེ་བའམ། འབྲི་བ་འམ། འཕེལ་བ་འམ། སྐྱེ་བ་ལེགས་པར་སྐྱེ་བ་འམ། ངན་པར་སྐྱེ་བ་འམ། བུ་འབྱུང་བ་བུ་ཕོ་འམ། བུ་མོ་འམ། བུ་བཟང་པོ་འམ། བུ་ངན་པ་འམ། བསོད་ནམས་ཅན་ནམ། བསོད་ནམས་མེད་པ་མངལ་ན་གནས་པ་དེ་དག་བདེན་པ་ཉིད་དུ་མཐོང་སྟེ། ལས་ཀྱི་ཆོ་ག་ལེགས་པར་བྱས་པས་ཐེ་ཙོམ་མི་བྱའོ།། ཚེས་གྲངས་དང་། རྒྱུ་སྐར་དང་། ཉིན་མཚན་བརྗོད་པར་བྱ་མི་དགོས་ཀྱི། བཟླས་བརྗོད་དང་། གཏོར་མ་དང་། གཙང་སྦྲ་དང་། བཀྲུ་བ་ཤལ་དང་། ཤིན་ཏུ་ཁྲུས་བྱ་བ་དང་། གོས་གཙང་མ་བཅང་བ་དང་། བདེན་པར་སྨྲ། བ་དང་། བྱམས་པའི་སེམས་དང་། བླ་མ་ལཱ་ལེགས་པར་མཉན་པ་དེ་གཟུང་བ་ཁོ་ནར་བྱའོ།། ཟས་དང་། སྐོམ་གཙང་མ་དང་། ཆང་དང་། ཤ་དང་། བེག་ཙོང་དང་། སྒོག་སྐྱ་དང་། ཀེའུ་དང་། འདྲེས་པར་བྱས་པའི་འདྲེས་པའི་ཟས་ཡོངས་སུ་སྤང་བ་དང་། ཤིན་ཏུ་འབགས་པ་དང་། དེ་དག་ནི་ཁྱད་པར་འདོད་པས་ཡོངས་སུ་སྤང་བར་བྱས་ནས། ལས་འདི་ནི་མོད་ལ་ཐམས་ཅད་མངོན་དུ་མཐོང་བར་འགྱུར་རོ། ། དཀའ་ཐུབ་སྤྱོད་པ་ལ་བསྙས་སེམས་མི་བྱ། མ་གུས་པ་མི་བྱའི། ལྐོག་ཏུའང་མི་བྱའོ།། རྗེས་སུ་བསྟན་པ་དེ་དག་ནི་མཆོག་ཡིན་ནོ།། བསྒྲུབ་པར་བྱ་བ་མཆོག་དེ་དག་ནི་འཇིག་རྟེན་དབང་ཕྱུག་མགོན་པོས་བཀའ་སྩལ་པ་ཡིན་ནོ། ། དངུལ་ལས་མེ་ལོང་ཆུ་ཞེང་དུ་སོར་བཅུ་དྲུག་པ་བྱས་ལ། ཟངས་ལས་པདྨོའི་གདན་ཁྲུ་གང་གི་ཚད་སྡོང་བུ་དང་བཅས་པར་བྱའོ།། མེ་ལོང་གི་གོང་དུ་དངུལ་ལམ་གསེར་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་བྱ་སྟེ། ཚད་སོར་བཞི་པ། གདན་པདྨོ། ཕྱག་བཞི་ལ་མདུང་རྩེ་གསུམ་པ་དང་། ཞགས་པ་དང་། པདྨ་དང་། ནོར་བུ་རིང་པོ་ཆེ་ཐོགས་པར་བྱ་བ་ནི་འཇོག་སྦྱོང་ལེགས་པར་བྱས་པ། འཇམ་པོ་འོད་ཕྱིན་པ་ཙམ་དུ་སྐྲང་བར་བྱའོ།། དེ་ནས་རིག་སྔགས་འཆང་བས་མེ་ལོང་གི་གོང་གི་འཇིག་རྟེན་དབང་ཕྱུག་གི་སྐུ་ལ་རིང་བསྲེལ་གཞག་པར་བྱའོ། ། ག་པུར་དང་གླ་རྩིས་སྐུ་ལ་མཆོད་པར་བྱའོ།། མེ་ལོང་གི་ཉེ་འཁོར་ཐོག་ཐག་ཏུ་དངུལ་གྱི་མེ་ཏོག་དང་། གསེར་གྱི་མེ་ཏོག་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་འཕྲེང་བ་གདགས་པར་བྱའོ།། དབང་བསྐུར་བའི་དར་གདགས་པར་བྱའོ།། དེ་ནས་རིག་སྔགས་འཆང་བས་མེ་ལོང་དེ་ལ་ཉི་མ་རེ་རེ་ཞིང་དུས་གསུམ་དུ་དོན་ཡོད་པའི་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། ཇི་ཙམ་བརྒྱད་སྟོང་ཚང་གི་བར་དུ་བྱའོ། ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་བར་བྱའོ།། དེ་ནས་མེ་ལོང་འབར་བར་འགྱུར་རོ།། གཅིག་ཁོ་ནར་ཁ་དོག་སྣ་ཚོགས་པ་འབར་བར་འགྱུར་རོ།། འཇིག་རྟེན་དབང་ཕྱུག་གི་སྐུ་གཟུགས་དེ་ལས་ལྷ་རྫས་ཀྱི་ཆུ་འཛག་གོ། ། འོད་ཟེར་སྣ་ཚོགས་འབྱུང་ངོ་།། དེ་ནས་རིག་སྔགས་འཆང་གི་ལུས་འབར་ཞིང་དགའ་བར་འགྱུར་རོ།། དོན་ཡོད་པར་དགའ་བ་དྲི་མ་མེད་པ་ཞེས་བྱ་བ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་གྲུབ་པ་ཐོབ་པར་འགྱུར་རོ། ། ལུས་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བས་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་དོན་ཡོད་པའི་ཞགས་པ་རྣམ་པར་འཕྲུལ་པ་འགྲུབ་པ་བསྟན་པར་བྱ་དགོས་པས། དེ་ནས་རིག་སྔགས་འཆང་བས་ས་དང་བའི་ལྕི་བ་བསྲེས་པའི་དཀྱིལ་འཁོར་རྒྱར་ཁྲུ་བཞི། འཕང་དུ་ཁྲུ་དོ་པ་བྱས་པ། ཤིན་ཏུ་མཁྲེགས་པ། ཤིན་ཏུ་འཇམ་པར་བྱའོ།། ཐིག་སྐུད་ཀྱིས་རྣམ་པར་ཕྱེ་ཞིང་ཚོན་སྣ་ཚོགས་རྣམ་པར་དབྱེ་ཞིང་སྒོ་བཞི་རྣམ་པར་ཕྱེ་ནས་དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོ་རྣམ་པར་ཕྱེ་སྟེ། པདྨ་འདབ་མ་བརྒྱ་རྩ་བརྒྱད་ཚོན་གྱིས་གསལ་བར་བྲི་ཞིང་པདྨའི་དཀྱིལ་དུ་གེ་སར་དང་ཟེ་བ་བྱའོ།། སྟེགས་བུ་གྲུ་བཞི་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དང་། སྟེགས་བུའི་གྲཝ་བཞིར་རྒྱལ་པོ་ཆེན་པོ་བཞི་གོ་ཆ་བགོས་པ། གཏུམ་པ། འཇིགས་པ་བྱེད་པའི་གཟུགས་བྲི་བར་བྱའོ།། སྟེགས་བུའི་དབུས་ཀྱི་གནས་པར་བར་དུ་ལྷ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་། ལུས་ངན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་དབང་ཕྱུག་ཆེན་པོ་དང་། ཕྱག་ན་རྡོ་རྗེ་དང་། རལ་པ་གཅིག་པ་དང་། སྒྲོལ་མ་དང་། དཀར་པོ་དང་། ཁྲོ་གཉེར་མ་དང་། རྡོ་རྗེ་ཕོ་ཉ་པོ་རྣམས་ཚོན་སྣ་ཚོགས་ཀྱིས་བྲི་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་ཐོགས་པ་བྱའོ།། སྟེགས་བུའི་ཕྱི་རོལ་དུ་མདུང་རྩེ་གསུམ་པའི་འཕྲེང་བ་དང་། རྡོ་རྗེའི་འཕྲེང་བ་དང་། པདྨའི་འཕྲེང་བ་ཀུན་ཏུ་བྱའོ།། འཕྲེང་བའི་བར་དབུས་དང་གྲཝའི་བར་དུ་ལྷ་མོ་བརྒྱད་བྱ་སྟེ། འཇིགས་བྱེད་མ་དང་། དཔེ་མེད་པ་དང་། བ་སན་ཏི་དང་། དཔལ་དང་། སྒྲ་དབྱངས་དང་། སའི་ལྷ་མོ་དང་། དུང་ཅན་པ་དང་། པུས་པ་དན་ཏི་རྣམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་དང་རིན་པོ་ཆེའི་སྣོད་ཐོགས་པར་བྱའོ།། ཕྱི་རོལ་ཐོག་ཐག་ཏུ་འཕྲེང་བའི་བར་བར་དུ་དྲི་སྣ་ཚོགས་ཀྱིས་དཀྱིལ་འཁོར་བསྐུ་ཞིང་ཙན་དན་དཀར་པོ་དང་གུར་ཀུམ་གྱིས་མཆོད་པ་སྣ་ཚོགས་བྱའོ།། ག་པུར་དང་གླ་རྩིས་མཆོད་ཅིང་དཀྱིལ་འཁོར་ཀུན་ཏུ་དར་སྣ་ཚོན་སྣ་ལྔའི་རྒྱལ་མཚན་དང་། མདའ་དང་། རྟ་བབས་ཀྱིས་བརྒྱན་པར་བྱའོ།། དངུལ་གྱི་སྣོད་བཞི་ཅུང་བེང་གིས་བཀང་སྟེ་གཞག་པར་བྱའོ།། དངུལ་གྱི་སྣོད་བཞི་གཏོར་མ་དཀར་གསུམ་གྱིས་དགང་བར་བྱའོ། ། དངུལ་གྱི་སྣོད་བཞིར་མཆོད་ཡོན་གྱི་ཆུ་གཞག་པར་བྱའོ།། སྣོད་བརྒྱང་རོ་སྣ་ཚོགས་ཀྱི་གཏོར་མས་དགང་བར་བྱའོ།། འབྲས་བུ་རྣམ་པ་སྣ་ཚོགས་གཞག་པར་བྱའོ།། ཁ་བས་བཟའ་བ་དང་གཏོར་མ་རྣམ་པ་སྣ་ཚོགས་གཞག་པར་བྱའོ། ། དྲི་སྣ་ཚོགས་དང་བྱུག་པས་དངུལ་གྱི་སྣོད་བཀང་སྟེ་གཞག་པར་བྱའོ།། དངུལ་གྱི་པོག་པོར་བརྒྱད་ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། ག་པུར་དང་། གླ་རྩི་དང་། གུར་ཀུམ་དང་། སྲ་རྩི་པོག་དང་། པོག་གིས་གང་བར་བྱ་ཞིང་བདུག་སྤོས་སྣ་ཚོགས་པས་བསྲེག་གོ། དངུལ་དང་། ཟངས་དང་། གསེར་གྱི་མེ་ཏོག་གི་སྙིང་པོའི་དཀྱིལ་འཁོར་དུ་གཅལ་དུ་དགྲམ་མོ། ། ཕྱིའི་དཀྱིལ་འཁོར་དུ་ཇི་ལྟར་རྙེད་པའི་མེ་ཏོག་གཅལ་དུ་དགྲམ་པར་བྱ་སྟེ། འཕྲེང་བ་རྣམས་ཁོར་ཡུག་ཏུ་བསྐོར་ནས་བཞག་སྟེ། དེ་ལའང་མེ་ལོང་ལེགས་པར་བརྒྱན་པར་བྱས་ནས། དབུས་ཀྱི་དཀྱིལ་འཁོར་གྱི་པདྨའི་གེ་སར་དང་ཟེའུ་འབྲུ་ལ་ཤར་དུ་ཕྱོགས་པར་གཞག་པར་བྱའོ།། རིག་སྔགས་འཆང་གཙང་མཁྲུས་བྱས་གོས་གཙང་མ་བགོ་བར་བྱ་སྟེ། དཀྱིལ་འཁོར་གྱི་ལས་དང་བྱ་བ་ཐམས་ཅད་བྱས་ནས། མེ་ལོང་ལ་མངོན་དུ་ཕྱོགས་ཏེ་སྐྱིལ་མོ་ཀྲུང་དུ་འདུག་པར་གྱུར་ནས། འཕགས་པ་དོན་ཡོད་པའི་ཞགས་པའི་སྙིང་པོའི་བཟླས་བརྗོད་དབུལ་བར་བྱ་སྟེ། བཟླས་བརྗོད་བརྒྱ་རྩ་བརྒྱད་རྫོགས་པ་དང་། ཁྲོ་བོའི་རྒྱལ་པོས་དབང་བསྐུར་རོ།། དབང་བསྒྱུར་བ་ཙམ་གྱིས་མོད་ལ་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དང་འཁོར་ཆེན་པོའི་དབུས་སུ་མེ་ལོང་གི་དབུས་དེར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མཐོང་སྟེ། མེ་ལོང་གི་དབུས་དེ་ནས་རིག་སྔགས་འཆང་དེ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་དོ། ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ།། བདག་ལ་དོན་ཡོད་པའི་མེ་ལོང་ལ་འབེབས་པའི་དེ་ཁོ་ན་ཉིད་དམ་པར་གྱུར་པ་འདི་ཐམས་ཅད་ཡང་དག་པར་མཐོང་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་འབྲས་བུ་བླ་ན་མེད་པ་ཞེས་བྱ་བ་ཡོངས་སུ་དག་པ་ཉིད་དོ། ། རིག་སྔགས་འཆང་ཁྱོད་ཀྱིས་འབྲས་བུ་ཆེན་པོ་འཇིག་རྟེན་ལས་འདས་པའི་ལམ་མཚུངས་པ་མེད་པ་ཐོབ་བོ། ། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པའི་ཆོ་ག་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་གྲུབ་པོ།། རིག་སྔགས་འཆང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་གང་འདོད་པ་སྨྲོས་ཤིག། དེ་ཐམས་ཅད་སྦྱིན་པར་བྱའོ་ཞེས་སོ།། དེ་ནས་རིག་སྔགས་འཆང་གིས་མཆོག་གང་དོན་དུ་གཉེར་བ་དེ་བླངས་མ་ཐམས་ཅད་འཕྲལ་ཉིད་དུ་སྦྱིན་པར་བྱེད་དོ། ། འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དེར་ཀུན་ནས་འོངས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། དམངས་རིགས་དང་། རྗེའུ་རིགས་དང་། རྒྱལ་པོ་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་དང་། བཙུན་མོའི་འཁོར་དུ་ཀུན་འོངས་པ་དང་། བསོད་ནམས་དང་ལྡན་པ་འམ། བསོད་ནམས་དང་མི་ལྡན་པ་འམ། ཡོངས་སུ་དག་པ་འམ། ལྟ་བ་ངན་པ་འམ། གཞན་དམྱལ་བ་པའི་སེམས་ཅན་གཏི་མུག་གི་མུན་པ་ལ་ལྷུང་བ། མནར་མེད་པ་ལ་གཞོལ་བ། མཚམས་མེད་པ་ལྔ་བྱེད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་སྤོང་བ་གང་ཡིན་པ་དེ་རྣམས་ཐམས་ཅད་ལའང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་དེ་ལ་སྟོན་པར་བྱེད། ཐམས་ཅད་དུ་སྨྲ་བར་བྱེད། ཡང་དག་པར་དབུགས་འབྱིན་པར་བྱེད། ཐམས་ཅད་དུ་རང་གི་ལས་དགེ་བའམ་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་དེ་ཐམས་ཅད་སྟོན་པར་བྱེད་དོ།། རིག་སྔགས་ཀྱིས་ཆོམ་རྐུན་དང་། གདོལ་པ་དང་། རིག་སྔག་སྤོང་ཞིང་ཉམ་པར་བྱེད་པ་དང་། རིག་སྔག་སུན་འབྱིན་པར་བྱེད་པ་དང་། རིག་སྔག་ལ་མ་དད་ཅིང་གུས་པས་མི་ཉན་པ་དེའི་མི་མཐོང་བ་ནི་མ་གཏོགས་ཏེ། གཞན་དུ་ན་རང་གི་ལས་ཀྱི་འབྲས་བུ་སྡུག་བསྔལ་རྣམ་པ་སྣ་ཚོགས་ངེས་པར་འབྱུང་བར་མཐོང་ངོ་། ། དེ་ནས་སེམས་ཅན་དེ་རྣམས་གང་འདོད་པའི་དོན་ཡིད་ལ་བྱེད་པ་འཇུག་སྟེ། འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པ་དེ་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་ཆེན་པོར་རང་རང་གི་འབྲས་བུ་ངེས་པར་འབྱུང་བ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་འབྲས་བུ་མཐོང་བར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་ངོ་།། དེ་བཞིན་གཤེགས་པའི་སྐུ་ཆེན་པོ་དང་། ཁང་པ་བརྩེགས་པ་དང་བཅས་པའི་གཞལ་ཡས་ཁང་མཐོང་ངོ་།། པོ་ཊ་ལ་ཀའི་རི་བོའི་གཞལ་ཡས་ཁང་རྣམས་བཅོམ་ལྡན་འདས་ཀྱི་རྣམ་པར་འཕྲུལ་པ་དང་བཅས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་གཞལ་ཡས་ཁང་ན་ལྷ་དང་ཀླུས་ཡོངས་སུ་བསྐོར་བ་མཐོང་ངོ་།། གཞན་ཇི་ལྟར་ད་ལྟར་གྱི་དགེ་བ་དང་། མི་དགེ་བ་དང་། ལོ་ལེགས་པ་དང་། ལོ་ཉེས་པ་དང་། ནད་དང་། འཆི་བ་དང་། ཚེ་ཐུང་བ་དང་། ཚེ་རིང་བ་དང་། རང་གི་དམག་ཚོགས་དང་། ཕ་རོལ་གྱི་དམག་ཚོགས་དང་། གཡུལ་དང་། འཁྲུག་པ་དང་། འཇིགས་པ་དང་། རྒྱལ་བ་འམ། འཕམ་པ་འམ། བརླག་པའམ། མ་བརླག་པའམ། ཡམས་སམ། ཆར་ཆེས་པ་འམ། དུས་མ་ཡིན་པའི་ཆར་རམ། ཆར་མེད་པ་འམ། རླུང་ངམ། སད་དམ། ཚད་པའང་རུང་སྟེ། དེ་དག་ཐམས་ཅད་མཐོང་ངོ་།། ནོར་དང་ལྡན་པའམ། ཉམས་པ་འམ། འཕེལ་བ་འམ། ལོ་ཏོག་གམ། མེ་ཏོག་གམ། འབྲས་བུ་འཕེལ་བའང་རུང་སྟེ། དེ་དག་ཐམས་ཅད་མཐོང་ངོ་། ། ཆོམ་རྐུན་དང་། ཀུན་པོ་དང་། དུག་དང་། མཚོན་ཆའི་འཇིགས་པ་འམ། རྒྱལ་པོའི་འཇིགས་པ་འམ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། བརྗེད་བྱེད་ཀྱི་འཇིགས་པ་དེ་ཐམས་ཅད་མཐོང་ངོ་།། ནོར་ཆེན་པོ་འམ་ནོར་མེད་པ་དེ་ཐམས་ཅད་མཐོང་ངོ་།། འཆི་འཕོ་བ་དང་སྐྱེ་བ་མཐོང་ངོ་།། བུ་ཐོབ་པ་དང་། གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་། ལྗོངས་ཐོབ་པ་དང་། བུད་མེད་ཐོབ་པ་དེ་ཐམས་ཅད་མཐོང་སྟེ། འདི་ལ་དོགས་པ་དང་། ཡིད་གཉིས་དང་། ཐེ་ཙོམ་བསྐྱེད་པར་མི་བྱ་ཞིང་། མཆོག་ཏུ་དང་བ་དང་གུས་པས་ཤིན་ཏུ་འབད་དེ་ཆོ་ག་འདི་བསྒྲུབ་པར་བྱའོ། ། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་དུ་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་ཀྱི་ཆོ་ག་རྫོགས་སོ།། ། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དོན་ཡོད་པའི་ནགས་པབའི་སྙིང་པོ་གསུངས་པ་ཆོ་ག་ཞིབ་མོའི་ཉེ་བར་སྤྱོད་པ་དང་བཅས་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། རས་རིས་ཤིན་ཏུ་ཟབ་པ། ཤིན་ཏུ་གཏིང་དཔག་དཀའ་ཞིང་། ཤིན་ཏུ་རྒྱ་ཆེ་ལ་ཤིན་ཏུ་སྒྲུབ་དཀའ་བ་དང་། དཀྱིལ་འཁོར་མང་པོ་དང་། ཕྱག་རྒྱ་མང་པོ་དང་། གསང་སྔགས་མང་པོ་དང་། རས་རིས་མང་པོ་ཡོངས་སུ་བསྒྲགས་པ་རྣམས་ནི་རབ་རིབ་དང་འབྲལ་བར་མཐོང་སྟེ། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་དུག་ཅན་པ་ཟབ་པ་ལྟ་བུ། ལྷུན་པོ་ཆེན་པོ་དང་མཚུངས་པ་ལྟ་བུ། སྨིག་རྒྱུ་ལྟ་བུ། རྡུལ་ཕྲ་རབ་ལྟ་བུ། དེ་བཞིན་གཤེགས་པའི་ཡེ་ཤེས་དང་མཚུངས་པ་ལྟ་བུ། བགྲང་བ་ལས་ཡང་དག་པར་འདས་པ། མཚུངས་པ་མེད་པ། གཞལ་དུ་མེད་པ། ཚད་མེད་པ། བསྐལ་པའི་གྲངས་ཀྱིས་བགྲང་བར་བྱ་བ་མེད་པའི་བསྐལ་པའི་ཚད་མ་དང་། བསྐལ་པ་བསམ་གྱིས་མི་ཁྱབ་པའི་ཚད་མ་དང་། ལྷའི་ཡུལ་གྱི་ཚད་མ་དང་། ཀླུའི་ཡུལ་གྱི་ཚད་མ་དང་། སེམས་ཅན་གྱི་ཚད་མ་དང་། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཆད་མ་དང་། དེ་བཞིན་གཤེགས་པའི་སྤྱན་ལ་སྣང་བའི་ཚད་མ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཀུན་ཏུ་སྣང་བའི་ཚད་མ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚད་མ་དང་། བདུད་ཀྱི་ཡུལ་གྱི་ཚད་མ་རྣམས་ཀྱིས་ཐོགས་མར་དམིགས་པ་མ་ལགས་སོ། ། བཅོམ་ལྡན་འདས་བར་དུའང་དམིགས་པ་མ་ལགས། ཐ་མར་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། སྒྲུབ་པ་ཐབས་ཀྱི་ཆོ་གས་བསྒྲུབ་པར་བྱ་བ་ནི་དུ་ཞིག་ལགས། གསང་སྔགས་ནི་དུ་ཞིག། ཕྱག་རྒྱ་ནི་དུ་ཞིག། དཀྱིལ་འཁོར་ནི་དུ་ཞིག། བྲི་བར་བྱ་བའི་ཕྱག་རྒྱ་ནི་དུ་ཞིག། ལག་པའི་ཕྱག་རྒྱ་ནི་དུ་ཞིག། བདུག་པའི་སྦྱོར་བ་ནི་དུ་ཞིག། མིག་སྨན་ན་དུ་ཞིག། རིལ་བུ་ནི་དུ་ཞིག། བདུག་པ་ནི་དུ་ཞིག། རས་རིས་ནི་དུ་ཞིག། རྩ་བའི་གསང་སྔགས་ནི་དུ་ཞིག། སྙིང་པོ་ནི་དུ་ཞིག། ཉེ་བའི་སྙིང་པོ་ནི་དུ་ཞིག་ཁྲོ་བོའི་གསང་སྔགས་ནི་དུ་ཞིག། དྲག་པོ་ནི་དུ་ཞིག། ཞི་བ་ནི་དུ་ཞིག། ཡི་གེ་གཅིག་པ་ནི་དུ་ཞིག། ཡི་གེ་གཉིས་པ་ནི་དུ་ཞིག། ཡི་གེ་གསུམ་པ་ནི་དུ་ཞིག། ཡི་གེ་བཞི་པ་ནི་དུ་ཞིག། ཡི་གེ་ལྔ་པ་ནི། དུ་ཞིག། ཡི་གེ་དྲུག་པ་ནི་དུ་ཞིག། ཡི་གེ་བདུན་པ་ནི་དུ་ཞིག། ཡི་གེ་བརྒྱད་པ་ནི་དུ་ཞིག། ཡི་གེ་དགུ་པ་ནི་དུ་ཞིག། ཡི་གེ་བཅུ་པ་ནི་དུ་ཞིག་ལགས། སྨྱུར་བར་གནས་པ་ཇི་ལྟར་ལགས། ཉིན་མོ་དང་མཚན་མོ་ནི་ཇི་ལྟར། ཁྲུས་ཀྱི་ཆོ་ག་ནི་ཇི་ལྟར། གོས་བགོས་ནི་ཇི་ལྟར། ཕྱོགས་བཅིང་བ་ནི་ཇི་ལྟར། དཀྱིལ་འཁོར་བཅིང་བ་ནི་ཇི་ལྟར། གཙུག་གཏོར་བཅིང་བ་ནི་ཇི་ལྟར། བདག་བསྲུང་བ་ནི་རྫ་ལྟར། གཞན་བསྲུང་བ་ནི་ཇི་ལྟར། གྲོགས་བསྲུང་བ་ནི་ཇི་ལྟར། སློབ་མ་བསྲུང་བ་ནི་ཇི་ལྟར། རབ་ཏུ་འཇུག་པ་ནི་ཇི་ལྟར། ཕྱག་བྱ་བ་ནི་ཇི་ལྟར། བསྐོར་བ་བྱ་བ་ནི་ཛ་ལྟར། མཆོད་ཡོན་དང་ཞབས་བསིལ་དབུལ་བ་ནི་ཇི་ལྟར། གཏོར་མ་འབུལ་བ་ནི་ཇི་ལྟར། མེ་ཏོག་འབུལ་བ་ནི་ཇི་ལྟར། བདུག་པ་ནི་ཇི་ལྟར། དྲི་ནི་ཇི་ལྟར། མར་མེ་ནི་ཇི་ལྟར། ཉེ་རེག་ནི་ཇི་ལྟར། ལྷ་བཤོས་ནི་ཇི་ལྟར་ཐམས་ཅད་དུ་སྤྱན་དྲང་བ་ནི་ཇི་ལྟར། སྙན་གསན་དབབ་པ་ནི་ཇི་ལྟར། རྨི་ལམ་བསྐུལ་བ་ནི་ཇི་ལྟར། སྦྱིན་སྲེག་གི་ཆོ་ག་ནི་ཇི་ལྟར་ལགས། ཞི་བ་ཅན་ནི་དུ་ཞིག་ལགས། རྒྱས་པ་ཅན་ནི་དུ་ཞིག། མངོན་སྤྱོད་ཅན་ན་དུ་ཞིག། ཞགས་པ་ནི་དུ་ཞིག། རྡོ་རྗེ་ནི་དུ་ཞིག། པདྨ་ནི་དུ་ཞིག། གཤེགས་སུ་གསོལ་བ་ནི་དུ་ཞིག། ཉེ་བར་འཕོ་བར་བྱེད་པའི་བྱ་བ་ནི་དུ་ཞིག་ལགས། བཅོམ་ལྡན་འདས་དེ་དག་གི་མཚན་ཉིད་ཅི་འདྲ་བ་དང་། རྒྱུ་མཚན་ཅི་འདྲ་བ་དང་། ཀུན་ཏུ་སྤྱོད་པར་འགྱུར་བ་ནི་མི་ཤེས་སོ།། བཅོམ་ལྡན་འདས་བདག་ལས་སྒྲུབ་པའི་ཆོ་ག་དུ་ཞིག་གིས་རྗེས་སུ་འབྲང་བར་བགྱི། བཅོམ་ལྡན་འདས་ཇི་ལྟར་ཕྱི་མའི་དུས་ཕྱི་མའི་ཚེ་ན་སེམས་ཅན་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར། དངོས་གྲུབ་དུ་ཞིག་རྗེས་སུ་སྩལ་བར་བགྱི། ཇི་ལྟར་སེམས་ཅན་བླ་ན་མེད་པར་འགྱུར་བར་བགྱི། བཅོམ་ལྡན་འདས་འདི་དག་ལ་བདག་འཁྲུགས་པར་གྱུར་ཅིང་བདག་ལ་སྤོབས་པ་མེད་དོ།། བཅོམ་ལྡན་འདས་བདག་གིས་ཤེས་པར་མི་ནུས་ན། བཅོམ་ལྡན་འདས་ཀྱིས་ཆོ་གའི་མཚན་ཉིད་ཇི་ལྟ་བ་དེ་དག་བདག་ལ་གསུངས་གསོལ། བཅོམ་ལྡན་འདས་བདག་ལ་ཐེ་ཙོམ་མཆིས་པས། བཅོམ་ལྡན་འདས་ཀྱིས་བདག་གི་ཐེ་ཙོམ་གཅད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཞུ་བ་ཡོངས་སུ་ཞུས་པར་གྱུར་པ་གསན་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ་མཆོག་ཏུ་རྙེད་པར་དཀའ་བ་འདི་དྲི་བ་ཡོངས་སུ་དྲིས་པ་ནི་ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེ་ཁྱོད་ལ་ཡོངས་སུ་འདྲི་བར་བྱེད་པའི་སྤོབས་པ་སྐྱེས་པ་ནི། ལག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དོན་གྱི་ཆེད་དུ་ཡོངས་སུ་ཞུས་པའི་ཕྱིར་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་འགྲུབ་པའི་དོན་དུ་ཡོངས་སུ་ཞུས་པའི་ཕྱིར་དང་། ལག་ན་རྡོ་རྗེ་འདི་ནི་མཆོག་ཏུ་རྨད་དུ་བྱུང་བས་ཏེ་ཕྱི་བཞིན་དུ་རྗེས་སུ་འབྲང་ངོ་།། ལག་ན་རྡོ་རྗེ་འདི་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་མཚུངས་པའོ།། ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་ཆོ་ག། རྒྱ་མཚོ་ཆེན་པོ་དུག་ཅན་པ་དང་ཟབ་པར་མཚུངས་པ་སྟེ། འདི་ནི་གཏིང་དཔག་དཀའ་བའོ།། ལག་ན་རྡོ་རྗེ་རྒྱ་མཚོ་ཆེན་པོ་ཐིགས་པའི་གྲངས་གྱིས་བགྲང་བར་ནུས་ཀྱི། ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་སྙིང་པོའི་ཚད་ནི་གཟུང་བར་མི་ནུས་སོ།། ལག་ན་རྡོ་རྗེ་རིའི་རྒྱལ་པོ་རི་རབ་ནི་རྡུལ་ཕྲ་རབ་ཏུ་གཏོར་བའི་གྲངས་ཀྱི་མཐར་ཐུག་པར་བྱ་བར་ནུས་ཤིང་། སླར་ཡང་རིའི་རྒྱལ་པོའི་རི་རབ་ཏུ་གནས་པར་འདོད་པས་རང་གི་གནས་སུ་རབ་ཏུ་གཞག་པར་ནུས་ཀྱི། དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཚད་ནི་གཟུང་བར་མི་ནུས་སོ།། དེ་ལྟར་རྒྱ་ཆེ་བ། དེ་ལྟར་གཏིང་དཔག་དཀའ་བ། དེ་ལྟར་ཟབ་པ་སྟེ། ལག་ན་རྡོ་རྗེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱིས་མཁྱེན་པ་དང་། གཏིང་དཔག་པར་མི་ནུས་སོ།། དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཚད་འཛིན་པར་ནི་མི་ནུས་སོ།། ལག་ན་རྡོ་རྗེ་སྒྱུ་མ་ལྟ་བུ་གང་ཡིན་པ་དེ་དང་། སྙིང་པོ་དང་ཏིང་ངེ་འཛིན་གང་ཡིན་པ་དེ་དང་། ཞགས་པ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་འདི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་རྣམ་ཀྱི་གཟུགས་དང་། ཁ་དོག་དང་། དབྱིབས་སྣ་ཚོགས་པ་དང་། ཚུལ་སྣ་ཚོགས་སུ་མཐོང་བར་བྱེད་དེ། སེམས་ཅན་ཐམས་ཅད་བསྒྲལ་བའི་ཆེད་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྒྲུབ་པར་བྱེད་པའོ། ། ལག་ན་རྡོ་རྗེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དུ་མཉམ་པར་འགྲོ་བ་སྟེ། གང་དུ་ཆུ་དང་འོ་མ་མཉམ་པས་མཉམ་པ་བཞིན་ནོ། ། ཐམས་ཅད་དུ་མཉམ་པས་བྱམས་པ་དང་སྙིང་རྗེ་ཆེན་པོ་རྒྱས་པར་བྱེད་དོ།། དོན་ཡོད་པའི་ཞགས་པས་འགུགས་པར་བྱེད་ལ་སྒྲོལ་བར་བྱེད་དོ།། འཆི་བ་མེད་པའི་ཐང་རྡོ་རྗེའི་དཀྱིལ་འཁོར་དུ་འཇོག་པར་བྱེད་དོ།། དམན་པ་དང་། མཆོག་དང་། བར་མ་དང་། རིགས་མཐོན་པོ་དང་། དམའ་བ་དང་། དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་རྣམས་ཐམས་ཅད་དུ་མཉམ་པར་དྲན་པར་བྱེད་ཅིང་མིང་སྨོས་པ་ཙམ་གྱིས་འཛིན་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་བླ་ན་མེད་པར་བྱེད་ལ། དུབ་པ་དང་། ངལ་བ་དང་། ཡིད་ལ་གཅགས་པར་འགྱུར་བ་མེད་དོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། ཡི་དགས་དང་། ནགས་དང་། གཤིན་རྗེའི་གནས་ཇི་སྲིད་དུས་འོག་གི་ནང་དུ་སོན་པ་རྣམས་དང་། སྲིད་པའི་རྩེ་མོ་ནས་མནར་མེད་པའི་མཐར་ཐུག་པ་དང་། ཇི་སྲིད་དུ་འོག་མིན་གྱི་སྲིད་པའི་བར་དུ་གཅིག་ཏུ་སེམས་བསྐྱེད་པས་ཡོངས་སུ་རྒྱུག་གོ། ལྷ་དང་ཀླུ་དང་བཅས་པ་ནས་ཇི་སྲིད་དུད་འགྲོའི་སྐྱེས་གནས་ཀྱི་བར་ཐམས་ཅད་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་བླ་ན་མེད་པར་བྱེད་དོ། དཔེར་ན་ཉི་མའི་འོད་ཟེར་ནི་མུན་པས་མདོངས་པ་ཐམས་ཅད་སེལ་བར་བྱེད་དེ། འཛམ་བུའི་གླིང་ཐམས་ཅད་དུ་མཉམ་པར་སྣང་བར་བྱེད་དོ།། དེ་བཞིན་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དུ་སྙིང་རྗེ་ཆེན་པོས་ཀུན་ཏུ་སྣང་བར་བྱེད་ཅིང་། ཐམ་ཅད་ལ་ཐམས་ཅད་དུ་མཉམ་པར་གནས་ཏེ། སྡུག་བསྔལ་གྱི་ཚོར་བ་དང་། འཇིགས་པ་མི་བཟང་པ་དང་། ནད་དང་། མྱ་ངན་དང་། སྡུག་བསྔལ་གྱི་འཆིང་བ་རྣམས་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ།། སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་ཡོངས་སུ་གྲོལ་བར་བྱེད་དོ།། མཐོ་རིས་ལ་གཞོལ་བ་ལ་སོགས་པའི་ལམ་ཐམས་ཅད་དུ་འགོད་པར་བྱེད་དོ། ། དེ་ལྟར་སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོས་ཐམས་ཅད་དུ་མཉམ་པར་རྗེས་སུ་འགྲོ་སྟེ། ཐམས་ཅད་དུ་མཉམ་པར་མཆོག་ཏུ་བྱེད་ཅིང་། ཐམས་ཅད་དུ་མཉམ་པར་བྱང་ཆུབ་ཀྱི་ལམ་ལ་རབ་ཏུ་དགོད་པར་བྱེད་དོ། ། ཐམས་ཅད་དུ་མཉམ་པར་སྐྱབས་དང་དཔུང་གཉེན་དུ་འགྱུར་རོ།། ལག་ན་རྡོ་རྗེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ནི་བརྟན་པ་དང་། གོ་ཆ་དང་། སྤྲོ་བ་ཆེན་པོས་རིག་སྔགས་འཆང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་ཞུགས་པའོ།། ལག་ན་རྡོ་རྗེ་འདི་ནི་ཐབས་ཅིག་ཏུ་འཇུག་པ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོའི་ལམ་ལས་སོ་སོར་ལྡོག་པར་བྱེད་པའོ།། བདེ་བས་ནས་བདེ་བར་གཤེགས་པའི་ལམ་དུ་འགོད་པར་བྱེད་པའོ།། རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་ལ་བསམ་པ་རྣམ་པ་གཞན་དུ་འགྱུར་བ་མེད་དོ། ། སེམས་ཀྱིས་ཡིད་ལ་གཅགས་པར་འགྱུར་བ་མེད་དོ།། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་སྔགས་པ་ཆེན་པོ་འདི་ཐོས་ནས་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་རངས་པ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་པར་གྱུར་ཏོ།། ཨེ་མ་མགོན་པོ་འཇིག་རྟེན་དབང་ཕྱུག། ཨེ་མ་འཇིག་རྟེན་དབང་ཕྱུག་བླ་མ། ཁྱོད་ཀྱི་མིང་གི་ཡོན་ཏན་བསྐྱེད་པས་ངན་འགྲོ་ཐམས་ཅད་གྲོལ་བར་བྱེད་དོ། ། ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འདི་ནི་འཇིག་རྟེན་གྱི་བླ་མ་མགོན་པོ། འདི་ནི་འཇིག་རྟེན་གྱི་ཡབ་ཆེན་པོ། འདི་ནི་འཇིག་རྟེན་སྒྲོལ་བར་བྱེད་པའི་མགོན་པོ། ། ཐུབ་པ་ཉིན་མོའི་ཉི་མའོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་ལྟ་བུར་ལག་ན་རྡོ་རྗེ་ཇི་ལྟར་སྨྲ་བར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན། རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅན་སོང་ལ་མངོན་པར་ཕྱག་འཚལ་ནས་ཡོངས་སུ་ཞུས་ཤིག། མཆོག་ཏུ་གྱུར་པའི་དམ་ཚིག་གི་ཆོ་ག་ཇི་ལྟ་བ་བཞིན་དུ་སྙིང་པོ་དང་། དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་རྣམས་སྟོན་པར་བྱེད་དོ།། དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་སྒྲུབ་པའི་དངོས་གྲུབ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་ཞིང་ལུང་འབོགས་པར་བྱེད་དོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་ཟབ་མོ་ཟབ་པ་རྟོགས་ཤིང་ཁོང་དུ་ཆུད་དེ་སེང་གེའི་རྩལ་གྱིས་འགྲོ་ཞིང་། རྡོ་རྗེ་སྐོར་བར་བྱེད་བཞིན་པས་ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་བཟུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་ཕུལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ནི་ཤིན་ཏུ་རྨོངས་པ་དང་ལྡན་པ། དྲན་པ་ཡོངས་སུ་ཉམས་པ། བློའི་དཔལ་ཞུམ་པ་སྟེ། དོན་ཡོད་ཞགས་པའི་སྙིང་པོའི་གསང་སྔགས་དང་། ཕྱག་རྒྱ་མང་པོ་དང་། རས་རིས་ཀྱི་སྒྲུབ་པའི་ཆོ་ག་ཤིན་ཏུ་རྒྱས་པ་འདི་དང་དེ་དག་མི་ཤེས་སོ།། སྔོན་མ་ནི་དུ་ཞིག། བར་མ་ནི་དུ་ཞིག། ཐ་མ་ནི་དུ་ཞིག། རྩ་བའི་གསང་སྔགས་ནི་དུ་ཞིག། སྙིང་པོ་ནི་དུ་ཞིག། ཉེ་བའི་སྙིང་པོ་ནི་དུ་ཞིག། ཇི་སྲིད་དུ་ཡི་གེ་བཅུ་པའི་བར་གྱི་གསང་སྔགས་ནི་དུ་ཞིག། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་དང་། རས་རིས་ནི་དུ་ཞིག་ལགས། བཅོམ་ལྡན་འདས་བདག་ལ་སྐབས་དབྱེ་བར་གསོལ་ཞེས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཕྱག་ན་རྡོ་རྗེ་ལ་བརྩེ་བའི་དོན་དུ་ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་བླངས་ནས། བཅོམ་ལྡན་འདས་ལ་མཆོད་པའི་དོན་དུ་ནམ་མཁའི་དབྱིངས་སུ་གཏོར་རོ།། གཏོར་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་དབུ་སྟེང་གི་མཚམས་སུ་འཁོར་ལོ་རྣམ་པར་གནས་སོ། ། དཔག་ཚང་ལྔ་བརྒྱར་ཁྱབ་ཅིངས་གཎྜཱི་ལས་གྱེན་དུ་འཕགས་པ་ཉིད་ཀྱི་ཇི་སྲིད་འོག་མན་གནས་ཀྱི་བར་དུ་གནས་ཏེ། བཻ་ཌཱུཪྻ་སྔོན་པོ་ཆེན་པོའི་སྡོང་བུ་ལ། འཛམ་བུའི་ཆུ་བོའི་གསེར་གྱི་དྲིལ་བུ་དཔྱངས་པའི་བ་དན་བཅིངས་པས་མཛེས་ཤིང་འབར་བར་ཡོངས་སུ་གྱུར་ཏོ།། འཁོར་ལོའི་རྣམ་པ་ལེགས་པར་ཡོངས་སུ་འཁོར་བ་ནི་ཉི་མ་བྱེ་བ་བརྒྱ་སྟོང་ཕྲག་པས་ལྷག་པའི་ཀུན་ཏུ་སྣང་བ། ལེགས་པར་ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཤིན་ཏུ་དྲི་མ་མེད་པའི་གསེར་གྱི་མཆོད་སྡོང་རྣམ་པར་མཛེས་པར་ཤིན་ཏུ་གནས་པ། ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་པས་སྨྲས་པ། དགའ་བར་བྱ་བ། ཡིད་ཀྱི་ཤིང་རྟ་རབ་ཏུ་ཚིམ་པར་བྱེད་པ་དང་། དགའ་བར་བྱ་བ་མཐོང་བ། ལྷ་དང་ལྷ་མ་ཡིན་གྱིས་ཕྱག་བྱ་བར་འོས་པ་དང་། རྗེད་པར་བྱ་བར་འོས་པ་དང་། དྲང་སྲོང་རྣམས་ཀྱིས་བསྟོད་པར་འོས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་འོས་པ་སྟེ། ཐམས་ཅད་དུ་ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་གི་གེ་ས་ར་ལ། དེ་བཞིན་གཤེགས་པའི་སྐུ་བཞུགས་པའི་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པར་འཁོར་གྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་ནས་བཞུགས་པ་ལ། གདུགས་ཀུན་ནས་ཡོངས་སུ་འཁོར་བའི་ལྷ་རྫས་ཀྱི་གཞལ་མེད་ཁང་དང་། ལྷ་དང་། ཀླུ་དང་། ཆུས་བྱུང་དང་། ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རིག་སྔགས་འཆང་དང་། རིག་པ་འཛིན་པ་བརྒྱ་སྟོང་ཕྲག་གིས་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པའི་གཞལ་མེད་ཁང་དང་། ལྷ་རྫས་ཀྱི་རྒྱན་དང་། གོས་དང་། ལྷབ་ལྷུབ་ཀྱིས་བརྒྱན་ཅིང་། དར་དཔྱངས་དང་། བ་དན་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཐོགས་ཏེ། བཅོམ་ལྡན་འདས་དང་འཁོར་གྱི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར་ཏོ།། ལྷ་རྫས་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱི་ཆར་འབབ་པར་གྱུར་ཅིང་། ལྷའི་དྲི་ཟའི་གླུ་དབྱངས་ཡང་དག་པར་ལེན་ཅིང་། རྔ་དང་ཕེག་རྡོ་བ་རྣམས་ཀྱིས་མཆོད་པའི་དོན་དུ་རོལ་མོ་བྱེད་པར་གྱུར་ཏོ།། པོ་ཊ་ལའི་རི་བོར་གཞལ་མེད་ཁང་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་རུ་ཙ་ཅོའི་སྒྲ་ཆེན་པོ་སྒྲོགས་པར་འགྱུར་ཏོ། ། པོ་ཊ་ལ་ཀར་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཡིན་པ་རྣམས་ཀྱང་སེམས་ཚམས་པར་ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་བོ། ། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་བའི་ལྷ་གང་ཡིན་པ་རྣམས་དང་། པདྨ་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་གང་ཡིན་པ་རྣམས་དང་། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བའི་ལྷ་གང་ཡིན་པ་རྣམས་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་གང་ཡིན་པ་རྣམས་དང་། གླང་པོའི་རིགས་ཀྱི་དཀྱིལ་འཁོར་བའི་ལྷ་གང་ཡིན་པ་རྣམས་དང་། དཀྱིལ་འཁོར་ཆེན་པོའི་ལྷ་གང་ཡིན་པ་དེ་རྣམས་ཐམས་ཅད་མཆོག་ཏུ་མ་མཚན་པ་དང་ལྡན་ཞིང་རྨད་དུ་བྱུང་བ་ཐོབ་སྟེ། སེམས་ཚིམས་སྐྱེས་ལ་ངོ་མཚར་བ་ཐོབ་ནས་བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་དུ་ཀུན་ཏུ་གནས་པར་གྱུར་ཏོ། ། ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་དང་། ལྷ་དང་། མཚན་མོའི་ལྷ་དང་། དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཞོན་ནུ་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚད་རིས་ཀྱི་ལྷའི་བུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། རེར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་གྱི་ལྷ་རྣམས་དང་། གཞོན་ནུའི་ལྷ་རྣམས་གདུགས་ཀྱི་ཡུ་བ་ནས་བཟུང་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་གྱུར་ཏོ། ། ལྷའི་གཞལ་མེད་ཁང་ཆེན་པོ་ལྷའི་རྣམ་པར་སྤྲུལ་པའི་མཆོད་པའི་སྤྲིན་གྱི་མཆོད་པ་བྱེད་དོ།། གདུགས་ཀྱི་རྣམ་པའི་ཁོར་ཡུག་གི་ནང་དུ་དགའ་ལྡན་གྱི་ལྷ་དང་། འོག་མིན་གྱི་ལྷ་དང་། ལྷའི་གནས་ཐམས་ཅད་དུ་ལྷའི་བུས་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་ནམ་མཁའ་ལ་མཆོད་པའི་སྤྲིན་ཆེན་པོས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་འཁོར་གྱི་དཀྱིལ་འཁོར་ལ་མཆོད་པ་བྱེད་དོ། ། སའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་གང་ཡིན་པ་རྣམས་དང་། ས་གཞིའི་ལྷ་དང་། ཆུའི་ལྷ་དང་། ནགས་ཀྱི་ལྷ་དང་། ལོ་ཏོག་གི་ལྷ་དང་། སྨན་གྱི་ལྷ་གང་ཡིན་པ་དེ་རྣམས་ཐམས་ཅད་སའི་མཐིལ་གྱི་གཞལ་ཡས་ཁང་དེ་སྦྱོང་བར་བྱེད་པར་གྱུར་ཏེ། དྲི་སྣ་ཚོགས་པའི་ཆུས་ཆག་ཆག་འདེབས་ཤིང་དྲི་སྣ་ཚོགས་པའི་ཕྱེ་མས་བྱུག་པར་བྱེད། མེ་ཏོག་སྣ་ཚོགས་གཅལ་དུ་འགྲེམས་ཤིང་། བདུག་པ་སྣ་ཚོགས་ཀྱིས་བདུགས་ནས་སའི་དཀྱིལ་འཁོར་ཡང་དག་པར་བརྒྱན་པར་གྱུར་ཏོ།། དེ་ལྟར་རྣམ་པར་འཕྲུལ་པའི་སྒོ་སྐབས་རྒྱ་ཆེན་པོ་ནི། དེ་བཞིན་གཤེགས་པའི་ཁྱུ་མཆོག། དེ་བཞིན་གཤེགས་པའི་དམ་ཚིག་བྱིན་གྱིས་རློབ་པའོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། དེ་ལྟ་བུའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་ལངས་པ་རྒྱ་ཆེན་པོ་མཐོང་ནས། ཤིན་ཏུ་ཡ་མཚན་པ་ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་སྟེ། འདི་ལྟར་སེམས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྟན་པ་ནི་ཤིན་ཏུ་ཡ་མཚན་ནོ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕག་པ་གཟིགས་དབང་ཕྱུག་ལ་སླར་ཡང་གསོལ་བ་བཏབ་བོ། ། བཅོམ་ལྡན་འདས་སྐབས་དབྱེ་བར་མཛོད་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གྱིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ན་རྡོ་རྗེ་དོགས་པ་བསལ་བ་དང་ཐེ་ཙོམ་གཅོད་པ་ལ་རྗེས་སུ་གཟུང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ལན་གསུམ་བསྐོར་བབྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་མིག་མི་འཛུམ་ཞིང་བཞིན་རབ་ཏུ་འཛུམ་པ་ལུས་འོད་ཟེར་འབར་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་དོན་ཡོད་ཞགས་པའི་དཀྱིལ་འཁོར་དང་། པདྨ་ཡངས་པའི་རྣམ་པར་འཕྲུལ་པ་དང་། པདྨ་གཙུག་ཏོར་གྱི་ནོར་བུའི་དཀྱིལ་འཁོར་དང་། དོན་ཡོད་ཞགས་པའི་གསང་བ་སྒྱུ་མ་ལྟ་བུའི་སྙིང་པོ་དང་། ཕྱག་རྒྱ་དང་། ཀུན་ཏུ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཆེན་པོའི་རིམ་པར་ཕྱེ་བ་མཆིས་ཏེ། བཅོམ་ལྡན་འདས་དེ་དག་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡོངས་སུ་བསྒྲགས་པར་བགྱིའོ།། སྒྲུབ་པ་སླ་ཞིང་བཀླས་པས་འགྲུབ་པ་དམ་ཚིག་མཆོག་ཏུ་གྱུར་པའི་སྙིང་པོ་ཉེ་བར་བསྟན་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཕྱག་གསེར་གྱི་ཁ་དོག་ཅན། འོད་ཟེར་སྣ་ཚོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡང་དག་པར་བརྒྱན་པ་བརྐྱང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོའི་གཙུག་ཏུ་ཕྱག་འཇོག་པར་མཛད་ཅིང་། སེམས་ཅན་དག་པ་ཆེན་པོ་ལེགས་སོ་ལེགས་སོ། ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ང་ལྟ་དེའི་དུས་ལ་བབ་པར་ཤེས་ན་སྤྲོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་ནས་ཕྱོགས་བཅུར་ཀུན་ཏུ་བལྟས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་ཏུ་བལྟས་ཏེ། རྩ་བའི་གསང་སྔགས་དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་ནོར་བུ་དོན་ཡོད་ཞགས་པའི་སྙིང་པོ་གསུངས་སོ།། དོན་ཡོད་པའི་སྙིང་པོའི་དཀྱིལ་འཁོར་དུ་པདྨ་གཙུག་ཏོར་གྱི་གསང་བའི་རྣམ་པར་འཕྲུལ་པ་དྲིས་པའི་དཀྱིལ་འཁོར་གྱི་ཆོ་ག་དང་པོ་ནི། དུས་གསུམ་དུ་གཤེགས་ཤིང་རབ་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དོན་ཡོད་པ་གསང་བའི་དཀྱིལ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རིགས་ཀྱི་སྙིང་པོའི་དམ་ཚིག་རྣམས་ལ་ཕྱག་འཚལ་ལོ།། ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ།། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། ། བློ་གློས་ཆེན་པོ་འཕགས་པ་ཤཱ་རི་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ།། འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཚོགས་ཀྱི་མཆོག་རྣམས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། པདྨོའི་གཙུག་ཏོར་གྱི་དཀྱིལ་འཁོར་འཆང་བ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། དྲང་སྲོང་ཆེན་པོ་འཕགས་པའི་ཚོགས་ཀྱི་མཆོག་རྣམས་ལ་ཕྱག་འཚལ་ལོ།། དེ་རྣམས་ལ་ཕྱག་འཚལ་ལོ།། རྣམ་པར་ཐར་པའི་དཀྱིལ་འཁོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་གསུངས་པ། དོན་ཡོད་པའི་རྒྱལ་པོའི་པདྨ་གཙུག་ཏོར་གྱི་སྙིང་པོ་དེ་བཞིན་གཤེགས་པའི་སྤྱན་སྔར་གསུངས་པ་འདི་བདག་གིས་ད་ལྟར་འཁོར་ཆེན་པོ་ལ་བཤད་པར་བགྱིའོ། ། ཏདྱ་ཐཱ། ཨོཾ་པདྨོཥྞཱི་ཥ་བ་ར་ད་ཧཱུཾ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། ཙི་རི་ཙི་རི། བི་རི་བི་རཽ། ཙི་རི་ཙི་རི། པ་ར་མ་ཀཱ་རུ་ཎི་ཀ། སི་རི་སི་རི། ཙི་རི་ཙི་རི། པི་རི་པི་རི། བི་རི་བི་རི། མ་ཧཱ་པདྨ་ཧསྟཾ། ཀ་ལེ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མཧཱ་ཤུད་དྷ་སཏྭ། ཨེ་ཧྱེ་ཧི། བུ་དྷྱ་བུ་དྡྷ། དྷཱ་བ་དྷཱ་བ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ། བི་ཙ་ལ། ཨེ་ཊ་ཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རྀ་བྷི་རི། བྷུ་རུ་བྷུ་རུ། མ་ཧཱ་བི་མ་ལ། པདྨོཥྞཱི་ཥ་བོ་ར་ཛ་སཱ་དྷ་ཡ་ཧཱུཾ་ཧཱུཾ། ཨེ་ཧྱ་ཧི། མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི། བཻ་ཥེ་དྷ་ར། དྷ་ར་དྷ་ར། མ་ཧཱ་པདྨོཥྞཱི་ཥ་དྷ་ར། ས་ར་ས་ར། སརྦ་ཨཱ་བ་ར་ཎ་ཧ་ར། ཙ་ར་ཙ་ར། སརྦ་བིདྱཱ་དྷ་ར་ན་མ་སྟྲཻ་ཏ། ཧ་ར་ཧེ་ར་སརྦ་ཀིམྲྀ་ཥ68། དྷཱ་ཧཱདྷཱནྟ། ཏཱནྡྷདྷི་ནཱི། དྷུནྣདྷུ་ནྟུ། ཨོཾ་ཀཱ་ར་པྲདྡྷ་བ་ལདྷཱ་ར། དྷཱ་ར་དྷ་ར། དྷཱ་ར་དྷཱ་རི། དྷཱནྱ་དྷཱརྨ། མནྟ་པདྨཱ་དྷཱ་ལ་དྷཱར། ཏརཏྣར། ས་ར་ས་རཱ། པར་བཱ་ར། པནྡྷ་པཱ་ཤ་དྷ་ར། ཙརཿར། 8་བ་ར་བ་ར་ར་ཤྩི་ཤ་ཏ་ས་ཧ་སྲ། པྲ་ཏི་མཎྜི་ཏ་ཤ་རཱི་རཱ་ཡ། ཛཱ་ལ་ཛཱ་ལ། ཏ་པ་ཏ་པ། བྷ་ག་བཱན་སོ་མ་ཨཱ་དི་ཏྱཱ་ཡ་མ། བ་རུ་ན། ཀུ་བེ་ར། བྲཧྨ། ཨིནྟ། རི་ཥི་ག་ཎ། དེ་བ་ག་ཎ། ཨ་བྷྲ་རྩི་ཏ། ཙ་ར་ཎསུ་རུ་སུ་རུ། ཙུ་རུ་ཙུ་རུ། པུ་རུ་པུ་རུ། མུ་རུ་མུ་རུ། ས་ནཏ་ཀུ་མཱ་ར། རུ་ཏྲ། བཱ་ས་བ། བིཥྞུ། དྷ་ན་ད། དེ་བ་རྀ་ཥི། ནཱ་ཡ་ཀ། བ་ཧུ། བི་བི་དྷ། བེ་ཥ་དྷ་ར། མ་ཧཱ་པདྨ་དཎྜ་དྷ་ར། པཱ་ཤ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པཾ་ར། ས་ར་ས་ར། ཙ་ར་ཙ་རི། བ་ར་བ་ར། མ་ཧཱ་བ་ར་དྷ་ར་ཡ་ཀ། ས་མནྟ་མཎྜཱ་ལ། ཨ་བ་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། བྷ་ག་བན་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར། རཀྵ་རཀྵ། མ་མ་སརྦ་བྷ་ཡེ་བྷྱཿསརྦ་ཨུ་པ་དྲ་བྱེ་བྷྱཿསརྦ་གྲ་ཧེ་བྷྱཱཿ་སརྦ་ཛཱ་རེ་བྷྱཿ། སརྦ་བྱཱ་དྷི་བྷྱཿ། བཱན་དྷ་བྷན་དྷ་ན་ཏཱ་ཌ་ན་ཏརྫ་ན། རཱ་ཛ་ཙཽ་ར། ཏསྐ་ར། ཨགྣི། ཨུ་ད་ཀཿབི་ཥ། ཤསྫ། པ་རི་མོ་ཙ་ཀ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཨིནྡི་བ་ལ། བོ་དྷྱཾ་ག། ཙེ་ཏུ་རཨཱརྱ་སཏྱ། སཾ་པྲ་ཀཱ་ཤི་ཀ། ཏ་མ་ཏ་མ། ད་མ་དམ། ས་མ་ས་མ། ས་མ་ས་མ། མ་ཧཱ་ཏ་མོནྟེ་ཀཱ་ར། བི་དྷ་པ་ན། ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ། མི་ལི་མི་ལི། ཊ་ཊ་ཊཊ། སིདྡྷི་སྭ་ར། ཀུ་རུ་ཀུ་རུ། བ་ར་པ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ། བི་ཤུདྡྷ་བི་ཥ་ཡ། ནི་བཱ་སི་ན། མ་ཧཱ་ཀཱ་རུ་ཎི་ཀཱ། ཤྭེ་ཏ་ཡཛྙོ་པ་བཱི་ཏ་རཏ་ནཱ་མ་ཀུ་ཊ། མཱ་ལཱ་དྷཱ་ར། སརྦ་ཛྙཱ་ཤཾ་ར་སི་ཀྲི་ཏ་མ་ཀུ་ཊ་མ་ཧདྷུ་ཏ་ཀ་མཾ་ལཱ་ལཾ་ཀྲི་ཏ། ཀ་ར་ཏ་ལ། དྷྱཱ་ན་ས་མཱ་དྷི། བི་མོཀྵ་པྲམྦ། བྷ་ཧུ་སཏྭ་སནྟ་ཏི། པ་རི་པཱ་ཙ་ཀ། མཉྫ་ཀཱ་རུ་ཎི་ཀ། སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ཀ། སརྦ་བྱཱ་དྷི་པྲ་མོ་ཙ་ཀ། སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀ། སརྦ་སཏྭ་ས་མ་ཤྭཱ་ས་ཀ། ཨོཾ་པདྨོཥྞཱི་ཥ་པཱ་ཤ་ཧྲྀ་ད་ཡ་མཎྜ་ལན་མོ་སཱུ་ཏེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་གསང་བའི་སྙིང་པོའི་དཀྱིལ་འཁོར་འདི་གསུང་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་གཞིར་ཆེར་གཡོས་པར་གྱུར་ཏེ། རི་དང་། ནགས་དང་། དགོན་པར་བཅས་པ་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་པར་གྱུར་ཏོ།། ཀུན་ནས་སའི་མཐིལ་འདིའང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་པདྨའི་གདན་ཀུན་ནས་བཏིང་བར་འགྱུར་ཏོ། ། བཅོམ་ལྡན་འདས་ཕྱག་ན་པདྨོའི་ལྟེ་བའི་གནས་ན་པདྨོ་ཆེན་པོ་གྱེན་དུ་འཕགས་པ་འདབ་མ་སྟོང་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན། བཻ་ཌཱུཪྻ་སྔོན་པོ་ཆེན་པོའི་སྡོང་བུ་དང་། འཛམ་བུ་ཆུ་བོའི་གསེར་གྱི་སྙིང་པོ་དང་། མུ་ཏིག་དམར་པོའི་ཟེའུ་འབྲུ་དང་། ལྷའི་མུ་ཏིག་ཆེན་པོའི་གེ་སར་དང་གཅིག་ཏུ་འབར་བར་འགྱུར་བ། འོད་ཟེར་སྣ་ཚོགས་པ་འབྱིན་པར་བྱེད་པ་སྟེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་དང་། ཤེལ་དང་། དངུལ་གྱི་ཁ་དོག་ཏུ་སྣང་བཞིན་པས་འབར་ཞིང་རྣམ་པར་གསལ་ལ་ལྷང་ངེའོ། ། ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་རྣམས་སུ་ཀུན་ཏུ་སྡང་བར་བྱེད་དོ།། ལྷའི་གནས་དང་། ཀླུའི་གནས་དང་། གནོད་སྦྱིན་གྱི་གནས་དང་། སྲིན་པོའི་གནས་དང་། དྲི་ཟའི་གནས་དང་། ལྷ་མ་ཡིན་གྱི་གནས་དང་། ནམ་མཁའ་ལྡིང་གི་གནས་དང་། མི་འམ་ཅིའི་གནས་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀུན་ཏུ་སྣང་བར་བྱེད་དོ།། རབ་ཏུ་ཚིམ་པར་བྱེད་དོ།། ཡང་དག་པར་སྤྲུལ་བར་བྱེད་དོ།། ཡང་དག་པར་དབུགས་འབྱིན་པར་བྱེད་དོ། ། དམྱལ་བ་ཆེན་པོ་བཅུ་དྲུག་པོ་རྣམས་ཀུན་ཏུ་སྣང་ཞིང་རེག་པས་དམྱལ་བ་ཆེན་པོ་དེ་རྣམས་ཀྱང་པདྨ་ཅན་ཆེན་པོར་སྐྱེས་པར་གྱུར་རོ།། སེམས་ཅན་དམྱལ་བ་དེ་རྣམས་ཀྱང་ཀུན་ནས་སྣང་ཞིང་རེག་པ་ཙམ་གྱིས་དེ་རྣམས་ཐམས་ཅད་ཡོངས་སུ་གྲོལ་ཏེ། བསམས་པ་ཙམ་གྱིས་མོད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེས་ཤིང་། ལྷའི་ལུས་ལ་རྒྱན་དང་། ལྷབ་ལྦུལྷུབ་དང་། གོས་དང་། སྤུད་པས་རྣམ་པར་བརྒྱན་ཅིང་། སྐྱེ་བ་ནས་སྐྱེ་བར་སྐྱེ་བར་དྲན་པར་སྐྱེས་སོ།། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀུན་ནས་སྣང་བས། རི་དགས་དང་བྱ་དེ་དག་ཐམས་ཅད་ཀྱང་དུད་འགྲོའི་སྐྱེ་གནས་ལས་ཡོངས་སུ་གྲོལ་ཏེ། མཐོ་རིགས་སུ་རྣ་རྒྱན་དྲི་མ་མེད་ཅིང་གཡོ་བ་འཛིན་པར་སྐྱེས་སོ།། དེ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་ཐམས་ཅད་ཀུན་ཏུ་སྣང་ཞིང་རེག་པ་དེ་རྣམས་ཐམས་ཅད་ས་ཆེན་པོ་བརྒྱད་པ་ལ་རབ་ཏུ་གནས་པར་འགྱུར་ཏོ། ། དེས་ཀྱང་འཁོར་ཆེན་པོ་ཀུན་ཏུ་འོངས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་རྣམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཀོད་པར་གྱུར་རོ། ། རིག་སྔགས་འཆང་གི་འཁོར་གང་ཡིན་པ་ཐམས་ཅད་ཀྱང་དོན་ཡོད་པར་པདྨའི་གཙུག་ཏོར་ཆེན་པོའི་སྙིང་པོ་གསང་བ་དོན་ཡོད་ཞགས་པའི་དངོས་གྲུབ་སོ་སོར་ཐོབ་པར་གྱུར་ཏོ། ། ཀླུའི་རྒྱལ་པོའི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་ཀྱང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་སོ་སོར་སྣང་བར་གྱུར་རོ།། ལྷའི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་ཀྱང་འོད་འབར་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ།། གནོད་སྦྱིན་དང་སྲིན་པོ་གང་ཡིན་པ་དེ་རྣམས་ཐམས་ཅད་རིན་པོ་ཆེའི་གཞལ་མེད་ཁང་དུ་གནས་པར་གྱུར་ཏོ།། འབྱུང་པོའི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་གཟི་བརྗིད་དྲིམ་མེད་པའི་ཏིང་ངེ་འཛིན་སོ་སོར་ཐོབ་པར་གྱུར་རོ།། ལྷ་མ་ཡིན་གྱི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་རྡོ་རྗེའི་གོ་ཆ་དང་རྡོ་རྗེ་རྒྱལ་མཚ་གྱི་ཡ་ལད་བགོས་པར་གྱུར་ཏོ། ། ནམ་མཁའ་ལྡིང་གི་འཁོར་གང་ཡིན་པ་ཐམས་ཅད་ཀྱང་རྡོ་རྗེ་མཆུ་རྩེ་མོ་ཆེན་པོའི་སྟོབས་ཀྱི་ཤུགས་རྗེས་སུ་ཐོབ་པར་གྱུར་ཏོ།། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོའི་འཁོར་གང་ཡིན་པ་ཐམས་ཅད་ཀྱང་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་པར་གྱུར་ཏོ།། དགེ་བསྙེན་དང་། དགེ་བསྙེན་མ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ཡིན་པ་དེ་རྣམས་ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་ཀྱང་སྐུ་ལས་ཉི་མའི་ཏོག་ཅེས་བྱ་བའི་འོད་ཟེར་ཆེན་པོ་སྣང་བར་སྤྲོས་ཏེ། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་རྗེས་སུ་ཞུགས་སོ།། སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་ཞུགས་མ་ཐག་ཏུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་པདྨ་གཙུག་གཏོར་གྱི་གསང་བའི་རྣམ་པར་འཕྲུལ་པ་ལ་ལྟོས་ཤིག། ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ལགས་སོ།། སེམས་དཔའ་དག་པ་བདག་གིས་མཐོང་ལགས་སོ།། སེམས་དཔའ་ཆེན་པོ་དག་པ་འདིའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ། པདྨའི་དབང་ཕྱུག་དོན་ཡོད་པའི་ཞགས་པའི་སྙིང་པོ།། པདྨ་གཙུག་ཏོར་གྱི་གསང་བའི་སྙིང་པོའི་དཀྱིལ་འཁོར་ཤིན་ཏུ་ཟབ་པ། ཤིན་ཏུ་རྒྱ་ཆེ་བ། རྨད་དུ་བྱུང་བ་ཆེན་པོ།། དངོས་གྲུབ་མཆོག་སྒྲུབ་པར་བྱེད་པ་ནི། བཅོམ་ལྡན་འདས་མཐའ་དག་རྒྱས་པར་གསུངས་ཤིག། གསང་སྔགས་རིམ་པར་ཕྱེ་བ་དང་། རིག་སྔགས་དང་། དཀྱིལ་འཁོར་རྨད་དུ་བྱུང་བ། ཉེ་བར་སྤྱོད་པའི་ཆོ་ག་དང་བཅས་པོ་ནི། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་རྣམ་པར་འཇོམས་པའི་དོན་དང་། རིག་སྔགས་འཆང་རྣམས་ཀྱི་མཆོག་འགྲུབ་པའི་དོན་དུ། དེ་བཞིན་གཤེགས་པའི་སྤྱན་སྔར་གསུངས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་སྙིང་པོ་མཆོག་ཏུ་གསང་བ་གཙུག་ཏོར་ཐམས་ཅད་ཀྱི་དཀྱིལ་འཁོར། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་སྡིག་པ་ཐམས་ཅད་ཉམས་པར་བྱེད་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། དྲི་མ་དང་རྙོག་མ་ཐམས་ཅད་སེལ་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བཀྲ་མི་ཤིས་པ་ཐམས་ཅད་ཟློག་པར་བྱེད་པ། སྡིག་པ་དང་། མ་རུངས་པའི་སེམས་ཅན་ཕྱིར་རྒོལ་བ་དང་། དགྲའི་འཇིགས་པ་རབ་ཏུ་ཞི་བར་བྱེད་པ། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཚར་གཅོད་པར་བྱེད་པ། དུད་ལ་སོགས་པའི་མ་རུངས་པ་ཐམས་ཅད་འཇོམས་པར་བྱེད་པ། དུག་དང་། མཚོན་ཆ་དང་། མེ་དང་། ཆུའི་འཇིགས་པ་དང་། མཆེ་བའི་དུག་དང་། སེང་གེ་དང་། རྒྱལ་པོ་དང་། གནོད་སྦྱིན་རྣམས་ལྡོག་པར་བྱེད་པ། དུག་དང་། བྱང་སྟེམས་དང་། གཡེང་བྱེད་དང་། ཕྱེ་མའི་སྦྱོར་བ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། དོན་ཡོད་ཞགས་པའི་སྙིང་པོ་དེ་ཁོ་ན་ཉིད་གཅེས་པ། རྨད་དུ་བྱུང་བ། དེ་ཁོ་ན་ཉིད་ཀྱི་སྙིང་པོའི་སྒྲུབ་པ་བླ་ན་མེད་པ་བཀླགས་པས་གྲུབ་པ་འདི་རྗེས་སུ་ཟུང་ཞིང་། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཞིན་འཛུམ་ཞིང་། གདོང་ཁྲོ་གཉེར་དང་བྲལ་བས་རྡོ་རྗེ་སྐོར་བར་བྱེད་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་དོན་ཡོད་ཞགས་པའི་སྙིང་པོ་དམ་པར་གྱུར་པ་གསང་བ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དེ་རྣམས་དུ་ནིག་ལས་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་གསོལ་པ་བཏབ་པར་རིག་ནས། ཕྱག་གཡས་པས་ལྟེ་བའི་པདྨའི་ཕྱག་རྒྱའི་རྣམ་པར་རེག་གོ།། རེག་མ་ཐག་ཏུ་ཕུག་གཡས་པའི་པདྨ་ལ་སྙིང་པོའི་རིག་སྔགས་དེའང་པདྨའི་སྟེང་དུ་འདུག་སྟེ། རང་གི་ངོ་བོ་གཞལ་མེད་ཁང་ཚངས་པའི་ཆ་བྱད་འཆང་བ། དོན་ཡོད་པའི་གཟུགས་སྤྱན་གསུམ་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ནོར་བུ་གསེར་གྱི་ཅོད་པན་ཅན། འོད་དཔག་མེད་ཀྱི་ཅོད་པན་གྱིས་བརྒྱན་པ། རལ་པའི་ཅོད་པན་པདྨའི་གཙུག་ཏོར་གྱིས་སྤུད་པ། ཟླ་བ་ཕྱེད་པས་རྣམ་པར་མཛེས་པ། ཞགས་པ་འཆང་བ་དང་། པདྨའི་གཙུག་ཏོར་འཆང་བ་དང་། ནོར་བུའི་དབྱུག་པ་འཆང་བ་དང་། རྡོརྗེའི་དབྱུག་པ་འཆང་བ་དང་། སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་འབར་བས་ཡང་དག་པར་བརྒྱན་པ། གོས་རྣམ་པར་བཀྲ་བ་སྣ་ཚོགས་པ་དང་། སྤྱན་ཉི་མ་དང་ཟླ་བ་བས་ལྷག་པར་འབར་བས་རྣམ་པར་མཛེས་པ། པདྨ་རྣམས་ཀྱི་སྟེང་ན་མཛེས་བཞིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉེས་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པ། ལྷ་ཐམས་ཅད་ཀྱིས་མཆོད་པར་འོས་པ། ཀླུ་ཐམས་ཅད་ཀྱིས་རྗེས་སུ་གཟུང་བར་འོས་པ། དྲང་སྲོང་ཐམས་ཅད་ཀྱིས་དགའ་བར་འོས་པ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་རྗེས་སུ་འགྲོ་བར་འོས་པ། སེམས་ཅན་ཐམས་ཅད་ཀྱི་བླ་མར་འོས་པ་མཐོང་སྟེ། དེ་ལྟ་བུའི་སྣང་བ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དེ་ཁོ་ན་ཉིད་ཅེས་པའི་སྙིང་པོར་གྱུར་པ་སྙིང་པོ་ཉེ་བར་བསྟན་ནོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་བ་ཙམ་གྱིས་མོད་ལ་སྙིང་པོ་གསང་བ། དོན་ཡོད་པའི་པདྨ་དྲི་མ་མེད་པའི་གཙུག་ཏོར་འོད་ཟེར་འབར་བའི་ཏིང་ངེ་འཛིན་སོ་སོར་ཐོབ་པར་གྱུར་ཏོ།། ཏིང་ངེ་འཛིན་སོ་སོར་ཐོབ་པ་གང་གིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ནང་དུ་ཆུད་པར་གྱུར་ཏོ།། དེ་རྣམས་ཐམས་ཅད་རབ་ཏུ་མགུ་བའི་ཡིད་ཀྱིས་ཞབས་དག་གི་རྗེས་ལ་ཕྱག་འཚལ་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་ཞགས་པའི་སྙིང་པོའི་གསང་སྔགས་འདི་སྨྲས་སོ། ། ཨོཾ་ཨ་མོ་གྷ་པཱ་ཤ་ཧྲྀད་ཡ་པདྨོཥྞཱིའི་ཀུ་མཱ་ར་བེ་ཥཱ་བྷ་ར་པདྨེ་ཤྭ་ར། ཨཱ་བེ་ཤ་ཡ། སརྦ་ཨ་མོ་གྷ་ཀུ་ལ་ས་མ་ཡ་ཧྲིད་ཡ། སརྦ་སིདྡྷི་ཨ་མོ་གྷ་པྲ་ཡཙྪ་པདྨ། པདྨ་ཧཱུཾཧཱུཾན་མོ་སྟུ་ཏེ་སྭཧཱ། འདོན་དོན་ཡོད་ཞགས་པའི་སྙིང་པོ་བཀླགས་པས་གྲུབ་པའི་སྒྲུབ་ཐབས་སོ།། ཨོཾ་ཨ་མོ་གྷ་པདྨེཥྚི་ཥེ་ཤྭ་ར། པདྨེ་ཤྭ་ར། ས་མནྟ་ཡ་སརྦ་ཏ་ཐཱ་ག་ཏ་ནཱ~ཾ། ཨ་མོ་གྷ་པདྨོཥྚ~ཾ་ཥ་ས་མ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། སརྦ་ཀརྨ་སིདྡྷིཾ་པྲ་ཡཙྪ་མེ་ཨ་བ་ལོ་ཀི་ཏེ་ཤྭ་རདྡྷཱ་ཧཱུཾ། མཧཱ་པདྨོཥྞཱི་ཥ་བྷུ་ཛེ་སྭཱ་ཧཱ། རིགས་ཀྱི་རྒྱལ་པོའི་གསང་སྔགས་སོ།། ཨོཾ་མ་ཧཱ་ཙཎྜ་པདྨེ་ཤྭ་ར་བི་བི་དྷ་རཱུ་པ། བི་ཀཱ་ཊ། པརྦྦ་དཾརྫྫ་ཀ་རཱ་ལ་བྷཱི་ཥཎ། པཀྵ་སརྦ་དུཥྚ་ཧྲི་ཡ~ཾ། ཁཱ་ད་ཡ། བིཥྚ། པདྨ་དྷཱི། ཊ~ཾ། དྲྀ་ཊི་ཧཱུ~ཾ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོའི་རིགས་ཀྱི་སྙིང་པོའོ།། ནང་གི་དཀྱིལ་འཁོར་གྱི་གསང་བའི་ལས་རྣམས་སོ།། ཨོཾ་ཨ་མོ་པདྨེཥྚི་ཥ་པདྨེ་པཱ་ཤ་ཀྲོ་དྷ་ཀཱ་མཱ་ཡ་ཀརྶ་པྲ་བེ་ཤ་ཡ་མཎྜ་ཤུ་བ་ཏི། ཡེ་མ། བཅུ་མགུ་བེ+ེ་མ་པྲཱངྒ་བེཥྚ་དྷཱ་རེ། མ་ཧཱ་ཙཎྜ་བེ་ག་ཨ་མོ་གྷ་ཀུ་ལ་ས་མ་ཡ། པདྨེ་ཙྪ་ནཱཾ། ཁྲོ་བོའི་རྒྱལ་པོ་དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་སྙིང་བོའོ། ། དེ་ནས་དོན་ཡོད་པའི་སྙིང་པོའི་ལས་རྣམས་སུ་འགྱུར་ཏེ། དྲན་པ་ཙམ་གྱིས་མོད་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པས་གཅིག་ཏུ་མཚུངས་པར་འགྱུར་རོ།། ཚེ་དཔགས་དང་མཉམ་པའི་ལུས་སུ་འགྱུར་རོ། ། ཕྱོགས་བཅུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་ཤིང་མཉམ་པ་ཉིད་དུ་འགྱུར་རོ།། མཚུངས་ཤིང་མཉམ་པ་ཉིད་ཀྱི་བ་། དགེགབ་ཐས་ཅ་མཉམ་པ་ཉིད་དུ་མཐོང་ངོ་།། པདྨའི་བྱུག་གི་ཏིང་ངེ་འཛིན་རྣམས་དང་། པདྨའི་གཙུག་ཏོར་གྱི་ཕྱག་གིས་འཇིག་རྟེན་དབང་ཕྱུག་དང་མཉམ་པ་ཉིད་དུ་འགྱུར་རོ།། པདྨའི་གཙུག་ཏོར་བཅིངས་པ་ཉིད་ཀྱིས་སྤྱི་ན་གཙུག་ཏུ་མངོན་པར་དབང་བསྐུར་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་རོ།། པདྨའི་གཙུག་ཏོར་གྱིས་དོན་ཡོད་པར་དབང་བསྐུར་བ་གང་ཡིན་པ་དེ་པདྨ་གཙུག་ཏོར་གྱི་སྙིང་པོ་རྒྱས་པར་འགྱུར་བ་ཐོབ་སྟེ། ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་དང་བླ་ན་མེད་པའི་དཔལ་ཐོབ་བོ།། རིགས་ཀྱི་རྒྱལ་པོའི་གསང་སྔགས་རྒྱས་པར་གྱུར་པ་པདྨ་གཙུག་ཏོར་རྒྱ་དཀྱིལ་འཁོར་དུ་རིགས་ཀྱི་རྒྱལ་པོ་ལེགས་པར་གྲུབ་པར་འགྱུར་ཏེ། ཐམས་ཅད་དུ་རིགས་ཀྱི་རྒྱལ་པོའི་དངོས་གྲུབ་བཟང་པོ་རྣམས་འོངས་པར་འགྱུར་རོ།། རིགས་ཀྱི་རྒྱལ་པོའི་གསང་སྔགས་ཀྱི་རྒྱལ་པོ་དང་རིག་སྔགས་ཀྱི་རྒྱལ་པོ་མཆོག་གི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་དོ། ། པདྨོའི་ཕྱག་གིས་རྗེས་སུ་འཇུག་ཅིང་། དོན་ཡོད་པའི་རིགས་ཀྱི་དངོས་གྲུབ་ཇི་ལྟ་བ་བཞིན་དུ་འགྲུབ་སྟེ། བཀླགས་པས་གྲུབ་པ་འདི་ལ་ཐེ་ཙོམ་མེད་དོ། ། པདྨ་གཙུག་ཏོར་གྱི་རིགས་ཀྱི་དངོས་གྲུབ་དང་། པདྨ་ཡངས་པའི་དཀྱིལ་འཁོར་རམ། དོན་ཡོད་ཞགས་པའི་དཀྱིལ་འཁོར་དུ་བཀླགས་ནས་བཟླས་པ་ཙམ་གྱིས་འགྲུབ་སྟེ། རིགས་ཀྱི་རྒྱལ་པོ་དང་རིག་སྔགས་ཀྱི་རྒྱལ་པོ་གང་ཡིན་པ་དེ་ཐམས་ཅད་དུ་དབང་ཕྱུག་ཏུ་འགྱུར་རོ།། དཀྱིལ་འཁོར་རྣམས་ཀྱི་ཆོ་ག་ཞིབ་མོ་དང་ཕྱག་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིགས་ཐུན་མོང་བ་ཐམས་ཅད་དུ་རྒྱལ་པོའི་བྱ་བ་བྱེད་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་རྣམས་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་རྣམས་དང་། གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཞིང་དུ་རྒྱལ་པོར་འགྱུར་རོ། ། རིགས་ཀྱི་རིག་པ་ལྷའི་དབང་ཕྱུག་དང་། ལྷའི་ཚོགས་རྣམས་ཀྱི་དབང་ཕྱུག་ཏུ་འགྱུར་རོ།། རྟག་ཏུའང་གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་སུ་གྱུར་པ་དང་། དྲི་ཟ་རྣམས་སུ་གྱུར་པ་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་ཀྱི་དེ་བཞིན་ཉིད་དུ་ཐམས་ཅད་དུ་རྒྱལ་པོ་དང་དབང་ཕྱུག་ཏུ་རྟག་ཏུ་འགྱུར་ཏེ་ཐེ་ཚོམ་མེད་དོ།། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཐམས་ཅད་དུ་ཇི་སྲིད་བྱང་ཆུབ་ལ་ཡང་དག་པར་གནས་ཀྱི་བར་དུ་རིགས་ཀྱི་རྒྱལ་པོར་འགྱུར་རོ།། དེ་ནས་ཁྲོ་བོའི་རྒྱལ་པོ་དྲན་པ་ཙམ་དང་། དྲག་པོ་དེ་ཡིད་ལ་སེམས་པ་ཙམ་གྱིས་མོད་ལ་འཕྲལ་དུ་རི་རབ་ལྟུང་བར་བྱེད་ཅིང་། ཁོར་ཡུག་གི་རི་རྣམ་པར་འཐོར་བར་བྱེད་དོ།། རྒྱ་མཚོ་ཆེན་པོ་ཀུན་ནས་དཀྲུག་ཅིང་། རྒྱ་མཚོ་ཆེན་པོ་ཉེ་བར་སྐྱེ་བར་བྱེད་དོ།། ཀུན་ཏུ་གསལ་བར་བྱེད་དོ།། ཀླུའི་གནས་ཐམས་ཅད་དུ་ཀླུའི་གནས་འབར་བར་ཡང་བྱེད་དོ། ། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཀྱི་སྐད་ཅིག་ཙམ་གྱིས་སྟེང་དུ་བདུག་པར་བྱེད་དོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། གཟའ་དང་། བརྗེད་བྱེད་དང་། མི་བབད་པ་དེ་རྣམས་ཐམས་ཅད་ཁྲོ་བོའི་རྒྱལ་པོ་དྲན་པ་ཙམ་གྱིས་འཇིགས་པར་འགྱུར་རོ།། ཁྲོ་བོའི་རྒྱལ་པོའི་གསང་བ་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་ལ་གནས་པ་དང་། དཀྱིལ་འཁོར་དུ་ཕྱག་རྒྱ་གནས་པ་དང་། གསང་སྔགས་ཀྱི་ལྷ་གཞན་གང་ཡིན་པ་རྣམས་ཀྱིས་ཁྲོ་བོའི་རྒྱལ་པོ་དྲན་པ་ཙམ་གྱིས་དེ་རྣམས་ཐམས་ཅད་རིག་སྔགས་འཆང་ལ་སྐྱབས་སུ་འགྲོ་བར་བྱེད་དོ།། དེ་རྣམས་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་ཞིང་གནས་པར་བྱེད་དོ། ། འགའ་ཞིག་གང་དུ་འགྲོ་བ་འམ་འདུག་པ་དེ་ལ་དབང་པོ་དང་། སྐབས་གསུམ་པའི་ལྷ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། གཞོན་ནུ་དང་། སྡེ་དཔོན་དང་། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་དུས་རྟག་ཏུ་རིག་སྔགས་འཆང་གི་རྗེས་སུ་འབྲང་བར་བྱེད་དོ། ། ཐེ་ཚོམ་མེད་དོ།། ཁྲོས་པའི་ལས་རྣམས་སམ། དེ་བཞིན་དུ་དྲག་པོའི་ལས་རྣམས་ཐམས་ཅད་ཀྱང་ཧཱུ~ཾ་ཡིག་ཙམ་གྱིས་དེ་ལ་དངོས་གྲུབ་མཐོང་ངོ་།། ཕྱིར་རྒོལ་བ་དང་། དགྲ་དང་། སེམས་ཅན་མ་རུངས་པ་ཤིན་ཏུ་མི་བཟད་པ་རྣམས་དང་། ཕ་རོལ་གྱི་དམག་ཚོགས་དང་། འཇིགས་པ་དང་། རྣམ་པར་འགྲས་པའི་སྐྱེ་བོ་དང་། སྡིག་པ་དེ་རྣམས་ཐམས་ཅད་ཧཱུཾ་ཡིག་གིས་མཆོག་ཏུ་གཟིར་བ་ཙམ་གྱིས་ཐལ་བར་འཇིག་པར་འགྱུར་རོ། ། སྡང་བ་དང་། ངན་སེམས་པའི་སེམས་ཅན་དང་། བྱས་པ་མི་གཟོ་བ་དང་། བྱས་པ་ལ་འཁོན་པ་ཐམས་ཅད་དྲག་པོའི་ཧཱུཾ་ཡིག་བཟླས་པ་ཙམ་གྱིས་སྐད་ཅིག་ལ་སྲེག་སྟེ། དཔེར་ན་མེ་ཡིས་བྱེ་མ་ལེབ་བཞིན་ནོ། ། ལས་གཞན་སྟོང་ཕྲག་རྣམས་དང་། ལས་བརྒྱ་སྟོང་ཕྲག་ཉིད་བཟླས་པ་ཙམ་གྱིས་འགྲུབ་སྟེ། དྲན་པ་ཙམ་གྱིས་མོད་ལ་ལས་ཐམས་ཅད་འགྲུབ་བོ།། དེ་ནས་དོན་ཡོད་པ་པདྨའི་གཙུག་ཏོར་དྲན་པ་ཙམ་གྱིས་བྱ་བ་ཐམས་ཅད་ནི་གཉིས་སུ་འགྱུར་ཏེ། ཇི་ལྟར་གང་ཅུང་ཟད་ཡིད་ལ་བྱེད་པས་ལས་བྱེད་དོ།། དཀྱིལ་འཁོར་རམ་གནས་རྣམ་པ་གཞན་ཐམས་ཅད་དུ་ཇི་ལྟར་ཡིད་ལ་བྱེད་པའི་བྱ་བ་ཐམས་ཅད་དུ་བྱེད་དོ་ཞེས་སོ། ། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅོ་ལྔ་པ།། དེ་ནས་གསང་སྔགས་ལ་འཇུག་པ་རྣམས་ཀྱི་དགོས་པ་ཐམས་ཅད་སོ་སོར་འགྲུབ་པར་འགྱུར་བ་ནི། ཨོཾ་ཞེས་བྱ་བ་དོན་ཡོད་པའི་ཞགས་པ་པདྨ་ག་ཅུ་གཏོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གསང་སྔགས་ཡི་གེ་གཅིག་པའོ།། འཇིག་རྟེན་མགོན་པོའི་སྤྱན་སྔར་འའབུམ་དྲན་པར་བྱས་ནས་དང་པོ་ལ་གནས་པར་འགྱུར་རོ། ། སྔོན་གྱི་སྡིག་པ་བསགས་པ་སེམས་ཅན་དམྱལ་བ་མི་བཟང་བ་གང་ཅིའང་རུང་བ་དེ་དག་ཐམས་ཅད་ཇི་ལྟར་རླུང་གིས་ཕྱག་དར་གཏོར་བ་བཞིན་འཇིག་པར་འགྱུར་རོ། ། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ།། དོན་ཐམས་ཅད་རྗེས་སུ་འཇུག་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་། གང་དཀྱིལ་འཁོར་གྱི་ལྷ་གཞན་དག་ཀྱང་དགྱེས་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པ་མཛད་དོ།། གསང་སྔགས་ཨོཾ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ།། གསང་སྔགས་ཀྱི་ཡི་གེ་གཅིག་པའོ། ། ཨོཾ་བྷུ། ཡི་གེ་གཉིས་པ་འབུམ་བཟླས་བརྗོད་བྱས་ནས་ས་གཉིས་པ་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་འདུ་བར་འགྱུར་ཞིང་མཆོག་ཐམས་ཅད་རྗེས་སུ་སྦྱིན་པར་མཛད། སྡིག་པ་ཐམས་ཅད་ཀྱང་རྣམ་པར་དག་པར་མཛད། སྔོན་གྱི་ནད་ཀྱིས་བཏབ་པ་སོས་པར་འགྱུར། ནོར་གྱི་དབང་ཕྱུག་ནོར་བུ་བཟང་པོའི་བུ་དབང་དུ་འགྱུར་ཞིང་ཉེ་བར་གནས་པར་འགྱུར་རོ།། མི་གང་གིས་ཀྱང་ཕྱིར་ཞིང་བར་ཆད་བྱེད་ནུས་པར་མི་འགྱུར། ཚེ་འཕོས་ནས་རི་གྲུ་འཛིན་དུ་སྐྱེ་བར་འགྱུར། དོན་ཡོད་པའི་ཞགས་པའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ།། ཨོཾ་པདྨེ། གསང་སྔགས་ཀྱི་ཡི་གེ། གསུམ་པ་འབུམ་བཟླས་བརྗོད་བྱས་ནས་གསུམ་པ་ལ་ཡང་དག་པར་འཇུག་པར་འགྱུར་རོ།། པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་གསང་སྔགས་གང་ཡིན་པ་། ཐམས་ཅད་ལ་ཞུགས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཞོན་ནུའི་ཆ་བྱད་ཅན་མདུན་ན་བཞུགས་པར་འགྱུར་ཞིང་འདོད་པ་ཐམས་ཅད་ཀྱི་མཆོག་རྗེས་སུ་སྦྱིན་པར་མཛད། དོན་ཡོད་བའི་ཞགས་པའི་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་སྟོན་པར་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་སྟོན་པར་མཛད་པ། ཐམས་ཅད་དུ་དངོས་གྲུབ་རྗེས་སུ་སྦྱིན་པར་མཛད་དོ། ཨོཾ་པདྨ་ཧྲཱིཿགསང་སྔགས་ཡི་གེ་བཞི་པ་འབུམ་བཟླས་བརྗོད་བྱས་ན་ས་བཞི་པ་ལ་འཇུག་པར་འགྱུར། འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་མདོག་གསར་གྱི་ཁ་དོག་ཅན་མདུན་ན་བཞུག་ཤིག་དཔུང་པོ་བརྐྱང་ནས་ཕྱག་སྤྱི་བོར་འཇོག་པར་མཛད་ལ། རིག་སྔགས་འཆང་བ་ལེགས་སོ་ཞེས་བྱ་བ་རྗེས་སུ་སྦྱིན་པར་མཛད་དེ། རིག་སྔགས་འཆང་ཚུར་ཤོག། ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་སྟེ། རང་གི་ངོ་བོ་ཐམས་ཅད་ཤིན་ཏུ་དྲི་མ་མེད་པར་ཡོངས་སུ་དག་གོ། མིའི་འཇིག་རྟེན་འདི་ནས་ཚེ་འཕོས་ནས་ངའི་སངས་རྒྱས་ཀྱི་ཞིང་དུ་འོང་ཞིང་ཚེ་རབས་དྲན་པར་འགྱུར་ཞིང་། ཕྱིར་ཞིང་ནམ་ཡང་མངལ་ན་གནས་པས་གོས་པར་མི་འགྱུར། འཇིག་རྟེན་པའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། ཨོཾ་པདྨ་བྷུ་ཛེ། གསང་སྔགས་ཡི་གེ་ལྔ་པ་འབུམ་བཟླས་བརྗོད་བྱས་ནས་ལྔ་པ་ལ་གནས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་རབ་ཏུ་སྟོན་པར་མཛད། སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར། རིག་སྔགས་འཆང་ལ་ལེགས། སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། ཁྱོད་ལ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྐྱེས་ཏེ། རིག་སྔགས་འཆང་ཁྱོད་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པས། རིག་སྔགས་འཆང་ཁྱོད་ཆེ་བརྗེས་ན་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་གཉིས་ཀྱི་དྲུང་དུ་དགེ་བའི་རྩ་བ་མཚུངས་པར་བསྐྱེད་པར་འགྱུར་ཞིང་། ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་ཆེན་པོ་རིམ་པར་ཕྱེ་བ་གྲུབ་ཅིང་རིག་སྔགས་འཆང་ཁྱོད་སྒྲིབ་པ་དང་སྡིག་པ་ཐམ་ཅད་སྤངས་ཀྱིས། བྱ་བ་ཐམས་ཅད་གྱིས་ཤིག། ཡིད་ལ་བྱ་བའི་སྒྲུབ་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དེ་དག་ཐམས་ཅད་ཤིན་ཏུ་འགྲུབ་པར་འགྱུར་རོ།། ཨོཾ་པདྨ་ལོ་ཀི་ཏེ། གཟུངས་སྔགས་ཡི་གེ་དྲུག་པ་འབུམ་བཟླས་བརྗོད་བྱས་ན་ས་དྲུག་པ་འཐོ་བ་སྟེ་འཇུག་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་སྣང་བ་མཛད་པར་འགྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གཟིགས་ཤིང་མངོན་གསུམ་དུ་སྟོན་པར་མཛད། དབུགས་འབྱིན་པར་མཛད་དོ།། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་གཟིགས་པའི་རྒྱལ་མཚན་རིག་སྔགས་འཆང་དེ་ལ་ཡང་དག་པར་དབུགས་འབྱིན་པར་མཛད་དོ། ། རིག་སྔགས་འཆང་ངའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་ཚུར་ཤོག། ལས་བྱས་པ་ནི་ཤིན་ཏུ་ཡོངས་སུ་ཟད་ཅིང་ཁྱོད་ཀྱིས་སེམས་ཅན་དམྱལ་བའི་སྒོ་རྣམས་ནི་བཅང་། ཁྱོད་ཀྱིས་སངས་རྒྱས་ཞིང་ཐམས་ཅད་རྣམ་ནི་ཕྱེ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་དང་རིགས་ཀྱི་སྤྱི་ནི་ཁོང་དུ་ཆུད། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་དང་གསང་བའི་དཀྱིལ་འཁོར་ནི་གྲུབ། ཁྱོད་ཀྱིས་ཐམས་ཅད་དུ་གནས་ཀྱི་སྒོ་རྣམས་ནི་ཕྱེ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་སྒྲུབ་པ་རྣམས་ཇི་ལྟར་ཡིད་ལ་བྱས་པ་བཞིན་ལས་ཐམས་ཅད་བྱོས་ཤིག། ཨོཾ་པདྨ་དྷཱ་ལ་བྷྲཱུ~ཾཥྚི་ཀ་ཡི་གེ་བདུན་པ་འབུམ་བཟླས་བརྗོད་བྱས་མ་ཐག་ཏུ་ཏིང་ངེ་འཛིན་པདྨ་དྲི་མ་མེད་པ་སྒྲིབ་པ་དང་བྲལ་བ་དག་པ་ཞེས་བྱ་བ་ཐོབ་པར་འགྱུར་ལ། ཏིང་ངེ་འཛིན་གང་ཐོབ་པས་ལུས་ཤིན་ཏུ་འབར་བར་འགྱུར་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་སུ་གྱུར། ས་བདུན་པ་ལ་གནས་པར་འགྱུར། ལུས་ཀྱི་སྣང་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱེད་ཅིང་། གང་དང་གང་དུ་འོད་ཟེར་རིན་པོ་ཆེ་འབར་བ་སྣ་ཚོགས་དག་འབབ་པ་ལས་མེ་ཏོག་གི་ཆར་སྣ་ཚོགས་པ་རྣམས་འབྱུང་བར་འགྱུར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་པདྨ་འོད་ཟེར་འབར་བ་གསེར་གྱི་མདོག་ཅན་དཔུང་པ་བརྐྱང་སྟེ། ཕྱག་གཡས་པས་རིག་སྔགས་འཆང་གི་སྒྲ་བོཔོར་འཇོག་ཅིང་ལེགས་སོ་ཞེས་བྱ་བའང་སྦྱིན་ལ་དབུགས་འབྱིན་པར་མཛད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྙིང་པོ་གསང་བ་བཟླས་བརྗོད་ཀྱི་ཆོ་ག་མཆོད་པའི་མཆོག་ཡིན་ནོ། ། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་གསང་བ་ཞེས་པའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཡང་དག་པའོ།། རིག་སྔགས་འཆང་ཁྱོད་ཀྱིས་དཀྱིལ་འཁོར་མཐའ་དག་རྫོགས་པ་དང་། པདྨ་གཙུག་ཏོར་གྱི་སྙིང་པོའི་ཆོ་ག་ཞིབ་མོ་དང་། དོན་ཡོད་པའི་ཞགས་པ་རྣམ་པར་སྤྲུལ་པ་གྲུབ་ཀྱིས། རིག་སྔགས་འཆང་ངའི་སངས་རྒྱས་ཀྱི་ཞིང་དུ་སོང་ལ་སངས་རྒྱས་ཀྱི་མཛད་པ་གྱིས་ཤིག། ཨོཾ་ཨ་མོ་གྷ་མ་ཎི་པདྨེ། གཟུངས་སྔགས་ཀྱི་སྙིང་པོ་ཡི་གེ་བརྒྱད་པ་འབུམ་བཟླས་བརྗོད་བྱས་ན་ལུས་ཤིན་ཏུ་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། བཟླས་བརྗོད་བྱས་པ་ཙམ་གྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་ཤེལ་ལྟར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་སྟེ། དེ་ལྟར་རིག་སྔགས་འཆང་གི་ལུས་ཡོངས་སུ་དག་པར་འགྱུར། ས་བརྒྱད་པ་ལ་གནས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་ལུས་ཡོངས་སུ་དག་པ་རང་གི་གཟུགས་ཀྱི་ངོ་བོ་སྟོན་ཅིང་། རིག་སྔགས་འཆང་གི་མདུན་ན་གནས་ལ་རིག་སྔགས་འཆང་ཡང་དག་པར་དབུགས་འབྱིན་པར་མཛད་དེ། ཕྱག་གཡས་པ་མགོའི་སྤྱི་བོར་འཇོག་པར་མཛད། ལེགས་སོ་ཞེས་བྱ་བའང་སྦྱིན་པར་མཛད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། ། རིག་སྔགས་འཆང་ཁྱོད་ལྷག་པའི་བསམ་པ་དམ་པ་དགའ་བ་ལ་ཞུགས་སོ།། རིག་སྔགས་འཆང་སངས་རྒྱས་ཀྱི་ཞིང་མཉམ་པར་འབྲེལ་བའི་འཇིག་རྟེན་རྣམ་པར་བལྟ་བར་ཚུར་ཤོག། དེར་ཁྱོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ།། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་དཀྱིལ་འཁོར་གསང་བ་གྲུབ་ཀྱིས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པ་པདྨ་དམ་པ་བྱ་བ་ཐམས་ཅད་གྱིས་ཤིག། ཨོཾ་པདྨ་ལོ་ཙན་སུ་རུ་ཧཱུཾ། གསང་སྔགས་ཀྱི་སྙིང་པོ་ཡི་གེ་དགུ་པ་འབུམ་བཟླས་བརྗོད་བྱས་ནས་དགུ་པ་ལ་གནས་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་ཀྱི་གཙོ་བོར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་དག་རིག་སྔགས་འཆང་ལ་མངོན་སུམ་དུ་སྟོན་ཅིང་། སངས་རྒྱས་ཀྱི་ཡུལ་རྣམ་པར་སྤྲུལ་པ་སྣ་ཚོགས་སྟོན་པར་མཛད། རིག་སྔགས་འཆང་གི་སྤྱི་བོར་ཐམས་ཅད་ཀྱི་ཕྱག་འཇོག་པར་མཛད། ལེགས་སོ་ཞེས་བྱ་བའང་སྦྱིན་པར་མཛད་དེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་ངལ་ཞིང་སྦྱང་བའི་ལས་ལེགས་པར་བསྒྲུབ་པར་བྱས་སོ།། ཁྱོད་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སངས་རྒྱས་ཉིད་དུ་བསྒྲུབ་པ་སྟེ། དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་སྒྲུབ་པ་དང་། མདོ་སྡེ་ལུང་དང་བཅས་པསྒྲུབ་པ་འཇིག་རྟེན་གྱི་འདྲེན་པས་བརྟེན་པ་གང་ཡིན་པ་དེ་དག་ཐམས་ཅད་གྲུབ་པ་ཡིན་ནོ།། ཨོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ནས་ས་བཅུ་པ་ལ་གནས་པར་འགྱུར་ཞིང་། ལྷ་དང་མིའི་སྐྱེ་དགུ་དག་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བརྗོད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དོན་ཡོད་པའི་པདྨ་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ཐེ་ཙོམ་མི་བྱའོ།། གསང་སྔགས་བཅུ་པའི་སྒྲུབ་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་འདི་ནི་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་སྤྲུལ་པའི་བཟླས་བརྗོད་ཙམ་གྱིས་འགྲུབ་པ་ཡིན་ཏེ། བདག་གིས་སྔར་བསྟན་པ་ཐམས་ཅད་ལ་ལྷག་པར་ཞེན་པ། གཙང་མ་གཙང་སྦྲ་སྤྱོད་པ། གོས་གཙང་མ་བགོས་པ། བྱམས་པའི་སེམས་དང་སྙིང་རྗེ་སྐྱེས་པ། བདེན་པ་སྨྲ་བ། བླ་མ་ལ་གུས་པ། དཀོན་མཆོག་གསུམ་ལ་དད་པ་ཆེ་བ། བླ་མ་དང་སློབ་དཔོན་ལ་རྟག་ཏུ་མཆོད་པ་བྱེད་པ་འདི་ནི་བཟླས་བརྗོད་ཀྱི་ཆོ་ག་ཡིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པར་བསྟན་ཏོ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རབ་ཏུ་འཛུམ་ལ་ལག་ན་རྡོ་རྗེ་གསོར་བཞིན་དུ་མགོ་བཏུད་ནས་སྨྲས་པ། སེམས་དཔའ་ཆེན་པོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་སྙིང་པོ་གསང་བ་ཆེན་པོ་རྒྱས་པ་འདི་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། གཟུངས་སྔགས་ཀྱི་སྙིང་པོ་རེ་རེ་བོ་འདི་དག་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ན། སྤྱན་རས་གཟིགས་དབང་ཕྱུག་གང་ཆེས་ངལ་ཞིང་དུབ་པར་བཟླས་བརྗོད་སྒྲུབ་པ་དང་། ཆོ་ག་རྒྱས་པར་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། ཉིན་ཞག་གཅིག་བསྙེན་གནས་ལ་གནས་ཤིང་ཟས་བསླངས་པ་དང་། འབྲས་བུ་དང་། ལྡུམ་བུ་དང་། རྩ་བ་བཟའ་བ་ཟོས་མ་རིག་སྔགས་འདི་བསྒྲུབས་ན་སྤྱན་རས་གཟིགས་དབང་ཕྱུག་དེའི་དངོས་གྲུབ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར། སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། ལག་ན་རྡོ་རྗེ་ཉིན་ཞག་གཅིག་སྨྱུང་བ་ལ་གནས་ཤིང་ཉིན་ཞག་གཅིག་ཙམ་བཟླས་བརྗོད་བྱས་པ་ཙམ་གྱིས་འབྲས་བུ་འགྲུབ་པར་འགྱུར་བ་ལ་ནི། ལག་ན་རྡོ་རྗེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། གཞན་ཡང་དགེ་སྦྱོང་མ། བྲེགས་པ། རིགས་ཀྱི་གཙོ་བོ་བྲམ་ཟེ་འམ། རྒྱལ་རིགས་སམ། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་འམ། རྗེའུ་རིགས་སམ། དམངས་རིགས་གང་ལ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་མམ། དུས་ཚིགས་གཅིག་གམ། དུས་ཚིགས་གཉིས་སམ། དུས་ཚིགས་གསུམ་ཡོངས་སུ་རྫོགས་པར་གཞན་མི་སྨྲ་བར། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཁྲོ་བོའི་རིགས་ཀྱི་གསང་སྔགས་རིམ་པར་ཕྱེ་བ་གཟུངས་སྔགས་ཆེན་པོའི་སྙིང་པོ་བཅུ་པོ་འདི་ལན་ཅིག་དྲན་ནམ། ཀློག་གམ། མིང་གཟུང་བའང་དྲན་ནམ། ལག་ན་རྡོ་རྗེ་དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་དེའི་མཚམས་མེད་པ་བྱེད་པ་མནར་མེད་པར་གཞོལ་བ། བསྐལ་པར་གནས་པའང་དེས་ཐམས་ཅད་རྣམ་པར་དག་པར་འགྱུར་ལ། སྡིག་པ་དང་སྒྲིབ་པ་བསགས་པ་རྣམས་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་སྡིག་པ་དང་འབྲལ་བར་འགྱུར། ཚེ་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་དག་ལས་རྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་བཅུར་འཁོར་ལོས་སྒྱུར་བ་མཆོག་ཏུ་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བདེར་བར་ཡང་འགྱུར། བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་བདུན་ཅུ་རྩ་གཉིས་སུ་འཇིག་རྟེན་གྱི་ཁམས་འཇིག་རྟེན་རྣམ་པར་གཟིགས་པར་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་ནོར་བུ་དབང་བའི་འཁོར་ལོས་སྒྱུར་བར་འགྱུར། བསྐལ་པ་ཁྲི་བརྒྱད་སྟོང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རི་གྲུ་འཛིན་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། བསྐལ་པ་འབུམ་ཕྲག་བརྒྱད་ནུར་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་སུམ་ཅུ་རྩ་གསུམ་གྱི་ནང་དུ་བརྒྱ་བྱིན་ཉིད་བྱེད་པར་འགྱུར། བསྐལ་པ་འབུམ་ཕྲག་ལྔ་བཅུ་རྩ་གཉིས་སུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འཇུག་པར་འགྱུར། བསྐལ་པ་སྟོང་ཕྲག་ཉི་ཤུར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སྤྱོད་པར་འགྱུར་ཏེ། ནམས་ཀྱང་མིའི་མངལ་དུ་སྐྱེ་བར་མི་འགྱུར་ཞིང་། གང་དང་གང་དུ་སྐྱེ་བར་འགྱུར་བ་ཐམས་ཅད་དུ་རྫུས་ཏེ་སྐྱེ་བར་འགྱུར། ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ། ལགན་རྡོ་རྗེ་དེ་ལྟར་རིག་སྔགས་ལན་ཅིག་དྲན་པ་ཙམ་གྱིས་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། ། ལག་ན་རྡོ་རྗེ་གལ་ཏེ་གང་ཞིག་ཞག་གཅིག་གམ། ལན་ཅིག་སྨྱུང་བ་ལ་གནས་ཏེ་བཟླས་བརྗོད་དང་བཅས་པ་བྱེད་ན། ལག་ན་རྡོ་རྗེ་དེ་ནི་ཚེ་འདི་ཉིད་ལ་མི་བདག་ཉིད་ཀྱི་ངོ་བོ་ཉིད་སྒྲིབ་པ་དང་བྲལ་ནས་དོན་ཡོད་པའི་ཞགས་པ་ཆེན་པོ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ།། དོན་ཡོད་པ་བཀོད་པའི་ཏིང་ངེ་འཛིན་འཐོབ་བོ། ། པདྨ་གསལ་བ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འཐོབ་བོ།། དོན་ཡོད་པ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ།། དོན་ཡོད་པ་རྣམ་པར་གཟིགས་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། ། པདྨ་གཙུག་ཏོར་མཐར་ཕྱིན་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ།། དོན་ཡོད་པ་འབར་བའི་གཙུག་ཏོར་གྱི་སྙིང་པོ་གསང་བ་གྲུབ་པ་འཐོབ་པོ།། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་གཉིས་དང་། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་དག་ལ་རྫུས་ཏེ་སྐྱེ་བར་འགྱུར་ཏེ། འདི་ནི་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོ་དང་། དོན་ཡོད་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་མཐའ་དག་རྫོགས་པ་དང་། ཕྱག་རྒྱ་དང་བཅས་པ་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་ཁ་ཏོན་དུ་ལོབས་པར་འགྱུར་ཞིང་། དོན་ཡོད་པའི་རིག་སྔགས་འཆང་འཁོར་ལོས་སྒྱུར་བར་འགྱུར་རོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་སྙིང་པོ་གསང་སྔགས་སྒྲུབ་པའི་ཆོ་ག་སྟེ། སྒྲུབ་པའི་ཆོ་ག་གཉིས་པའོ།། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོརྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་དོན་ཡོད་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དོན་ཡོད་པའི་ནཿ་པའི་སྙིང་པོ་བྱ་བའི་ཆོ་ག་དང་སྒྲུབ་པའི་ཆོ་གར་བཅས་པ་བཤད་པར་གསོལ། བཅོམ་ལྡན་འདས་རིག་སྔགས་འཆང་ཀུན་གྱིས་འགྲུབ་པ། བསམ་པ་ཡོངས་སུ་རྫོགས་པ། དངོས་གྲུབ་སྒྲུབ་པའི་ཆོ་ག་དེ་ཁོ་ན་བཤད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ན་རྡོརྗེ་བྱ་བའི་ཆོ་ག་དང་སྒྲུབ་པའི་ཆོ་ག་བཤད་པར་བྱ་ཡིས་ཉོན་ཅིག། ལག་ན་རྡོ་རྗེ་གས་སྔགས་རྩ་བ་དོན་ཡོད་པའོ་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་གསང་བ་འདིའི་རིག་སྔགས་འཆང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ལན་ཅིག་ཙམ་དྲན་པ་ཡིད་ལ་བྱེད་པ་ཡོངས་སུ་དག་པའི་བདག་ཉིད་སྙིང་རྗེ་ཆེན་པོ་དང་བྱམས་པ་དང་ལྡན་པའི་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་ཅན་གང་ཡང་རུང་བ་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་ཏེ། སེམས་ཅན་དམྱལ་བ་འམ།། དུད་འགྲོའི་སྐྱེ་གནས་སམ། ཡི་དགས་ཀྱི་ཡུལ་རྣམས་ཀྱི་གནས་དེ་དག་མེད་དེ། དེ་ལྟར་སེམས་ཅན་ཐམས་ཅད་སྒྲུབ་པ་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། ལན་གཉིས་བརྗོད་པ་ཙམ་གྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། ལན་གསུམ་བརྗོད་པ་ཙམ་གྱིས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། དུག་དང་། འབྲུམ་བུ་དང་། འབྲས་དང་། ལྷོག་པ་དང་། རྐང་ཤུ་དང་། མཛེ་དང་། གཡན་པ་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་རོ། ། ལན་བཞི་བརྗོད་པ་ཙམ་གྱིས་དབྱིག་དུག་དང་། བྱད་ཐམས་ཅད་སེལ་བར་འགྱུར་རོ།། ལན་ལྔ་བརྗོད་པ་ཙམ་གྱིས་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། ལན་དྲུག་བརྗོད་པ་ཙམ་གྱིས་འཇིགས་པ་དང་། གདོན་དང་། རིམས་ཐམས་ཅད་འཇིགས་པར་འགྱུར་རོ།། ལན་བདུན་བརྗོད་པ་ཙམ་གྱིས་དུས་མ་ཡིན་པར་འཆི་བས་འཇིགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ནད་དང་། ཡམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། ལག་ན་རྡོ་རྗེ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་རེ་ཞིང་གཞན་མི་སྨྲ་བར་ལན་བདུན་དྲན་པར་བྱའོ།། སེམས་ཅན་གང་ལ་ལ་སེམས་ཅན་དམྱལ་བར་གཞོལ་བ་ཤི་བ་དང་། དགེ་སློང་གང་ལ་ལ་བསླབ་པའི་སྡོམ་པ་དང་ཚུལ་ཁྲིམས་ཀྱི་སྡོམ་པ་རལ་བ་དང་། མཁན་པོ་དང་སློབ་དཔོན་ལ་གུས་པར་མ་བྱས་པ་ཤི་བ་དེའི་དོན་དུ་བྱེ་མ་གཙང་མ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ནས། དུར་ཁྲོད་དམ། རོ་བསྲེགས་པ་འམ། མ་ཆད་པ་དེར་བྱེ་མ་གཏོར་བར་བྱའོ།། གང་དང་གང་ན་སེམས་ཅན་གང་དག་གི་རུས་པ་ཡོད་སར་བྱེ་མ་གཏོར་མ་ཐག་ཏུ་དེ་དང་དེར་བྱེ་མ་བབ་པའི་སེམས་ཅན་དེ་དག་སེམས་ཅན་དམྱལ་བ་འམ། ཡི་དགས་སམ། ཤ་ཟར་སྐྱེས་པ་འམ། གནོད་སྦྱིན་ནམ། སྲིན་པོའི་སྐྱེ་གནས་སུ་སྐྱེས་ན། དེ་དེའི་མོད་ལ་ཚེ་བརྗེས་ནས་ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་ཞིང་། ནམས་ཀྱང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་རོ།། ཡང་ན་གྲོ་ག་ལ་བྲིས་ནས་མཆོད་རྟེན་གྱི་ནང་དུ་བཅུག་པའི་གནས་དེར་རྐང་པ་གཉིས་པ་འམ། རྐང་པ་བཞི་པ་གང་དག་ཉེ་བར་འོངས་པ་དེ་དག་ཐམས་ཅད་གྲིབ་མ་ཕོག་པ་ཙམ་གྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་རོ། ། ཐ་ན་རི་དགས་དང་། བྱ་དང་། ཐ་ན་ལྡང་སྒོ་སྐྲ་དང་། ནེ་ལེའུ་དང་། སྡིག་པ་དང་། སྦྲུལ་དང་། ཁྱི་དང་། རུས་སྦལ་དང་། ལག་འགྲོ་དང་། དཀྱིལ་འཁོར་དེ་ལ་གྲིབ་མ་བབ་པ་ཙམ་གྱིས་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྣམས་རྣམ་པར་དག་པར་འགྱུར་ཞིང་། དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། ། དུང་ལ་ལན་བདུན་བཟླས་བརྗོད་བྱས་ནས་གནས་མཐོན་པོར་བུས་ན་སེམས་ཅན་གང་དག་དུང་དེའི་སྒྲ་ཐོས་པ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། རི་དགས་དང་། བྱ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ།། གང་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་སེམས་ཅན་གང་དག་སྦྱིན་པ་ལ་དགའ་བ་དང་། གང་དག་བསྙེན་གནས་ལ་ཉེ་བར་གནས་པ་དང་། གང་དག་སྐྱབས་གསུམ་བཟུང་བ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པ་བསྡམས་པ་དེ་དག་ཀྱང་དུང་གི་སྒྲ་ཐོས་ནས་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་ལ། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཚེ་རབས་ནས་ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ།། ཙན་དན་ལ་ལན་བདུན་བཟླས་བརྗོད་བྱས་ནས་དགེ་འདུན་གྱི་ཀུན་དགའ་ར་བ་འམ། མཆོད་རྟེན་གྱི་འཁོར་ས་འམ། དགེ་འདུན་གྱི་ནང་ངམ། སྐྱེ་བོ་མང་པོའི་ནང་ངམ། རྒྱལ་པོའི་ཕོ་བྲང་དུ་བདུགས་ན། གང་དག་དེར་དྲི་མནམས་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཆོས་གོས་ལ་བདུགས་ནས་གང་གིས་ལུས་ལ་གྱོན་པ་དེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། ལུས་ལ་བབ་པ་ཙམ་གྱིས་དྲི་མ་དང་། སེར་སྣ་དང་། སྐྱོན་ཐམས་ཅད་སྤངས་པར་འགྱུར་རོ། ། གོས་བཅངས་པ་ཙམ་གྱིས་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ།། བདག་ཉིད་ཀྱི་གོས་དེ་བདུགས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་དང་བཙུན་མོ་དང་འཁོར་དང་བཅས་པ་དབང་དུ་འགྱུར་རོ། ། མཆོད་གནས་ཆེན་པོར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་ཡང་འགྱུར་རོ།། འཕགས་པའི་དགེ་འདུན་གྱི་ནང་དུ་ཞུགས་ན་དགེ་སློང་ཐམས་ཅད་ཀྱི་མཆོད་གནས་ཆེན་པོར་འོས་པར་འགྱུར་རོ། ། སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་ནོར་ཆེན་པོ་འཕེལ་བར་འགྱུར་ཞིང་མཆོད་པ་ཆེན་པོའི་འོས་སུ་འགྱུར་རོ།། རིའི་རྩེ་མོ་ཉི་མ་འཆར་བའི་ཁར་བདུགས་ནས་གསང་སྔགས་རྩ་བ་ལན་བདུན་བཟླས་བརྗོད་བྱས་ན་མོད་ལ་ཉི་མ་འབབ་པར་འགྱུར་ཞིང་འདོད་པ་མཆོག་ཀུན་རྗེས་སུ་སྦྱིན་པར་བྱེད་དོ། ། གུ་གུལ་དང་བསྲེས་ནས་ལྷ་ཆེན་པོའི་མདུན་དུ་བདུག་པར་བྱ་ཞིང་། གསང་སྔགས་རྩ་བ་ལན་བདུན་བྱབ་པ་བྱས་ན་མོད་ཉིད་ལ་ལྷ་ཆེན་པོ་འབབ་པར་འགྱུར་ཞིང་། རིག་སྔགས་འཆང་གི་མདུན་ན་འདུག་ནས་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བར་བྱེད་དོ།། བོ་ལ་དང་། ཙན་དན་དང་། གུ་གུལ་བསྲེས་ནས་སྲེད་མེད་ཀྱི་བུའི་མདུན་དུ་བདུག་པར་བྱ་ཞིང་། གསང་སྔགས་རྩ་བ་ལན་ཉི་ཤུ་རྩ་གཅིག་ལུས་ཀྱི་ཡན་ལག་ལ་བྱབ་པ་བྱས་ན། སྲེད་མེད་ཀྱི་བུ་རང་གི་གཟུགས་ཀྱིས་མདུན་དུ་འདུག་ཅིང་འདོད་པ་མཆོག་ཀུན་རྗེས་སུ་སྦྱིན་པར་བྱེད་ལ། དངོས་པོ་སྣ་ཚོགས་ཀྱང་སྦྱིན་པར་བྱེད་དོ།། ཡུངས་ཀར་དང་བསྲེས་ནས་ཚངས་པ་ལ་བདུག་ཅིང་གསང་སྔགས་རྩ་བ་ལན་བཅུ་བཞི་བྱབ་པ་བྱས་ན། ཚངས་པ་རང་གཟུགས་ཀྱིས་མདུན་ན་འདུག་ལ་མཆོག་ཐམས་ཅད་སྦྱིན་པར་མཛད་དོ། ། པདྨའི་ཕྱེ་མ་དང་བསྲེས་ནས་ནག་པོ་ཆེན་པོ་དང་མ་མོའི་ཚོགས་ལ་བདུགས་ན། ནག་པོ་ཆེན་པོ་དང་མ་མོའི་ཚོགས་འཁོར་དང་བཅས་པ་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་མཆོག་དང་བྱ་བ་སྒྲུབ་པ་ཐམས་ཅད་སྦྱིན་པར་བྱེད་དོ། ། ན་ག་པུཥྤ་དང་། སྦྲུལ་གྱི་ཤུན་པ་དང་བསྲེས་པའི་བདུག་པ་ཀླུའི་མཚོར་བདུག་ཅིང་གསང་སྔགས་རྩ་བ་ལན་བདུན་ཡུངས་ཀར་ལ་བཟླས་བརྗོད་བྱས་ནས་ཀླུའི་མཚོར་གཏོར་ལ། དོན་ཡོད་པའི་ཞགས་པའི་སྙིང་པོའི་མདོ་ལན་ཅིག་བརྗོད་ཅིང་དྲན་པར་བྱས་ནཀྲུ་དང་། ཀླུ་མོ་དང་། ཀླུའི་བུ་ཕོ་དང་། ཀླུའི་བུ་མོ་ཐམས་ཅད་གནས་ཀུན་ནས་བྱུང་ནས་རིག་སྔགས་འཆང་གི་རྐང་པ་གཉིས་ལས་བདུད་ཅིང་གང་བསྒོ་བ་དེ་དག་ཐམས་ཅད་བྱེད་ལ། འདོད་པ་ཐམས་ཅད་སྦྱིན་ཞིང་དབང་དུ་འགྱུར་རོ།། ལན་གསུམ་སྦྱར་ན་ཀླུའི་རྒྱལ་པོ་རྒྱ་མཚོའང་འོང་ངོ་། ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོའང་འོང་ཞིང་ཐམས་ཅད་བསྒོ་བ་བཞིན་བྱེད་ལ་དབང་དུ་གྱུར་ནས་འདུག་གོ། གནོད་སྦྱིན་དང་སྲིན་པོ་དགུག་པར་འདོད་པས་དུར་ཁྲོད་ཀྱི་ནང་དུ་མི་རོ་བསྲེགས་པའི་སོལ་བས་བདུགས་ལ། གསང་སྔགས་རྩ་བ་གསང་མཐོན་པོས་ལན་བདུན་བརྗོད་ཅིང་དྲན་ན་གནོད་སྦྱིན་དང་སྲིང་པོ་དག་རྒྱུག་ཅིང་འོང་ལ། རིག་སྔགས་འཆང་གི་རྐང་པ་གཉིས་ལ་བཏུད་ནས། རྗེ་བཙུན་བཀའ་སྩོལ་ཅིག་ཅེས་ཟེར་བ་དང་། དེའི་ཚེ་རིག་སྔགས་འཆང་གིས་དེ་བསྒོ་བ་ཇི་ལྟ་བ་བཞིན་དུ་བྱས་ན་བསྒོ་བ་ཐམས་ཅད་བྱེད་ལ། མངག་པའི་ལས་བྱེད་པར་འགྱུར་ཞིང་ཇི་སྲིད་འཚོའི་བར་དུ་འདུག་གོ། ། ཐོད་པ་སྦྱར་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཐོད་པ་བཀང་བའི་བདུག་པས་བདུགས་ན་འབྱུང་པོ་ཐམས་ཅད་ཀུན་ནས་འོང་ཞིང་ཐམས་ཅད་དབང་དུ་འགྱུར་ལ། ལས་བྱེད་པར་འགྱུར་རོ། ། གནོད་སྦྱིན་མོ་དབབ་པར་འདོད་པས་བཙག་གིས་གནོད་སྦྱིན་མོ་བྲིས་ལ། བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་པར་ཕྱེས་པདྨའི་རི་མོ་བྲི་ཞིང་། ཕྱེའི་གཏོར་མ་པདྨ་ལྟ་བུར་བྱས་པ་བཞག་ལ་བདུག་པ་འདིས་བདུག་ཅིང་། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ནས་གནོད་སྦྱིན་མོ་ལ་བརྡེག་པ་བྱས་ན་གནོད་སྦྱིན་མོ་རང་གི་གཟུགས་ཀྱིས་མདུན་དུ་འདུག་ཅིང་། ལྷའི་འཇིག་རྟེན་གྱི་བར་དུ་འགྲོ་ལ། སླར་ཡང་འོང་སྟེ་དོན་གསང་བ་ཐམས་ཅད་བསྒོ་བ་ཙམ་གྱིས་བྱེད་པར་འགྱུར་རོ།། ཡང་ན་མ་འམ། ཆུང་མ་འམ། སྲིང་མོ་ཡིན་ནོ་ཞེས་སྨྲ་བར་བྱ་སྟེ། གལ་ཏེ་མར་བྱས་ན་བུ་ལ་སྡུག་པ་ལོངས་སྤྱོད་དང་། གཞལ་མེད་ཁང་ཐམས་ཅད་ཀྱི་ནང་དུ་འཇུག་ལ། རྒྱལ་པོའི་བུ་བཞིན་ཡོངས་སུ་སྐྱོང་བར་བྱེད་དོ།། གལ་ཏེ་སྲིང་མོར་བྱས་ན་རྣམ་ཐོས་ལ་འགྲན་པར་འགྱུར་རོ། ། གལ་ཏེ་ཆུང་མར་བྱས་ན་སུ་ཅུ་རྩ་གསུམ་གྱི་བདག་པོ་ལྟར་དགའ་བའི་ལོངས་སྤྱོད་དག་ལ་རྩེར་འཇུག་པར་བྱེད་དོ།། ལྷ་མོ་དཔལ་ལ་བདུགས་ལ་གསང་སྔགས་རྩ་བ་ལན་བདུན་བཟླས་བརྗོད་བྱ་བ་ཞིང་ལྷ་མོ་དཔལ་གྱི་མགོ་ལ་བྱུགས་ན། ལྷ་མོ་ཆེན་མོ་དཔལ་རང་གི་གཟུགས་ཀྱིས་མདུན་ནོ་འདུག་ཅིང་ནོར་གྱི་ཕུང་པོ་ཆེན་པོ་འབུལ་བར་བྱེད་དེ། ནམ་འཚོའི་བར་དུ་ཁྱིམ་ན་འདུག་ཅིང་ནོར་ཆེན་པོ་ཉིད་འཕེལ་བར་འགྱུར་རོ། ། རྣམ་ཐོས་ཀྱི་བུ་ལ་བདུག་ན་གསེར་སྲང་སྟོང་སྦྱིན་པར་བྱེད་དོ།། ནོར་བུ་བཟང་པོའི་བུ་ལ་བདུགས་ན་གསེར་གྱི་དོང་ཆེ་སྟོང་སྦྱིན་པར་བྱེད་དོ།། ཚལ་གསེབ་ཏུ་བདུགས་ན་ཚལ་ན་གནས་པའི་ལྷ་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་། རྫས་དང་སྨན་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་འདུག་གོ།། རི་རྣམས་ལ་བདུགས་མིམྲ་དང་། ཤིང་གེལ་བ་དང་། སྨན་དང་། ཐམས་ཅད་འབར་བར་འགྱུར་རོ།། གྲོང་ཁྱེར་བཞིའི་སྒོ་རྣམས་སུ་བདུགས་ན་གྲོང་ཁྱེར་ཀུན་ཏུ་ཡམས་ཀྱི་ནད་དང་། གནོད་པ་དང་། དད་འགོ་བ་དང་། ནད་ཐམས་ཅད་དང་། འཐབ་བ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། འབྲོག་ཏུ་བདུགས་ན་རྐུན་མོ་དང་། གཡོན་ཅན་དང་། གནོད་བྱེད་དང་། སེང་གེ་དང་། སྟག་དང་། སྦྲུལ་དང་། དྲེད་དང་། དོམ་གྱི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཞིང་། རི་དགས་གཏུམ་པོའི་འཇིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། རིམས་ཐམས་ཅད་ལ་བདུགས་ན་རིམས་ཐམས་ཅད་ལས་ཐར་བར་འགྱུར་རོ། ། སྡིག་པ་ཐམས་ཅད་འགེགས་པ་ཙན་དན་གྱི་བདུག་པ་སྒྲུབ་པའི་ཆོ་ག་སྟེ་གསུམ་པའོ།། །། དེ་ནས་ཐིག་ལེ་ཡང་དག་པར་བཤད་པར་བྱ་སྟེ། རིག་སྔགས་ཀྱི་རྒྱལ་པོའི་གསང་སྔགས་སྒྲུབ་པ་ནི་ཉི་མའི་གཟི་བརྗིད་དང་མཚུངས་ཤིང་སྐར་མའི་རྣམ་པ་ལྟར་འབར་བ་ཡིན་ཏེ། གཟི་བརྗིད་ཀྱི་རྒྱལ་པོ་དེ་གཉིས་ཀྱིས་འབར་བར་འགྱུར་བ་ནི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་འཕེལ་ལོ། ། ལྷ་རྣམས་ཀྱི་ནང་ན་ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་བཅས་པས་རྟག་ཏུ་མཆོད་པའི་གནས་སུ་འགྱུར་གྱིས། རིག་སྔགས་འཆང་གིས་ཐེ་ཙོམ་མི་བྱའོ།། དཔྲལ་བའི་སྟེང་དུ་ཐིག་ལེ་བྱེད་པ་ནི་རྟག་ཏུ་མཛེས་པ་ཡིན་ཏེ། ཉི་མ་ལྟར་འོད་ཟེར་གྱི་དྲ་བ་སྟོང་གིས་གསལ་ཞིང་ཤེལ་ལྟར་དག་པ། མདོག་དཀར་ཤམ་ལྟར་དྲི་ཞིམ་པ་དང་། གླང་པོ་ཆེའི་བྱ་ལ་དང་། དཔྲལ་བ་དང་། བ་ལང་གི་གནས་ལྟར་སྐྱོན་མེད་ཅིང་མཉམ་པར་མཐུན་ལ་ཤིན་ཏུ་དུལ་བ། དེད་དཔོན་གཅིག་པུའི་ནོར་བུར་གྱུར་ཅིང་གསང་སྔགས་འབུམ་བཟླས་པས་ལེགས་པར་བབ་པ། གསེར་དང་གོས་ལྟར་ཀུན་ཏུ་འབར་བ་ནི་ཐིག་ལེ་ཡིན་ནོ། ། སྨིན་མཚམས་ཀྱི་བར་དཔྲལ་བ་ན་ཤིན་ཏུ་ཕྲ་བ་རྟག་ཏུ་རྟག་པར་མཛེས་པ་ནི་ཟླ་བ་ཉབ་མཁའ་ལ་འགྲོ་བ་ལྟ་བུ་ཡིན་ལ། སྐྱེ་བོའི་དབུས་ན་གསལ་བ་ནི་རྒྱུ་སྐར་གྱི་རྒྱལ་པོ་ཟླ་བ་དབུས་ན་གནས་པ་བཞིན་རང་གི་འཁོར་གྱི་དབུས་ན་ལྷ་རྣམས་ཀྱི་རྒྱལ་པོ་དབང་པོ་བརྒྱ་བྱིན་ལྟ་བུ་ཡིན་ལ། སྐྱེ་བོའི་དབུས་ན་ནི་འཇིག་རྟེན་གྱི་རྒྱལ་པོ་གདུགས་ཅིག་པ་ལྟར་འབར་བ་ཡིན། འཇིག་རྟེན་གྱི་ནང་ན་གདུགས་ཅིག་པ་བདེ་བར་གཤེགས་པ་ལྟར་ཤིན་ཏུ་དུལ་བ་ཡིན་ལ། ཤཱཀྱའི་རིགས་ཀྱི་བརྒྱུད་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་དེ་བཞིན་དུ་ནོར་བུ་མཆོག་རྣམ་པར་དག་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཡིན་ནོ། ། ལྷ་དང་བཅས་པའི་འཇིག་རྟེན་ན་ཇི་ལྟར་འཇིག་རྟེན་དབང་ཕྱུག་གཅིག་པུ་ལྟར་མཆོག་དང་རབ་མཆོག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པར་བྱེད་དེ། དེ་ལྟར་ཐིག་ལེ་ནོར་བུའི་མཐུ་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་དོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་བཅས་པ་དབང་དུ་འགྱུར་ཞིང་། སུམ་ཅུ་རྩ་གསུམ་གྱི་བདག་པོ་དབང་པོ་དབང་དུ་འགྱུར་བར་རྗེས་སུ་འགྲོ་བ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདོད་པར་གྱུར་པ་ཐམས་ཅད་ཀྱང་དབང་དུ་འགྱུར་བ་ནི་ནམ་མཁའ་ལ་སྐར་མ་ལྟར་དཔྲལ་བར་རྟག་ཏུ་དབང་དུ་འགྱུར་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོ་བོས་རྐང་པའི་དྲུང་དུ་རྟག་ཏུ་འདུད་ལ་མེས་མི་འཚིག། ཆུས་མི་འབྱེད་ཞིང་། ལུས་ལ་དུག་དང་། སྦྱར་བའི་དུག་དང་། ཕྱེ་བའི་དུག་དང་། བྱད་མི་བཟད་པ་དང་། ངན་སྔགས་དང་། སྡང་བའི་རྣམ་པས་མི་ཚུགས་པར་འགྱུར་ཏེ། ནོར་བུ་ལྟ་བུའི་མཐུས་དེ་དག་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། རིམས་དང་། སྡུག་བསྔལ་བ་དང་། ནད་དང་། རླུང་དང་། ཀླད་ནད་ཆེན་པོ་ལ་ཐིག་ལེ་བྱས་པས་མོད་ལ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར། སེམས་ཅན་བཙོན་དུ་གཟུང་བའམ། ཆང་པས་གཅད་པ་འམ། བཅིང་བར་འོས་པ་ལ་ཐིག་ལེ་ལྟ་བུ་བྱས་པས་དེ་དག་ཐམས་ཅད་ལས་ཐར་པར་འགྱུར་རོ།། སྨིན་མཚམ་ས་མ་དཔྲལ་བར་ཐིག་ལེ་ལྟ་བུ་བྱས་ན་དེའི་མོད་ལ་གནོད་སྦྱིན་བརྒྱད་སྟོང་དང་སྲིན་པོ་དྲག་པོའི་གཟུགས་ཅན་གདོན་བརྒྱ་སྟོང་རྣམས་ལུས་ལ་འཇུག་པར་མི་འགྱུར་ཞིང་། གླང་པོ་ཆེ་དང་། རི་དགས་ཀྱི་བདག་པོའི་ཁྱུ་དང་། ཆོམ་རྐུན་གྱི་ལམ་དང་། ཤོད་ཀྱི་ལམ་དང་། རིའི་ལམ་དང་། རི་སུལ་དང་། རམ་གྲོག་དང་། གློག་དང་། གྲང་བ་དང་། རླུང་སྦྲུལ་དང་། སྡང་འཇིགས་ཀྱི་འཇིགས་པ་ཐམས་ཅད་ཞི་བར་འགྱུར། ཐིག་ལེ་ལྟ་བུའི་མཐུས་དགྲའི་སྡེ་བརྒྱ་སྟོང་སྙེད་ཀྱི་ནང་ན་འགྱེད་པ་ལས་མྱུར་བ་ཉིད་དུ་རྒྱལ་བར་འགྱུར། གཡུལ་དང་། འཐབ་མོ་དང་། ཐ་སྙད་མེད་ཉིད་ལ་ཞི་བར་འགྱུར་རོ།། དེའི་ཚེ་ནོར་བུ་གཙུག་གི་སྤྱི་བོར་བཏགས་པ་གང་ཡིན་པ་དང་། ཐིག་ལེའང་བྱས་ནས་འཁོར་ལོ་ལ་བྱུགས་ལ་ཕ་རོལ་གྱི་དམག་ཚོགས་གཡུལ་གྱི་ནང་དུ་ཞུགས་ན། བདག་ཉིད་གཅིག་པུས་དཔུང་གི་ཚོགས་ཡན་ལག་བཞི་པ་ལས་རྒྱལ་བར་འགྱུར། འདིས་ཐམས་ཅད་དུ་ཞུགས་པ་ཙམ་གྱིས་ཕམ་པ་བྱས་པར་འགྱུར་ཞིང་། ཕྱོགས་བཅུར་འབྲོས་ལ་ཐམས་ཅད་འཇིགས་པར་འགྱུར་རོ།། ཐིག་ལེའི་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་དང་། བཙུན་མོ་དང་། འཁོར་དང་བཅས་པ་དབང་དུ་གྱུར་ནས་ཉེ་བར་འཁོར་རོ།། སྲིད་འཚོའི་བར་དུ་མཆོད་གནས་སུ་འགྱུར་རོ།། དཔུང་པ་གཡས་པར་ནོར་བུ་བཏགས་ལ་ཡན་ལག་དང་ཡན་ལག་དག་ཏུ་ཐིག་ལེ་བྱས་ན་ཐམས་ཅད་དུ་རྒྱལ་བ་འཐོབ་ཅིང་རེག་པ་ཙམ་གྱིས་དབང་དུ་འགྱུར་ལ། དོན་གང་དང་གང་བསྒྲུབས་པ་དེ་དང་དེ་ཐམས་ཅད་འཐོབ་པར་འགྱུར་རོ།། རིལ་བུ་དག་ནི་ཁར་བཅུག་ནས།། ལྷན་ཅིག་འདུག་ལ་སྨྲས་ན་ནི།། ཐམས་ཅད་དབང་དུ་འོང་བར་འགྱུར།། རྒྱལ་པོ་དང་ནི་བཙུན་མོ་འམ།། དགེ་སྦྱོང་དང་ནི་བྲམ་ཟེ་དང་།། རྒྱལ་རིགས་དང་ནི་དམ་ངས་རིགས་ཉིད།། སྐྱེས་པ་དང་ནི་བུད་མེད་དང་།། ཁྱེའུ་དང་བུ་མོ་རྣམས་ཀྱང་རུང་།། དེ་དག་ཐམས་ཅད་དབང་དུ་འགྱུར།། ཀུན་ཏུ་མངགས་པའི་ལས་རྣམས་བྱེད། ། རིལ་བུ་ཐོས་པ་ཙམ་གྱིས་ནི།། ནད་རྣམས་ཐམས་ཅད་རྣམས་པར་འཇིག། གང་གི་ཉིན་བཞི་པ་ཡི་རིམས།། གང་དག་ཁོང་སྐེམ་ནད་ཀྱིས་ཉམས།། གང་ཞིག་རྟག་པའི་རིམས་ཀྱིས་བཏབ།། གང་དུ་འཐབ་མོ་འབྱུང་བ་དང་། ། དེ་བཞིན་སྐྱེ་བོ་སྡང་སེམས་ཅན།། བདག་ལ་གྲིབ་གནོན་གཞན་གྲིབ་གནོན།། སྐེམ་བྱེད་སྐེམ་པ་བརྗེད་བྱེད་དང་།། གང་ཞིག་གདོན་གཞན་མི་བཟད་པ།། སྡིག་པའི་ལས་ནི་ཀུན་ཏུ་སྤྱོད། སྔོན་གྱི་ལས་ནི་མི་བཟད་པ།། དེ་ཀུན་སྐད་ཅིག་ཙམ་གྱིས་འཇིགས།། རིལ་བུས་ཁྲུས་བྱས་ཙམ་གྱིས་ནི།། འབྲས་དང་ཤུ་བར་གྱུར་རྣམས་དང་།། ལྡོག་པ་དང་མི་ཆང་ཅུ་དང་། ། མཚན་པར་རྡོལ་དང་མི་དཔལ་དང་།། ཁྱི་རྔོ་མཛེ་དང་རྐང་པའི་ནད།། མི་བཟད་དེ་རྣམས་ཀུན་དང་ནི།། གང་དག་ནོར་རྒྱས་སྡང་བས་ཟིན།། བྱུགས་པ་ཙམ་གྱིས་མོད་ལ་ནི།། ཐམས་ཅད་དུག་མེད་ཞེ་པབར་འགྱུར། ། རིལ་བུ་ཐམས་ཅད་ལས་བྱེད་པ།། ལྷ་རྫས་ཤི་བ་སོས་པར་བྱེད།། རིལ་བུ་དག་ནི་འཆང་བྱེད་ཅིང་།། ཐིག་ལེ་དག་ནི་བྱས་པ་ཡིས།། ཐམ་ཅད་དུ་ནི་མཆོད་པ་འཐོབ།། ཐམས་ཅད་དུ་ནི་ནོར་དག་འདུ། དཔལ་འདོད་པ་ནི་དཔལ་འཐོབ་ཅིང་། འབྲུ་འདོད་འབྲུ་ཡི་ཕུང་པོ་འཕེལ།། ལྷ་རྣམས་དག་ནི་དགའ་འགྱུར་ཞིང་།། ཀླུ་རྣམས་ཀྱང་ནི་དགའ་དང་བཅས།། གནོད་སྦྱིན་སྲིན་པོ་དྲི་ཟ་དང་།། ལྷ་མིན་མཁའ་ལྡིང་མི་འམ་ཅི།། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ། འབྱུང་པོ་རྣམས་ཀྱང་དགའ་དང་བཅས།། རྟག་ཏུ་ཕྱག་བྱའི་གནས་འགྱུར་ཞིང་།། ཐམས་ཅད་དབང་དུ་གྱུར་ནས་འཁོད།། འཁོད་ཀུན་དྲན་བྱ་ཅི་བྱ་ཟེར།། གང་ཞིག་རིལ་བུ་དེ་དག་བསྟེན། ། རིལ་བུ་ཐིག་ལེ་རྟག་བྱེད་ལ།། དེ་བཞིན་གཤེགས་ཀུན་དགོངས་པ་མཛད།། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་།། དེ་ཉིད་རིག་ལ་རྟག་ཏུ་ནི།། མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད།། བསོད་ནམས་ཕུང་པོ་སྟོང་དག་ནི།། ཉི་མ་རེ་རེ་བ་སོགས་པར་བྱེད།། འཇིག་རྟེན་པ་ཡི་བདེ་སྤྱད་ཅིང་། འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ།། ཚེ་བརྗེ་བ་ནི་འཕོས་ནས་སུ།། བདེ་བ་ཅན་དུ་མོད་ལ་འགྲོ།། གང་དང་གང་དུ་སྐྱེ་བར་ནི། ། ཚེ་རབས་རྟག་ཏུ་ཚེ་རབས་དྲན།། ལག་ན་རྡོ་རྗེ་གནོད་སྦྱིན་ཆེ།། གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཅིང་།། གཡེལ་བ་མེད་པར་ཉིན་མཚན་དུ།། དུས་ཀུན་ཏུ་ནི་སྲུང་བ་དང་།། སྐྱོ་བ་དང་སྦེད་དང་སྲུང་བར་བྱེད། ། གང་ཞིག་བུ་ནི་མེད་པ་དང་།། བུད་མེད་བུ་ནི་འདོད་པ་ལ།། རིལ་བུ་གཅིག་ཅིག་སྦྱར་ནས་སུ།། མཉམ་པར་བཞག་པས་གསང་སྔགས་ནི།། མཁས་པས་ཟླ་བ་ཡར་གྱི་ངེར།། འབུམ་ནི་ཚང་བར་བཟླས་ནས་སུ། ། ཟླ་བ་ཉ་སྟེ་བཅོ་ལྔ་ལ།། སྐྱེས་པ་བུད་མེད་ཁྲུས་བྱ་ཞིང་།། ཡན་ལག་ཡན་ལག་ཐིག་ལེ་བྱ།། དཀོན་མཆོག་གསུམ་ནི་ལེགས་མཆོད་ཅིང་།། བྲམ་ཟེ་དག་ཀྱང་མཆོད་སྟོན་བྱེད།། སྲུང་བའི་ཆོ་ག་བྱས་ནས་སུ།། གཏོར་མ་དཀར་གསུམ་མང་པོ་བཤམ།། བདག་ཉིད་རྒྱན་གྱིས་བརྒྱན་ནས་སུ།། གོས་གཙང་རྣམས་ནི་བགོ་བར་བྱ།། བྱམས་པའི་སེམས་ལ་ཡང་དག་གནས།། སྙིང་རྗེ་སེམས་ཅན་སྡུག་པར་བྱེད། ། བསམ་པ་དག་ཅིང་དེས་པ་དང་།། བླ་མར་རྟག་ཏུ་གུས་པར་བྱ།། མེ་ཏོག་སྣ་ཚོགས་རབ་དགང་ཞིང་།། སྤོས་དང་བྱུག་པ་སྣ་ཚོགས་དང་།། དུ་རུས་ཙན་དན་ས་ལ་ཀི། ལྷ་ཡི་བདུག་པས་བདུག་བྱ་ཞིང་། ། བུ་རམ་འོ་མ་བདུན་དང་ནི།། རིལ་བུ་ལེགས་སྦྱར་བཟའ་བར་བྱ།། གསང་བ་འདི་འཐུངས་མོད་ལ་ནི།། བཏུང་དང་ཁ་ཟས་བཟའ་བར་བྱ།། མགོན་པོ་སྤྱན་རས་གཟིགས་ཀྱི་དབང་། ། མཆོག་སྦྱིན་མཛད་པར་མཆོད་པར་བྱ།། བྱམས་མཛད་དེ་ཡི་ཞབས་དྲུང་དུ།། མཚན་མོ་ཉལ་དང་ནང་པར་ནི།། མཐོང་བ་མཆོག་འདི་ཐོབ་པར་འགྱུར།། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་།། མཆོད་སྦྱིན་རང་གཟུགས་སྟོན་མཛད་ཅིང་།། མཆོག་ཉིད་དམ་པ་སྦྱིན་པར་མཛད།། བུད་མེད་དེ་ནི་བུ་སྐྱེད་ཅིང་།། གཟུགས་བཟང་མཆོག་ཏུ་ལྟ་ན་སྡུག། སྟོབས་ལྡན་གཟུགས་ནི་ཕུན་སུམ་ཚོགས། ། ལྷ་ཡི་དཔལ་གྱི་རྗེས་སུ་འགྲོ།། ཆོས་ལྡན་མཁས་ཤིང་གསལ་བ་དང་།། ཚེ་རིང་དབང་ཕྱུག་ཚད་མེད་འགྱུར།། དཔའ་བོ་དགྲ་ལས་རྒྱལ་བ་དང་།། སྡང་བ་ཐམས་ཅད་འཇོམས་པར་འགྱུར། ། ཡང་ན་དྲན་པའི་བློ་སྐྱེད་པར་འདོད་པས་ཐོས་པ་ལ་བརྟེན་ནས་འདུག་ཅིང་།། རིག་སྔགས་འཆང་གཙང་མ་ཞག་བདུན་དུ་ཉིན་རེ་ཞིང་མར་དང་འོ་མ་བསྐོལ་བ་དེར་རིལ་བུ་བདུན་བཅུག་སྟེ། ཟན་མ་ཟོས་པའི་སྔོན་རོལ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་འཇམ་ཙམ་པ་འཐུངས་ལ་ཕྱིས་ཁ་ཟས་བཟའ་བར་བྱ། ཞག་བདུན་གྱིས་ཐོས་པའི་རྒྱ་མཚོ་ཆེན་པོ་བསགས་པར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་དང་། ཆོས་ལུགས་དང་། འདུལ་བ་དང་། སྙན་དངགས་དང་། བརྡ་སྤྲོད་པ་དང་། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ཚོགས་སུ་བཅད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཆོས་མངོན་པ་དང་། རྩིས་དང་། ཆོ་གཞིབ་མོ་དང་། གསང་སྔགས་དང་། ཕྱག་རྒྱ་ཐམས་ཅད་དང་། ཐེག་པ་ཆེན་པོ་ཐམས་ཅད་ཁ་ཏོན་དུ་ལོབས་པར་འགྱུར་རོ། ། ཞག་ཉི་ཤུ་རྩ་གཅིག་ཏུ་སྦྱར་བ་བྱས་ན་སྟོབས་ཆེན་པོའི་བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པར་འགྱུར་ཏེ། གླང་པོ་ཆེ་ཁྲིའི་སྟོབས་སུ་འགྱུར་རོ།། ཟླ་བ་གཅིག་ཙམ་སྦྱར་བ་བྱས་ན་ལོ་ལྔ་བརྒྱར་འཚོ་ཞིང་གཉེར་མ་དང་སྒྲ་དཀར་སྤངས་ལ། སྒྲ་ལྕང་ལོ་འཁྲིལ་ཞིང་འཁྱིལ་བར་འགྱུར་བ་དང་། ལུས་ཀྱི་མདོག་པདྨ་དཀར་ཤམ་ལྟ་བུར་འགྱུར་རོ།། ལོ་གཅིག་ཏུ་སྦྱར་ན་ལྷའི་སྨན་བཅུད་ཀྱིས་ལེན་མཆོག་ལ་འཇུག་ཅིང་ནམ་མཁའི་སྟེང་དུ་ལྷ་རྣམས་དང་ལྷན་ཅིག་མཐུན་པར་འགྱུར་ལ། བརྒྱ་བྱིན་དང་ཡང་ལྷན་ཅིག་འགྲན་པར་འགྱུར། ལྷ་རྣམས་ཀྱི་ལྷ་མོའི་ཚོགས་དང་། ལྷའི་གཞལ་མེད་མེད་ཁང་ན་རྩེ་ཞིང་དགའ་བར་བྱེད་ལ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་གི་གནས་ན་འདུག་པར་འགྱུར། ཉི་མ་ལྟ་བུར་འོད་གཏོང་ཞིང་རྒྱུ་ལ་གནས་པ་བཟང་པོ་རྣམས་ཀྱིས་འགྲོ་བར་བྱེད། གཟི་བརྗིད་ཤིན་ཏུ་གསལ་བ་མི་བཟོད་ཅིང་རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བ་ལ་ཐེ་ཙོམ་མི་བྱའོ། ། ལས་ཐམས་ཅད་སྒྲུབ་པའི་ཐིག་ལེ་དང་། རིལ་བུ་སྒྲུབ་པའི་ཆོ་ག་བཞི་པའོ།། །། དེ་ནས་མི་སྣང་བར་བྱ་བ་དང་། ནམ་མཁའ་ལ་འགྲོ་བ་སྨན་གྱི་མཆོག་དོན་ཡོད་པའི་མཐུས་གྲུབ་པར་བཤད་པར་བྱ་སྟེ། རིག་སྔགས་འཆང་བ་རྣམས་ཀྱི་གྲུབ་པའི་མཆོག་དེ་ཁོ་ན་ཡིན་ནོ།། སྨན་དངུལ་ཆུ་དང་། བྲཧྨ་ཀཱི་ར་དང་། སུ་བརྞ་ཀྵི་ར་དང་། ཤེལ་བསྔོ་བསངས་དང་། ཀུ་ཀྵི་དང་། སུ་གན་དྷི་དང་། ཀི་ཀུཥྤ་སྐྱོན་མེད་པ་དང་། ཨུཏྤ་ལ་བཟང་པོ་དང་། པདྨ་ཀྵ་དང་། གུ་གུལ་དང་། ཕེ་ལུ་པཏ་ཏྲ་དང་། གུར་ཀུམ་དང་། ནཱ་གི་པུཥྤ་དཔ་བཅས་པ་དང་། སྤང་སྤོས་དང་། ཤི་རི་ཥའི་མེ་ཏོག་དང་། ཙན་དན་དཀར་པོ་དང་བཅས་པ་བསྲེས་ནས་ཞིབ་ཏུ་བཏགས་པའི་ཕྱེ་མ་ལ་དོན་ཡོད་པ་པདྨ་གཙུག་ཏོར་གྱི་གསང་བའི་རིགས་ཀྱི་རྒྱལ་པོའི་སྔགས་ཀྱིས་ཤིན་ཏུ་བརྩོན་པར་ལན་བརྒྱད་བརྒྱ་བཟླས་བརྗོད་བྱ་ཞིང་། ཁྲོ་བོའི་གསང་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ལན་ཉི་ཤུ་རྩ་གཅིག་ཏུ་དབང་བསྐུར་ལ། ཡི་གེ་གཅིག་པ་ལན་འབུམ་བཟླས་བརྗོད་བྱ། དེའི་ཚེ་གསང་སྔགས་བཅུ་པོ་སོ་སོར་ལན་ཉི་ཤུ་རྩ་རེ་རེ་བཟླས་བརྗོད་བྱ་སྟེ། གསང་སྔགས་ཐམས་ཅད་རྫོགས་པར་བཟླས་བརྗོད་བྱས་ནས་སྨན་དོན་ཡོད་པ་རྒྱ་ཆེ་བ་གསལ་བ་ཞེས་བྱ་བ་སྨན་གྱི་མཆོག། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་བཞག་ལ་གྲིབ་མ་ལ་བསྐམ་པར་བྱའོ།། ཡང་དོན་ཡོད་པའི་ཞགས་པའི་གཙུག་ཏོར་གྱིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྣོད་གཙང་མའི་ནང་དུ་བཅུག་ལ། ནམ་དགོས་པ་བྱུང་བ་དེའི་ཚེ་ཐམས་ཅད་དུ་སྒྲུབ་པའི་དགོས་པ་ཐམས་ཅད་ལ་སྦྱར་བར་བྱའོ།། དེ་ནས་རིག་སྔགས་འཆང་གཙང་མར་གྱུར་པས་ལུས་ལེགས་པར་ཁྲུས་བྱས་ལ་སྤོས་ཆུས་བྱུགས་ཏེ་གོས་གཙང་མ་བགོ་བར་བྱ། སྨན་གྱི་མཆོག་འདི་ཡུངས་མར་གྱིས་སྦྲུས་ལ་རང་གི་ལུས་ལ་བྱུག་པར་བྱ་སྟེ། ལན་ཅིག་བསྐུས་པ་ཙམ་གྱིས་མི་སྣང་བར་འགྱུར་ལ། གནས་གསང་བར་བྱ་བའི་སྒོ་བཅད་པ་ཐམས་ཅད་མཐོང་བར་འགྱུར། གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་དུ་འཇུག་པར་འགྱུར། དོན་ཐམས་ཅད་བྱེད་པར་འགྱུར། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་པའི་གཙོ་བོ་རྒྱལ་པོར་འགྱུར་ཞིང་། དེ་དག་ཐམས་ཅད་དབང་དུ་འགྱུར་ཏེ། ཅི་བགྱི་ཞེས་བྱ་བ་བྱེད་ལ་ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་ནས་ལས་སུ་བྱ་བའི་དགོས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། ། ཀླུའི་གནས་ཀྱི་སྒོ་བཅད་པ་ཐམས་ཅད་ན་འདུག་ལ། ཀླུ་འཁོར་དང་བཅས་པ་ཐམས་ཅད་མདུན་དུ་འཁོད་ནས་བྱ་བ་ཐམས་ཅད་ལ་ཅི་བགྱི་ཞེས་བྱ་བ་བྱེད་པར་འགྱུར་ཞིང་། ལས་སུ་བྱ་བ་དང་དགོས་པ་ཐམས་ཅད་བྱེད་པར་འགྱུར། ཇི་སྲིད་འཚོའི་བར་དུ་ཉེ་བར་འཁོད་ཅིང་ཉིན་མཚན་དུ་གནས་ལ། དེ་ནས་ཀླུ་ཐམས་ཅད་ཇི་སྲིད་འཚོའི་བར་དུ་བསྒོ་བ་བཞིན་བྱེད་པར་འགྱུར་རོ།། སྨན་ལ་སིང་ཧ་ཛི་ཧཱ་དང་བའི་འོ་མ་དང་སྦྱར་བས་མགོ་ཀུན་བྱུགས་ན་ཇི་ལྟ་བ་ཡིད་ལ་བྱས་པ་དང་། རང་གི་བློས་འདོད་པའི་ངོ་བོ་སྣ་ཚོགས་སྟོན་པར་བྱེད། གནས་སུ་གཏོགས་པ་ཐམས་ཅད་ཇི་ལྟར་འདུག་པ་བཞིན་སྟོན་པར་བྱེད། གནས་སུ་གཏོགས་པ་ཐམས་ཅད་འཁོར་གྱི་ནང་ན་ཇི་ལྟར་རྣམ་པར་སྤྲུལ་པའི་གཟུགས་སྣ་ཚོགས་སྟོན་པར་བྱེད། ཇི་སྲིད་འཚོའི་བར་དུ་འཕེལ་བ་རྣམས་སྟོན་པར་བྱེད་ཅིང་བྱ་བ་ཐམས་ཅད་བྱེད་དོ།། སྤྲོས་ཀྱི་ཏིལ་མར་དང་སྤྲས་ནས་བྱིན་པ་དང་རྐང་པ་ལ་བསྐུས་ན་ནམ་མཁའ་ལ་འཕགས་པར་འགྱུར་ཞིང་། ནམ་མཁའ་ལ་འགྲོ་བར་འགྱུར་ལ། གང་དུ་འདོད་པ་དེར་འགྲོ་བར་འགྱུར། ཆུའི་སྟེང་དུ་འགྲོ་ཞིང་ནམས་ཀྱང་ཕྱིར་ས་ལ་རྐང་པ་འཇོག་པར་མི་འགྱུར། ལག་པ་གཡས་པ་ལ་བསྐུས་ན་གང་དང་གང་ལ་ལག་པ་རེག་པ་དེ་འོང་བར་འགྱུར་ལ་སུས་ཀྱང་མཐོང་བར་མི་འགྱུར། བུད་མེད་གཞོན་ནུའི་འོ་མ་དང་བསྲེས་ནས་མིག་ལ་བསྐུས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་མཐོང་བར་མི་འགྱུར་ཞིང་དོན་འདོད་པ་གང་ཡིན་པ་བྱེད་དོ། ། དོན་གྱི་རྫས་གང་ཡིན་པ་བླངས་ཀྱང་སུས་ཀྱང་མི་མཐོང་ངོ་།། བུད་མེད་གང་དང་ཕྲད་ན་སུས་ཀྱང་མིང་མཐོང་ལ། ཇི་སྲིད་འཚོའི་བར་དུ་འདུག་ཀྱང་སུས་ཀྱང་མི་ཤེས་སོ། ། ཁར་བྱུགས་ནས་གང་དང་གང་ན་བྲོ་གར་བྱེད་པ་དང་། བཞད་གད་བྱེད་པ་ཉིད་ཀྱི་ནང་དུ་ཞུགས་ན་བྱ་བ་ཐམས་ཅད་བྱེད་ལ་ལུས་ནི་སུས་ཀྱང་མི་མཐོང་ངོ་། ། བུམ་པ་ལ་བྱུགས་ནས་ཆུས་བཀང་ན་ཆུའི་རྒྱུན་སྣང་ལ་བུམ་པ་དེ་ནི་མི་མངོན་ནོ།། གཞོང་པ་ཆུས་བཀང་བ་དེའི་དབུས་བྱུགས་ན་ཆུ་དེ་གང་བར་སྣང་ལ་བུམ་པ་དེ་ནི་མི་སྣང་ངོ་།། བདག་ཉིད་ལ་བྱུགས་ནས་བུམ་པ་ཆུས་བཀང་བ་ལག་ན་ཐོགས་ན་བུམ་པ་ལས་ཆུས་འབྱུང་བ་ནི་སྣང་ལ་མི་དེའི་ལུས་ནི་མི་སྣང་ངོ་། ། མིག་ལ་བསྐས་ནས་སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་མི་མཐོང་བར་འགྱུར་ལ། དེའི་སྒྲ་ནི་ཐོས་ཤིང་རང་གི་ལུས་ནི་མི་མངོན་ནོ། ། གནས་སུ་གཏོགས་པ་ཐམས་ཅད་དུ་ཞུགས་ན་རང་གི་ལུས་ཁྲུས་མ་བྱས་ཀྱི་བར་དུ་མི་མཐོང་ངོ་།། སུ་འང་རུང་བའི་མིག་ལ་བསྐུས་ལ་ལུས་ལའང་བསྐུས་ན་དེ་དག་ཐམས་ཅད་མི་མཐོང་བར་འགྱུར་ཞིང་། གང་དང་གང་དུ་འགྲོ་བ་དེ་དང་དེར་མི་སྣང་བར་འགྱུར་ལ། ཁྲུས་བྱས་པ་ཙམ་གྱིས་ཕྱིར་སྣང་བར་འགྱུར་རོ།། ལུས་ཀུན་ལ་བསྐུས་ནས་མཛོད་ཆེན་པོའི་ནང་དུ་ཞུགས་ན་མི་མཐོང་བར་འགྱུར་ལ། གསེར་དང་། དངུལ་དང་། འཕྲ་མེན་དང་། ནོར་བུ་དང་། མུ་ཏིག་དང་། བྷུ་རུ་དང་། དུང་དང་། མན་ཤེལ་དང་། རྡོ་རྗེ་དང་། བཻ་ཌཱུཪྻ་དང་། མརྒ་དང་། མཐོན་ཁ་དང་། གོས་དང་། སྤུད་པ་དང་། རྒྱན་དང་། ལྷབ་ལྷུབ་གང་ཡང་རུང་བ་ཉིད་འདོད་ན་ཐམས་ཅད་བླངས་ནས་སོང་ན་སུས་ཀྱང་མི་མཐོང་ལ་གར་དགའ་བར་འགྲོ་བར་འགྱུར་རོ། ། ཇི་སྲིད་དུ་ཁྲུས་མ་བྱས་པ་དེ་སྲིད་དུ་རང་གིས་མི་མཐོང་ལ། ཁྲུས་བྱས་ན་ཐམས་ཅད་དུ་མཐོང་ངོ་། ། རིག་སྔགས་འཆང་བུད་མེད་ཀྱི་ནང་དུ་འཇུག་པར་འདོད་པ་གཙང་བར་ཁྲུས་བྱའོ།། དེ་ནས་སྤོས་ཆུས་ཁྲུས་བྱའོ།། དེའི་འོག་ཏུ་བ་གཅིན་གྱིས་ཁྲུས་བྱའོ།། ཡང་གུར་ཀུམ་གྱིས་ཁྲུས་བྱའོ།། དེའི་འོག་ཏུ་བའི་རྣམ་ལྔས་ཁྲུས་བྱའོ།། དེའི་འོག་ཏུ་ཏིལ་མར་དང་ལྷན་ཅིག་བསྲེས་པའི་རིལ་བུ་དེས་ལུས་བསྐུ་བར་བྱའོ།། དེའི་འོག་ཏུ་བུད་མེད་གཞོན་ནུའི་མུ་ནོ་དང་སྦྱར་བས་མིག་ལ་བསྐུས་ལ། དེ་ནས་རིལ་བུ་གསུམ་དཔུང་པ་གཡས་པ་ལ་གདགས་པར་བྱའོ། ། དེ་ནས་གོས་གཙང་མ་བགོས་ནས་གསང་སྔགས་བརྗོད་ཅིང་དྲན་པར་བྱས་ལ། རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་མི་མཐོང་བར་འགྱུར་ཏེ། ལུས་སུས་ཀྱང་མི་མཐོང་ངོ་། ། ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་བདུན་ནམ། ཉི་མ་བཅུ་བཞི་འམ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཁྲུས་བྱས་ལ་བུད་མེད་དེ་དག་གི་ནང་ན་རྩེ་ཞིང་དགའ་བར་བྱེད་ལ། ཡོངས་སུ་སྤྱོད་པར་བྱེད་ཀྱང་སུས་ཀྱིས་མི་ཤེས་ལ་འཇུག་ཅིང་ཕྱིར་འགྲོ་བ་ན་སུས་ཀྱང་གླགས་མི་རྙེད་དེ། ཇི་སྲིད་དུ་ཁྲུས་མ་བྱས་པའི་བར་དུ་རང་གི་ལུས་མི་སྣང་བར་འགྱུར་རོ།། ཕུག་ཏུ་འཇུག་ན་ལུས་ཀུན་སྤོས་ཀྱི་ཏིལ་མར་གྱིས་བྱུག། ལ་ཕུག་ཏུ་ཞུགས་ན་ཕུག་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར་གྱིས། གནས་དེའི་ནང་དུ་ཞུགས་ལ་ཇི་ལྟ་ཇི་ལྟར་ལས་སུ་བྱས་པ་དེ་ལྟ་དེ་ལྟར་གྱིས་ཤིག། ཆུའི་ནང་དུ་ཞུགས་ན་ཇི་ལྟར་ཁྱིམ་གྱི་ནང་ན་འདུག་བཞིན་དུ་ཆུས་མི་རླན་ལ། ཆུས་གོས་པར་ཡང་མི་འགྱུར་རོ།། མེའི་ནང་དུ་ཞུགས་ནེམས་ལུས་ལ་མི་རེག་ཅིང་ཙན་དན་ལྟར་བསིལ་བར་འགྱུར་རོ།། ཀླུའི་གནས་མཚོར་ཞུགས་ན་གནས་ན་འཁོད་པ་རྣམས་ཀྱིས་དེ་མི་མཐོང་གིས། ཇི་ལྟར་རང་གི་ཡིད་ལ་ལས་སུ་བྱ་བར་འདོད་པའི་ལས་ཀྱི་རྣམ་པ་གཞན་དག་ཀྱང་གྱིས་ཤིག། མི་སྣང་བར་བྱ་བ་རིལ་བུའི་སྒྲུབ་པའི་ཆོ་གའོ།། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་དྲུག་པ།། ། དེ་ནས་སྦྱིན་བསྲེག་གི་ཆོ་ག་བཤད་པར་བྱ་སྟེ། ལས་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་དངོས་གྲུབ་ཐམས་ཅད་བྱེད་པའི་གནས། སྡིག་པ་ཐམས་ཅད་འཕྲོག་པ། དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ། རིག་སྔགས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པ། གནོད་སྦྱིན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་ལེགས་པར་རྒྱལ་བ་སྦྱིན་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། འཐབ་པ་དང་། རྩོད་པ་ཉིད་དང་། འགྱེད་པ་དང་། མཚོན་ཆའི་དྲ་བ་ཐམས་ཅད་ལས་སྒྲོལ་བར་བྱེད་པ། གྲུབ་པ་དོན་ཡོད་པ་མཆོག་ཏུ་རྙེད་པར་དཀའ་བ། རིག་སྔགས་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དུ་གསང་སྔགས་དང་དཀྱིལ་འཁོར་གྱི་དངོས་གྲུབ། ཕྱག་རྒྱ་འཕོ་བ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བའི་སྒྲུབ་པ་ལས་ཐམས་ཅད་དུ་མཆོག་གི་དངོས་གྲུབ་ཀྱང་འགྲུབ་སྟེ་འདི་ལ་ཐེ་ཙོམ་མེད་དོ།། བདེ་བ་ཐམས་ཅད་རྟག་ཏུ་རབ་ཏུ་སྦྱིན་པ་དང་། དབང་ཕྱུག་མ་ཡིན་པ་ཐམས་ཅད་ཀྱི་སྒྲུབ་པ་དང་། འགུགས་པ་དང་། ལྷ་དང་ཀླུ་ཐམས་ཅད་སྤྱན་འདྲེན་པ་དང་། གནོད་སྦྱིན་དང་སྲིན་པོ་ཐམས་ཅད་རབ་ཏུ་འཇོམས་པ་དང་། བདུད་དང་། འབྱུང་པོ་དང་། ཤ་ཟ་དང་། གདོན་མི་བཟད་པ་དང་། བརྗེད་བྱེད་མི་བཟད་པ་དང་། ཚངས་པའི་སྲིན་པོ་རྣམས་ཐམས་ཅད་ཐམས་ཅད་དུ་སྒྲོལ་བར་བྱེད་པར་གྲུབ་པ་དང་། ཉིན་མོ་དང་མཚན་མོའི་དུས་རྟག་ཏུ་ཚར་གཅོད་པར་ཐེ་ཙོམ་མེད་དོ། ། རིམས་ཐམས་ཅད་རྟག་ཏུ་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་ཟློག་པར་བྱེད་པ། དུག་ཐམས་ཅད་གསོད་པར་བྱེད་པ། འཕྲལ་དུ་སྲེག་བླུགས་བྱིན་པ་ཙམ་གྱིས་ཐམས་ཅད་དུ་རྟག་ཏུ་གནང་ཆེན་པ་དང་། ཐམས་ཅད་དུ་མཐོང་ན་དགའ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་མཆོད་པར་བྱ་བ་དང་། ཐམས་ཅད་དུ་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་མཐོང་བའང་སྦྱིན་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མེད་དོ།། བྱང་ཆུབ་སེམས་དཔའ་རྟག་ཏུ་ཀུན་ཏུ་སྣང་བ་དང་། དུས་ཐམས་ཅད་ཀྱི་ཚེ་ལས་ཐམས་ཅད་ལ་ཤིན་ཏུ་དགའ་བ་དང་། སྐྱེ་བ་ནས་སྐྱེ་བར་ཚིག་བཙུན་པར་འགྱུར་རོ། ། ཐམས་ཅད་དུ་བླ་མ་ལ་སྲི་ཞུ་ཆེ་བ་དང་། ཐམས་ཅད་དུ་མཆོད་པར་འོས་པའི་བླ་མའོ།། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་པས་རྟག་ཏུའང་སྲུང་བ་དང་། ཡོངས་སུ་སྐྱོང་བར་བྱེད་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་ཉིད་ཀྱིས་ཀྱང་དུས་རྟག་ཏུ་སྲུང་བ་དང་། སྒྲུབ་པ་དང་། སྦ་བར་བྱེད་པར་ཐེ་ཙོམ་མེད་དོ།། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། ལྷའི་བུ་རྫུ་འཕྲུལ་ཆེ་བ་རྣམས་ཀྱིས་སྲུང་བ་དང་། སྐྱབ་པ་དང་། སྦ་བར་བྱེད་ཅིང་རྟག་ཏུ་ལེགས་པར་ཁ་ལོས་སྒྱུར་བར་གནས་པར་འགྱུར་རོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དྲག་པོ་དང་། གཞོན་ནུ་དང་། ནོར་བུ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། གར་མཁན་མཆོག་སྟེ། འདི་རྣམས་ཀྱིས་རྟག་ཏུ་སྲུང་བ་དང་། སྐྱབ་པ་དང་། སྦ་བར་བྱེད་ཅིང་གནས་ཏེ་འདི་ལ་ཐེ་ཙོམ་མེད་དོ།། མེའི་ལྷ་གཟི་བརྗིད་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་གྱི་ལྷ་རྣམས་ཀྱིས་སྲུང་བ་དང་། སྐྱབ་པ་དང་། སྦ་བར་བྱེད་ཅིང་མཆོག་ཏུ་མཆོད་པ་བྱས་པས་གནས་པར་འགྱུར་རོ། ། སྦྱིན་སྲེག་ཙམ་འདི་ནི་བྱ་བ་ཐམས་ཅད་བླ་ན་མེད་པའི་དངོས་གྲུབ་རྣམས་ལའོ།། འབྲས་ཐུག་པོ་ཆེ་དང་། ཡུངས་ཀར་དང་། གུ་གུལ་དང་། མར་དང་། སྦྲང་རྩི་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་མཆོག་སྦྱིན་པར་འགྱུར་ཏེ། བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ།། ཙན་དན་དང་། པདྨའི་ཆུ་བ་དང་། འབྲས་ཡོས་དང་། ཡུངས་ཀར་དང་། ཨ་ཀ་རུ་དང་། ཞོ་དང་། སྦྲང་རྩི་དང་། མར་བསྲེས་པས་ས་མཱིའི་ཤིང་གིས་ཞི་བའི་མེ་སྦར་ཏེ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་དུ་ཉེ་བར་གནས་ཏེ། མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ།། བྱ་བ་ཐམས་ཅད་ཀྱི་དངོས་གྲུབ་ཏུའང་འགྱུར་རོ།། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། ། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཏུའང་འགྱུར་རོ།། ཐམས་ཅད་དུ་དོན་ཡོད་པ་ཐོགས་པ་མེད་པའི་དངོས་གྲུབ་ཏུའང་འགྱུར་རོ།། བསོད་ནམས་ཐམས་ཅད་འགུགས་པའི་དངོས་གྲུབ་ཏུའང་འགྱུར་རོ། ། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་བྱེ་བ་དང་། ཆོ་ག་ཞིབ་མོ་དང་། སྒྲུབ་པའི་ཆོ་ག་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་། ཚིག་གསང་བ་ལ་རྗེས་སུ་ཞུགས་པར་འགྱུར་རོ།། སེང་ལྡེང་དང་ནིམ་པའི་ཤིང་གི་ཡམ་ཤིང་གིས་འབྲས་སཱ་ལུ་དང་། ཏིལ་དང་། ཡུང་ཀར་དང་། ཞོ་དང་། མར་དང་། ལན་ཚྭ་དང་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། བགེགས་དང་། ལོག་པར་འདྲེན་པ་དང་། གནོད་སྦྱིན་དང་། སྲིན་པོའི་གདོན་ཐམས་ཅད་དང་། གདུག་པ་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་སྒྲོལ་བར་བྱེད་དོ།། མཚོན་ཆ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ།། ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ལས་རྒྱལ་བ་སྦྱིན་པར་འགྱུར་རོ།། ཙན་དན་དང་། འབྲས་ཡོས་དང་། ཞོ་དང་། སྦྲང་རྩི་དང་། མར་བསྲེས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཡུལ་འཁོར་དང་། རི་བྲག་དང་། གྲོང་དང་། གྲོང་ཁྱེར་དང་། ལྗོངས་རྣམས་སུ་ཀུན་ནས་དཔག་ཚད་སྟོང་ཕྲག་གཅིག་ཁོ་ར་ཁོར་ཡུག་ཏུ་ཞི་བ་ཆེན་པོར་འགྱུར་རོ། ། སེམས་ཅན་ཐམས་ཅད་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ལ་བསྲུང་བ་དང་བསྐྱབ་པའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། ། ནད་ཐམས་ཅད་ཐམས་ཅད་དུ་རབ་ཏུ་ཞི་བར་འགྱུར་རོ།། གཅན་གཟན་གཏམ་པོ་ཐམས་ཅད་དང་། སྦལ་གདུག་པ་དང་། མ་རུངས་པ་ཐམས་ཅད་བྱམས་པར་འགྱུར་རོ།། རྒྱལ་པོ་དང་། ཡུལ་འཁོར་དང་། བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་བ་ཐམས་ཅད་ཤིས་པ་དང་བདེ་བར་འགྱུར་རོ།། མ་ཏམ་ག་དང་། ཡུངས་ཀར་དང་། མར་དང་། ཀླུ་ཤིང་གི་མེ་ཏོག་དང་། འབྲས་ཡོས་རྣམས་བསྲེས་པས་ཨརྒའི་ཤིང་གི་ཡམ་ཤིང་གིས་མེ་སྦར་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཆར་མི་འབབ་པར་བྱེད་པ་ལ། དེ་ནས་ཀླུ་ཆེན་པོ་རྣམས་ཀྱིས་ཆར་གྱི་རྒྱུན་འབྱིན་པར་བྱེད་དེ། ཇི་སྲིད་ཆར་པ་འབབ་པར་འདོད་པའི་བར་དུའོ།། ལོ་ཏོག་དང་། ཤིང་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་གྱི་རྫས་དང་། མེ་ཏོག་དང་། འབྲས་བུ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ།། ལེགས་པཔར་ཡོངས་སུ་རྫོགས་པར་འགྱུར་རོ། ། ཀླུའི་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱི་དགའ་བ་ཆེན་པོར་འགྱུར་ཞིང་། དུས་དུས་སུ་ཇི་ལྟ་བ་བཞིན་དུ་ཆར་གྱི་རྒྱུན་འབྱིན་པར་བྱེད་དོ།། ཧ་ཅང་ཆར་ཆེས་ན་དེཉིད་ཀྱི་ཐལ་བས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཧ་ཅང་ཆར་ཆེས་པ་རབ་ཏུ་ཞི་བར་བྱེད་དོ། ། འབྲས་ཡོས་དང་། གོ་ལ་དང་། ཡུངས་ཀར་དང་། གཏུམ་པོའི་ས་བོན་མར་དང་བསྲེས་པའི་སྦྱིན་སྲེག་བྱས་ན་རླུང་དང་སེར་བ་ཐམས་ཅད་བཟློག་པར་བྱེད་དོ། ། དཔག་ཚད་སྟོང་ཕྲག་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་བར་བྱས་པར་འགྱུར་རོ།། རླུང་བཅིང་བ་ལ་ཡུངས་ཀར་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རླུང་གི་དཀྱིལ་འཁོར་ཐམས་ཅད་བཅིང་བར་བྱས་པར་འགྱུར་ཏེ། ཇི་སྲིད་དུ་བེ་རམ་བྷའི་རླུང་གི་བར་དུ་བཅིངས་པར་འགྱུར་རོ།། ཀླུ་བཅིང་བ་ནི་ཡུངས་ཀར་དང་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ལོ་བཅུ་གཉིས་སུ་ཀླུ་བཅིང་བ་བྱས་པར་འགྱུར་རོ། ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་ནི་ཡུངས་ཀར་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། ཕ་རོལ་གྱི་དམག་ཚོགས་ལྡོག་པ་ལ་ནི་ཀ་ར་ཝཱི་རའི་ཤིང་གིས་མེ་སྦར་ཏེ། ནིམ་པའི་འདབ་མ་དང་། ལན་ཚྭ་དང་། ཕུབ་མའི་སྤྲིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དེ། ཇི་སྲིད་འཚོའི་བར་དུ་ཕྱིས་འབྱུང་བར་མི་འགྱུར་རོ།། ཕྱོགས་བཅིང་བ་ལ་དཔག་ཚད་སྟོང་ཕྲག་ཁོར་ཡུག་གིས་སོ།། ཏིལ་དང་། ཡུངས་ཀར་དང་། འབྲས་ཡོས་དང་། པདྨའི་འདབ་མ་མར་དང་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། དཔག་ཚད་སྟོང་ཕྲག་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་བ་བྱས་པར་འགྱུར་རོ།། ལོག་འདྲེན་ཐམས་ཅད་བཅིང་བ་ལ་ནི་ཡུངས་ཀར་ནག་པོ་དང་། ཏིལ་ནག་དང་། སྲན་མ་དང་། ཏིལ་དང་མར་བསྲེས་པས་སྤྲིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་མ་རུངས་པ་དང་། གནོད་སྦྱིན་དང་། སྲིན་པོ་རྣམས་བཅིང་བ་བྱས་པར་འགྱུར་རོ། ། གནོད་སྦྱིན་འབྱིན་པ་ནི་བྷཾ་གའི་ས་བོན་དང་། ལན་ཚྭ་དང་། ཏིལ་མར་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་ལ་སོགས་པ་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་ངེས་པར་འབྱིན་པར་འགྱུར་རོ།། ཡམས་དང་། ཉེ་བར་འཚེ་བ་དང་། ནད་འགྲོ་བ་ཐམས་ཅད། འཇིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། དགེ་ལེགས་ཐམས་ཅད་འབྱུང་བར་འགྱུར་རོ།། བྲམ་ཟེ་དབང་དུ་བྱེད་པ་ལ་འབྲས་ཡོས་དང་ཨ་རྐའི་ཡམ་ཤིང་མར་གྱིས་བཏགས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་རོ། ། རྒྱལ་རིགས་དབང་དུ་བྱེད་པ་ལ་བུ་རམ་དང་། མར་དང་། འབྲས་ཡོས་དང་། ཨརྐའི་འདབ་མས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། ། དམངས་རིགས་དབང་དུ་བྱེད་པ་ལ་སྨྲོས་བྱེད་ཀྱི་འབྲས་བུ་དང་དོང་ཀའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དམངས་རིགས་ཐམས་ཅད་དབང་དུ་བྱེད་པའི་མཆོག་འགྲུབ་བོ།། རྗེའུ་རིགས་དབང་དུ་བྱེད་པ་ལ་མར་རྣམ་པ་གསུམ་གྱིས་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྗེའུ་རིགས་ཐམས་ཅད་དབང་དུ་བྱེད་དོ། ། སྣ་མའི་མེ་ཏོག་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བུད་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། ། གཞོན་ནུ་མ་དབང་དུ་བྱེད་པ་ལ་ཆུའི་མེ་ཏོག་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཞོན་ནུ་མ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ།། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་འབྲུ་དང་མར་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་འཇིགས་པ་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། ནོར་དང་འབྲུ་འཕེལ་བར་བྱེད་པ་ལ་འབྲུ་བདུན་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ནོར་དང་འབྲུ་འཕེལ་བར་འགྱུར་རོ།། དབང་ཕྱུག་ཐོབ་པ་ལ་ཡུངས་ཀར་དང་། མདྡྷཿདང་། སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་ཕྱུག་ཆེན་པོ་འཕེལ་བར་འགྱུར་རོ། ། ཡུལ་ཐོབ་པ་ལ་ཚ་བ་གསུམ་མར་དང་། མདྡྷཿདང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཡུལ་ཆེན་པོ་ཐོབ་པར་འགྱུར་རོ།། གྲོང་གི་དོན་དུ་ཀ་ར་ཝཱི་རའི་མེ་ཏོག་དང་། ཡུངས་ཀར་དང་། འབྲས་ཡོས་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གྲོང་རྙེད་པར་འགྱུར་རོ།། གཏེར་གདོན་པ་ལ་ནི་པདྨའི་ཆུ་བ་མར་རང་བསྲེས་པའི་སྤྲི་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཏེར་ཆེན་པོ་སོ་སོར་རྙེད་དོ། ། གནོད་སྦྱིན་སྤྱན་དྲང་བར་འདོད་པས་གུ་གུལ་དང་། གཏུམ་པོའི་ས་བོན་དང་སྦྲང་རྩི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གནོད་སྤྲིན་རང་གི་གཟུགས་ཀྱིས་མདུན་དུ་ཉེ་བར་འདུག་སྟེ། ཅི་བསྒོ་བ་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། འདོད་པའི་གཟུགས་ཅན་མ་སྨན་དྲང་བར་འདོད་པས་འབྲས་ཡོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དྲི་དང་པྲི་ཡང་ཀུ་ཡིས་ཀ་ར་ཝཱི་རའི་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། དེའི་འོག་ཏུ་འདོད་པའི་གཟུགས་ཅན་མ་འོངས་ཏེ། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པར་བྱེད་དོ།། རྣམ་པ་གསུམ་བརྗོད་པར་བྱ་སྟེ། མ་དང་། ཆུང་མ་དང་། སྲིང་མོའོ།། གལ་ཏེ་མ་ཡིན་ན་བུ་ལ་ཞེན་པས་ནོར་དང་། འབྲུ་དང་ལོངས་སྤྱོད་ཆེན་པོ་རྣམ་པར་འཕེལ་ཞིང་ཕུན་སུམ་ཚོགས་པར་བྱེད་དེ། ཇི་སྲིད་འཚོའི་བར་དུ་མི་འབྲལ་བར་ཀུན་ཏུ་གནས་པར་བྱེད་དོ།། གལ་ཏེ་ཆུང་མ་ཡིན་ན་རྣམ་པ་སྣ་ཚོགས་པའི་དགའ་བ་དུ་མས་རྩེ་མ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་བྱས་ན་ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་འབབ་པར་བྱེད་དེ། འདོད་པ་དང་། ཡིད་ཀྱི་ཤིང་རྟ་དང་། སྐལ་བ་དང་། དབང་ཕྱུག་ཐམས་ཅད་ཆེར་འཕེལ་བ་རབ་ཏུ་སྦྱིན་ནོ། ། ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་ཏེ། ཇི་སྲིད་འཚོའི་བར་དུ་སྲུང་བ་དང་། སྐྱབ་པ་དང་། སྦ་བར་བྱེད་པར་འགྱུར་རོ།། ཉི་མ་རེ་རེ་ཞིང་མཐོང་བར་འདོད་ན་འབབ་པར་བྱེད་དོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཐམས་ཅད་འགུགས་པ་ལ་ཏིལ་དང་། ཡུངས་ཀར་དང་། འབྲས་ཐུག་པོ་དང་། སྨན་སྣ་ཚོགས་དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་འགུགས་པ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་ཏེ། འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ།། རྒྱལ་པོ་དང་བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པ་འཁོར་དུ་འགྱུར་ཏེ། རྟག་ཏུ་དེ་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་ལ་ངག་གི་རྗེས་སུ་འཇུག་པར་འགྱུར་རོ། ། བདག་ཉིད་ཀྱིས་སམ་ནོར་གྱིས་ཀྱང་རུང་སྟེ། ཐམས་ཅད་དུ་བླ་མ་གཅིག་པུར་མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ།། སྦྱིན་སྲེག་གི་ཆོ་གའི་སྒྲུབ་ཐབས་སོ།། ཞིང་ལོངས་སྤྱོད་པ་ཡོངས་སུ་སྤྱོད་པར་བྱེད་དེ། རྣམ་པ་སྣ་ཚོགས་པའི་གོས་དང་། རྒྱན་དང་། ལྷབ་ལྷུབ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། བཟའ་བ་དང་། བཏུང་བ་རྣམ་པ་སྣ་ཚོགས་པའི་རོ་བྲོ་བའི་ལོངས་སྤྱོད་ལ་ཡོངས་སུ་སྤྱོད་ཅིང་། རྣམ་པ་སྣ་ཚོགས་པའི་མལ་སྟན་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་དང་བཅས་པ་རྣམ་པར་འཕེལ་བ་དང་ཡོངས་སུ་སྤྱོད་དེ། ཇི་སྲིད་འཚོའི་བར་དུ་གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ།། སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ།། གལ་ཏེ་སྲིང་མོ་ཡིན་ན་དེའི་ཚེ་རྣམ་པ་སྣ་ཚོགས་པའི་དབང་ཕྱུག་དང་། ལྷའི་གཞལ་མེད་ཁང་གི་ལོངས་སྤྱོད་ལ་ཡོངས་སུ་སྤྱོད་ཅིང་། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་དང་རིམ་གྲོ་བྱེད་དོ།། ཕ་རོལ་གྱི་དམག་ཚོགས་ཟློག་པ་ལ་ཕུབ་མ་དང་ལན་ཚྭའི་སྦྱིན་སྲེག་གིས་དཔག་ཚད་བརྒྱ་སྟོང་ཕྲག་གི་ནང་དུ་དགྲ་མི་འབྱུང་སྟེ། སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཡུལ་དང་། འཁྲུག་པ་ཆེན་པོ་ལས་རྒྱལ་བར་འགྱུར་རོ།། ཉི་མ་འབབ་པར་བྱེད་པ་ལ་རིའི་རྩེ་མོར་སྦྲང་རྩི་དང་། ན་ལེ་ཤམ་དང་། འབྲས་ཐུག་པོ་ཆེ་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་མ་ཉིན་རེ་རེ་ཞིང་ཉི་མ་འབབ་པར་བྱེད་དེ། མཆོག་ཐམས་ཅད་རྗེས་སུ་སྩོལ་བར་བྱེད་ཅིང་། ཇི་སྲིད་འཚོའི་བར་དུ་འདོད་པ་ཙམ་གྱིས་བསྙེན་བཀུར་དང་རིམ་གྲོ་བྱེད་ཅིང་ཉེ་བར་གནས་སོ། ། ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་འབབ་པར་འདོད་པས་གནས་མཐོན་པོར་ཚ་བ་གསུམ་དང་། རྒྱ་མཚྭ་དང་། ནས་མིག་འཕྲུལ་བཤད་པར་བྱ་སྟེ། དོན་ཡོད་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཆེད་དུ་ལས་ཐམས་ཅད་བྱེད་པ། དགེ་བ་ལ་མཁས་པ་རྣམས་ཀྱི་བདེ་བ་སྦྱིན་པ། རྟག་ཏུ་དབུལ་པོ་རྣམས་ཀྱིས་བདེ་བ་ཐོབ་པར་བྱེད་པའོ།། དེ་ནས་རྟོགས་པའི་མོད་ལ་འབྲུ་མཆོག་ཏུ་འཕེལ་བར་འགྱུར་ཞིང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་ཉིད་དུ་མཆོད་པར་བྱ་བ་དང་། མི་འཇིགས་པ་དང་། དབང་ཕྱུག་སྦྱིན་ཞིང་ལོངས་སྤྱོད་ཆེན་པོ་འཕེལ་བ་དང་། རྒྱལ་པོའི་བདེ་བ་དང་ལྡན་པ་དང་། ཕྱོགས་ཕྱོགས་སུ་རབ་མཆོག་སྦྱིན་པར་བྱེད་དོ། ། གིའུ་ཝང་དང་། ཅུ་གང་དང་། ལྡོང་རོས་དང་། མུ་ཟི་དང་། པདྨ་གེ་སར་དང་། ཨུཏྤ་ལ་སྔོན་པོ་དང་། ལི་ཁ་ར་དང་། གུར་ཀུམ་དང་། རྒྱ་མཚོ་ལྤ་བ་དང་། གཉིས་དང་། གསེར་གྱི་འདབ་མ་སྟོང་ཕྲག་སྦྱར་ཏེ། ཕྱེ་མ་ཤིན་ཏུ་ཞིབ་མོར་བྱས་ལ། ལེགས་པར་བསྒོངས་ལ་ག་པུར་དང་གླར་རྩི་ཙམ་གྱི་བླངས་ལ། སྔགས་ཀྱི་སྟོང་ཕྲག་བརྒྱད་བཟླས་པ་མཁས་པ་རྣམ་པ་གསུམ་དུ་སྦྱར་བར་བྱ་སྟེ། སྐྱེ་བོས་གང་བ་ཉིད་ལ་ལྔ་མཉམ་པའོ།། དེ་ནས་རིག་སྔགས་འཆང་གིས་མིག་སྨན་གྱི་སྙིང་པོས་སྟོང་རྩ་བརྒྱད་བཟླས་ལ་མིག་ལ་བྱུག་པར་བྱ་སྟེ་མི་སྣང་བར་འགྱུར་རོ།། སྐྱེ་བོའི་མང་པོའི་དབུས་སུ་ནམ་མཁའ་ལ་ཉེ་བར་གནས་པར་བྱེད་དོ། ། ཧཱུཾ་ཡིག་གིས་མཐོང་བར་བྱའོ།། ནམ་མཁའ་ལ་འགྲོ་བར་བྱེད་དོ།། གནས་པར་བྱེད་དོ།། ཉལ་བར་བྱེད་དོ།། རྒྱུག་པར་བྱེད་དོ།། བསྐུས་ན་ལུས་ལ་མེ་འབར་བར་མཐོང་སྟེ། དེ་སྟོན་པར་བྱེད་དོ།། དུ་བའི་རྒྱལ་མཚན་སྟོན་པར་བྱེད་དོ།། རྐང་པའི་མཐིལ་ལ་ཀུན་ཏུ་བྱུགས་ནས་ཆུ་བོ་དང་ཆུ་ཀླུང་ཆེན་པོའི་སྟེང་ནས་འགྲོ་སྟེ་རྐང་པ་ལ་ཆུས་གོས་པར་མི་འགྱུར་རོ།། མེ་ཆེན་པོ་འབར་བའི་ནང་དུ་འཇུག་སྟེ་སྲེག་པར་མི་བྱེད་ཅིང་། བ་སྤུའི་ཁུང་བུ་གཅིག་ཀྱང་འབྱི་བར་མི་འགྱུར་རོ།། ཕྱེ་མས་ཕྱོགས་བཞིར་ནམ་མཁའ་ཀུན་ཏུ་གཏོར་ན་མེ་ཏོག་དང་འབྲས་བུ་སྣ་ཚོགས་པའི་ཆར་གྱི་རྒྱུན་ལྟུང་བར་བྱེད་དོ། ། རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་མཐོང་བར་བྱེད་དོ།། ལུས་མཐའ་དག་ལ་བྱུག་པར་བྱ་ཞིང་། སྐྱེ་བོའི་མིག་སྨན་བསྐུ་ཞིང་ཕྱེ་ནས་གཏོར་ནས་ལྗོངས་ཆེན་པོའི་ནང་དུ་འཇུག་པར་བྱ་སྟེ། དེ་ཅུང་ཟད་ཀྱང་མི་མཐོང་ངོ་།། ཇི་ལྟར་ཡིད་ལ་བྱེད་པ་བཞིན་དུ་རྨོངས་པ་ཆེན་པོའི་སྒྱུ་མ་སྟོན་པར་བྱེད་དེ། རྒྱལ་པོ་དང་། དམག་སྡེ་ཆེན་པོ་དང་། དྲང་སྲོང་གི་གཟུགས་དང་། གསེར་གྱི་བུམ་པ་ཅན་དང་། མིའི་སེང་གེ་དང་། ཕག་དང་། དགའ་བྱེད་ཀྱི་མཚན་ཉིད་དང་། རོལ་སྙེད་མ་ཕྲོག་པ་དང་། ཟླ་འོད་མགོ་བོ་ཡོངས་སུ་གཏོང་བ་སྟོན་པར་བྱེད་དོ།། འཇོམས་པ་དང་། གསོད་པ་དང་། སྲོག་འདོར་བ་སྟོན་པར་བྱེད་དོ།། མེ་ཏོག་གི་ཆར་རམ། འབྲས་བུའི་ཆར་རམ། རླུང་དང་། སྤྲིན་དང་། སེར་བ་དང་། འབྲུའི་ཆར་སྟོན་པར་བྱེད་དོ།། རྣམ་པ་སྣ་ཚོགས་པའི་རྣམ་འགྱུར་རྣམས་སྟོན་པར་བྱེད་དོ།། གཞལ་མེད་ཁང་ཆེན་པོའི་རྣམ་པ་རྣམས་བསམས་པ་ཙམ་གྱིས་སྟོན་པར་བྱེད་དོ། ། དགེ་འདུན་གྱི་ནང་དུ་འཇུག་ན། རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་པ་ལ་སོགས་པ་ཡ་མ་ཟུང་གཞལ་དུ་མེད་པ་སྟོན་པར་བྱེད་དོ། བདག་ཉིད་ཀྱི་མགོ་བོ་ལ་བསྐུས་ནས་མགྲིན་པ་ཙམ་གྱིས་དྲི་ཟ། ཏིལ་མར་གྱིས་བསྒོས་པའི་ཕྱེ་མས་གཏོར་བར་བྱ་ཞིང་། མིག་སྨན་གྱིས་བྱུག་པར་བྱ། ཕྱེ་མས་ལུས་མཐའ་དག་ལ་བདུག་པར་བྱ། རྐང་པ་ལ་བྱུག་པར་བྱ་སྟེ། དགེ་འདུན་གྱི་ནང་དུ་ཞུགས་ན་ཡང་དག་པར་ཤེས་བཞིན་དང་། ཞི་བ་དང་། དུལ་བ་དང་། ཟུང་ཙམ་དུ་མཐོང་ངོ་།། དེ་ནས་ཞུགས་པ་ཙམ་གྱིས་མེའི་ཁམས་སུ་མཐོང་བར་བྱེད་དོ། ། མཐོང་བར་བྱེད་དོ།། སེམས་དཔར་མཐོང་བར་བྱེད་དོ།། ནམ་མཁའ་ལ་གནས་པར་བྱེད་དོ།། འཆག་པར་བྱེད་དོ།། འདུག་པར་བྱེད་ཅིང་མ་ལ་སྟན་ལ་རྟོགས་པར་བྱེད་དོ། ། འོང་བར་བྱེད་ཅིང་འགྲོ་བར་བྱེད་དོ།། མེ་ཏོག་འབབ་པར་བྱེད་དོ།། ནམ་མཁའ་ལ་རྔའི་སྒྲ་སྟོན་པར་བྱེད་དོ།། རིག་བྱེད་བཞི་པའི་ནང་དུ་ཤིང་ཨརྐའི་ངོ་མས་བསྒོས་ནས་བྱུགས་པ་ཙམ་གྱིས་འཇིག་རྟེན་གསུམ་པའི་གཟུགས་སུ་མཐོང་བར་བྱེད་དོ། ། ལྷའི་གར་མཁན་སྣ་ཚོགས་པའི་གཟུགས་སུ་མཐོང་བར་བྱེད་དོ།། ཇི་ལྟ་ཇི་ལྟར་ཡིད་ལ་བྱེད་པ་བཞིན་པའི་བྷཱ་ར་ཏ་དང་དགའ་བྱེད་རྣམས་མཐོང་བར་བྱེད་དོ། ། འཁོར་ཆེན་པོའི་དབུས་སུ་རྣམ་པ་སྣ་ཚོགས་པའི་གར་མཁན་རྣམས་སུ་སྟོན་པར་བྱེད་དོ།། རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ཆེན་པོའི་འཁོར་དང་བཅས་པའི་དབུས་སུ་ལྷའི་གར་མཁན་སྣ་ཚོགས་པ་རྣམས་སུ་མཐོང་བར་བྱེད་དོ། ། གླིང་གི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣ་ཚོགས་པ་དང་། མཱན་དྷཱ་ཏ་དང་། ཡིད་ལྡན་དང་། ཤིང་རྟ་བཅུ་པ་དང་། རིན་ཆེན་འོད་དང་། དྲག་པོ་ས་འོད་སྦྱིན་དང་། མི་བདག་དང་། མངའ་བདག་དང་། ཚོང་པ་དང་། དེད་དཔོན་དང་། ཞི་བ་དང་། མཆེ་བཟང་དང་། སྙིང་རྗེ་ཅན་དང་། པདྨ་དཀར་པོ་ལ་སོགས་པ་རྣམས་དང་ལྷན་ཅིག་པའི་གར་མཁན་རྣམས་སུ་མཐོང་ངོ་།། རིན་པོ་ཆེའི་ཆར་དང་། གོས་ཀྱི་ཆར་དང་། རྒྱན་གྱི་ཆར་དང་། སྤུད་པའི་ཆར་དང་། ལྷ་བ་ལྷུབ་ཀྱི་ཆར་མཐོང་བར་བྱེད་དོ།། མེ་ཏོག་གི་གཞལ་མེད་ཁང་དང་། འབྲས་བུའི་གཞལ་མེད་ཁང་མཐོང་བར་བྱེད་དོ།། གཞལ་མེད་ཁང་ལ་སོགས་པ་རྣམ་པ་སྣ་ཚོགས་པ་མཐོང་བར་བྱེད་དོ།། དེ་ལྟར་ན་མིག་སྨན་དང་ཕྱེ་མ་མཐུ་ཆེན་པོ་བསྐུ་བ་དང་སྦྱོར་བས་གཞལ་མེད་ཁང་དང་། གར་མཁན་དང་། གཞན་མེད་ཁང་མཐོང་བར་བྱེད་དེ། ཇི་སྲིད་སྒྲ་སྒྲོགས་དང་། འཇིགས་བྱེད་དང་། བུམ་པ་དང་། གཞལ་མེད་ཁང་མཐོང་བ་དང་། ཧ་ནུ་མའི་གཞལ་མེད་ཁང་མཐོང་བར་བྱེད་པ་དང་། གར་མཁན་རྨོངས་པ་ཆེན་པོའི་གཞལ་མེད་ཁང་མཐོང་བར་བྱེད་དོ།། ཇི་སྲིད་བདུད་འཇོམས་པ་ལ་སོགས་པ་དམག་སྡེ་སྣ་ཚོགས་པའི་མཆོག་གི་གཟུགས་ཀྱི་བར་དུ་མཐོང་བར་བྱེད་དོ། ། སྟོབས་དང་བརྩོན་འགྲུས་ཆེན་པོ་མཐོང་བར་བྱེད་དོ།། མིག་སྨན་དང་ཕྱེ་མའི་སྦྱོར་བ་གསུམ་ཙམ་གྱི་དངོས་གྲུབ་ནི་བསྐུ་བ་དང་། བཀླགས་པ་དང་། ཡང་དག་པར་སྦྱར་བས་ཚེའི་དངོས་གྲུབ་ཆེན་པོར་འགྱུར་རོ།། སྒྱུ་མའི་རྣམ་འཕྲུལ་སྣ་ཚོགས་པ་འགྲུབ་སྟེ། ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་སྦྱོར་བའི་དངོས་གྲུབ་ཏུ་འགྱུར་རོ། ། རབ་ཏུ་སྦྱར་བ་ཙམ་གྱིས་དངོས་གྲུབ་ཆེན་པོ་རྒྱ་ཆེ་བ་འཇིག་རྟེན་ཐམས་ཅད་ཀྱིས་མངོན་སུམ་དུ་འགྲུབ་པར་འགྱུར་རོ། ། སྒྲུབ་པའི་དངོས་གྲུབ་བླ་ན་མེད་པའི་ཆོ་ག་རྨོངས་པ་ཆེན་པོའི་ཆོ་གའོ།། །། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་དངོས་གྲུབ་བླ་ན་མེད་པ་དང་། དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་དངོས་གྲུབ་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་བླ་ན་མེད་པའོ།། དང་པོར་སྡིག་པ་ཟད་པར་བྱེད་པ་དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། འདོད་པ་ཐམས་ཅད་ཀྱི་དངོས་གྲུབ་དང་། དོན་ཡོད་པའི་དངོས་གྲུབ་བླ་ན་མེད་པ་དང་། སྔགས་ཀྱི་དངོས་གྲུབ་དང་། མཆོག་གིས་དངོས་གྲུབ་དང་། གཟུངས་ཐོབ་པའི་དངོས་གྲུབ་རྣམས་དང་། ས་བཅུ་ལ་རབ་ཏུ་འཇུག་པར་བྱེད་པ་གྲུབ་པ། སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་དེ་ཁོ་ན་ཉིད་མཐོང་བ་རྨད་དུ་བྱུང་བ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་བྱེད་པ། རྡོ་རྗེ་གདན་གྱི་གནས་སུ་ཡང་དག་པར་ལྷག་པར་གནས་པ། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ། བདུད་འཇོམས་ཤིང་ཚར་གཅོད་པ། བགེགས་ཐམས་ཅད་ལྷུང་བར་བྱེད་པ། སངས་རྒྱས་ཀྱི་ཞིང་གི་གནས་མཐོང་བར་བྱེད་པ། དེ་ཉིད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པའི་གནས་དང་མཉམ་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་བའོ། ། དེ་ནས་པོཊ་ལ་ཀའི་གཞལ་མེད་ཁང་དང་མཉམ་པའི་གནས།། དོན་ཡོད་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས། སྐད་ཅིག་ལ་མནར་མེད་པའི་གནས་དང་མཚམས་མེད་པ་ལྔ་རྣམ་པར་སྦྱོང་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་དང་མཉམ་པ། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་གཞིའི་གནས། དེ་བཞིན་དུ་རྡོ་རྗེ་སྙིང་པོའི་དགེ་བ་འཕེལ་བ། དེ་བཞིན་གཤེགས་པའི་རིགས་ཀྱི་རིག་སྔགས་ཀྱི་དངོས་གྲུབ་དང་། དེ་བཞིན་དུ་པདྨའི་རིགས་དང་། དེ་བཞིན་དུ་ནོར་བུའི་རིགས་དང་། དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་དང་། དཀྱིལ་འཁོར་གྱི་གཙོ་བོ་གཅིག་པུར་ཞུགས་པ། དཀྱིལ་འཁོར་གྱི་མཆོག་རི་རབ་ཆེན་པོ་དང་མཉམ་པའི་གནས། དེ་བཞིན་དུ་རྒྱ་མཚོ་ཆེན་པོ་ལྟ་བུ། ཁྱད་པར་དུ་འཕགས་པའི་གནས་ཐམས་ཅད་དུ་སོན་པ། ཡིད་བཞིན་གྱི་ནོར་བུའི་མཆོག་རབ་ཏུ་སྨིན་པ། དཔག་བསམ་ཤིང་དང་མཚུངས་པའི་གནས། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། རེ་བ་ཕུན་སུམ་ཚོགས་པར་བྱེད་པའི་གནས། ཐམས་ཅད་དུ་མཆོག་སྦྱིན་པ་པོ། འདི་ནི་བྱང་ཆུབ་ཀྱི་ས་བོན་གྱི་གནས་ཏེ། སེམས་ཅན་ཐམས་ཅད་རྟག་ཏུ་སྒྲོལ་བར་བྱེད་པ། དོན་ཡོད་པའི་གནས་གསང་ཞིང་རྡོ་རྗེ་བྱིན་གྱིས་རློབ་པ་བླ་ན་མེད་པའོ།། བསོད་ནམས་ཐམས་ཅད་འགུགས་པར་བྱེད་པའི་གནས། དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པ། འདི་ནི་བསོད་ནམས་ཀྱི་ཕུང་པོའི་གནས། ཆོས་ཀྱི་མཛོད་དང་རྟག་ཏུ་མཉམ་པ། སངས་རྒྱས།། ཀྱི་མཛོད། མཛོད་ཆེན་པོ་སྤྱན་རས་གཟིགས་ཀྱི་མཛོད་ལ་མཁས་པ། རྟག་ཏུ་པདྨའི་མཛོད། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད། རྡོ་རྗེའི་མཛོད། དེ་བཞིན་དུ་ནོར་བུ་ཆེན་པོ་ཉིད་ཀྱི་མཛོད།། རྒྱ་མཚོ་ཆེན་པོ་ལྟར་ཟབ་པ། མི་གཡོ་བ། མི་འགུལ་བ། ཟིལ་གྱི་མི་ནོན་པའོ།། བདུད་དང་། ལོག་པར་འདྲེན་པ་དང་། བགེགས་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། སྲིན་པོ་ཐམས་ཅད་ཀྱིས་སྡང་བའི་སེམས་ཀྱིས་འཇུག་པར་མི་ནུས་སོ། ། དེ་ལ་མི་གཡོ་བའི་གནས་རྙེད་དཀའ་ཞིང་བླ་ན་མེད་པའོ།། དཀྱིལ་འཁོར་གྲུ་བཞི་པར་བྱ་སྟེ། བ་བྱུང་དང་ཡང་དག་པར་ལྡན་པ། ཁྲུ་སུམ་ཅུ་རྩ་གཉིས་པ་བྱའོ། ། ཡང་ན་ཁྲུ་བརྒྱད་པར་བྱ་སྟེ། དེ་ཕྱེད་དང་གཉིས་ཀྱི་ཁྲུའི་ཚད་ཀྱི་ཐིག་སྐུད་ཀྱིས་ཚད་རྣམ་པར་ཕྱེ་སྟེ་གདབ་པར་བྱའོ།། གྲཝ་བཞི་མཉམ་པར་ཕྱེ་བ། ལོགས་བཞི་ལེགས་པར་རྣམ་པར་ཕྱེ་བ། ཤིན་ཏུ་ལེགས་པར་བཅགས་པ། མཉེན་ལ་འཇམ་ཤིང་བརྒྱན་པ། ས་གཞི་བཻ་ཌཱུཪྻའི་ཁ་དོག་ལ་དཀྱིལ་འཁོར་མཛེས་པ་ཐིག་གིས་ཆར་རྣམ་པ་དབྱེ་བར་བྱ་སྟེ། སྒོ་བཞི་རྣམ་པར་ཕྱེ་བ། སྐུད་པ་ལ་ཚོན་སྣ་ལྔ་བྱིན་ཏེ། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་གྲུ་བཞི་པར་རྣམ་པར་དབྱེའོ།། ཁྲུ་གཉིས་ཀྱི་ཚད་ཀྱི་རེ་ཁ་ལྔ་རྣམ་པར་དབྱེའོ།། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ཀུན་ནས་རྒྱས་པ་བྲི་བར་བྱ་སྟེ། དབུས་ཀྱི་པདྨའི་གེ་སར་ལ་དོན་ཡོད་པ་པདྨའི་གཙུག་ཏོར་བྱ་སྟེ། པདྨ་ཕྱེད་ཁ་བྱེ་བའི་པདྨའི་འདབ་མའི་སྟེང་དུ་པདྨ་ལ་ཞལ་གསུམ་པར་བྲི་བར་བྱ་སྟེ། བདེ་བའི་གཟུགས་དང་མཚན་གྱིས་བརྒྱན་པ། གཙུག་ཏོར་གྱི་རྣམ་པ་འབར་བའི་སྙིང་པོ་ལ་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་བྲིའོ།། གཞོགས་གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་རལ་པའི་ཅོད་པན་གྱིས་བརྒྱན་པ། དབུ་ལ་འོད་དཔག་མེད་འབར་བའི་སྙིང་པོའི་ལུས་ཅན་ནོ།། གཞོག་གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་རལ་པ་དང་རྒྱན་བཅིངས་པ། འབར་བའི་སྙིང་པོའི་ལུས་དང་དབུ་ལ་པདྨ་གཙུག་ཏོར་གྱི་ཁོར་ཡུག་ཏུ་འོད་ཟེར་སྣ་ཚོགས་འབར་བའོ།། ཕྱི་རོལ་དུ་ཙམ་པ་ཀ་དང་། བཱཪྵི་ཀ་དང་། ཨུཏྤ་ལ་སྔོན་པོའི་མེ་ཏོག་གྱི་འཕྲེང་བ་བཅིང་བར་བྱའོ། ། དེ་ནས་དཀྱིལ་འཁོར་གྱི་སྙིང་པོའི་གྲུ་བཞིའི་གནས་རྣམས་སུ་རྒྱལ་པོ་ཆེན་པོ་བཞི་བྲི་བར་བྱ་སྟེ། གོ་ཆ་དང་ཡ་ལད་བགོས་པ་དྲག་པོའི་གཟུགས་ཅན། འཇིགས་པར་བྱེད་པ། འབར་བའི་འཕྲེང་བའི་སྙིང་པོའི་ལུས་སོ། ། དཀྱིལ་འཁོར་གྱི་རེ་ཁ་སྔོན་མ་ལ་རྡོ་རྗེ་དང་མདུང་རྩེ་གསུམ་པའི་རེ་ཁ་འབར་བ་དང་བཅས་པ་བྲི་བར་བྱའོ།། རེ་ཁ་རིམ་པར་ཕྱེ་བ་གཉིས་པ་ལ་མེ་ཏོག་གི་རེ་ཁ་བྲི་བར་བྱའོ།། གསུམ་པ་ལ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྐུད་པའི་རེ་ཁ་བྲི་བར་བྱའོ། ། རེ་ཁ་བཞི་པ་ལ་ལག་པའི་ཕྱག་རྒྱ་མཚོན་ཆ་སྣ་ཚོགས་པ་འཛིན་པ་བྲི་བར་བྱའོ།། རེ་ཁ་ལྔ་པ་ལ་ཁ་ཁྱེར་གྱི་རྣམ་པ་བྲི་བར་བྱ་སྟེ། ཚོན་སྣ་ཚོགས་པས་རྣམ་པར་ཕྱེ་བ་རྣམ་པར་བཀྲ་བའོ། ། དཀྱིལ་འཁོར་གྱི་ཕྱིའི་ཁོར་ལུག་ཏུ་མཚན་མའི་ཕྱག་རྒྱ་མཚོན་ཆ་སྣ་ཚོགས་པ་རྣམས་བྲི་བར་བྱའོ།། དཀྱིལ་འཁོར་གྱི་སྒོ་བཞི་རྣམས་སུ་གནོད་སྦྱིན་ཆེན་པོ་བཞི་བྱ་སྟེ། དྲག་པོ་དྲག་ཏུ་རྒོད་པའི་གཟུགས་ཅན། མཆེ་བ་གཙིགས་པ། བཞིན་རྣམ་པར་འགྱུར་བ། བུམ་པ་གང་བ་ཐོགས་པ། སྐྲ་བརྫེས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཐོད་པའི་ཅོད་པན་ཅན། འབར་བའི་སྙིང་པོའི་ལུས་ཅན། རི་བོའི་གདན་ལ་གནས་པར་བྱའོ།། དཀྱིལ་འཁོར་གྱི་རེ་ཁའི་ཕྱི་རོལ་ཏུ་འཕྲེང་སུམ་འགྱུར་དུ་བྲི་བར་བྱའོ།། པདྨ་དང་། ཨུཏྤལ་སྔོན་པོ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། ཝཱིཪྵ་ཀ་དང་། ཨ་དྷི་མུཀྟ་ཀ་རྣམས་རྣམ་པར་དབྱེ་བར་བྱའོ།། དེ་ནས་རིག་སྔགས་འཆང་གིས་དཀྱིལ་འཁོར་ལགས་པར་བྲི་བར་བྱས་ནས། ཤིན་ཏུ་རྣམ་པར་ཕྱེ་བ། ཤིན་ཏུ་མཁས་པ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རྒྱན་དང་རྟ་བབས་བཞིས་མཛེས་པར་བྱས་པ། ཁོར་ཡུག་ཏུ་མངའ་དང་ཚོན་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བའི་བ་དན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེས་དང་། དར་དཔྱངས་དང་། ཁོར་ཡུག་ཏུ་བུམ་པ་གང་བ་བཅུ་དྲུག་དང་། གཏོར་མའི་བུམ་པ་བཅུ་དྲུག་དང་། དེ་བཞིན་དུ་བདུག་པའི་སྣོད་བཅུ་དྲུག་དང་། གཞོང་པ་བཅུ་དྲུག་ཏུ་རབ་ཏུ་བརྗོད་དོ།། ཁམ་ཕོར་བཅུ་དྲུག་ཏུ་བཤད་པ་དང་། དྲི་སྣ་ཚོགས་པའི་སྣོད་དང་། ལྷུང་བཟེད་བཅུ་དྲུག་ཉིད་དང་། མཆོད་ཡོན་གྱི་སྣོད་བཅུ་དྲུག་དང་། དངུལ་གྱི་སྣོད་བཞི་དང་། དྲིའི་ཕྱེ་མ་རྣམས་གཞག་ཅིང་། གཏོར་མའི་བུམ་པ་བཅུ་དྲུག་བཞག་ནས་ཕོག་པོར་བཞིའི་ནང་དུ་ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། པོག་དང་། གུ་གུལ་གྱི་བདུག་བསྲེག་ཅིང་། དེ་བཞིན་དུ་སྤྲི་ཀྐ་དང་། སྲ་རྩི་པོག་དང་། གུར་ཀུམ་དང་། གླ་རྩི་དང་། འབོལ་དང་། ག་པུར་ཙམ་དང་ཡང་དག་པར་ལྡན་པའོ།། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་བྱུག་པ་འདི་ཉེ་བར་གཞག་པར་བྱའོ། ། ཙན་དན་དང་། གུར་ཀུམ་དང་། དེ་བཞིན་དུ་ཛཾ་གྷ་དང་བལླི་ཀའི་ཕྱེ་མ་རྣམས་ཐམས་ཅད་ཡང་དག་པར་སྦྱར་བ་འདིས་ཕྱེ་མར་སྦྱར་བས་བསྒོས་པའོ། ། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་ཞིང་། ཇི་ལྟར་འདོད་པ། ཇི་ལྟར་སྟོང་པ་དང་། ཇི་ལྟར་ཐོབ་པའི་མེ་ཏོག་མཛེས་པ་མངོན་པར་གཏོར་བར་བྱའོ།། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་དྲིའི་ཆུས་གང་པའི་བུམ་པ་མ་རེག་པ་དང་། གསེར་དང་དངུལ་ལས་བྱུང་བའི་སྣོད་གསར་པ་ཉིད་དང་། ཟངས་དང་ས་ལས་བྱུང་བའི་མཆོག་དང་། དྲི་སྣ་ཚོགས་སྦྱར་བས་དགང་བར་བྱའོ།། བུམ་པ་དང་བཀྲ་ཤིས་བཅིང་བར་བྱ་ཞིང་། པི་ཝང་དང་། ཀོས་བཟང་པོ་དང་། རྒྱན་དང་། ལྷབ་ལྦུབ་རྣམས་ཀྱིས་བརྒྱན་པར་བྱའོ།། རིང་བསྲེལ་པདྨའི་སྟེང་དུ་བཞག་ནས། བུམ་པ་དང་། གཙུག་ཏོར་གྱི་མཚན་ཉིད་དང་། སྣ་མའི་མེ་ཏོག་དང་། གདུབུ་བྱས་ནས་གཞག་པར་བྱའོ།། དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་སྙིང་པོ་དང་། ཉེ་བའི་སྙིང་པོ་ཉིད་ཀྱི་གསང་སྔགས་སྟོང་ཕྲག་བརྒྱད་བཟླས་སོ།། དེ་ནས་གཏོར་མའི་ལས་ལ་མཉམ་པར་བཞག་ནས་སྣ་ཚོགས་པའི་གཟུགས་རྣམ་པ་སྣ་ཚོགས་དང་། དཀར་པོ་དང་། དེ་བཞིན་དུ་སྣ་ཚོགས་པའི་གཟུགས་ཉིད་དང་། སྣ་ཚོགས་པའི་རོ་གཞག་པར་བྱའོ།། རྣམ་པ་སྣ་ཚོགས་སུ་བྱེ་བའི་སྣ་ཚོགས་པའི་གཟུགས་དང་། སྣ་ཚོགས་པའི་རྣམ་པ་དང་། སྣ་ཚོགས་པའི་ཁ་དོག་དང་། རོ་ཉིད་དང་། སྣ་ཚོགས་པའི་ཡུལ་དུ་མུ་བ་སྟེ། འདི་ནི་གཏོར་མར་བརྗོད་དེ། འབྱོར་པའི་གཏོར་མར་བཤད་དོ།། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རྒྱན་གདགས་ཏེ། སྣ་ཚོགས་པའི་འབྲས་བུ་རྒྱ་ཆེན་པོ་དང་། སྣ་ཚོགས་པའི་ལོ་མ་སྔོན་པོའི་འཕྲེང་བ་དང་། མར་མེའི་འཕྲེང་བ་བརྒྱ་རྩ་བརྒྱད་དང་། ཇི་ལྟར་རྙེད་པའི་མར་དང་། ཏིལ་མར་གྱིས་ཀུན་ནས་བཀང་བ་བརྒྱ་རྩ་བརྒྱད་དོ། ། བདག་དངོས་གྲུབ་འདོད་པ་རྣམས་ཕྱེ་དང་། ལ་ཕུག་དང་། དཀར་དང་། ལ་དུ་དང་། སྲན་མ་མུད་གའི་ལ་དུ་དང་། འབྲས་བུ་རྣམས་དེ་བཞིན་དུ་ལོག་འདྲེན་ལ་གཏོར་མར་བྱིན་པས་ལས་ཐམས་ཅད་བདེ་བླག་ཏུ་འགྲུབ་བོ། ། ཕྱེའི་ཟན་དང་། ཞོའི་ཉིང་ཁུ་དང་། ལོ་མ་སྔོན་པོ་ཉིད་གནོད་སྦྱིན་དང་སྲིན་པོ་ཀུན་ནས་ཕྱོགས་བཞིར་གནས་པ་རྣམས་ལ་གཏོར་མར་སྦྱིན་པར་བྱའོ།། ཞོའི་ཟན་དང་འོ་མའང་སྟེ། འདི་ནི་འབྱུང་པོའི་གཏོར་མར་བཤད་དོ།། ལོ་མའི་གོང་བུ་དང་། ཕྱེ་དང་། འབྲས་ཐུག་པོ་ཆེའི་ཟན་དང་། དེ་བཞིན་དུ་འཁུར་བ་ཟླུམ་པོ་སྟེ། འདི་ནི་ཕྱོགས་བཞིར་ཡི་དགས་དང་ཤཿ་རྣམས་ལ་གཏོར་མར་སྦྱིན་པར་བྱའོ། ། འབྲས་ཐུག་པོ་ཆེ་དང་འོ་མའི་ཟན་ནི་ཟླ་བ་དང་ཉི་མའི་ཚོགས་ཀྱི་ལྷན་ཅིག་པའི་ལྷ་དང་རྒྱུ་སྐར་རྣམས་ཀྱི་གཏོར་མར་བྱའོ།། རྟག་ཏུ་ཙན་དན་གྱི་ཆུ་དང་། དེ་བཞིན་དུ་མེ་ཏོག་དང་འོ་མའི་ཟན་ནི་མཚན་མོའི་ལྷ་ལ་གཏོར་མར་སྦྱིན་པར་བྱ་སྟེ། ལས་ཀྱི་དངོས་གྲུབ་བླ་ན་མེད་པའོ།། འབྲུ་བདུན་མཛེས་པ་ཆེན་པོ་དང་། ཤིང་སཱུ་ཧ་མཆོག་ཏུ་མཛེས་པ་དང་། འབྲས་ཨཱ་མ་ཁུ་བསྐོལ་བ་མཛེས་པ་དང་། ཞོ་དང་འོ་མ་སོ་སོར་མཉམ་པ་དང་། མེ་ཏོག་དང་། འབྲས་བུ་དང་བཅས་པ་རྣམ་པ་བདུན་པོ་སའི་དཀྱིལ་འཁོར་གྱི་ལྷ་ལ་གཏོར་མར་སྦྱིན་པར་བྱའོ།། ས་ཀུརྦ་དང་། རྩབ་མོ་དང་། འབྲས་ཐུག་པོ་ཆེ་བཅོས་པའི་ཁུ་བ་དང་ལྡན་པ་འདི་རླུང་ལྷའི་གཏོར་མར་བརྗོད་དེ། རླུང་གི་དཀྱིལ་འཁོར་ཐམས་ཅད་དགྱེས་པར་བྱེད་དོ།། ཞོ་དང་། འོ་མ་བསྐོལ་བ་དང་། འབྲས་ཐུག་པོ་ཆེ་དང་། ཧྭགས་དང་བཅས་ཤིང་། བུ་རམ་དང་བཅས་པར་ལྡན་པ། འཁུར་བ་ཟླུམ་པོ་དང་། མར་གྱིས་གང་བའི་འཁུར་བ་འདི་ནི་ཀླུའི་རྒྱལ་པོ་རྣམས་ཀྱི་གཏོར་མར་བརྗོད་དེ། ལས་ཐམས་ཅད་སྒྲུབ་པའོ།། འཁྲུར་བ་ཟླུམ་པོ་དང་། བ་བྱུང་ལྔ་དང་། པུ་ཤེལ་ཅི་དང་། མ་ལ་ཡའི་ཅན་དན་དང་། འབྲས་ཐུག་པོ་ཆེ་དང་། ཞབས་བསིལ་དང་། མཆོད་ཡོན་རྣམས་བདུད་ཀྱི་དཀྱིལ་འཁོར་ལ་གཏོར་མར་སྦྱིན་པར་བྱའོ།། གུར་ཀུམ་གྱི་ཆུ་དང་འབྲས་ཐུག་པོ་ཆེ་ལ་དྲི་བཟང་པོས་བསྒོས་ཏེ་ཆུ་ཀླུང་གི་རྒྱལ་པོ་ལ་གཏོར་མར་སྦྱིན་པར་བྱའོ། ། ཐམས་ཅད་དུ་ལས་ཐམས་ཅད་སྒྲུབ་པར་བྱེད་དོ།། རྩཝ་དུར་བའི་ཆུ་དང་། འོ་མ་དང་། གཏུམ་པའི་ས་བོན་བཅོས་པ་དང་། འབྲས་ཐུག་པོ་ཆེ་ནི་ཚངས་པའི་སྲིན་པོ་ཉིད་དང་། གསང་བ་པ་རྣམས་ལ་གཏོར་མར་དབུལ་བར་བྱ་སྟེ། ཐམས་ཅད་རིགས་པས་སོ།། འདི་ནི་གཏོར་མར་བརྗོད་དེ། བགེགས་རྣམས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ལ་བགེགས་རྣམས་ཇི་སྲིད་འཚོའི་བར་དུ་དགའ་བར་འགྱུར་ཏེ་ཐེ་ཚོམ་མེད་དོ། ། དེའི་ཕྱིར་རིག་སྔགས་འཆང་མཁས་པས་ཐམས་ཅད་ལེགས་པར་བསྒྲུབ་པར་བྱའོ།། ཞོ་དང་། འོ་མ་དང་། འོ་ཐུག་དང་། བུ་མ་དང་། མར་དང་། ལི་ཁར་དང་ལྡན་པ་འདིས་བདག་སྐྱེས་པའི་རྒྱ་སྐར་གྱི་ལྷ་ལ་གཏོར་མར་སྦྱིན་པར་བྱ་སྟེ། ཚེའི་དངོས་གྲུབ་དང་། དེ་བཞིན་དུ་རྒྱས་པ་དང་། ཞི་བ་དང་། སྡིག་པ་ཐམས་ཅད་ཟློག་པར་བྱེད་དོ།། འདི་ནི་གཏོར་མར་བརྗོད་དེ། རིག་སྔགས་འཆང་རྣམས་ཀྱི་བདེ་བ་ཐོབ་པའོ། ། བྱ་བ་གང་ཡིན་པ་དེ་རྣམས་ལ་བདག་གིས་གཏོར་མ་ཐུན་གསུམ་དུ་བྱས་ན། རིག་སྔགས་འཆང་རྣམས་ཀྱིས་རིག་སྔགས་དང་གསང་སྔགས་བདེ་བླག་ཏུ་འགྲུབ་སྟེ་ཐེ་ཙོམ་མེད་དོ། ། དེའི་བགེགས་ཐམས་ཅད་དང་། སྡིག་པ་དང་། སྡང་བ་རྣམས་ནམ་ཡང་བར་དུ་གཅོད་པར་མི་ནུས་ཏེ། ནམ་ཡང་ཕྱིས་སྡིག་པ་མི་འབྱུང་ངོ་།། རྟག་ཏུ་གཏོར་མ་རྒྱས་པ་ཐོབ་པར་བྱེད་ཅིང་། སྟོབས་དང་བརྩོན་འགྲུས་དང་ལྡན་པ་དང་། ཐམས་ཅད་ཐོགས་པ་མེད་པར་འགྱུར་རོ།། དེ་ལྟ་བུ་བྱེད་བཞིན་པའི་རིག་སྔགས་སྨྲ་བའི་མི་མཁས་པ་དེ་བགེགས་རྣམས་ཐམས་ཅད་ཀྱིས་དེ་ནམ་དུའང་མཐོང་བར་མི་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟས་སྡང་བར་བྱེད་པ་མེད་དོ།། ནད་མེད་ཅིང་རྒྱལ་པོའི་དཔལ་མིན་མེད་ལ། སྐེམ་བྱེད་དང་སྐེམ་པ་མེད་ལ། བརྗེད་བྱེད་དང་། ཀླུ་དང་། གཟའ་དང་། རིམས་མེད་ཅིང་ཐམས་ཅད་ཀྱི་ཚེ་ཅུང་ཟད་ཀྱང་མེད་དོ། ། དུག་མེད་ཅིང་སྦྱར་བའི་དུག་ཉིད་ཀྱང་མེད་ལ། བྱང་སྟེམས་ཐམས་ཅད་ཀྱང་ནམ་ཡང་མི་ཡོང་སྟེ། ཀུན་ནས་དཔག་ཚད་སྟོང་ཕྲག་ཏུ་རིང་དུ་འབྲོས་པར་བྱེད་དོ།། ཀུན་ནས་སྟོབས་ཉིད་ཀྱང་རྒྱས་པ་དང་། དེ་བཞིན་དུའང་དགའ་བ་དང་། དེ་བཞིན་དུའང་སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་འཕེལ་བར་འགྱུར་རོ།། ཐམས་ཅད་དུ་ཕྱག་རྒྱ་དང་། གསང་སྔགས་དང་། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་བྱེད་དོ། ། ཚེ་རིང་དུ་འཕེལ་ཞིང་། ལྷ་དང་མི་རྣམས་ཀྱིས་མཆོད་པའི་འོས་སུ་འགྱུར་རོ།། སྐྱེས་པའི་ཆུ་སྐར་གྱི་ལྷ་གང་ཡིན་པའང་དྲི་ཡོངས་སུ་འཛིན་པར་འགྱུར་ཞིང་། དེ་རྣམས་ཐམས་ཅད་ཀྱི་ཇི་སྲིད་འཚོའི་བར་དུ་སྟོབས་དང་བརྩོན་འགྲུས་འཕེལ་བར་བྱེད་པར་ཐེ་ཙོམ་མེད་དོ། ། དེ་ལ་དགྲ་མི་འབྱུང་ཞིང་ནམ་དུའང་ཕྱིར་རྒོལ་བ་དང་དགྲ་བོ་མེད་དེ། ཕྱག་རྒྱ་འཛིན་པ་ཉིད་མེད་ཀྱང་དཀྱིལ་འཁོར་གྱི་མཆོག་ཏུ་ཞུགས་པ་ཙམ་གྱིས་མོད་ལ་འམ། ཡང་ན་འཇུག་པའི་དཀྱིལ་འཁོར་མཐོང་བ་ཙམ་ལ། དེ་རྣམས་ཀྱི་ལུས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་བྱིན་གྱིས་བརླབས་པའི་ལུས་སུ་འགྱུར་རོ།། དེ་བཞིན་གཤེགས་པ་ཀ་དྷཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་སྐྱེ་བར་འགྱུར་ཏེ། རི་རབ་ཆེན་པོ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་དང་མཉམ་པའི་དྲུང་དུ་དགེ་བའི་རྩ་བ་ཆེན་པོ་དང་ཡང་དག་པར་ལྡན་པར་འགྱུར་རོ།། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གསང་བ་དང་། ཆོ་ག་ཞིབ་མོ་དང་། གསང་བ་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་རྣམས་ཀྱི་དངོས་གྲུབ་ཆེན་པོ་སོ་སོར་རྙེད་དོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིས་ཐུན་མོང་བའི་ཆོ་གས་བསྡུས་པའི་སར་བགྲོད་དེ་ཕྱིར་མི་ལྡོག་པར་འགྱུར་རོ། ། སུམ་ཅུ་རྩ་གཉིས་ཀྱི་ལྷའི་གནས་ན་གནས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་ཚོགས་དང་ལྷན་ཅིག་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ།། ལག་ན་རྡོ་རྗེ་དང་རིག་པ་འཛིན་པའི་དབང་པོ་དུ་མ་རིག་པ་འཛིན་པ་བྱེ་བའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་རྟག་ཏུ་རྗེས་སུ་འབྲང་བ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ།། སྟོབས་ཆེན་པོ་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་དང་། མདངས་ཀྱི་རྣམ་པ་སོ་སོར་རྙེད་པར་འགྱུར་རོ།། དཀྱིལ་འཁོར་མཐོང་བ་ཙམ་གྱིས་མོད་ལ་བསྐལ་པ་བྱེ་བར་བརྒྱུད་ནས་བསགས་པའི་སྡིག་པ་དང་། སྒྲིབ་པ་དང་། མཚམས་མེད་པ་ལྔའི་འགྲོ་བ་རྣམས་དང་། མནར་མེད་པ་ལ་གཞོལ་བ་དེ་ཐམས་ཅད་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ།། ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། དོན་ཡོད་པའི་བྱ་བའི་དངོས་གྲུབ་སོ་སོར་རྙེད་དོ།། སྒྲིབ་པ་དང་། ཉོན་མོངས་པའི་རྙོག་པའི་དྲི་མ་དང་། སེར་སྣའི་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ།། འཇིག་རྟེན་ཐམས་ཅད་དགའ་བ་དང་། བླ་མ་ཆེན་པོ་མཆོད་པར་འོས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འདོད་པར་ཡང་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྟག་ཏུ་མཆོག་སྩོལ་བར་བྱེད་ཅིང་བླ་མར་འགྱུར་རོ།། འཆི་འཕོས་ཏེ་སྐྱེ་བ་བརྫི་བ་ན་བསམས་པ་ཉིད་ཀྱི་མོད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། ། དཀྱིལ་འཁོར་གྱི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བླ་མར་ཤེས་པར་བྱ། མཆོད་པར་བྱ། འོད་དཔག་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ཀྱི་བཀོད་པ་དང་འདྲ་བར་བལྟ་བར་བྱའོ།། དེས་ན་རིག་སྔགས་འཆང་དཀྱིལ་འཁོར་གྱི་སློབ་དཔོན་དེས་ཀྱང་དཀྱིལ་འཁོར་དུ་འཇུག་པ་བྱས་ནས། ཀུན་ནས་མཚམས་བཅིང་བ་བྱས་ཤིང་བསྲུང་བའི་ཆོ་ག་བྱས་ལ། བདག་བཅིང་བ་དང་། གཙུག་ཏོར་བཅིང་བ་དང་། མཚམས་བཅིང་བ་བྱས་ཏེ། དེའི་འོག་ཏུ་ཁ་ཤར་དུ་ཕྱོགས་ཏེ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་སྐྱིལ་མོ་ཀྲུང་གིས་འདུག་ལ་དོན་ཡོད་པ་པདྨའི་གཙུག་ཏོར་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། གུ་གུལ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པའི་བདུག་སྤོས་དབུལ་བར་བྱའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་པདྨའི་གསར་གྱི་དབུས་སུ་ཚངས་པའི་ཆ་བྱད་འཆང་བ། པདྨ་དང་ཞགས་པ་ཐོགས་ཏེ་བཞེངས་ནས་ཕྱོགས་བཅུར་རྣམ་པར་གཟིགས་པར་མཛད་དེ། རིག་སྔགས་འཆང་ལ་བཀའ་སྩལ་པ། རིག་སྔགས་འཆང་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་རིག་པ་འཛིན་པ་གྲུབ་པོ།། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་པའི་རྒྱལ་པོ་འདི་རྗེས་སུ་ཟུང་ཞིག། རིག་སྔགས་འཆང་ཇི་ལྟར་ཡིད་ལ་བྱེད་པ་བཞིན་དུ་འདོད་པའི་མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ། ། འདི་ནི་རིག་སྔགས་འཆང་དེ་རྣམས་ཀྱི་མངལ་དུ་གནས་པའི་སྐྱེ་བའི་ཐ་མ་ཡིན་ཏེ། སྐྱེ་བ་བརྗེས་ནས་ཐམས་ཅད་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཞིང་། ཐམས་ཅད་དུ་སྐྱེ་བ་དྲན་པར་སྐྱེ་བར་འགྱུར་རོ།། སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་དོན་ཡོད་ཞགས་པའི་དཀྱིལ་འཁོར་མཐའ་དག་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་མཐའ་དག་ཁ་ཏོན་དུ་བྱེད་དོ། དོན་ཡོད་ཞགས་པའི་གཙུག་ཏོར་དྲི་མ་མེད་པ་ཁ་ཏོན་དུ་ཀུན་ཏུ་གནས་སོ།། དེ་ནས་རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་མཆོད་ཡོན་དང་ཞབས་བསིལ་དབུལ་བར་བྱ། ཨ་ཀ་རུའི་བདུག་པ་དབུལ་བར་བྱ། མེ་ཏོག་ཇི་ལྟར་འབྱོར་པ་དབུལ་བར་བྱ། གཤེགས་སུ་གསོལ་བར་བྱ་སྟེ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མི་སྣང་བར་འགྱུར་རོ།། དེ་ལྟ་བུ་བྱས་ནས་རིག་སྔགས་འཆང་ནམ་མཁའ་ལ་འགྲོའོ།། དོན་ཡོད་པའི་གཙུག་ཏོར་པདྨ་དྲི་མ་མེད་པའི་འོད་ཟེར་གྱི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་སྟེ། རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞིས་ཡོངས་སུ་བསྐོར་བར་འགྱུར་ཞིང་། པདྨའི་རིས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ།། ཚེ་ལོ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འགྱུར་རོ།། དཀྱིལ་འཁོར་གྱི་ཆོ་ག་དང་། སྒྲུབ་ཐབས་ཀྱི་ཆོ་གའོ།། ། དེ་ནས་དེའི་རས་རིས་བཤད་པར་བྱ་སྟེ། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་པས་རས་ཁྲུ་བཞི་པ་བྱས་ནས་སམ། ཡང་ན་དར་ལ་བལ་ཚོན་སྣ་ཚོགས་པས་རྣམ་པར་ཕྱེ་སྟེ། ལྷའི་གཟུགས་མཆོག་ཏུ་མཛེས་པ། ཕྱག་གཉིས་པ། འོད་ཟེར་གྱིས་འཁོར་བར་བྱའོ།། རས་རིས་སྒྲུབ་པ་ནི་དཀར་པོའི་ཕྱོགས་ཀྱི་ཚེས་བཅོ་ལྔ་ལ་ཚོན་ལྷག་མ་མིན་པ་སྣོད་གསར་པར་བཞག་པས་རི་མོ་མཁན་གཙང་མ་ལེགས་པར་ཁྲུས་བྱས་པས་འདྲིར་གཞུག་པར་བྱའོ། ། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་ཆ་བྱད་འཆང་བ། པདྨ་རྒྱས་པས་ཡོངས་སུ་བསྐོར་བ་བྱ་སྟེ། ཁོར་ཡུག་ཏུ་འོད་འདོམ་གང་བ། ཀུན་ནས་འབར་བའི་འཕྲེང་བ་ཅན། ཕྱག་བཞི་པ། ཞལ་གསུམ་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། ཟླ་བ་ཚེས་པས་སྤྲས་པ། འོད་དཔག་མེད་ཀྱི་ཅོད་པན་འཆང་བ། མདུང་རྩེ་གསུམ་འཆང་བ། པདྨའི་འདབ་མ་རྣམ་པར་བཀྲ་བའི་པདྨའི་ཞགས་པ་འཆང་བ། ཕྱག་གཡོན་པར་མེ་ཏོག་འཆང་བ། པདྨའི་སྟེང་དུ་པདྨ་གཙུག་ཏོར་བྱའོ།། འདབ་མ་ཕྱེད་ལ་བྱེ་བའི་དབུས་ཀྱི་པདྨའི་འདབ་མ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགུལ་ཡན་ཆད་ཙམ་ཅོད་པན་འཆང་བ། དབུ་འབར་བའི་སྙིང་པོར་ཡོད་པར་བྲི་བར་བྱའོ།། ཕྱག་གཅིག་ནི་དབུག་འབྱིན་པ་འཆང་ཞིང་རིན་པོ་ཆེའི་ཆར་འབེབས་པ། འབར་བའི་སྙིང་པོ་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྣ་ཚོགས་པའི་གོས་འཆང་བ་བྱའོ།། པདྨའི་གདན་ལ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་མགོ་བོ་དགུ་པ། ཀླུས་ཡོངས་སུ་བསྐོར་བ་དང་བཅས་པ། ཐལ་མོ་འཆང་ཞིང་ལུས་ཕྱེད་པར་བྱའོ། ། ཉ་དང་། ཆུ་སྲིན་དང་། མེ་ཏོག་སྣ་ཚོགས་དང་། ནོར་བུ་ཤེལ་དང་། ངང་པ་དང་། ངུར་པ་དང་། ཤང་ཤང་ཏེ་འུས་ཡང་དག་པར་བརྒྱན་པའི་ཁ་ཁྱེར་དང་བཅས་པས་སྤྲས་པའོ།། གཞོགས་གཡས་སུ་སྒྲོལ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕལ་མོ་སྦྱར་བ་སྨད་དེ་འཛིན་པ། འབར་བའི་སྙིང་པོའི་ལུས་ཅན་བྱའོ།། གཡོན་དུ་གོས་དཀར་མོ་གོས་དཀར་པོ་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འབར་བའི་སྙིང་པོའི་ལུས་ཅན། ཐལ་མོ་སྨད་དེ་འཆང་བའོ།། གཞོགས་གཡས་སུ་ཁྲོ་གཉེར་ཅན་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ།། དེའི་འོག་ཏུ་དཀར་ཤམ་མ་གོས་དཀར་པོ་འཆང་བ་བྱའོ།། གཡོན་དུ་སྲིན་མོ་ཆེན་མོ་རལ་བ་གཅིག་མ་བྱ་སྟེ། ཕྱག་བརྒྱད་པ་དྲག་མོ་དྲག་ཏུ་རྒོད་པའི་ཕོ་ཉ་མོ་བྱའོ།། བཞིན་ཁྲོ་གཉེར་ཅན། ཐམས་ཅད་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཐམས་ཅད་པདྨའི་གདན་ལ་བཞུགས་པ་བྱའོ།། སྟེང་དུ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་དབང་པོ་རྣམས་ནམ་མཁའ་ནས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་ལ་མཆོད་པ་བྱེད་བཞིན་པ་བྱའོ། ། འོག་ཏུ་པདྨ་ལ་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། གཞོན་ནུ་རྣམས་ཁྲུས་བྱ་སྟེ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ།། རྒྱལ་པོ་ཆེན་པོ་བཞི་རྣམས་བྱ་སྟེ། དྲག་པོའི་གཟུགས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་སྟེ། དེ་རྣམས་ཐམས་ཅད་ཀྱང་པདྨ་འཛིན་པའི་གཟུགས་སུ་བྱའོ།། རིག་སྔགས་འཆང་ནི་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་པདྨའི་གདན་ལ་རིག་སྔགས་འཆང་པུས་མོ་བཙུགས་པ་བྱ་སྟེ། པོག་པོར་དང་། ལག་ན་མེ་ཏོག་གི་བོར་པ་དང་། བགྲང་འཕྲེང་འཛིན་པ། བཅོམ་ལྡན་འདས་ཀྱི་ཞལ་ལ་ལྟ་བར་བྱེད་བཞིན་པ་བྱའོ། ། དེ་ལྟ་བུའི་རས་རིས་ཀྱི་བྱ་བ་པདྨ་ཡངས་པའི་དཀྱིལ་འཁོར་མཐའ་དག་དང་། རས་རིས་ཀྱི་དཀྱིལ་འཁོར་མཐའ་དག་གི་ནང་དུ་གཏོགས་པར་འགྱུར་རོ།། མཐོང་བ་ཙམ་གྱིས་མོར་ལ་སྡུག་བསྔལ་དང་། སྡིག་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ།། ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། འགྲོ་བ་ཐམས་ཅད་གཅོད་པར་འགྱུར་རོ།། ཉེས་པར་བྱས་པ་ཐམས་ཅད་འཇོམས་པར་ཡང་འགྱུར་རོ། ། སྡིག་པ་དང་། སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་ལས་རྣམ་པར་ཐར་བར་བྱེད་དོ།། མཐོང་བ་ཙམ་གྱིས་མོད་ལ་དོན་ཡོད་པའི་དངོས་གྲུབ་སོ་སོར་ཐོབ་བོ། ། སེམས་ཅན་ཐམས་ཅད་ཀྱིས་ཀུན་ཏུ་བསྐོར་བར་བྱ་བ་དང་། མཆོད་པར་བྱ་བའི་འོས་སུ་འགྱུར་རོ།། དགོངས་པ་ཐམས་ཅད་ལེགས་པར་སྒྲུབ་པར་བྱེད་པར་འགྱུར་རོ།། བདེ་བར་བྱེད་པར་འགྱུར་རོ། ། ནོར་དང་། གཟུགས་བྱེད་པ་དང་། བཀྲ་ཤིས་དང་། ལོངས་སྤྱོད་དང་། རིགས་དང་། དབང་ཕྱུག་དང་། སྟོབས་དང་། སྤོབས་པ་དང་། བསོད་ནམས་དང་། སྐལ་པ་བཟང་པོར་བྱེད་པ་དང་། བདག་ཉིད་ཆེན་པོའི་ཡོན་ཏན་གྱི་བྱེ་བྲག་འཕེལ་བ་དང་། བསོད་ནམས་བསགས་པ་དང་། དགེ་བའི་རྩ་བ་མངོན་པར་འཕེལ་བ་དང་། ཕུན་སུམ་ཚོགས་པར་བྱེད་དོ།། མཐོང་བ་ཙམ་གྱིས་མོད་ལ་ལས་སུ་བྱ་བར་འོས་པའི་བྱ་བ་ཐམས་ཅད་བྱེད་དོ།། དེ་ལྟར་རས་རིས་མཐོང་བ་ཙམ་གྱིས་མོད་ལ་ཡོན་ཏན་གྱི་བྱེ་བྲག་ལྷག་པར་རྟོགས་པར་འགྱུར་རོ་ཞེས་སོ།། རས་རིས་སྒྲུབ་པའི་ཆོ་ག་དང་། སྒྲུབ་ཐབས་ཀྱི་ཆོ་གའོ།། ། དེ་ནས་ཕྱག་རྒྱ་བཤད་པར་བྱ་སྟེ། ཕྱག་རྒྱ་རྣམས་ཀྱི་དོན་ཡོད་པའི་འཁོར་ལོས་སྒྱུར་བ། ཕྱག་རྒྱ་ཆེན་པོ་བླ་ན་མེད་པ་འཇིག་རྟེན་དབང་ཕྱུག་གིས་རྒྱས་བཏབ་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། དོན་ཡོད་པའི་ཕྱག་རྒྱ་ཐམས་ཅད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ་ཉིད་དང་། ཕྱག་རྒྱའི་དམ་ཚིག་གི་དངོས་གྲུབ་བླ་ན་མེད་པ། ཕྱག་རྒྱ་བཟུང་བ་ཙམ་གྱིས་མནར་མེད་པའང་སྐེམས་པར་བྱེད་པ། དམྱལ་བ་རྣམས་སྐེམས་པར་བྱེད་པ་སྟེ། གང་གིས་བཟུང་བ་ཙམ་ལ་སོགས་པས་དམྱལ་བ་པའི་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་ཅིང་སྐེམས་པར་བྱེད་དོ།། དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྒྱལ་བ་དེ་རྣམས་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། ཕྱོགས་བཅུ་ཀུན་ཏུ་གཟིགས་པར་འགྱུར་ཏེ་ཐེ་ཙོམ་མེད་དོ།། དུས་གསུམ་པའི་རྒྱལ་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། དེ་བཞིན་དུ་པདྨའི་ཕྱག་གིས་རྟག་ཏུ་མཆོག་སྦྱིན་པ་དང་། རྟག་ཏུ་མཐོང་བར་འདོད་པ་དང་། ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་ཅིང་དགའ་བ་དང་། འོག་མིན་གྱི་ལྷ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ཐམས་ཅད་ཀྱིས་སྲུང་བར་བྱེད་ཅིང་ཀུན་ནས་ཡོངས་སུ་སྐྱོང་བར་བྱེད་དེ། ཐམས་ཅད་ལ་ཆོ་ག་བཞིན་དུ་བདག་ཉིད་ཀྱི་སྙིང་ལས་སྐྱེས་པའི་བུ་བཞིན་དུ་དགེ་བ་དང་། ཞི་བ་དང་། སྟོབས་དང་། བརྩོན་འགྲུས་ཉིད་དང་། མདངས་ཀྱང་རབ་ཏུ་འཇུག་པར་བྱེད་ཅིང་། དེ་བཞིན་དུའང་ཚེ་འཕེལ་ལོ།། ཕྱག་རྒྱ་འདི་རྣམས་བཟུང་བས་བཀྲ་མི་ཤིས་པ་ཐམས་ཅད་ཉམས་པར་བྱེད་དོ།། བགེགས་ཐམས་ཅད་ཉམས་པར་བྱེད་ཅིང་། བདུད་དང་། ལོག་པར་འདྲེན་པ་དང་། གདུག་པའི་གནོད་སྦྱིན་རྣམ་པར་ཉམས་པར་བྱེད་དོ། ། གདུག་པའི་སྲིན་པོ་དང་། ཡི་དགས་ཐམས་ཅད་ཀྱང་ཕྱག་རྒྱ་འཛིན་བཞིན་པའི་སྐད་ཅིག་དེ་ལ་མགོ་བོ་ཚལ་བ་བདུན་དུ་འགས་ཤིང་མིག་འབྱིན་པར་བྱེད་དོ།། བརྒྱ་བྱིན་དང་ཚོགས་དང་བཅས་པའི་གདུག་པ་ཐམས་ཅད་རབ་ཏུ་ཉམས་པར་བྱེད་དོ། ། དེའི་ཕྱིར་ཡང་དག་པར་འཛིན་པར་བྱེད་པ་ལ་ལག་པའི་ཐལ་མོ་པདྨ་འདྲ་བ། པདྨ་འབྱུང་བའི་གཙུག་ཏོར་དོན་ཡོད་ཞགས་པའི་ཕྱག་རྒྱས་སྡིགས་མཛུབ་ཡོངས་སུ་དཀྲིས་ལ། མཐེ་བོང་གི་སོར་མོ་དང་། གུང་མོའི་སོར་མོ་རབ་ཏུ་བརྐྱང་ལ་ལྕགས་ཀྱུའི་རྣམ་པར་བཀུག་སྟེ། མིང་མེད་དང་མཐེའུ་ཆུང་ལག་པའི་ནང་དུ་བཅུག་ནས་རྟག་ཏུ་སྙིང་ཁའི་གནས་སུ་གཞག་པར་བྱ་སྟེ། འདི་ནི་དོན་ཡོད་པ་པདྨ་གཙུག་ཏོར་ནི་རྩ་བའི་གསང་སྔགས་ཀྱི་སྔགས་དང་ཕྱག་རྒྱར་བརྗོད་དོ།། དེ་བཟུང་བ་ཙམ་དང་། ཕྱག་རྒྱ་དང་། གསང་སྔགས་བརྗོད་པ་ཉིད་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ་ཆར་འབབ་པར་བྱེད་དོ། ། མེ་ཏོག་གི་ཆར་དང་། ལྷ་རྫས་ཀྱི་གོས་དང་། རྒྱན་དང་། ལྷབ་ལྷུབ་རྣམས་མཆོད་པའི་དོན་དུ་ཀུན་ནས་ཆར་བབ་པོ།། དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྟོང་ཕྲག་བསྐྱེད་དོ། ། ཕྱག་རྒྱ་དེ་བཟུང་བ་ཙམ་གྱིས་སྐད་ཅིག་དེ་ལ་ཕྱག་རྒྱ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་བྱེ་བ་སྟོང་ཕྲག་བྱེ་བའི་གྲངས་སུ་བགྲངས་པའི་ཕྱག་རྒྱ་བཅིངས་པར་འགྱུར་རོ།། ཕྱག་རྒྱ་བཟུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་དུ་ཐུབ་པ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱས་བྱིན་གྱིས་རློབ་བོ།། རི་རབ་ཀྱི་ཚད་དང་མཉམ་པའི་རིན་པོ་ཆེ་སྣ་བདུན་གྱིས་རིན་པོ་ཆེའི་ཕུང་པོར་བྱས་ཏེ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་སོ་སོ་སོ་སོ་ལ་ཕུལ་བ་དང་། རྒྱལ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པའི་གྲངས་ཀྱི་ཚོགས་ཉིད་ཀྱང་ཕྱག་རྒྱ་བཅིངས་པ་ཙམ་གྱིས་འདིའི་འབྲས་བུར་འགྱུར་ཏེ། དེ་བཞིན་གཤེགས་པས་ཉིན་མཚན་རྟག་ཏུ་རྣམ་པར་གཟིགས་པར་ཐེ་ཙོམ་མེད་དོ་ཞེས་སོ།། ཕྱག་རྒྱ་འདི་ཉིད་ལས་གཡས་པའི་མཛུབ་མོ་བརྐྱང་སྟེ་རྩ་བའི་གསང་སྔགས་ལན་ཅིག་བརྗོད་དོ།། ཕྱག་རྒྱ་འདི་ནི་དོན་ཡོད་པའི་འག་པ་བཙུག་ཏོར་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་སྟོབས་སྤྱན་རས་གཟིགས་ཀྱི་སྙིང་པོ་ཞེས་བྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་ལེགས་པར་ཐོབ་པར་བྱེད་དོ།། ཕྱག་རྒྱ་འདི་བཅིངས་པ་ཙམ་གྱིས་ཀྱང་བསོད་ནམས་ཀྱི་ཚོགས་ཐམས་ཅད་དང་། སྤྱན་རས་གཟིགས་དོན་ཡོད་པ་དྲི་མ་མེད་པའི་དངོས་གྲུབ་ཏུའང་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པ་དག་པའི་སྙིང་པོའི་ཕྱག་རྒྱ་ཡང་དག་པར་འཛིན་པར་འགྱུར་རོ།། སྡིག་པ་དང་། ངན་འགྲོ་དང་། ལོག་པར་ལྷུང་བའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། ཕྱག་རྒྱ་འདི་བཟུང་བ་ཙམ་དང་། དང་པོ་བཅིངས་པ་ཙམ་གྱི་རི་རབ་ཆེན་པོ་ལྟར་འགྱུར་ཏེ། བདུད་དང་བགེགས་ལ་སོགས་པ་ཐམས་ཅད་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཀྱི་མི་འགུལ་ཞིང་མི་གཡོ་ལ་ཟིལ་གྱིས་མི་ནོན་པར་ཡང་འགྱུར་རོ།། ཕྱིར་རྒོལ་བ་དང་དགྲའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དྲུང་དུ་དགེ་བའི་རྩ་བའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཀུན་ཏུ་འཛིན་པར་འགྱུར་རོ། ། དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མངོན་སུམ་དུ་མཐོང་བ་དང་ལྡན་པར་འགྱུར་རོ།། ཕྱག་རྒྱའི་གསང་བའི་ལྷག་པར་འདྲེན་པ་འདི་འཆིང་བཞིན་པ་དེ་དེ་བཞིན་གཤེགས་པའི་ཕྱག་རྒྱ་གང་ཅུང་ཟད་ཡོད་པ་དེ་མིག་གིས་གསལ་བར་མཐོང་ངོ་། ། ཐམས་ཅད་དུ་རབ་ཏུ་འཆིང་ཞིང་འཛིན་པར་འགྱུར་རོ།། གང་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་གང་ཡིན་པ་དང་། ཕྱག་སྟོང་གི་ཕྱག་རྒྱ་གང་ཡིན་པ་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། གླང་པོའི་རིགས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། དོན་ཡོད་ཞགས་པའི་ཡངས་པ་རྒྱ་ཆེན་པོའི་དཀྱིལ་འཁོར་གང་ཡིན་པ་དང་། རྟ་མགྲིན་གྱི་ཕྱག་རྒྱ་གང་ཡིན་པ་དང་། མགྲིན་སྔོན་གྱི་ཕྱག་རྒྱ་གང་ཡིན་པ་དང་། གཞན་ཕྱག་རྒྱའི་དམ་ཚིག་གསང་བ་རྣམ་པ་སྣ་ཚོགས་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཀྱང་། ཕྱག་རྒྱ་འདི་གཅིག་པུ་བཅིངས་པ་ཙམ་གྱིས་དེ་རྣམས་ཐམས་ཅད་བཅིངས་པར་འགྱུར་ཞིང་ཡང་དག་པར་བཟུང་བར་འགྱུར་ལ། ཀུན་ཏུ་བཅངས་པ་དང་མཆོད་པར་ཡང་འགྱུར་རོ།། འདི་ནི་ཕྱག་རྒྱ་ཐམས་ཅད་ཀྱི་ཕྱག་རྒྱའི་གསང་བའི་དཀྱིལ་འཁོར་དུ་གདུགས་གཅིག་པུར་གྱུར་པ་སྟེ། ཇི་ལྟར་འཕགཔ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བཞིན་དུ་ཕྱག་རྒྱ་འདི་ནི་སྒྱུ་མ་ལྟ་བུའི་ཕྱག་རྒྱའི་རྣམ་པར་འཕྲུལ་པ་སྟེ། ལས་ཐམས་ཅད་ལ་ཕྱག་རྒྱ་འོད་སྦྱར་ན། གང་དང་གང་ལ་རབ་ཏུ་སྦྱར་བ་དེ་ཐོགས་པ་མེད་པར་འགྲུབ་བོ།། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་འི་སོར་མོ་གཉིས་བརྐྱང་ལ་ལྕགས་ཀྱུའི་རྣམ་པ་ཙམ་དུ་བཀུག་པ་འདི་ནི་གནས་པའི་ཕྱག་རྒྱ་འདི་སྤྱན་དྲང་བ་དང་། བོད་པ་དང་། ཡང་དག་པར་བསྐུལ་བ་དང་། མཆོད་པའི་སྤྲིན་ཉིད་ཀྱང་ཡིན་ཏེ། དམ་ཚིག་དང་། ཕྱག་བྱེད་པ་དང་། འཇུག་པ་དང་། སྐོར་བ་བྱེད་པ་ཉིད་དང་། གདན་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་ཞེས་པ་དང་། གཙུག་ཏོར་བཅིང་བ་དང་། བདག་སྲུང་བ་དང་། གཞན་སྲུང་བ་དང་། དེ་བཞིན་ཉིད་དུ་གྲོགས་སྲུང་བ་དང་། ཁྲུས་དང་། གོས་བགོ་བ་དང་། ཉེ་རེག་བྱེད་པ་ཉིད་དང་། སྦྱིན་སྲེག་དང་། དེ་བཞིན་དུ་སྔགས་བཟླས་པ་དང་། བདུག་པ་དང་། མེ་ཏོག་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། གཏོར་མ་འབུལ་བའི་ལས་དང་། དེ་བཞིན་དུ་གཤེགས་སུ་གསོལ་བ་ཉིད་དང་། དེ་བཞིན་དུ་འགུས་པ་སྟེ། ཐམས་ཅད་ལ་ཕྱག་རྒྱ་འདི་བྱའོ།། ས་བཅུ་གནོན་པའི་ཕྱག་རྒྱ་དང་གསང་སྔགས་བཅུ་ལའང་ཕྱག་རྒྱ་འདི་བྱ་སྟེ། སྙིང་པོ་དང་ཉེ་བའི་སྙིང་པོ་འདི་ཉིད་ཀྱང་ཐམས་ཅད་དུ་སྦྱར་བར་བྱའོ།། ཁྲོ་བོའི་རྒྱལ་པོ་ཉིད་དང་། མངོན་པར་དབང་བསྐུར་བ་དང་། རིགས་ཀྱི་གསང་སྔགས་དང་། གཞན་ལའང་ཕྱག་རྒྱ་འདི་དང་། ཕྱག་རྒྱ་འདིའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ཉིད་ཀྱང་རབ་ཏུ་སྦྱར་བར་བྱའོ། ། ཁྲོ་བོའི་རྒྱལ་པོའི་མངོན་པར་དབང་བསྐུར་བ་དང་། རིག་སྔགས་ཀྱི་གསང་སྔགས་གཞན་ལའང་གནས་ཐམས་ཅད་དུ་སྦྱར་བར་བྱའོ་ཞེས་སོ།། ཕྱག་རྒྱའི་ཆོ་ག་དང་སྒྲུབ་ཐབས་ཀྱི་ཆོ་གའོ། ། ། ཕྱག་རྒྱ་གསུམ་ནི་རྣམ་སྤྲུལ་པ།། ཕྱག་རྒྱ་དེ་དག་ཡང་དག་བསྟན།། བཟང་པོ་གཙོ་བོ་ཆེན་པོ་སྟེ།། མཆོག་དང་རབ་མཆོག་ཉིད་ཡིན་ནོ།། ཕྱག་རྒྱ་ནོམ་བླ་ན་མེད། ། འཇིག་རྟེན་འདྲེན་པས་བསྟན་པ་ཡིན།། སྙིང་པོ་དེ་ཉིད་གྱུར་པ་སྟེ།། ཕྱག་རྒྱ་དཀྱིལ་ཆེན་ལེགས་པར་བསྒྲུབས།། སངས་རྒྱས་བྱང་ཆུབ་ཕྱག་རྒྱ་འདི།། དུས་གསུམ་གཏོགས་པའི་དེ་བཞིན་གཤེགས། ། ཀུན་གྱིས་འདི་ནི་བྱིན་གྱིས་བརླབས།། ཕྱག་རྒྱ་དུས་གསུམ་གཤེགས་པ་ཡིས།། དེ་བཞིན་གཤེགས་པས་ཕྱག་རྒྱར་བཏབ།། དེ་བཞིན་སངས་རྒྱས་ཆེན་པོ་པ།། ཐུབ་པ་སྣང་མཛད་ཀྱིས་ཀྱང་བཏབ།། དེ་བཞིན་གཤེགས་པའི་རིགས་དཀྱིལ་གྱི།། གསང་ཉིད་ཀུན་ཏུ་བཞུགས་པ་ཡིན།། དེ་ནས་གསང་སྔགས་གསང་བ་ཉིད།། དངོས་གྲུབ་བླ་མེད་བཤད་པར་བྱ། ། ཨོཾ་ཨ་མོ་གྷཱ་ཧྲྀ་ད་ཡ། པདྨ་ཨུཥྞཱི་ཥ་ཨ་ཀཪྵ་ཡ། སཱ་དྷཱ་ཡ་བྷ་ར་སཾ་བྷ་ར། མ་ཧཱ་པདྨེ་སྭཱ་ཧཱ། བསྐུལ་བ་དང་། སྤྱན་དྲང་བ་དང་། གཤེགས་སུ་གསོལ་བའི་སྔགས་སོ། ། ཨོཾ་པདྨ་ཨུཥྞཱི་ཥ་ཨ་མོ་གྷ་མཎྜ་ལེ་ཧཱུཾ། དཀྱིལ་འཁོར་སྲུང་བ་དང་། ཕྱོགས་བཅིང་བ་དང་། མཚམས་གཅད་པ་དང་། དྲི་ཆབ་དང་། ཆུ་དང་། ཡུངས་ཀར་བསྲེས་པ་ལ་ལན་བདུན་བཟླས་བརྗོད་བྱས་པས་བྱའོ། ། ཨོཾ་པདྨ་ཤ~ཾ་ལ་རེ་ཧཱུཾ། སྤྱི་གཙུག་བཅིང་བ་ཡིན་ཏེ། ལན་བདུན་བཟླས་བརྗོད་བྱས་པས་སོ།། ཨོཾ་པདྨ་ཨུཥྞཱི་ཥ་ཨ་མོ་གྷ་ཛ་ལེ་ཧཱུཾ། ཁྲུས་བྱ་བའི་སྔགས་སོ། ། ཡུངས་ཀར་དང་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་པས་སོ།། ཨོཾ་བི་མ་ལེ་ཤུདྡྷེ་ཧཱུཾ། ཉེ་རེག་བྱ་བའི་སྔགས་སོ།། ཨོཾ་སཾ་ཙྪད་ཡེ་པདྨེ་ཧཱུཾ། གོས་བགོ་བའི་སྔགས་སོ། ། ཨོཾ་མི་ལི་མི་ལི་ཤུདྡྷེ་ཧཱུཾ། ལུས་ཡོང་སུ་སྦྱངས་པའི་སྔགས་ཏེ། བའི་རྣམ་ལྔའི་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་པས་སོ།། ཨོཾ་པདྨ་ཨུཥྞཱི་ཥ་ཨ་མཾ་གྷ་ཨ་བྷི་ཥིཉྩ་ཨཱཏྨ་ཤཱུདྡྷེ་ཧཱུཾ། དབང་བསྐུར་བྱའི་སྔགས་ཏེ། དྲི་ཆབ་ལ་ལན་བདུན་བཟླས་བརྗོད་བྱས་པས་སོ།། ཨོཾ་པདྨ་ཀ་པ་ཙེ། དྲི་བྷཱ་བནྡྷ་བྷྲཱུ~ཾ་ཛྭཱ་ལ་སྭཱདྡྷ། གོ་ཆའི་སྔགས་ཏེ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས་སོ། ། ཨོཾ་བཛྲ་ཨ་དྷིཥྛཱ་ན་པདྨེ་ཧཱུཾ། བྱིན་གྱིས་བརླབ་པའི་སྔགས་སོ།། ཨོཾ་ཛྭ་ལ་པདྨེ་དྷ་ར་ཧ་ར་ཧཱུཾ། སའི་སྔགས་སོ།། ཨོཾ་པདྨ་ཨ་ཤྲ་ཡ། རུ་ཧ་ཙ་ལ་ཙ་ལ་ཧཱུཾ། གདན་གྱི་སྔགས་སོ། ། ཨོཾ་དི་བྱ་པདྨེ་མཾ། མེ་ཏོག་གི་སྔགས་སོ།། ཨོཾ་པདྨ་ཨ་མོ་གྷ་སཾ་བྷཱ་ར་ཎི་སྭཱཧཱ། བདུག་སྤོས་ཀྱི་སྔགས་སོ།། ཨོཾ་པདྨ་གན་དྷ་ཨཱི་ཤྭ་རི་ཧཱུཾ། བྱུག་སྤོས་ཀྱི་སྔགས་སོ།། ཨོཾ་བདྨ་པྲ་ཀཱི་དྷེ་དྷ་ར་ཎི་ས་མེ་སྭཱ་ཧཱ། འབྲས་ཡོས་དང་མེ་ཏོག་དགྲམ་པའི་སྔགས་སོ།། ཨོཾ་པདྨ་ཛ་ལེ་སུ་གན་དྷ་བ་ཏི་ཧཱུཾ། མཆོད་ཡོན་དབུལ་བའི་སྔགས་སོ།། ཨོཾ་ཤུཀྲ་བ་ར་ར་ས་ཡ་ན་ཤུདྡྷེ་ཧཱུཾ། ལྷ་བཤོས་ཀྱི་སྔགས་སོ། ། ཨོཾ་སུ་རུ་སུ་རུ་ཀུམྦྷ་བ་ཏི་སྭཱཧཱ། གཏོར་མའི་སྔགས་སོ།། ཨོཾ་མ་ཧཱ་པདྨ་ཨ་ཤྲཱི་ནི་སཱ་དྷ་ཡ་ཧཱུ~ཾ། གཏོར་མ་ཟར་གཞུག་པའི་སྔགས་སོ།། ཨོཾ་པ་ལ་བི་ཤུདྡྷེ་པྲ་བ་ར་ཧཱུ~ཾ། འབྲས་བུའི་སྔགས་སོ། ། ཨོཾ་པྲ་བ་ར་པུཥྤེ་ཛ་ཡ་སྭཱ་ཧཱ། འཕྲེང་བའི་སྔགས་སོ།། ཨོཾ་ཛྭཱ་ལ་ཛྭཱ་ལཱ་ཡ་ར་ས་ར་སཱ་གྲི་ཎི་ཧཱུཾ། གཏོར་མ་བཅོས་པའི་སྔགས་སོ།། ཨོཾ་པདྨ་དཱི་པ་ཡ་ཛྭ་ལ་ཧཱུཾ། མར་མེའི་སྔགས་སོ།། ཨོཾ་ས་མ་པདྨ་བྷཱ་བ་ནེ་ཥུ་ས་ར་ཧཱུཾ། འཇུག་པའི་སྔགས་སོ།། ཨོཾ་པདྨ་ཨུཥྞཱི་ཥ་ཨ་མ~ཾ་གྷ་མུ་ནི་ཧཱུཾ། ཕྱག་བྱ་བའི་སྔགས་སོ།། ཨོཾ་ཙཀྲ་མཎྜ་ལེ་ས་མནྟ་པདྨེ་ཧཱུཾ། བསྐོར་བའི་སྔགས་སོ།། ཨོཾ་ས་མནྟ་པྲ་ཀཱིརྞ་པདྨ་སམྦྷར་ཧཱུཾ། མེ་ཏོག་དོར་བའི་སྔགས་སོ།། ཨོཾ་པདྨ་ས་མ་ས་ཨུཥྞཱི་ཥ། མཧཱ་ཨ་མོ་གྷ་ས་མ་ཡ་ཧཱུཾ། དམ་ཚིག་གི་སྔགས་སོ།། ཨོཾ་ས་མནྟ་སྭ་བྷཱ་ར་ཎ་པདྨེ་ཧཱུཾ་ཕཊ། སྐྱིལ་མོ་ཀྲུང་གི་སྔགས་སོ།། ཨོཾ་ཨ་པ་འི་མིཿ་ཛྭ་ལཾ་པདྨེ་ཧཱུཾ། བཟང་འཕྲེང་གི་སྔགས་སོ།། ཨོཾ་ཤ་ཏ་ས་ཧ་སྲ་ཛྭ་ལི་ཏ་པདྨ་དྷ་ར་དྷ་ར་ཧཱུཾ། བཟླས་བརྗོད་ཀྱི་སྔགས་སོ།། ཨོཾ་ས་མནྟ་དྷ་རི་ཤ་པདྨེ་ཧཱུཾ། རྨི་ལམ་གྱི་སྔགས་སོ།། ཨོཾ་ས་མནྟ་རཀྵ་ར་ཎི་པདྨེ་ཧཱུཾ། སྲུང་བའི་སྔགས་སོ།། ཨོཾ་ས་མནྟ་མེ་རུ་དྷིཌཱ་སཱི་རི་ཧཱུཾ། ར་བའི་སྔགས་སོ།། ཨོཾ་ས་མནྟ། ཛྭ་ལཱ་མཱ་ལཱ་གནྡྷེ། ཛྭ་ལ་ཛྭ་ལ། མཧཱ་པདྨེ་ཛྭ་ལེ་ཧཱུཾ། མེའི་སྔགས་སོ།། ཨོཾ་དྷུ་རུ་དྷུ་རུ། པྲཱ་སཱ་ར། དྷཱ་ས་རི་མནྟེ། སྭཱཧཱ། སྲེག་བླུགས་ཀྱི་སྔགས་སོ།། ཨོཾ་ས་མནྟ་ཨ་བ་ལོ་ཀི་ཏ་གུ་ཧྱེ། བཱ་ཡུ་ཛ་བེ་པདྨ་བི་གེ་ནི་སྭཱ་ཧཱ། ནམ་མཁའ་ལ་འགྲོ་བའི་སྔགས་སོ།། ཨོཾ་ཤུ་དྷསྟ་དྷཱ་རི་ཎི་པདྨ་བྷུ་ཛེ་ཧཱུ~ཾ། མཚོན་ཆའི་སྔགས་སོ།། ཨོཾ་ས་མནྟ་ཨཱ་ཀཪྵ་ཎི་པྲ་ས་ར་གུ་ཧྱེ་ཧཱུཾ། དྲང་བའི་སྔགས་སོ།། ན་མཿཏྲི་བྷུ་བ་ན། ཨི་ཤྭ་རཱ་ཡ། ལོ་ཀེ་ཤྭ་རཱ་ཡ། མ་ཧེ་ཤྭ་རཱ་ཡ། དྷ་ར་དྷ་ར། ས་མནྟ། ཨ་བ་ལོ་ཀི་ཏ། གུ་ཧྱེ། ཨཱ་གཙྪ་བྷ་ག་བན་དྷི་རི། དྷི་རི། མ་ཧཱ་བི་རི། མ་ནི་ཀ་ན་ཀ་བཛྲ་བཻ་ཌཱུཪྻ། མ་ར་ཀ་ཏ་པདྨ་རཱ་ག། ཨིནྡྲ་ནཱི་ལ། མ་ཧཱ་མུཀྟི་ཀ། བྷི་བྷུ་ཥི་ཏ་ཤ་རཱི་ར། མ་ཧཱ་མདྨེ་བྷུ་ཛ། ཨ་མོ་གྷ་པཱ་ཤ་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏ། བ་རདཱ། བ་ར་དཱ་ཡ་ཀ། ཛྭ་ལ་ཛཱ་ལ། ས་མནྟ། ཨ་བ་ལོ་ཀི་ཏ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བན་ཤཱི་གྷྲཾ་ས་མ་ཡ། མ་ནུ་སྨ་ར། བི་བི་དྷ་བེ་ཥ་དྷ་ར། ཡ་མ་བ་རུ་ཎ། ཀུ་བེ་ར་ནཱ་མསྐྲྀ་ཏ། ཨཱི་ཤྭ་ར། མ་ཧེ་ཤྭ་ར། པདྨེ་ཤྭ་ར། ལོ་ཀི་ཤྭ་ར། ཨེ་ཧི་བྷ་ག་བ་ན། ཤཱི་གྷྲཾ་ཨཱ་གཙྪ། སརྦ་བི་དྱཱ་མཎྜ་ལ། ས་མ་ཡ་མ་ནུ་སྨ་ར། ད་རི་ཤ་ན་སྭ་ར་པ་ན། བི་བི་དྷ་ཏེ་ཛ་དྷ་ར། ས་མནྟ་རཤྨི། ཛྭ་ལ་གརྦྷ་ཤ་རཱི་ར། མ་ཧཱ་ཀཱ་རུ་ཎི་ཀ་སཽ་མ་མྱ་མུ་ཁ། བ་རི་པཱུ་ར་ཎ། ཙནྡྲ་མཎྜ་ལ་མུ་ཁ། ན་པ་ཙནྣ་ཛ་ཊ་དྷ་ར། ཨ་མི་ཏཱ་བྷཱུ། མ་ཀུ་ཊ་དྷ་ར། མཧཱ་པྲཧྨ་བེ་ཥ་དྷ་ར། ཐི་ལོ་ཙ་ན་ཨ་མོ་བྷ་བ་ར་ད། བྷུ་རུ་བྷུ་རུ། མཧཱ་ཀཱ་རུ་ཎི་ཀ། པདྨ་པཱ་ཤ་ཨ་བ་ལོ་ཀི་ཏེ། ཤུདྡྷ་སཏྭ། བ་ར་དཱ་ཡ་ཀ། ན་མོ་སྟུ་ཏེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཤེགས་སུ་གསོལ་བའི་སྔགས་སོ།། རིག་སྔགས་འདིས་གུ་གུལ་ནག་པོ་ལ་ལན་བ་རྩ་བརྒྱད་བཟླས་བརྗོད་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདུག་པར་བྱའོ། ། བདུགས་པ་ཙམ་གྱིས་མོད་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱིས་སྟོན་པར་མཛད་ཅིང་མཆོག་ཐམས་ཅད་སྦྱིན་པར་མཛད་དོ། ། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་མནར་མེད་པར་གཞོལ་བ་དེས་ཀྱང་བདུགས་པ་ཙམ་གྱིས་ངེས་པར་སྟོན་པར་མཛད་ན། དགེ་སློང་ཚངས་པར་སྤྱོད་པ་བསམ་པ་དག་པ། དད་པ་ཅན། མོས་པ་ལྟ་མོས་ཀྱང་ཅི་དགོས། མོད་ཉིད་ལ་རང་གི་གཟུགས་རང་གི་ངོ་བོ་ཡོངས་སུ་དག་པ་མངོན་སུམ་དུ་སྟོན་པར་མཛད་ཅིང་། མཆོག་ཐམས་ཅད་སྦྱིན་པར་མཛད་ལ། དོན་ཡོད་པ་ཆེན་པོའི་དངོས་གྲུབ་སྦྱིན་པར་མཛད་དོ།། དྲག་པོ་ལ་བདུགས་ན་གཟུགས་མངོན་སུམ་དུ་མདུན་ན་འདུག་ཅིང་། འདོད་པ་དང་དགོས་པའི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ།། སྲེད་མེད་ཀྱི་བུ་ལ་བདུགྲ་ན་གཟུགས་བརྙན་འགུལ་ཞིང་ཚིག་འབྱིན་ལ། ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། རྟག་ཏུ་རྗེས་སུ་འབྲང་བར་འགྱུར། སྟོབས་དང་། ཤུགས་དང་བརྩོན་འགྲུས་དང་། ཕ་རོལ་གནོན་པའི་དངོས་གྲུབ་སྦྱིན་པར་བྱེད་དོ།། མ་མོའི་གནས་སུ་ནག་པོ་ཆེན་པོ་ལ་བདུགས་ན་ནག་པོ་ཆེན་པོ་མ་མོའི་ཚོགས་དང་བཅས་པ་དབང་དུ་གྱུར་ནས་འདུག་ལ་ཝ་དང་བྱ་བ་ཐམས་ཅད་གྲུབ་པར་བྱེད། ཐམས་ཅད་དུ་དངོས་གྲུབ་ཆེན་པོ་སྒྲུབ་པར་བྱེད་དོ།། ཚོགས་ཀྱི་དབང་ཕྱུག་ལ་བདུགས་ན་བགེགས་དང་ལོགས་དྲིན་ཐམས་ཅད་བཅིངས་པར་འགྱུར་རོ། ། འདོད་པའི་དབང་ཕྱུག་ལ་བདུགས་ན་སྡང་བ་དང་། བདུད་དང་། བར་ཆད་བྱེད་པ་གཞན་གང་ཡིན་པ་དེ་དག་ཐམས་ཅད་བཅིངས་པར་འགྱུར་ཞིང་མི་སྣང་བར་འགྱུར་རོ།། རྒྱལ་པོའི་སྒོར་བདུགས་ན་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་བཀུག་ནས་དབང་དུ་འགྱུར་ཏེ། ཉེ་བར་གནས་ལ་འདོད་པ་དང་བྱ་བ་ཐམས་ཅད་བྱེད་དོ།། ཉི་མ་ཤར་བའི་ཚེ་ཉི་མ་ལ་མངོན་དུ་ཕྱོགས་ནས་བདུགས་ན་ཉི་མ་འབབ་ཅིང་འདོད་པའི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ། ། ཟླ་བ་ཉ་ལ་བདུགས་ན་ཟླ་བ་འབབ་ཅིང་དབང་ཕྱུག་འབྱོར་པ་ཆེན་པོ་སྦྱིན་པར་བྱེད་དོ།། རྣམ་ཐོས་ཀྱི་བུ་ལ་བདུགས་ན་ནོར་འཕེལ་བ་ཆེན་པོ་སྦྱིན་པར་བྱེད་དོ། ། ལྷ་མོ་ཆེན་མོ་དཔལ་ལ་བདུགས་ན་དཔལ་འཐོབ་པར་འགྱུར་རོ།། གདོན་ཐམས་ཅད་ལ་བདུགས་ན་བདུགས་པ་ཙམ་གྱིས་འབབ་ཅིང་ཕྱོགས་བཅུར་འབྲོས་སོ།། ཟིན་པ་འམ་མ་ཟིན་པ་ལ་བདུགས་ན་མོད་ལ་འོང་ངོ་།། དུར་ཁྲོད་ཀྱི་མི་རོ་ལ་བདུགས་ན་རོ་ལངས་ལྷུང་བར་འགྱུར་རོ།། ཐོད་པ་ལ་བདུགས་ན་བབ་ཅིང་གར་བྱེད། གླུ་ལེན་རྒྱུག་པར་བྱེད་ཅིང་སྤོད་གཏོང་བྱེད་དོ། ། རྡོ་རྗེ་ལ་བདུགས་ན་འབར་རོ།། མདུང་རྩེ་གསུམ་པ་ལ་བདུགས་ན་འབབ་པར་བྱེད་དོ།། འཁོར་ལོ་ལ་བདུགས་ན་ནམ་མཁའ་ལ་འགྲོའོ།། ཐག་པ་ལ་བདུགས་ན་སྦྲུལ་བཞིན་འཁྲིལ་བར་བྱེད་དོ། ། རྫ་མ་དང་། བུམ་པ་དང་། བུམ་བུ་ལ་བདུགས་ན་འབབ་པར་བྱེད་ཅིང་རང་ཉིད་འགྱུར་བར་བྱེད་ལ་ཕན་ཚུན་འགྲོ་བར་བྱེད་དོ།། ལྷུང་བཟེད་ལ་བདུགས་ན་རང་ཉིད་འགྲོ་བར་བྱེད་དོ། ། རལ་གྲི་ལ་བདུགས་ན་འབབ་པར་བྱེད་ཅིང་འབར་བར་བྱེད་ལ་རང་ཉིད་འགྲོ་བར་བྱེད་དོ།། དུང་ལ་བདུགས་ནས་བུས་ན་སྒྲ་གང་དུ་གྲག་པ་དེ་དག་ཐམས་ཅད་དུ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་དང་། ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། སྡིག་པ་དང་། གདུག་པ་ཐམས་ཅད་དང་། དགྲ་ཐམས་ཅད་ལས་ཐར་པར་འགྱུར་ཞིང་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ།། རིམས་ཐམས་ཅད་ལ་བདུག་ན་རིམས་ཐམས་ཅད་ཞི་བར་འགྱུར་རོ།། རིམས་ཉིན་བཞི་པ་ལ་བདུག་ཅིང་གསང་སྔགས་ཀྱང་རྗེས་སུ་དྲན་ན་རིམས་ཉིན་བཞི་པ་ཀུ་ཅོ་འདོན་ཅིང་འབྲོས་པར་འགྱུར་རོ། ། ཀླུའི་མཚོར་བདུགས་ན་མོད་ཉིད་ལ་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བྱེད་དོ།། ཆུར་ཆེས་ན་གནས་མཐོན་པོར་བདུགས་ན་ཆར་ཆེས་པ་གཅོད་པར་བྱེད་དོ།། སྤྲིན་ལ་མངོན་དུ་ཕྱོགས་ནས་བདུགས་ན་གྲང་ལྕགས་དང་། རླུང་དང་། སེར་བ་ཐམས་ཅད་གཅོད་པར་བྱེད་ལ། ལོ་གཅིག་གི་བར་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ། ། རི་མཐོན་པོའི་རྩེར་བདུགས་ན་ཕྱོགས་བཞི་ཐམས་ཅད་ཀྱི་ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་ཐམས་ཅད་དང་། དཔག་ཚད་སྟོང་གི་བར་དུ་རྨུགས་པ་དང་། རེངས་པ་དང་། བཅིངས་པར་འགྱུར་ལ། དཔག་ཚད་སྟོང་གི་བར་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ།། བདག་ཉིད་ལ་བདུག་ན་སེམས་ཅན་ཐམས་ཅད་ལ་མཆོད་པའི་གནས་ཆེན་པོར་འགྱུར་ལ། སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ།། བུ་མོ་ལ་བདུགས་ན་བག་མར་བླངས་པར་འགྱུར་རོ།། ཚོང་བཟོང་ལ་བདུགས་ན་རིན་ཆེ་བར་ལོམ་པར་འགྱུར་རོ། ། བང་བ་ལ་བདུགས་ན་འབྲུ་འཕེལ་བ་མང་བར་འགྱུར་རོ།། བཏུང་བའི་གནས་སུ་བདུགས་ན་བཏུང་བ་འཕེལ་བ་མང་པོར་འགྱུར་རོ།། གོས་ལ་བདུགས་ན་གོས་ཐོབ་པར་འགྱུར་རོ། ། མེ་ཏོག་དང་འབྲས་བུ་ལ་བདུགས་ན་གང་ལ་བྱིན་པ་དེ་དག་པད་ཉིད་དམ་ནོར་གྱི་སྒོ་ནས་དབང་དུ་འགྱུར་རོ།། འཕྲེང་བ་ལ་བདུགས་ནས་གསང་སྔགས་ལན་བདུན་བཟླས་བརྗོད་བྱས་ནས་གང་གི་མགོ་ལ་བཅིངས་པ་དེ་ལ་འབབ་པར་བྱེད་ཅིང་། ཡ་མཚན་བྱུང་བ་དང་འབྱུང་བ་སྨྲའོ།། འཕགས་པ་རྡོ་རྗེ་འཆང་ལ་བདུགས་ན་རིག་སྔགས་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཞིང་། འཕགས་པ་རྡོ་རྗེ་འཆང་སྟོན་པར་མཛད་ལ་དགོས་པ་ཐམས་ཅད་སྒྲུབ་པར་མཛད་དོ། ། གནོད་སྦྱིན་མོའི་གཟུགས་བྲིས་པ་ལ་བདུགས་ལ་གསང་སྔགས་ལན་བདུན་དྲན་པར་བྱས་ན། གནོད་སྦྱིན་མོ་འོངས་ནས་འདོད་པ་ཐམས་ཅད་སྦྱིན་ཞིང་ལས་བྱེད་པར་འགྱུར་ལ། ཇི་སྲིད་འཚོའི་བར་དུ་ཉེ་བར་འདུག་གོ།། སྦྱོར་བ་མོ་ལ་བདུགས་ན་སྦྱོར་བ་མོ་ཐམས་ཅད་དང་། མཁའ་འགྲོ་མ་ཐམས་ཅད་དབང་དུ་གྱུར་ནས་ཇི་སྲིད་འཚོའི་བར་དུ་ཉེ་བར་འདུག་གོ། ། འདོད་དགུར་བསྒྱུར་བའི་གཟུགས་ཅན་མ་ལ་བདུགས་ན་འདོད་དགུར་བསྒྱུར་བའི་གཟུགས་ཅན་མ་འོངས་ནས་ཆུང་མར་བྱའོ་ཞེས་སྨྲ་ན། ཇི་སྲིད་འཚོའི་བར་དུ་ཡོ་བྱད་དང་ལོངས་སྤྱོད་དུ་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་ལ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་བས་དགའ་བར་འགྱུར་བ་དང་། རྣམ་ཐོས་ཀྱི་བུ་ལ་འགྲན་པར་འགྱུར་རོ།། དྲིལ་བུ་ལ་བདུགས་ནས་སྒྲ་དཀྲོལ་ན་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ལ། བསྲུང་བ་ཆེན་པོ་བྱས་པར་འགྱུར། ཁྱིམ་གྱི་ནང་དུ་དཀྲོལ་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། བརྗེད་བྱེད་དང་། གྲི་བ་གནོན་ཐམས་ཅད་བྱུང་ནས་ཕྱོགས་བཅུར་འབྲོས་པར་འགྱུར་རོ།། ཨོཾ་ཨ་མོ་གྷ་པཱ་ཤ་པདྨ་ཨུཥྞཱི་ཥ། ཏ་ར་ཏ་ར། ཨ་པ་ཏ་རཾ་ཏུ། བྷ་ག་བན་གཙྪ་ན་ཏུ། སྭ་བྷཱ་བ་ནན། ཏུ་རུ་ཏུ་རུ། མ་ཧཱ་པདྨ་བྷུ་ཛེ་སཱཧཱ། སླར་གཤེགས་སུ་གསོལ་བའི་སྔགས་ཏེ། བདུག་སྤོས་གུ་གུལ་དང་། ཆུ་དང་། སུངས་ཀར་དང་བསྲེས་པ་ལ་ལན་བདུན་བཟླས་བརྗོད་བྱས་ན་ཐམས་ཅད་དུ་སླར་གཤེགས་སུ་གསོལ་བའི་སྔགས་བྱས་པར་འགྱུར་རོ། ། གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་དང་། སྒྲུབ་པའི་ཆོ་གའོ།། ། དེ་ན་ལྷ་མོ་ཆེན་མོ་སྒྲོལ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལྷའི་མཆོད་པའི་སྤྲིན་ཆེན་པོས་མཆོད་དེ་ལན་གསུམ་བསྐོར་བ་བྱས་ནས་མགོ་བཏུད་དེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་རིག་སྔགས་ཆེན་པོ་འཇིག་རྟེན་དུ་ཆེར་བསྟན་ལགས་སོ།། གསང་བ་ཆེན་པོའི་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དང་། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་སྙིང་པོ་རིག་སྔགས་འཆང་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་བཞག་ལགས་སོ།། བཅོམ་ལྡན་འདས་བདག་གིས་ཀྱང་དོན་ཡོད་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱི་རྒྱལ་པོ་དེའི་སྙིང་པོ་དང་། ཆོ་ག་ཞིབ་མོ་དོན་ཡོད་པར་སྒྲོལ་བ་དྲི་མ་མེད་པ་པདྨ་གཙུག་ཏོར་གྱི་ཞགས་པ་ཞེས་བགྱི་བ་རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོ་བཤད་པར་བགྱི་སྟེ། རིག་སྔགས་འཆང་གང་གིས་དྲན་པ་ཙམ་གྱིས་བདག་བཀུག་ཅིང་གཡར་དྲངས་པར་འགྱུར། རིག་སྔགས་འཆང་གིས་རིག་སྔགས་སྒྲུབ་ཅིང་ཡོངས་སུ་སྤྱོད་པ་ལ་རིམ་གྲོ་བགྱི་བ་དང་། རིག་སྔགས་འཆང་སྒྲུབ་པའི་དངོས་གྲུབ་མཆོག་སྩལ་བར་བགྱི་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་བསྐང་བར་བགྱི་བ་དེ་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོ་འདུས་བའི་མངོན་སུམ་དུ་རིག་སྔགས་ཀྱི་རྒྱལ་པོ་བཤད་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། ལྷ་མོ་སྒྲོལ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷ་མོ་ཆེན་མོ་སྒྲོལ་མ་རང་གི་རིག་སྔགས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ངའི་བྱིན་གྱི་རླབས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ཀྱིས་ཤོད་ཅིག། དེ་ནས་ལྷ་མོ་ཆེན་མོ་སྒྲོལ་མས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོན་ཡོད་པར་སྒྲོལ་བ་དྲི་མ་མེད་པ་པདྨ་གཙུག་ཏོར་གྱི་། ཞགས་པ་ཞེས་བྱ་བ་རིག་སྔགས་ཀྱི་སྙིང་པོ་སྨྲས་པ། ན་མཿསཱཾ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཤཱཀྱ་རཱ་ཛཱ་ཡ་ཨ་དྷིཥྛཱ་ན་ན་མོ་སྐྲྀ་ཏཱ་ནཱཾ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མཿཏཱ་རཱ་ཡེ། མ་ཧཱ་དེ་བི། ཨོཾ་ཏཱ་ར་ཎི་ཏཱ་ར་ཎི་ཏཱ་རེ། པདྨ་བི་བྷཱུ་ཥི་ཏ་ཏཱ་རེ། མ་ཎི་ཀ་ན་ཀ། བི་ཙི་ཏྲི་ཏ་མ་ལ། ཛ་ཊ་མ་ཀུ་ཊ་ནན། དཻ་ཏ་པདྨེ། དྷུ་རུ་དྷུ་རུ་པདྨ་པཱ་ཤ་བྷུ་ཛེ། ཨ་མོ་གྷ་པཱ་ཤ་ཧསྟེ། ཏཱ་ར་ཡ་བྷཱ་ག་བ་ཏི། མ་ཧཱ་སིདྡྷི། བ་ར་དེ། ཏུ་རུ་ཏུ་རུ། མ་ཧཱ་ཏཱ་ར་ཎི། བ་ར་དེ། སཱ་དྷ་ཡ་སཱ་དྷཱ་ཡ། སིད་དྷེ། ཨ་མོ་གྷ་བ་ར་དེ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་པདྨི་ནི་ཏཱ་རེ་སྭཱ་ཧཱ། སྙིང་པོའོ།། ཨོཾ་མ་ཎི་ཏཱ་རེ་ཧཱུཾ། ཉེ་བའི་སྙིང་པོའོ།། བཅོམ་ལྡན་འདས་འདི་ནི་བདག་གི་གསང་སྔགས་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ།། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱི་སྙིང་པོའི་ཞགས་པ་ཆོ་ག་ཞིབ་མོའི་རིག་སྔགས་འཆང་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། སེམས་ཅན་ཐམས་ཅད་ལ་མཆོག་སྩལ་པ་རབ་ཏུ་སྩལ་བར་བགྱི་བའི་སླད་དུ་རྗེས་སུ་སྤྲུལ་པ་ལགས་སོ།། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་འདིའི་ཡོ་བྱད་དང་ཆོ་ག་བཤད་པར་བགྱི་སྟེ། དུ་རུ་ཀ་དང་། གུ་གུལ་དང་། སྤྲིག་ཀ་གཅིག་ཏུ་བགྱིས་ལ། གསང་སྔགས་ཀྱི་སྙིང་པོ་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། བཅོམ་ལྡན་འདས་བདག་ལ་བདུགས་ན་བདུགས་པ་ཙམ་གྱིས་མོད་ལ་བཅོམ་ལྡན་འདས་བདག་དགུག་པ་དང་གཡར་དྲངས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་རིགས་སྔགས་འདི་སྒྲུབ་པའི་ཚེ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཤིང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་དངོས་གྲུབ་རྗེས་སུ་སྩལ་བར་བགྱི། བགེགས་དང་ལོག་འདྲེན་ཐམས་ཅད་བཟློག་པར་བགྱི། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་བཟློག་པར་བགྱི། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱི། བསམ་པ་ཐམས་ཅད་ཡིད་བཞིན་དུ་རྫོགས་པར་བགྱི། མཆོག་སྩལ་བར་བགྱི། བདེ་ལེགས་དང་། དགེ་ལེགས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ།། བཅོམ་ལྡན་འདས་མཆིས་ཉལ་བ་ན་བདུག་སྤོས་ཀྱི་རྒྱལ་པོ་འདིས་བདག་ལ་བདུགས་ཤིང་། བདག་གི་སྙིང་པོ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་གསུམ་པོ་དེ་དག་ལན་ཉི་ཤུ་རྩ་གཅིག་བརྗོད་ན་བདུགས་པ་ཙམ་གྱིས་མོད་དང་། དྲན་པ་ཙམ་གྱིས་བཅོམ་ལྡན་འདས་བདག་ཉིད་ཀྱི་ངོ་བོ་རང་གི་གཟུགས་ཡོངས་སུ་དག་པ་བསྟན་ཅིང་མངོན་སུམ་དུ་མཆིས་པར་བགྱི། མཆོག་ཐམས་ཅད་རྗེས་སུ་སྩལ་བར་བགྱི། བྱུང་བ་དང་འབྱུང་བའི་བཀའ་མཆིས་བགྱིའོ།། དྲན་པ་ཙམ་གྱིས་མོད་ལ་དོན་ཡོད་པ་པདྨ་གཙུག་ཏོར་གྱི་ཞགས་པའི་སྙིང་པོ་འདི་དྲན་པ་ཙམ་གྱིས། བཅོམ་ལྡན་འདས་བདག་རིག་སྔགས་འཆང་དེའི་མདུན་དུ་མཆིས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱི། སྡང་བ་དང་། སྡིག་པ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་སོ་སོར་བཟློག་པར་བགྱི། དངོས་གྲུབ་ཆེན་པོ་སྒྲུབ་པ་རྗེས་སུ་སྦལ་བར་བགྱི། བཀྲ་ཤིས་ཀྱི་སྒྲ་ཐམས་ཅད་འབྱུང་བར་བགྱི། རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱི། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བའི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱི། བསོད་ནམས་དྲང་བའི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱི། དུས་མ་ཡིན་པར་འཆི་བ་ཐམས་ཅད་སོ་སོར་བཟློག་པར་བགྱི། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བགྱི། རྟག་ཏུ་རྗེས་སུ་འབྲང་བར་བགྱི། རྟག་ཏུ་རྒྱུན་མི་འཆད་པར་རིག་སྔགས་འཆང་གི་བགེགས་དང་ལོག་འདྲེན་ཐམས་ཅད་སོ་སོར་བཟློག་པར་བགྱི། ནད་ཐམས་ཅད་བསལ་བར་བགྱིའོ།། བཅོམ་ལྡན་འདས་རིག་སྔགས་འཆང་འགུམ་པའི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་བབ་སྟེ། བཅོམ་ལྡན་འདས་བདག་གིས་རྟག་ཏུ་མངོན་སུམ་དུ་བསྟན་ཅིང་མདུན་ན་ཉེ་བར་མཆིས་པར་བགྱི། སངས་རྒྱས་ཡིད་ལ་བགྱིད་པ་ཤིན་ཏུ་དྲན་པས་དུས་ལས་འདའ་བར་བགྱིས་པ་དང་། ཇི་ལྟར་སྤྲུལ་པགས་པ་བརྗེས་པ་བཞིན་ལུས་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་སྐལ་བ་དང་མཉམ་པར་པདྨ་དག་ལ་རྫུས་ཏེ་སྐྱེ་ལ། རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་དང་། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པར་འགྱུར། ལུས་རྡོ་རྗེར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆུད་པར་འགྱུར། ས་བཅུ་ལ་གནས་པར་ཡང་འགྱུར། ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་ཡང་འགྱུར། དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པར་ཡང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་སྟོན་པར་འགྱུར། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པར་འགྱུར། སྡིག་པ་དང་། སྒྲིབ་པ་དང་། གདུག་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བའི་དམ་ཚིག་རྟོགས་པ་དང་། གསང་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་དུ་འཚལ་བར་འགྱུར་བ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། ལྷ་མོ་ཆེན་མོ་སྒྲོལ་མ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷ་མོ་ཆེན་མོ་ལེགས་སོ་ལེགས་སོ། ། རིག་སྔགས་ཀྱི་རྒྱལ་པོ་འདི་ཁྱོད་ཀྱིས་བཤད་པ་མཆོག་ཏུ་ལེགས་སོ།། ཆོ་ག་ཞིབ་མོ་འདི་ཡོངས་སུ་རྫོགས་པར་བྱ་བ་དང་། རིག་སྔགས་འཆང་དེའང་ཡོངས་སུ་བསྲུང་བའི་ཕྱིར་དང་། ཡོངས་སུ་བསྐྱང་བའི་ཕྱིར་དང་། དངོས་གྲུབ་རབ་ཏུ་སྦྱིན་པའི་ཕྱིར་ཁྱོད་ཀྱིས་ཡོངས་སུ་བསྐྱང་བར་བྱའོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཚོགས་ཀྱི་བདག་པོ་ནག་པོ་ཆེན་པོ་དང་། རིག་སྔགས་དང་། དཀྱིལ་འཁོར་གྱི་ལྷ་དུ་མ་དང་། ནོར་བུ་བཟང་པོའི་བུ་དང་། ལྔས་རྩེན་དང་། གར་མཁན་མཆོག་དང་། སྟོབས་ཅན་དང་། སྟོབས་པོ་ཆེ་དང་། ལྗང་སྔོ་དང་། དུང་ཅན་དང་། དེ་བཞིན་དུ་འཇིགས་བྱེད་དང་། དབྱངས་ལྡན་མ་དང་། དཔེ་མེད་མ་དང་། ལྷ་མོ་ཆེན་མོ་དཔལ་དང་། རལ་པ་གཅིག་མ་དང་། མེ་ཏོག་ཚེམས་ཏེ། ཐམས་ཅད་འདུས་ནས་མཐུན་པར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཕྱི་མའི་དུས་ཕྱི་མའི་ཚེ་རིག་སྔགས་འཆང་དེ་དང་། རིག་སྔགས་སྨྲ་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། གཞན་ཡང་སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གང་ཞིག་དོན་ཡོད་པའི་ཞགས་པ་གཙུག་ཏོར་འདི་སྒྲུབ་པར་བགྱིད་དམ། ཀློག་པར་བགྱིད་དམ། འདོན་ཏམ། ཐ་ན་མིང་ཙམ་ཡང་འཛིན་པར་བགྱིད་ན། བཅོམ་ལྡན་འདས་དེ་ལ་བདག་ཅག་ཀུན་ནས་མཐུན་པར་རྟག་པ་རྗེས་སུ་འབྲང་ཞིང་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གཟི་བརྗིད་གཞུག་པར་བགྱི། དངོས་གྲུབ་ཆེན་པོའི་བསམ་པ་ཡོངས་སུ་རྫོགས་པར་བགྱི། བསམ་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་རྫོགས་པར་བགྱི། ཉེས་པར་བགྱིས་པ་ཐམས་ཅད་སོ་སོར་བཟློག་པར་བགྱི། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱང་བར་བགྱི། བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གྲོགས་པོ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱིས་བྱ་བ་དེ་ལྟར་ཡིན་ཏེ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་ངས་གཏམས་ཤིང་ཡོངས་སུ་གཏད་དོ། ཞེས་བཀའ་སྩལ་ཏོ།། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རྡོ་རྗེ་ཆེན་པོའི་སྙིང་པོ་གསང་བ་རྫོགས་སོ།། ། རྣམ་པར་ཐར་པ་ཆེན་པོའི་དཀྱིལ་འཁོར་གྱི་སྙིང་པོ་གསང་བ་བསྟན་པ་བཀླགས་པས་གྲུབ་པ་ཆོ་ག་ཞིབ་མོ་རྒྱས་པ་མཆོག་ཏུ་གསང་བ་མཐའ་དག་རྫོགས་པ་ཡོངས་སུ་རྫོགས་སོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་མིག་མི་འཛུམས་པར་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ན་བདག་ལ་པདྨ་ཡངས་པའི་དཀྱིལ་འཁོར་པདྨའི་རིགས་ཀྱི་སྙིང་པོར་གྱུར་པ་གསང་བ་དེ་ཁོ་ན་ཉིད་བསྟན་པར་མཆིས་ཏེ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་གསང་བའི་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོའི་རྒྱལ་པོ་རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ངོ་བོ་ཐ་དད་པ་དང་། ཕྱག་རྒྱ་ཐ་དད་པ་དང་། སྔགས་ཐ་དད་པ་དང་། དཀྱིལ་འཁོར་དང་། གཟུགས་བྲི་བ་ཡོངས་སུ་བསྒྲགས་པར་བགྱི། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་སླད་དུ། རིག་སྔགས་འཆང་བ་རྣམས་ཀྱི་དེ་ཁོ་ནར་གྱུར་པ་གྲུབ་པ་ནི་འདི་ལགས་ཏེ། རིག་སྔགས་འཆང་བ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་པདྨ་ཡངས་པའི་དམ་ཚིག་དོན་ཡོད་པའི་ཞགས་པ་སྒྲུབ་པའི་ཆོ་ག་རྗེས་སུ་སྩལ་བར་བགྱི་ན། བཅོམ་ལྡན་འདས་དེ་བདག་ལ་གནང་བར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་བྱིན་གྱི་རླབས་དང་། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། ནོར་བུའི་རིགས་དང་། རྡོ་རྗེའི་རིགས་དང་། སྤྱིའི་དམ་ཚིག་འགྲུབ་པར་འགྱུར། སྤྱིའི་བྱིན་གྱི་རླབས་དང་། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་དང་། གཟུགས་བྲི་བ་དང་། ཕྱག་རྒྱ་རིམ་པར་བྱེ་བ་ལ་རྗེས་སུ་འཇུག་པར་འགྱུར། ཆོ་ག་ཞིབ་མོ་སྒྲུབ་པ་ཐམས་ཅད་ཀྱི་དངོས་གྲུབ་དེ་ཁོ་ན་ཉིད་དུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་བྱིན་གྱི་རླབས་ཀྱི་དེ་ཁོ་ན་ཉིད་དུ་འགྱུར་ལགས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྙིང་རྗེ་ཆེན་པོ་དང་ལྡན་པ་དོན་ཡོད་པའི་ཞགས་པའི་སྙིང་པོའི་དམ་ཚིག་རྣམ་པར་ཐར་པ་ཆེན་པོའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ཆོ་ག་ཞིབ་མོ་དེའི་དུས་ལ་དབབ་པར་ཤེས་ན་ཤོད་ཅིག། ངས་བྱིན་གྱིས་བརླབས་ཤིང་རྗེས་སུ་ཡི་རབ་ལ་ཕྱག་རྒྱ་ཆེན་པོས་བཏབ་ནས་བྱིན་གྱིས་བརླབས་སོ།། སྔོན་གྱི་དེ་བཞིན་གཤེས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པའི་ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། དམ་ཚིག་ཆེན་པོར་བྱིན་གྱིས་བརླབས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞིན་འཛུམ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣམ་པར་ཐར་པའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ་བཀོད་པ་དོན་ཡོད་པ་མཐོང་བའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས། ཏིང་ངེ་འཛིན་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཟེར་གྱིས་སྣང་བར་བྱས། ལྷའི་གནས་ཐམས་ཅད་སྣང་བར་བྱས། ཀླུའི་གནས་ཐམས་ཅད་སྣང་བར་བྱས། གནོད་སྦྱིན་དང་སྲིན་པོའི་གནས་ཐམས་ཅད་སྣང་བར་བྱས། འབྱུང་པོའི་གནས་ཐམས་ཅད་སྣང་བར་བྱས། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་ཐམས་ཅད་སྣང་བར་བྱས། སའི་འོག་ཏུ་གཏོགས་པ་འོག་ན་གནས་པ་ཐམས་ཅད་སྣང་བར་བྱས། བར་སྣང་གི་གནས་ནམ་མཁའ་ལ་རྒྱུ་བའི་ལྷ་རྣམས་སྣང་བར་བྱས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ནས་གཡོ་བ་ཆེན་པོར་གྱུར་པ་དང་། གཡོ་བའི་མཐུ་དེས་དེ་དག་ཐམས་ཅད་བསྐུལ་བར་གྱུར་ཏོ།། བསྐུལ་བ་ཙམ་གྱིས་མོང་ཉིད་ལ་དེ་དག་ཐམས་ཅད་ལྷགས་ཏེ། རི་གྲུ་འཛིན་ན་འཁོར་མང་པོ་འདུས་པར་མཐུན་པར་ལྷག་ནས་འཁོད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་མང་པོ་འདུས་པར་མཁྱེན་ནས། དོན་ཡོད་པའི་ཞགས་པའི་ཆ་བྱད་དུ་ཞུགས་ཤིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། འདི་ལྟར་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་དུ་རིགས་སྤྱིའི་དམ་ཚིག་གི་ཚུལ་དུ་ཞུགས་ལ། རལ་པའི་ཐོར་ཙུགས་ཀྱི་རྒྱལ་བ་འོད་དཔག་མེད་ཐོར་ཙུགས་སུ་ཐོགས་པ། ཚངས་པའི་གཟུགས་ཅན། ཕྱག་བཅོ་བརྒྱད་ལ་རང་གི་ངོ་བོ་ཞགས་པ་ཐོགས་པ། ཐལ་མོ་སྦྱར་བ། སྐུ་ཕྱེད་ན་ཕྱག་གཡོན་པ་བརྟེན་པ། མདུང་རྩེ་གསུམ་པ་བསྣམས་པ། རིལ་བ་སྤྱི་བླུགས་དང་བགྲང་འཕྲེང་བསྣམས་པ། པདྨ་བསྣམས་པ། པདྨའི་ཕྱག་རྒྱ་བསྣམས་པ། ཡིད་བཞིན་གྱི་ནོར་བུ་དང་རྒྱལ་མཚན་བསྣམས་པ། མེ་ཏོག་གི་ཕུར་མ་དང་བི་ཛ་པུ་ར་བསྣམས་པ། དབུགས་འབྱིན་པར་མཛད་པ། རིན་པོ་ཆེའི་ཆར་འབེབས་པར་མཛད་པ། ཐལ་མོ་སྦྱར་བའི་ཕྱག་རྒྱ་མཛད་པ། སྤྱི་བོར་ཕྱག་རྒྱ་མཛད་པ། དམ་ཚིག་གི་ཕྱག་རྒྱ་མཛད་པ། པདྨ་ཡང་པའི་ཕྱག་རྒྱ་མཛད་པ། རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་མཛད་པ། དེ་བཞིན་གཤེགས་པ་དང་ནོར་བུའི་ཕྱག་རྒྱ་མཛད་པ། གཟུགས་ཞི་བ། སྤྱན་གསུམ་པ། མཆོད་ཕྱིར་ཐོགས་པ། གདན་པདྨ། སྐུ་འོད་ཟེར་སྣ་ཚོགས་འབར་བ། སྒྲོལ་མ་བདུན་རྗེས་སུ་འབྲང་བ། ཕ་རོལ་ཏུ་ཕྱིན་པ་བཅུས་བསྐོར་བ། བརྒྱ་བྱིན་དང་། ཚངས་པ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོས་བསྐོར་བ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ལྷའི་བུ་དང་། སྲེད་མེད་ཀྱི་བུ་དང་། དབང་ཆེན་དང་། རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་འཁོད་ནས་མིག་མི་འཛུམས་ཤིང་བཞིན་འཛུམ་པས། མེ་ཏོག་སྣ་ཚོགས་པ་རྣམས་བཅོམ་ལྡན་འདས་ལ་འཐོར་ཏེ། འདི་ལྟ་སྟེ། མེ་ཏོག་ཤཱ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། ཨོ་ཏི་མུཀྟ་ཀ། དང་། ཤོ་ཀཱ་བརྟ་དང་། ཁ་བྱེ་འཁྱིལ་བ་དང་། གན་དྷ་བཱརཱི་ཀ་དང་། མཐོན་ཁ་དང་། མཐོན་ཁ་ཆེན་པོ་དང་། ཀ་དམ་པ་དང་། མདོག་མཛེས་པ་དང་། སུ་མ་ནྱ་ཀ་དང་། སྐྱ་སྣར་དང་། ཆེར་གསལ་བ་དང་། དྲི་མེད་གཟི་བརྗིད་དང་། དྲི་དགའ་དང་། རབ་སིམ་དང་། པ་ལ་ཤ་དང་། ཟ་བ་དང་། མཱ་རཎྜ་ཀ་དང་། གཟི་བརྗིད་བསིལ་དང་། དྲི་མེད་དང་། གཟི་ཡངས་ལྡན་དང་། ཤིན་ཏུ་བསྟན་དང་། ལྷ་དགའ་དང་། ཡིད་དགའ་དང་། ཡུ་ཐི་ཀ་དང་། པདྨ་དང་། ཀུ་མུད་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་དང་། ཨུཏྤ་ལ་དམར་པོ་དང་། ཏ་ར་ཎ་གུ་ཧྱ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ནི་མངོན་སུམ་དུ་རྣམ་པར་ཐར་པའི་དཀྱིལ་འཁོར་གསང་བ་དོན་ཡོད་པའི་རྒྱལ་པོ་འདི་སྨྲས་སོ། ། དུས་གསུམ་དུ་གཤེགས་ཤིང་བཞུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིགས་ཀྱི་དམ་ཚིག་ལ་ཕྱག་འཚལ་ལོ།། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་རིགས་དང་ཕྱག་རྒྱ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་དང་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཡང་དག་པར་རྟོགས་པ་རྣམས་ལ་ཕྱག་འཚལ་ལོ།། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། བློ་གྲོས་ཆེན་པོ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་འཕགས་པའི་ཚོགས་ཀྱི་མཆོག་རྣམས་ལ་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྨན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དྲང་སྲོང་ཆེན་པོ་དེ་དག་དང་འཕགས་པའི་ཚོགས་ཀྱི་མཆོག་དེ་དག་ལ་ཕྱག་འཚལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་བྱུང་བ། དོན་ཡོད་པའི་རྒྱལ་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་སྙིང་པོ་དེ་བཞིན་གཤེགས་པའི་མངོན་སུམ་དུ་གསུངས་པ་འདི་འཁོར་མང་པོའི་ནང་དུ་བདག་གིས་ད་བཟླས་ཀྱིས། བདག་གི་དགོས་པ་ཐམས་ཅད་གྲུབ་པར་གྱུར་ཅིག། འཇིགས་པ་ཐམས་ཅད་དུ་སྲུང་བར་གྱུར་ཅིག། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། བི་རི་བི་རི། པི་རི་པི་རི། ཙི་རི་ཙི་རི། པ་ར་མ་མ་ཧཱ་ཀཱ་རུ་ཎི་ཀ། སི་རི་ས་རྦ། ར་ཅིར། པི་རི་ཐཾ་ར། བི་རི་བཱི་རཱི། མུ་ཧཱ་པདྨཱ་ཧསྟཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀཱ་ལུ་ཀུ་ལུ། མ་ཧཱ་ཤུདྡྷ་སཏྭ། ཨེ་ཧེ་ཧི། བུད་དྷ་བུདདྡྷ། དྷཱུ་བདྷཱ་བ་ཀ་ཎ་ཀ་ཎ། ཀི་ཎཱི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུདྡྷ་སཏྭ། ཀ་ར་ཀ་ར། ཀཱི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ་སརྒྱ་ལ། བི་ཙཱ་ལ་བི་ཙ་ལ། ཨེ་ཊ་ཊ་ཨཱི་ཊ་ཊ། དྷ་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧྱ་ཧི་མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། ས་ར་ས་ར། ཙ་ར་ཙ་རཱ། ཧ་ར་ཧ་ར། ཧཱ་ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི་ཧཱི། ཧཱུ་ཧཱུ་ཧཱུ་ཧཱུ། ཨོཾ་ཀཱ་ར་དྲཧྨ་བ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་རཱ། ས་ར་ས་ར། བ་ར་བ་ར། ཙ་ར་ཙ་ར། བྷ་ར་བྷ་ར། ར་ཤྩི་ཤ་ཏ། ས་ཧ་སྲ་པྲ་ཏི། མཎྜི་ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷ་ག་བན། སོ་མ་ཨཱ་དིཏྟ། ཡ་མ་བ་རུ་ཎ། ཀུ་བི་ར། བྲཧྨ་ཨིནྡྲ། རཻ་ཥི་དེ་བ་ག་ཎ། ཨ་བྷྱཱརྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། པུ་རུ་པུ་རུ། མུ་རུ་མུ་རུ། ས་ནཏ་ཀུ་མཱ་ར། རུ་དྲ་བཱ་ས་བ། བིཥྞུ་དྷ་ན་ད། བཱ་སུ་དེ་བ་རྀ་ཥི་ནཱ་ཡ་ཀ་བི་ནཱ་ཡ་ཀ། བ་ཧུ་བི་བི་དྷི་བེ་ཥེ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཐ་ར་ཐ་ར། བྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། མ་ར་མ་ར། པ་ར་པ་ར། ཙ་ར་ཙ་ར། བ་ར་བ་ར། དཱ་ཡ་ཀ། ས་མནྟ་ཨ་བ་ལོ་ཀི་ཏེ། བི་ལོ་ཀི་ཏེ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ཡམས་ཀྱི་ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། ནད་ཐམས་ཅད་ལས་སྲུང་དུ་གསོལ་སྲུང་དུ་གསོལ། གནོད་པ་དང་། འཆིང་བ་དང་། རྡེག་པ་དང་། བསྡིགས་པ་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། གནོད་བྱེད་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ལས་ཡོངས་སུ་ཐར་པར་མཛད་པ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎ་ཀུ་ཎུ། ཙ་ར་ཙ་ར། ཨིནྡྲི་ཡ། བ་ལ་བོ་དྷངྒ། མཱ་ར་ཀ། ཙ་ཏུ་ནཱཪྵཱ་སཏྶ། སམ་པྲཱ་ཀཱ་ཤ་ཀ། ཏ་མ་ཏ་མ། ད་མ་ད་མ། ཤ་མ་ཤ་མ། ས་མ་ས་མ། མ་ཧཱ་ཏ་མོན་དྷཱ་ཀ་ར། བི་དྷ་མ་ན། ཥཊ་པཱ་ར་མི་ཏཱ། པ་རི་པཱུ་ར་ཀ། མི་ལི་མི་ལི། ཊ་ཊ་ཊ་ཊ། ཥ་ཥ་ཥ་ཥ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཥཱི་ཥི་ཥཱི་ཎཱི། ཥུ་ཥུ་ཥུ་ཥུ། ཨ་ཎེ་ཡ་ཙ་མ་ཀྲྀ་ཏ། པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་མ་ཧེ་ཤྭ་ར། མ་ཧཱ་བྷཱུ་ཏ། ག་ཎ་བྷཾ་ཛ་ཀ། ཀུ་རུ་ཀུ་རུ། པ་ར་པ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ། བི་ཤུདྡྷ་བི་ཥ་ཡ་ནི་བཱ་སི་ནི། མ་ཧཱ་ཀཱ་རུ་ཎི་ཀ། ཤྭེ་ཏ་ཡཛྙོ་བ་བཱི་ཏཱ་ཡ། རཏྣ་མ་ཀུ་ཊ། མཱ་ལ་དྷ་ར། སརྦ་ཛྙཱ་ཤི་ར་སི་ཀྲྀ་ཏཾ། ཛ་ཊཱ་མ་ཀུ་ཊ་མ་ཧཱད་བྷཱུ་ཏ། ཀ་མ་ལ་ཀྲྀ་ཏ། ཀ་ར་ཏ་ལ། དྷུ་ན་ས་མཱ་དྷི། བི་མོཀྵ། ཨ་པྲ་ཀམྦྷ། བ་ཧུ་སཏྭ། སནྟ་ཏི་པ་རི་པཱ་ཙ་ཀ། མ་ཧཱ་ཀཱ་རྲ་ཎི་ཀ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཀ། སརྦ་བཱི་དྷི་པ་རི་མོ་ཙ་ཀ། སརྦ་ཨཱ་ཥ་པ་རི་པཱུ་ར་ཀ། སརྦ་སཏྭ་ས་མཱ་ཤཱ་ས་ཀ་ར་ན་མོ་སྟུ་ཏེ་སྭཱཧཱ། ཨོཾ་བྲཧྨ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ས་མནྟ། ཛྭཱ་ལ་ཨ་མོ་གྷ་ཧཱུཾ། དོན་ཡོད་པའི་སྙིང་པོ། ཨ། ཡི་གེ་གཅིག་པུ་ནི་ཀུན་ནས་གསང་བ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་དང་། པདྨ་ཡངས་པའི་དཀྱིལ་འཁོར་དུ་ཞུགས་པ། རིགས་ཐམས་ཅད་ཀྱི་སྤྱིའི་ཡིན་ཏེ་བཀླགས་པས་གྲུབ་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིང་པོ་ཡི་གེ་གཅིག་པུ་ཀུན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བ་སྤྱིའི་རྣམ་པར་ཐར་པའི་དཀྱིལ་འཁོར་སྨྲས་པ་ཙམ་གྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་། ལྷའི་མེ་ཏོག་གི་ཆར་རབ་ཏུ་བ་བ་ལ། ཀུན་ནས་རིན་པོ་ཆེའི་ཆར་རབ་ཏུ་བབ་པོ།། དེ་བཞིན་གཤེགས་པ་ག་དྷཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྟོང་ཕྱོགས་ཀུན་ནས་གཤེགས་ནས་ནམ་མཁའི་དཀྱིལ་ལ་རྫུ་འཕྲུལ་གྱིས་བཞུགས་སོ། ། དོན་ཡོད་པའི་རིམ་པར་ཕྱེ་བའི་སྤྲིན་ལྷའི་རིན་པོ་ཆེ་སྣ་བདུན་ཕབ་ལ་འབབ་པས་ཁེབས་པ་དང་། ལྷའི་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་རྣམས་དང་། ལྷའི་རྒྱན་དང་། གོས་སྣ་ཚོགས་པའི་ཆར་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དོན་ཡོད་པའི་རྒྱལ་པོའི་ཚུལ་དུ་ཞུགས་པ་ལ་མཆོད་པ་དང་བཀུར་སྟི་བྱ་བའི་ཕྱིར་རབ་ཏུ་ཕབ་པོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་མཛད་དེ། སེམས་ཅན་དག་པ་ཆེན་པོ་ཁྱོད་ཀྱིས་སངས་རྒྱས་འབྱུང་བ་མཆོག་བསྟན་པ་ལེགས་སོ་ལེགས་སོ། ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། རིག་སྔགས་ཀྱི་གནས་རིམ་པར་ཕྱེ་བ་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། ཡི་གེ་གཅིག་པའི་རྗེས་སུ་ཞུགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཉི་མ་གཅིག་ཤར་བ་ཡིན་ནོ།། གང་འདས་པ་དང་། མའོ། པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་ཀྱི་སངས་རྒྱས་འབྱུང་བ་རྫོགས་པར་སངས་རྒྱས་འབྱུང་བ་གཅིག་གི་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་ཞིང་། སྙིང་པོ་ཡི་གེ་གཅིག་གིས་རྗེས་སུ་ཞུགས་པ་ཡིན་ལ། ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། དམ་ཚིག་གཅིག་གིས་རྗེས་སུ་ཞུགས་པ་ཡིན་ནོ།། དོན་ཡོད་པ་རྣ་པར་འཕྲུལ་པ་རྣམ་པར་ཐར་པའི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་བ་བཟང་པོ་འདི་ནི་དོན་ཡོད་པའི་གསང་སྔགས་ཀྱི་ཞགས་པས་དྲངས་ཤིང་སྐུ་གཅིག་གི་དམ་ཚིག་ལ་བཀོད་པ་ཡིན་ཏེ། དེ་ནས་དོན་ཡོད་པའི་ཞགས་པ་ཞེས་བྱ་བར་བྱིན་གྱིས་བརླབས་སོ།། སྙིང་པོ་ཡི་གེ་གཅིག་པའི་གཟུངས་སྔགས་ནི་རྟག་ཏུ་བཀླགས་པས་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ལེགས་སོ་ལེགས་སོ།། དེ་ཁོ་ན་ཉིད་བསྒྲུབ་པ་གྲུབ་པ། དེ་བཞིན་གཤེགས་པའི་རིགས་སྤྱིའི་དམ་ཚིག་ཐམས་ཅད་གྲུབ་པ། དོན་ཡོད་པའི་ཞགས་པའི་སྙིང་པོ་སྒྲུབ་པ་བཀླགས་པས་འགྲུབ་པ་འདི་ནི་མཆོག་ཏུ་བཟང་བ་ཡིན་གྱིས། ཡོན་ཏན་གྱི་ཕུང་པོ་ཤོད་ཅིག། སྙིང་པོ་ཡི་གེ་གཅིག་པ་འདི་ནི་དོན་ཡོད་པའི་ཞགས་པ་བསྒྲུབ་པའི་ཆོ་ག་སྒྲུབ་པ་བདེ་བ། བཀླགས་པས་གྲུབ་པ། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། སྐུ་གཟུགས་རི་མོ་དང་བཅས་པ་སྒྲུབ་པའི་ཆོ་ག་བླ་ན་མེད་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པ་པདྨ་ཡངས་པའི་དཀྱིལ་འཁོར་དང་། པདྨའི་རིགས་ཀྱི་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་སྙིང་པོ་གསང་བ་ཆེན་པོ་དང་། རིགས་སྤྱིའི་སྒྲུབ་པ་བཀླགས་པས་འགྲུབ་པ་འདིའི་ཡོ་བྱད་དང་ཆོ་ག་བཤད་པར་བགྱི་ཡིས། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ། བཅོམ་ལྡན་འདས་གང་གིས་དྲན་པ་ཙམ་གྱིས་བདག་མདུན་ན་ཉེ་བར་མཆིས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱི། རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ།། དེ་ལྟར་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་ཞིང་། རིག་སྔགས་འཆང་རྣམས་ཀྱི་དངོས་གྲུབ་དམ་པ་མཆོག་དེ་ཁྱོད་ཀྱིས་རབ་ཏུ་སྦྱིན་པར་གྱིས་ཤིག། དོན་ཡོད་པའི་ཞགས་པའི་སྙིང་པོའི་གསང་བའི་དམ་ཚིག་དང་། ཡི་གེ་གཅིག་པུ་རིགས་སྤྱིའི་རྗེས་སུ་ཞུགས་པ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཀྱིས། ཡོ་བྱད་དང་སྒྲུབ་པའི་ཆོ་ག་ཤོད་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་དབུགས་ཕྱུང་བ་དག་ཐོས་ནས་སྙིང་ཤིན་ཏུ་དགའ་སྟེ། ཡོ་བྱད་དང་ཆོ་ག་སྨྲས་པ། བཅོམ་ལྡན་འདས་ཀྱིས་མངོན་སུམ་ཉིད་དུ་སྡིག་པ་སྲེག་ཅིང་མ་ལུ་སོ་བཟད་པར་བགྱིད་པ། སེམས་ཅན་དམྱལ་བ་རྩེ་བ་ནས་འབྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་སྨྲས་པ། དཀྱིལ་འཁོར་གྲུ་བཞིར་བྱས་ནས་སུ། དབུས་སུ་པདྨའི་འཁོར་ལོ་བྱ། ཚོན་རྩི་སྣ་ཚོགས་རྣམ་པར་དབྱེ།། པདྨ་ཟེ་བའི་དབུས་སུ་ནི།། སྤྱན་རས་གཟིགས་དབང་བཞུགས་པར་བྱ།། བུམ་པ་བཀང་དང་འཕན་རྣམས་ཀྱིས། ། དཀྱིལ་འཁོར་ཀུན་ནས་བརྒྱན་པར་བྱ།། མེ་ཏོག་སྣ་ཚོགས་ལེགས་པར་དགྲམ།། སྤོས་དྲི་བཟང་པོས་བསྒོས་པ་ཡི།། མར་མེའི་འཕྲེང་བ་ཀུན་ཏུ་བུད།། མཆོད་ཡོན་ཆུ་དག་གཞག་པར་བྱ། ། གུ་གུལ་དང་ནི་ས་ལ་ལ་ཀི། ཨ་ཀ་རུ་དང་དུ་རུ་ཀས།། བདུག་སྤོས་སྣོད་བའི་དག་ནས་བདུག། རིག་སྔགས་འཆང་བ་ཁྲུས་བྱས་ནས།། གོས་གཙང་བགོས་ཏེ་སྨྱུང་བ་ལ།། ཉེ་བར་གནས་ནས་ཚེས་བརྒྱད་དམ། ། བཅུ་བཞིའམ་ཚེས་ནི་བཅོ་ལྔ་སྟེ།། ཟླ་བ་ཡར་གྱི་ངོ་ལ་སྒྲུབ།། ཤར་དུ་ཁ་བལྟས་འདུག་ནས་སུ།། དོན་ཡོད་ཞགས་པ་དུས་གསུམ་དུ།། ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ། སྙིང་པོའང་བརྒྱས་བརྒྱད་དུ་བཟས།། ཡི་གེ་གཅིག་པུ་འབུམ་དུ་ནི།། མཚན་མོ་བར་ཆད་མེད་པར་བཟླས།། སྐྱ་རེངས་ཤར་ནས་འཇིག་རྟེན་དབང་།། ཟེ་བའི་དབུས་ན་འབར་འགྱུར་ཞིང་། ། འགུལ་འགྱུར་འགུལ་བ་དེ་ཡིས་ནི།། དམྱལ་བ་ཆེན་པོ་བཅུ་དྲུག་གི། སྒོ་རྣམས་དག་ནི་བྱེ་བར་འགྱུར།། དམྱལ་བའི་གནས་ནས་ཤུགས་ཆེན་གྱིས།། གཡོ་ལ་གཡོས་པ་ཙམ་དེས་ནི།། ། དམྱལ་བའི་ཚེར་ཀུན་རྣམ་པར་འཇིག། དམྱལ་བ་དེའི་ཡང་རྣམ་པར་འཇོམས།། སེམས་ཅན་དམྱལ་བ་དེ་དག་ནི།། ཐར་ནས་ཕྱོགས་བཅུར་རྒྱུག་པ་ཡི།། དམྱལ་བའི་སྡུག་བསྔལ་ཀུན་ལས་གྲོལ།། མཐོ་རིས་ལམ་དུ་ཞུགས་པར་འགྱུར།། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་ཐམས་ཅད་དུད་འགྲོ་རྣམས་ལས་ཡོངས་སུ་གྲོལ་བར་འགྱུར། བདག་ཉིད་ཀྱི་སྒྲིབ་པ་དང་། སྡིག་པ་དང་། སྡུག་བསྔལ་མི་བཟད་པ་ཐམས་ཅད་མཐར་གཏུགས་པར་ཡོངས་སུ་ཟད་པར་འགྱུར། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། གལ་ཏེ་སྡིག་པ་ཐམས་ཅད་ཟད་པར་གྱུར་ན། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་མདོག་གསེར་གྱི་མདོག་ཅན་དུ་སྟོན་པར་མཛད་ལ། མཆོག་ཐམས་ཅད་སྦྱིན་པར་མཛད་དོ།། དོན་ཡོད་པའི་དྲི་མད་པའི་ཡེ་ཤེས་རྒྱ་མཚོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། སྒྲིབ་པ་དང་བྲལ་བ་སེམས་ཀྱི་རྒྱན་རྣམ་པར་དག་པའི་བདག་ཉིད་ཀྱི་ངོ་བོ་ཐོབ་པར་འགྱུར། དེ་བཞིན་གཤེགས་པ་གདྷཱའི་ཀླུང་གི་བྱེས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་པོ་རྣམས་མོད་ཉིད་ལ་མངོན་སུམ་དུ་སྟོན་པར་མཛད་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཕྱག་གཡས་པ་མགོའི་སྤྱི་བོར་འཇོག་པར་མཛད།། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར། དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར། འཇིག་རྟེན་པ་ཀུན་གྱིས་གཅིག་ཏུ་མཆོད་པ་ཆེན་པོ་བྱས་པར་འགྱུར། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། ཟླ་བ་དང་། ཉི་མ་དང་། ཚང་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རང་གི་གཟུགས་ཀྱིས་མངོན་སུམ་དུ་སྟོན་ཅིང་། ཉེ་འཁོར་ལ་ཀུན་ནས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར། དངོས་གྲུབ་དང་དགོས་པ་ཐམས་ཅད་འགྲུབ་པར་འགྱུར། གལ་ཏེ་སྡིག་པ་ཐམས་ཅད་ཟད་པར་མ་གྱུར་ན། དེའི་ཚེ་འཕགས་པ་སྤྱན་གཟིགས་དཔ་འ་ཕྱུག་གི་སྐུ་མདོག་གསེར་གྱི་ཁ་དོག་ཅན་དུ་མི་མཐོང་། དེས་སྒྲིབ་པ་དང་སྡིག་པ་ལྷག་མ་ལུས་པར་ཤེས་པར་བྱ་སྟེ། དེ་ཉིད་དུ་བཟླས་བརྗོད་ཀྱི་ཆོ་ག་སྨྱུང་བ་གཉིས་པ་བྱས་པ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྩ་བ་དང་བཅས་པ་ཐམས་ཅད་ཕྱུང་བར་འགྱུར་རོ།། གལ་ཏེ་བཟླས་བརྗོད་ཀྱི་ཆོ་ག་སྨྱུང་བ་གསུམ་པ་བྱེད་ན་དཟླས་བརྗོད་ཀྱི་ཆོ་ག་གསུམ་རྫོགས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱག་གཡས་པ་བརྐྱང་ནས་རིག་སྔགས་འཆང་བཏེག་སྟེ། མོད་ལ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་སྤྱན་སྔར་འཇོག་པར་མཛད་ལ་མངོན་སུམ་དུ་བཞུགས་སོ།། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་དབུགས་འབྱིན་པར་མཛད་ཅིང་ཕྱག་སྤྱི་བོར་འཇོག་པར་མཛད་དེ། ཚེ་དཔག་ཏུ་མེད་པར་འགྱུར་རོ།། གལ་ཏེ་སེམས་ཅན་གཞན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་འམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་གང་ཞིག་སྡིག་པ་དང་སྒྲིབ་པ་ཟད་པར་འདོད་ན་རིགས་སྔགས་འཆང་ཁྲུས་བྱས་ལ་གོས་གཙང་མ་བགོས། སྨྱུང་བ་བྱས་པ་དེས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་ལ། རིག་སྔགས་འཆང་ཆོ་ག་བྱེད་པས་གསང་སྔགས་རྗེས་སུ་དྲན་པར་བྱས་ནས་རྨ་བྱའི་སྒྲོས་བྱབ་པར་བྱའོ། ། དེ་ཙམ་གྱིས་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར། ནད་ཐམས་ཅད་དང་། གདུག་པ་ཐམས་ཅད་དང་། ན་བ་ཐམས་ཅད་དང་། མཚམས་མེད་པ་ཐམས་ཅད་ཟད་པར་འགྱུར་ཏེ་ཐེ་ཚོམ་མེད་དོ།། སྒྲིབ་པ་དང་བྲལ་བ་ཉིད་ཐོབ་པར་འགྱུར་ཞིང་ཚིག་གཟུང་བར་འོས་པར་འགྱུར། ལྷ་ཐམས་ཅད་ཀྱིས་གཟུང་ཞིང་ཀུན་ནས་སྲུང་བར་འགྱུར། དེ་བཞིན་གཤེགས་པའི་གསུང་ཐོབ་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཟིགས་བཞེད་པར་འགྱུར། ཚེ་རིང་དང་། སྒྲིབ་པ་དང་། ནད་དང་བྲལ་བར་འགྱུར། ཚེ་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་འབོས་དྲན་པར་འགྱུར། དགེ་བའི་རྩ་བ་བསོད་ནམས་ཀྱི་ཚོགས་ཐམས་ཅད་དང་ལྡན་པར་འགྱུར་ཏེ། སྙིང་རྗེ་དང་བྱམས་པ་ཆེན་པོ་ཡིད་ལ་བྱ་བ་རྩེ་གཅིག་ཏུ་བྱ་ཞིང་སྨྱུང་བ་དང་བཟླས་བརྗོད་བྱའོ།། སྡིག་པ་དང་སྒྲིབ་པ་ཟད་པར་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་གའོ།། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་བདུན་པ།། ། དེ་ནས་རྟག་ཏུ་བཟླས་པའི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། དཀྱིལ་འཁོར་གྱི་ཚད་ཇི་ལྟ་བ་བཞིན་དུ་ལེགས་པར་ཕྱེ་བ། གྲུ་བཞི་པ། རྒྱར་གཟིངས་ཀྱི་ཚད་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་བྱ་སྟེ། དྲིའི་ཚོན་རྩི་རྣམ་པར་བཀྲ་བ་ཀུན་ནས་པདྨའི་འཕྲེང་བ་དང་རྡོ་རྗེའི་གེ་སར་ལ་བརྟེན་པའི་དབུས་སུ་པདྨ་བྱའོ། ། རྡོ་རྗེའི་ཐིག་སྐུད་ཀྱིས་ཀུན་ནས་བསྐོར་བའི་དབུས་ཀྱི་པདྨའི་གེ་སར་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་ཆ་བྱད་འཛིན་པ་དགོད་པར་བྱའོ།། ཉི་མ་རེ་རེ་ཞིང་མེ་ཏོག་དང་བདུག་པ་དབུལ་བར་བྱ་ཞིང་། ཉི་མ་རེ་རེ་ཞིང་ཨ་ཀ་རུའི་བདུག་པ་དང་ཁྲུས་བྱས་གོས་གཙང་མ་བགོས་ཏེ། དོན་ཡོད་རྒྱལ་པོའི་བཟླས་བརྗོད་དང་ཕྱག་རྒྱ་བཅིང་བར་བྱའོ།། ཡི་གེ་གཅིག་པའི་སྙིང་པོའི་བཟླས་བརྗོད་ཐུན་གསུམ་དུ་ལན་གསུམ་མམ། ལན་བདུན་ནམ། ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་སོ།། ཟས་ངན་པ་བཅུ་ཡོངས་སུ་སྤང་བར་བྱ་ཞིང་། སེམས་ཅན་ངན་པའང་སྤང་བར་བྱའོ།། སྒྲུབ་ཐབས་ཀྱི་དེ་ཁོ་ན་ཉིད་ལས་ཐམས་ཅད་དུ་འཇིག་རྟེན་པའི་བྱ་བ་ཐམས་ཅད་འགྲུབ་པོ། ། འཇིགས་པ་ཆེན་པོ་མི་བཟད་པ་བརྒྱད་པོ་དེ་རྣམས་ལས་གྲོལ་ལོ།། དོན་ཡོད་པའི་རྒྱལ་པོ་དྲན་པས་ནད་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། ། དུག་དང་། སྦྱར་དུག་དང་། བྱད་སྙེམས་དང་། གདོན་ཐམས་ཅད་དང་། འཇིགས་པ་དང་། སྡང་བ་དང་། སྐྲག་པ་དང་། རིམས་དང་། ནད་ཐམས་ཅད་དང་ཕོལ་མིག་དང་། ལྷོག་པ་དང་། མཚན་མར་རྡོལ་བ་དང་། གཡན་པ་དང་། རྐང་ཤྲ་དང་། མཛེ་དང་། མགོ་བོ་ན་པ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། སྣན་པ་དང་། ཁ་ན་པ་དང་། རྐན་ན་བ་དང་། མགུལ་ན་བ་དང་། སྙིང་ན་བ་དང་། ལྟོ་ན་པ་དང་། སོ་དང་མཆུན་པ་དང་། ལག་པ་ན་བ་དང་། རྩིབ་ལོགས་ན་བ་དང་། ཆུ་སོ་ན་པ་དང་། ཕོ་བའི་ནད་དང་། མ་ཞུ་བ་དང་། རྐང་པ་ན་བ་དང་། རྒྱབན་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ན་བ་དང་། ཚད་པ་དང་། གཞང་ནད་དང་། གཅིན་ནད་དང་། གསུང་པ་དང་། འཁོགས་པ་ལ་ལན་ཅིག་བརྗོད་དེ་བྱབས་པ་ཙམ་གྱིས་ཐམས་ཅད་སེལ་བར་བྱེད་དེ། མྱུར་དུ་རབ་ཏུ་ཞི་བར་བྱེད་ཅིང་སྐད་ཅིག་དེ་ཉིད་ལའང་ཡང་དག་པར་གནས་པར་བྱེད་དོ། ། འཇིག་རྟེན་པའི་བྱ་བ་གཞན་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དགེ་བའི་རྩ་བ་ཉི་མ་རེ་རེ་ཞིང་སྐྱེད་པར་འགྱུར་རོ། ། བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ།། ཚིག་བཙུན་པར་ཡང་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་ཐ་མར་ཡང་འགྱུར་རོ། ། མཆོད་པའི་འོས་ཆེན་པོར་འགྱུར་རོ།། དོན་ཆེ་ཞིང་ཆེ་བ་དག་འོང་བར་འགྱུར་རོ།། དབང་ཕྱུག་དང་ཁོན་པོ་ལྷུན་གྱིས་གྲུབ་པ་ཉིད་དུ་རྙེད་དོ།། རྒྱལ་པོ་དང་། བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པས་གཅིག་ཏུ་མཆོད་པར་འོས་པར་འགྱུར་རོ། ། ཉི་མ་རེ་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ།། རྟག་ཏུའང་དེ་བཞིན་གཤེགས་པའི་སྐུ་མཐོང་བ་སོ་སོར་ཐོབ་བོ། ། སངས་རྒྱས་ཀྱི་ཞིང་ཡང་དག་པར་བརྒྱན་པ་མཐོང་ངོ་།། ཚེས་བརྒྱད་དང་བཅོ་ལྔ་ལ་པོ་ཊ་ལ་ཀའི་རི་བོའི་གཞལ་མེད་ཁང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་ཏེ། འཁོར་ཆེན་པོ་ལ་ཆོས་སྟོན་པར་མཛད་བཞིན་པ་དང་། འོད་དཔག་མེད་བདེ་བ་ཅན་གྱི་གནས་ན་བཞུགས་པ་མཐོང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་མཐོང་ངོ་། ། འཆི་འཕོས་པ་ན་བསམས་པ་ཉིད་ཀྱི་མོད་ལ་བདེ་བ་ཅན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། སྒྲིབ་པ་དང་བྲལ་ཞིང་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པ་དོན་ཡོད་པའི་འོད་ཟར་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་པོ། ། ཏིང་ངེ་འཛིན་གང་ཞིག་ཐོབ་པས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སྐད་ལས་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་ཕྱག་བྱས་ནས། སེ་གོལ་གཏོགས་པ་ཙམ་ཉིད་ལ་སླར་ཡང་འོང་བ་དེ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ།། ཏིང་ངེ་འཛིན་གཞན་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སོ་སོར་ཐོབ་ཅིང་། བཟླས་པའི་ཆོ་ག་གཅིག་པུས་ལས་ཐམས་ཅད་སྒྲུབ་པར་འགྱུར་རོ་ཞེས་སོ།། བཟླས་པའི་དཀྱིལ་འཁོར་ཆེན་པོའི་ཆོ་གའོ།། དེ་ནས་ཁྲུས་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཁྲུས་བྱེད་པ་ལ་མཁས་པ་གང་གིས་དྲི་མ་ཐམས་ཅད་སེལ་བར་བྱེད་ཅིང་མཛེས་པ། སྡིག་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ་དངོས་གྲུབ་ཐམས་ཅད་བྱེད་པའི་དེ་ཁོ་ན་ཉིད་བསོད་ནམས་དང་གཟི་བརྗིད་རབ་ཏུ་འཕེལ་བར་བྱེད་པ། ནད་ཐམས་ཅད་སེལ་བར་གྲུབ་པ། སྡིག་པ་དང་སྡིག་ཏོ་ཉམས་པར་བྱེད་པ། དེ་བཞིན་དུ་ཟད་པ་དང་ཉམས་པ་བཅོམ་པ། དུག་དང་བྱད་སྟེམས་ཉམས་པ། ནད་ཡུན་རིང་པོ་ཡོངས་སུ་སྤངས་པ། དེ་བཞིན་དུ་གཅོང་ཡུན་རིང་པོ་དང་རིམས་ཡོངས་སུ་སྤངས་པ་སྟེ། འདི་དག་ཁྲུས་ཀྱིས་འགྲུབ་སྟེ། རིག་སྔགས་དང་ཡིན་པ་དེས་འགྲུབ་པར་དོན་ཡོད་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡོངས་སུ་བསྒྲགས་སོ།། བགེགས་ཀྱིས་རེག་པ་གང་ཡིན་པ་དང་། གྲིབ་གནོན་གྱི་གདོན་མི་བཟད་པས་རེག་པ་གང་ཡིན་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་མི་བཟད་པ་དང་། འཐབ་པ་དང་། རྩོད་པ་ལའང་དགྲ་རྣམས་ཀྱིས་ཕམ་པ་དང་། སྐྱེ་བོ་སྡང་བ་དང་། གང་གི་འཁྲུག་པའི་གཡུལ་དུ་སོང་བ་དང་། རྒྱུ་སྐར་གྱིས་བཅོམ་པ་གང་ཡིན་པ་དང་། བློའི་སྐྱེ་བ་ཟད་པ་དང་། མ་ནི་ང་དང་། ཉམས་པའི་མ་ནིང་དང་། དབང་པོ་ཉམས་པའི་བར་གང་ཡིན་པ་རྣམས་དང་། བུ་མི་འཚོ་བ་གང་ཡིན་པ་རྣམས་ཀྱི་བུ་མཐུན་པར་སྐྱེ་བར་འགྱུར་རོ། ། གསད་ཅིང་གཞོམ་པ་ཐོབ་པ་གང་ཡིན་པ་དང་། འཆིང་བ་དང་གསོད་པར་སོང་བ་གང་ཡིན་པ་དང་། ཆོམ་རྐུན་ནམ། རྐུན་མོའི་ནང་ངམ། གནོད་སྦྱིན་ནམ། སྲིན་པོའི་ནང་དུ་སོང་བ་གང་ཡིན་པ་དང་། གཅན་གཟན་གཏུམ་པོའི་ནང་དུ་སོང་བ་གང་ཡིན་པ་དང་། མཆེ་བ་གདུག་པ་དང་། དུག་གི་ཁྲོད་དུ་སོང་བས་དུག་འཇིགས་པ་མི་བཟད་པ་ཟོས་པ་གང་ཡིན་པ་དང་། ཁྱིམ་རྡིབ་པ་དང་། གཡང་ས་དང་། བྱི་བ་ཁ་གདུག་པའི་འཇིགས་པ་རྣམས་དང་། མི་མངོན་པར་སྡིག་པ་བྱེད་པ་གང་ཡིན་པ་དང་། མཚམས་མེད་པ་བྱེད་པ་གང་ཡིན་པ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། དམ་པའི་ཆོས་སྤོང་བ་འདི་རྣམས་དཀྱིལ་འཁོར་དུ་ཁྲུས་བྱས་པས་ཐམས་ཅད་ཡང་དག་པར་ཟད་པར་འགྲོ་ཞིང་། མྱུར་དུ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དེ། རྩཝ་རྣམས་མེས་སྲེག་པ་བཞིན་དུ་སྔོན་བསགས་པའི་མི་བཟད་པའི་ལས་འདི་དག་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། ། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་དང་རྟག་ཏུ་མཆོད་པར་འོས་པར་འགྱུར་རོ།། ཚེ་ཡུན་རིང་པོར་གནས་ཏེ། རྟག་ཏུ་བདེ་བ་དང་དགའ་བར་བྱེད་དོ། ། ཇི་སྲིད་འཚོའི་བར་དུ་ནད་མེད་ཅིང་རིམས་མེད་པ་ཉིད་དུ་གནས་སོ།། བདེ་བླག་ཏུ་བྱ་བ་བྱེད་ཅིང་། དེའི་སྐྱེ་བ་བདུན་དྲན་པར་འགྱུར་རོ།། ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་ཅིང་། མཐར་ཐུག་རྟག་ཏུ་དཔལ་འབར་བར་བྱེད་དོ།། སངས་རྒྱས་རྣམས་རྟག་ཏུ་མཐོང་བ་དང་། རྟག་ཏུ་འཇིག་རྟེན་དབང་ཕྱུག་གིས་མཆོག་སྦྱིན་པར་བྱེད་པ་དང་། རྟག་ཏུ་མཐོང་བར་འདོད་པའང་ཐུན་མཚམས་རྟག་ཏུ་མངོན་སུམ་དུ་མཐོང་བས་གནས་པར་བྱེད་དོ། ། རྟག་ཏུ་རིག་སྔགས་དང་། དཀྱིལ་འཁོར་གྱི་ལྷ་དང་། རིག་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། རྟག་ཏུ་དཀྱིལ་འཁོར་གྱི་མཆོག་གང་ཡིན་པའང་སྒྲུབ་པར་བྱེད་དོ། ། རྒྱར་གཟིངས་ཀྱི་ཚད་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱ་སྟེ། མཚོན་སྣ་ཚོགས་པས་རྣམ་པར་ཕྱེ་བའི་དཀྱིལ་འཁོར་གྱི་མཆོག་བྲི་བར་བྱའོ།། མེ་ཏོག་དང་འབྲས་བུ་སྣ་ཚོག་པས་བཀྲ་བ། སྒོ་བཞི་ཀུན་ནས་རྣམ་པར་ཕྱེ་བ་དང་། ལས་རྣམས་ལེགས་པར་ཟིན་ནས་དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་འཁོར་ལོ་ཡང་དག་པར་བྲིའོ།། པདྨའི་ལྟེ་བ་དང་སྙིང་པོ་ཉིད་ཀྱང་འབར་བར་བྱའོ།། ཟུར་དང་ཟུར་རྣམས་སུ་ཞགས་པ་འབར་བ་པདྨ་ལ་གནས་པར་བྱའོ།། རིག་སྔགས་འདོད་པས་ཁྲུས་དང་གཏོར་མ་དཀར་པོའང་འདིར་དགོད་པར་བྱའོ།། ཨ་ཀ་རུའི་བདུག་པ་དབུལ་ཞིང་། དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལེགས་པར་བརྒྱན་པར་བྱའོ། ། ལས་གཞན་སྒྲུབ་པ་ནི་རོ་སྣ་ཚོགས་པའི་གཏོར་མས་མཆོད་པར་བྱ་ཞིང་། སྣ་ཚོགས་པའི་བདུག་སྤོས་དབུལ་ལོ།། བུམ་པ་ཆུས་བཀང་ནས་རྫས་ཀྱི་ཕྱེ་མ་རྣམས་དེར་གཞུག་ཅིང་། རིན་ཆེན་སྣ་བདུན་བཅུག་སྟེ། དེ་ལ་རྒྱ་དར་གྱིས་བཅིངས་ལ། དོན་ཡོད་ཞགས་པ་ལན་བརྒྱ་དང་། སྙིང་པོ་ཉིད་ཀྱང་ལན་བརྒྱར་བཟླས་སོ།། ཡི་གེ་གཅིག་པ་བརྒྱ་རྩ་བརྒྱད་དུ་བཟླས་སོ། ། ཙན་དན་དང་། ས་མཱི་དང་། སི་རི་ཥ་དང་། ཧ་བ་ཤང་ཙིའུ་དང་། གུར་ཀུམ་དང་། ཡུངས་ཀར་དང་། པདྨ་ག་སར་རྣམས་ལེགས་པར་བཏགས་ནས་བུམ་པ་བཀང་བར་བྱ་སྟེ། འདི་རྣམས་ཀྱིས་ཁྲུས་བྱའོ།། ཉེའུ་ཤིང་དང་། ཤུ་ཏི་དང་། བིལ་བ་སྟེ། འདི་རྣམས་ཀྱིས་ཉེད་པ་དང་། རྟག་ཏུ་སྔོན་དུ་བྱབ་པར་བྱས་ལ། དེ་ནས་མཁས་པས་ཁྲུས་བྱའོ།། དེ་ནས་སྲུང་དང་། དོམ་དང་། གཅིག་དང་། དྲེད་དང་། ཁྱི་དང་། བག་དང་། ལྕེ་སྦྱང་རྣམས་ལས་ནོར་བུའི་རྒྱལ་པོ་གང་དུ་གནས་པའི་མོད་ལ་ཐམ་ཅད་དུ་སྒྲོལ་བར་བྱེད་དོ།། དུག་དང་། སྦྲུལ་ཐམས་ཅད་དམ། མཆེ་བ་གདུག་པ་དང་། སྦྲུལ་གོ་ན་ས་དང་། བཏ་ས་ནཱ་བྷ་དང་། དུག་ཉིད་དང་། དུག་ཤྲིང་ག་དང་། དུག་མུསྟ་ཀ་ཉིད་དང་། དར་དའི་དུག་དང་། ལུས་ལ་བྱས་པ་དང་། མི་བཟད་པའི་དུག་དང་། དུག་ཧ་ལ་ཧ་ལ་དང་། སྡིག་པ་ལ་སོགས་པ་གང་ཡིན་པ་དང་། མཐོང་བའི་དུག་གང་ཡིན་པ་དང་། དབུགས་ཀྱི་དུག་མི་བཟད་པ་གང་ཡིན་པ་དང་། རེག་པའི་དུག་འཇིགས་པ་དང་། འཇོག་པོས་ཀྱང་ཟིན་པ་དང་། གཞན་ཡང་སྲོག་ཆགས་མི་བཟད་པ་རྣམ་པ་སྣ་ཚོགས་པའི་དུག་མི་བཟད་པ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་དང་། ནོར་བུ་རེག་པ་ཙམ་གྱིས་དེ་རྣམས་ཐམས་ཅད་འཕྲལ་དུ་དུག་མེད་པར་འགྱུར་རོ།། གལ་ཏེ་གང་གར་འབབ་པའི་དུག་འཐུངས་ཀྱང་འཕྲལ་དུ་འཇོམས་པར་བྱེད་དོ།། ནམ་མཁའ་ལྡིང་གིས་སྦྲུལ་ཉིད་དང་ཀླུ་བཞིན་ནོ།། མེས་མི་འཚིག་གོ།། སླར་ཡང་རྒྱས་འབྱོར་བར་མི་འགྱུར་རོ། བྱེ་བ་ལ་གདུག་པའི་འཇིགས་པ་མྱི་འདྲུདེ་ལ་རྒྱལ་པོ་ཁྲོ་བར་མི་བྱེད་དོ།། ནམ་ཡང་ཕྱིར་རྒོལ་བ་དང་། དགྲ་དང་། འཐབ་མོ་དང་། འཁྲུལ་འཁོར་བྱེད་པ་དང་། སྣང་བ་གང་ཡིན་པ་རེ་རྣམས་མེད་དེ། ཆོ་ག་འདི་ནི་མཆོག་གོ།། དུག་དང་། བྱང་སེམས་དང་། བྱེ་མའི་སྦྱོར་བ་ལ་སོགས་པ་ཐམས་ཅད་སྐད་ཅིག་དེ་ལ་ཉམས་པར་བྱེད་དོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྲུང་པར་བྱེད་པ། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་པ་སྟེ། མདོར་ན་ཐམས་ཅད་དུ་དངོས་གྲུབ་སོ་སོར་རྙེད་ཅིང་། དཔལ་ཆེན་པོར་ལྷག་པར་འགྲོའོ། ། རིག་སྔགས་དོན་དུ་གཉེར་བ་ཐོབ་སྟེ། རིག་སྔགས་དོན་ཡོད་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་ལས་བུ་འདོད་པས་ནི་བུ་ཐོབ་བོ།། ནོར་འདོད་པས་ནི་ནོར་ཐོབ་པོ།། དབང་ཕྱག་འདོད་པས་ནི་དབང་ཕྱག་ཐོབ་པོ། ། མྱུར་དུ་དཔལ་འདོད་པས་ནི་དཔལ་ཐོབ་པོ།། མངོན་པར་འདོད་པ་ཐམས་ཅད་འཕྲལ་དུ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་སོ།། ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། ། ། དེ་ནས་ནོར་བུའི་སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། ཡིད་བཞིན་གྱི་ནོར་བུའི་སྒྲུབ་པ་རྨད་དུ་བྱུང་བ་དོན་ཡོད་པའི་ནོར་བུའི་དངོས་གྲུབ་དང་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པ། ཐམས་ཅད་དུ་ལྷུང་བའི་སྡུག་བསྔལ་ལས་བྱུང་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་པ། གསོད་ཐོབ་པ་མངོན་པར་ཐར་པར་བྱེད་པ། མཚོན་ཆ་དང་། ཁོང་བསྒྲིལ་གཅོག་པར་བྱེད་པར་ཐེ་ཙོམ་མེད་དོ། ། སྡིག་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། མཚམས་མེད་པ་ཟད་པར་བྱེད་པ། རྟག་ཏུ་གསོད་པ་མེད་པའི་གནས་ཐམས་ཅད་དུ་སོན་པར་བྱེད་པ། རྟག་ཏུ་འཁྲུགས་པ་དང་གཡུལ་ངོ་ལས་རྒྱལ་བ་སྦྱིན་པར་འགྱུར་རོ།། ཆོམ་རྐུན་གྱི་ནང་ནས་གྲོལ་བར་འགྱུར་ཞིང་། རྐུན་མོ་ལས་ཀྱང་སྒྲོལ་བར་བྱེད་དོ།། གཅན་གཟན་གཏུམ་པོ་སེང་གེ་དང་། གླང་པོ་ཆེ་བུའི་ཆོ་ག་ནི་དོན་ཡོད་རྒྱལ་པོས་བྱའོ། ། དེ་ནས་རྩཝ་དུར་བ་བཏིང་ནས། དེ་ས་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བུམ་པའི་ནུས་ཁྲུས་བྱ་ཞིང་། པངྒཱའི་ཕྱག་རྒྱའང་བྱེད་དུ་གཞག་སྷོ། དེ་ནས་གསུང་མས་གོས་གཙང་མ་བགོས་ཏེ། གཙུག་ཏོར་བཅིང་བར་བྱ་ཞིང་། སྔོན་དུ་བཟླས་པ་འབུལ་བ་དང་བསྐོར་བ་བྱས་ནས་སྒོ་དང་སྐེ་ནས་ཕྱག་བྱའོ།། ཤཱར་གྱི་སྒོར་ཞུགས་ལ་དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་སྐྱིལ་ཀྲུང་གིས་འདུག་ལ། དོན་ཡོད་པའི་རྒྱལ་པོས་ལན་བདུན་དུ་གྲུབ་པར་བྱའོ།། ལག་ཏུ་རྡོ་རྗེ་དང་བགྲང་འབྲེང་གིས་མངོན་པར་དབང་བསྐུར་ཞིང་། ཆུ་དང་། ཡུངས་ཀར་དང་། ཕྱག་རྒྱས་དབང་བསྐུར་བར་བྱའོ། ། དེ་ནས་དཀོན་མཆོག་གསུམ་ལ་མཆོད་པ་བྱའོ།། འདི་ནི་ཁྲུས་ཀྱི་གཙོ་བོར་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཆེད་དང་། རིག་སྔགས་འཆང་རྣམས་ལ་ཁྱད་པར་དུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། ལྷ་ཐམས་ཅད་ཀྱིས་མཆོད་པ་དང་། དོན་ཡོད་པའི་ཕུན་སུམ་ཚོགས་པ་གདོན་མི་ཟ་བར་བྱེད་དོ།། གང་དང་གང་དུ་ལས་ལ་ངེས་པར་སྦྱར་བ་ཐམས་ཅད་དུ་དོན་ཡོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཐམས་ཅད་དུ་འདི་ཡི་ཚོམ་མེད་དོ།། སྔགས་ཀྱི་དངོས་གྲུབ་བླ་ན་མེད་པ་མ་གྲུབ་པའང་གྲུབ་པར་འགྱུར་ཏེ། དོན་ཡོད་པའི་དངོས་གྲུབ་ཐོབ་ཅིང་འཕྲལ་ཉིད་དུ་འབྲས་བུ་མཐོང་བ་ཡིན་ནོ། ། ལུས་ཡོངས་སུ་དག་ཅིང་ཤིན་ཏུ་དྲི་མ་མེད་པ་དང་། ལེགས་པར་ཁྲུས་བྱས་པར་དེ་བརྗོད་པར་བྱའོ།། སྡིག་པ་ཐམས་ཅད་ཉམ་པོ་དང་། ཡི་དགས་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། གསང་བ་པ་དང་། བགེགས་དང་། ལོག་འདྲེན་རྣམས་དཀྱིལ་འཁོར་མཐོང་བ་ཙམ་དང་། ནོར་བུ་གཟུང་བ་ཉིད་ཀྱིས་ཐམས་ཅད་འབྲོས་པར་བྱེད་དེ་འདི་ལ་ཐེ་ཙོམ་མེད་དོ། ། འདི་ཐམས་ཅད་ཀྱིས་ཐུན་མོང་དུ་ནོར་བུའི་དཀྱིལ་འཁོར་མཐོང་བ་ལ་བསམ་པ་གང་ཡིན་པའི་བསམ་པ་དེ་ཐམས་ཅད་ཡིད་ལ་དོན་དུ་གཉེར་བར་བྱ་བ་གང་ཡིན་པ་རྣམས་ཀྱང་། ནོར་བུ་གཟུང་བ་ཉིད་ལ་ཐམས་ཅད་མྱུར་དུ་ཕུན་སུམ་ཚོགས་པར་བྱེད་དོ།། ཚེ་འཕེལ་བ་དང་སྔགས་ཀྱི་དངོས་གྲུབ་བླ་ན་མེད་པ་གྲུབ་པོ།། བཀྲ་ཤིས་པ་དང་། དམ་པ་དང་། བསོད་ནམས་དང་། དག་པ་དང་། སྡིག་པ་ཉམས་པ་དང་། རྨི་ལམ་ངན་པ་ཉམས་པ་དང་། འཕྲལ་དུ་རྨི་ལམ་བཟང་པོར་བྱེད་པ་ཉིད་དང་། རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་། རྟག་ཏུ་ལྷ་རྣམས་འགུགས་པ་ཉིད་དང་། རྟག་ཏུ་འབྱོར་པ་ཐམས་ཅད་བྱེད་པ་དང་། རྟག་ཏུ་ཟླ་བ་ཉེ་བ་ལྟར་འོད་ཟེར་འབར་བས་རྣམ་པར་མཛེས་པ་དང་། ཚིག་བཙུན་པ་དང་། རྟག་ཏུ་དགའ་བ་དང་། ཐམས་ཅད་དུ་མཆོད་པར་བྱའོ།། དེ་ནས་རིག་སྔགས་འཆང་གི་རྫས་ཀྱི་སྦྱོར་བ་བྱ་སྟེ། ཆ་མཉམ་པར་ལེགས་པར་ཕྱེ་ལ་གཙོ་བོའི་རྗེས་སུ་འབྲང་བར་བྱའོ།། འདི་ལྟ་སྟེ། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། ནཱ་ཀུ་ལི་དང་། དྲིའི་ནཱ་ཀུ་ལི་དང་། ཨ་རུ་ར་དང་། ལག་པ་དང་། དབང་པོ་ལག་པ་དང་། དྲིའི་པྲི་ཡང་ཀུ་དང་། རྒྱ་སྤོས་དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། ཁྱབ་འཇུག་གནོན་པ་དང་། སོ་མ་རཱ་ཛ་དང་། སུ་ནན་ད་དང་། པདྨ་གེ་སར་དང་། མ་ལ་ཡའི་ཙན་དན་དང་། ན་ལ་ད་དང་། གུར་ཀུམ་དང་། བ་པླ་དང་། ཨུཏྤ་ལ་སྔོན་པོ་དང་། ཀླུ་ཤིང་གི་མ་ཏོག་དང་། ཙམ་པ་ཀའི་མེ་ཏོག་དང་། པ་ཌཱ་དང་། བྲག་སྐྱེས་དང་། སྤང་སྤོས་དང་། སཱ་མ་ཀ་རྣམས་མཉམ་པར་བྱས་ཏེ་ཕྱེ་མ་ཞིབ་མོར་ལེགས་པར་བཏགས་ལ། པུ་ཤེལ་ཙི་དང་ཙན་དན་གྱི་ཆུས་སྦྲུས་ཏེ་ཟངས་ཀྱི་སྣོད་དུ་གཞག་ལ། ཁྲུས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་བཀོད་དེ། དོན་ཡོད་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས། སྙིང་པོ་བརྒྱ་རྩ་བརྒྱད་ཉིད་དང་། ཡི་གེ་གཅིག་པ་འབུམ་དུ་བཟླས་པས་རྫས་ཀྱི་སྣོད་འབར་བར་བྱེད་དོ། ། དེ་ནས་ནོར་བུ་མགོ་བོ་ལ་བཅིངས་པ་འམ། ལག་པ་ལ་བཅིངས་ལ་གཟུང་བར་བྱ་སྟེ། མཆོག་ཏུ་སྐལ་བ་བཟང་པོ་ཐོབ་ཅིང་། དབང་ཕྱུག་གི་མཆོག་དང་དཔོན་པོ་ཐོབ་བོ།། རྗེའུ་རིགས་བུ་མེད་པས་ཀྱང་མི་དང་ནོར་འཕེལ་བར་འགྱུར་རོ།། རྒྱལ་པོ་དང་དགྲ་རབ་ཏུ་འཇོམས་ཤིང་། སྲུང་བའི་མཆོག་ཏུ་རྙེད་པར་བཀའ་བས་ཏེ། ནོར་བུ་གང་དུ་གནས་པ་དེར་གློག་གི་གནོད་པ་མེད་དོ། དེར་བྱི་བ་ཁ་གདུག་པའི་འཇིགས་པ་དང་གཡོ་བ་མི་འབྱུང་ངོ་།། ནོར་བུའི་རྒྱལ་པོ་གང་དུ་གནས་པའི་གནས་འདི་མཆོད་རྟེན་དུ་བསྐུར་རོ།། སུམ་ཅུ་རྩ་གསུམ་ན་གནས་པའི་ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་ཅིང་། རྟག་ཏུའང་རྒྱལ་པོ་ཆེན་པོ་བཞི་དང་། ལག་ན་རྡོ་རྗེ་སྟོབས་པོ་ཆེས་རྟག་ཏུའང་སྲུང་ཞིང་། དུས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ཏེ་ཐེ་ཙོམ་མེད་དོ།། དཀྱིལ་འཁོར་བཤད་པར་བྱ་སྟེ། རྒྱར་གཟིངས་ཀྱི་ཚད་ཀྱི་ལོགས་བཞི་པ། ཟུར་བཞི་པ། ཤིན་ཏུ་བཅགས་པ། ལེགས་པར་སྦྱར་བ། མཆོག་ཏུ་མཛེས་པ་བྱའོ།། ཁོར་ཡུག་ཏུ་མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོགས་ཀྱིས་བཀྲ་བ་བྲིས་ལ། ཤར་གྱི་སྒོ་རྣམ་པར་ཕྱེ་སྟེ། དབུས་ཀྱི་དཀྱིལ་འཁོར་གྱི་པདྨ་རྡོ་རྗེའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བའི་དབུས་ཀྱི་པདྨའི་གེ་སར་ལ་ཡང་། འཇིག་རྟེན་དབང་ཕྱུག་དགོད་པར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་རྫས་ཀྱི་སྣོད་གཞག་པར་བྱ་ཞིང་། མེ་ཏོག་གཅལ་དུ་བཀྲམ་པར་བྱས་ལ། དཀྱིལ་འཁོར་བརྒྱན་པར་བྱ་སྟེ། དྲི་དང་ཡོན་ཆབ་དབུལ་བར་བྱ་ཞིང་། ཙན་དན་གྱི་བདུག་པ་སྲེག་གོ།། ཉིན་མཚན་དུ་གོས་གཙང་མ་བགོ་ཞིང་བཅང་བར་བྱ། ཤིན་ཏུ་དྲི་མ་མེད་པའི་སེམས་སུ་འགྱུར་བར་བྱ། བྱམས་པ་དང་སྙིང་རྗེ་མཆོག་ཏུ་འགྱུར་བར་བྱ་ཞིང་། དེ་ནས་ནོར་བུའི་རྫས་སྒྲུབ་བོ་ཞེས་སོ།། ནོར་བུའི་དཀྱིལ་འཁོར་གྱི་ཆོ་གའོ།། ། དེ་ནས་ལྡོང་རོས་ཀྱི་མིག་སྨན་གྱི་ཆོ་གའི་དཀྱིལ་འཁོར་བཤད་པར་བྱ་སྟེ། རྒྱར་གཟིངས་ཀྱི་ཆའི་མཐར་ཐུག་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། དྲི་སྣ་ཚོགས་དང་རྣམ་པར་བཀྲ་བའི་རིག་སྔགས་འཆང་ནི་གྲཝ་རྣམས་སུ་མཁས་པས་བྲི་བར་བྱའོ།། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་པདྨ་འདབ་མ་ཕྱེད་ཁ་བྱེ་བའོ། ། ལག་པ་གཉིས་ཀྱི་དབུས་སུ་པདྨ་ག་སར་རྒྱས་པ་འཆང་བའོ།། ཤར་གྱི་སྒོ་རྣམ་པར་བྱ་བ་བྱ་སྟེ། ལྡོང་རོས་དངུལ་གྱི་སྣོད་དུ་གཞག་ནས་དཀྱིལ་འཁོར་དུ་པདྨའི་སྟེང་དུ་དགོད་པར་བྱའོ། ། སྣོད་ཀྱི་ཁོར་ཡུག་ཏུ་དར་དམར་པོའི་གོས་བཟང་པོས་གཡོག་པར་བྱའོ།། ཡང་ན་པདྨའི་འདབ་མ་འམ། ཡང་ན་བྱང་ཆུབ་ཤིང་གི་འདབ་མ་འམ། ཡང་ན་ཤིང་འཛམ་བུའི་འདབ་མས་གཡོག་པར་བྱའོ། ། ཨ་ཀ་རུའི་བདུག་པ་དབུལ་བར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་གཟུགས་འཛིན་པ་པདྨའི་འདབ་མའི་དྲུང་དུ་དགོད་པར་བྱའོ།། མེ་ཏོག་དང་དྲིས་མཆོད་པར་བྱ། རིག་སྔགས་འཆང་གིས་དཀར་གསུམ་ཟོས་ལ་འཕགས་པའི་ཡན་ལག་བརྒྱད་ཀྱི་བསྙེན་གནས་སུ་འགྱུར་བར་བྱའོ།། ཡང་ན་ཉིན་མཚན་དུ་སྨྱུང་བར་གནས་པར་བྱ། ཟླ་བ་ཡར་ངོ་འམ། ཚེས་བཅོ་ལྔའི་ཉ་འམ། ཚེས་བཅུ་བཞི་འམ། ཚེས་བརྒྱད་ལ་གཙང་མར་ཁྲུས་བྱས་ཏེ། གོས་གཙང་མ་བགོ་བར་བྱ། དོན་ཡོད་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཤིང་། སྙིང་པོ་བརྒྱ་རྩ་བརྒྱད་ཀྱང་བཟླས་པར་བྱ། ཡི་གེ་གཅིག་པ་སྟོང་ཕྲག་བཅུར་བཟླས་ལ། དཀྱིལ་འཁོར་ཉེ་བའི་སྤྲས་ཤིང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། གཏོར་མ་དབུལ་བར་བྱའོ།། དེ་ནས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་འཕང་བར་བྱའོ།། འཕངས་པ་ཙམ་གྱིས་མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་ལས་འོད་ཟེར་སྣ་ཚོགས་འབྱིན་པར་བྱེད་དོ། ། ལྡོང་རོས་ཀྱི་སྣོད་དེའང་འབར་བར་བྱེད་དེ། འབར་བ་ཙམ་གྱིས་མོད་ལ་མིག་ལ་བསྐུས་ན་ནམ་མཁའ་ལ་འགྲོའོ།། དོན་ཡོད་པའི་ཡེ་ཤེས་ཡངས་པ་ཡིད་བཞིན་གྱི་ནོར་བུའི་འོད་ཟེར་གྱི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་པོ། ། དོན་ཡོད་པའི་འཁོར་ལོ་ཀུན་ནས་རྣམ་པར་གཟིགས་པ་ཞེས་བྱ་བའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ག་དྷཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་ཡོངས་སུ་བསྐོར་བར་འགྱུར་རོ།། ཐམས་ཅད་དུ་གནས་ཀྱི་མངའ་བདག་རྒྱལ་པོར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཞིང་། ཚེ་བསྐལ་པ་དཔག་ཏུ་མེད་པར་འགྱུར་རོ།། རྒྱལ་བ་འོད་དཔག་མེད་ཀྱི་ཅོད་པན་འཆང་བར་འགྱུར་རོ། ། དོན་ཡོད་པ་དྲི་མ་མེད་པའི་སྤྱན་ཞེས་བྱ་བའི་རྫུ་འཕྲུལ་སོ་སོར་ཐོབ་སྟེ། རྫུ་འཕྲུལ་གང་གིས་སེ་གོལ་གཏོགས་པ་ཙམ་གྱིས། སངས་རྒྱས་ཀྱི་ཞིང་གངྒཱ་ར་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འགྲོ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་དངོས་གྲུབ་ཡངས་པའི་མཆོད་པ་བྱེད་པར་འགྱུར་ཞིང་། སྐད་ཅིག་གིས་སླར་ཡང་འོང་བར་བྱེད་དོ། ། རང་གི་ལུས་ལ་འོད་ཟེར་བརྒྱ་སྟོང་ཕྲག་དུ་མ་འབར་བར་བྱེད་དོ།། གང་འདོད་པ་དེ་ཐམས་ཅད་བྱེད་དོ།། དེ་ནས་དུ་བ་འཐུལ་བཞིན་པ་ནི་བསྐུས་ན་མི་སྣང་བར་འགྱུར་ཏེ། མི་སྣང་བའི་རེག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་རོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་ཀྱི་སྒོ་ཐམས་ཅད་བྱེ་ནས་གནས་ཏེ། གང་དུ་འདོད་པ་དེར་འཇུག་པར་བྱེད་དོ།། གནས་ཐམས་ཅད་ན་གནས་པ་རྣམས་འབངས་སུ་གྱུར་ནས་གནས་ཏེ་ཅི་བསྒོ་བ་བྱེད་དོ། ། སེམས་ཅན་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་འགྱུར་རོ།། རྒྱལ་པོ་དང་བཙུན་མོའི་འཁོར་གཡོག་དང་བཅས་པས་མཆོད་པ་དང་། བླ་མར་བྱ་བའི་གནས་གཅིག་པུར་འགྱུར་རོ།། བཀའ་བསྒོ་བའང་བདག་ཉིད་དང་ནོར་གྱིས་ཀྱང་བྱེད་ཅིང་གནས་སོ།། དབུ་བ་འབྱུང་བཞིན་པ་བསྐུས་ན་ཆོ་ག་ཞིབ་མོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་གསང་བའི་དམ་ཚིག་མངོན་དུ་གྱུར་ནས་གནས་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རྣམས་སྔོན་དུ་གྱུར་ནས་གནས་སོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཡང་དག་པར་རྗེས་སུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཆེད་དུ་རྟག་པ་ཁོ་ནར་རྗེས་སུ་འགྲོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་མཐོང་བ་སྦྱིན་པར་འགྱུར་རོ།། དོན་ཡོད་པའི་འོད་ཟེར་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་སྟེ། སའི་སྟེང་ནས་སོར་བཞིའི་ཚད་དུ་འཕགས་པའི་ནམ་མཁའ་ལ་གནས་སོ།། ལྡོང་རོས་ལ་བཟླས་ནས་མིག་ལ་བསྐུས་ན་མིག་གིས་གང་མཐོང་བ་དེ་དབང་དུ་གྱུར་ནས་གནས་ཏེ། རྒྱལ་པོ་དང་། བཙུན་མོའི་འཁོར་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་དང་། དཔུང་གི་ཚོགས་ཡན་ལག་བཞི་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་དབང་དུ་གྱུར་ནས་གནས་སོ། ། ཐ་ན་རི་དགས་དང་བྱའང་ལྟ་བར་བྱེད་བཞིན་དུ་དབང་དུ་གྱུར་ནས་ཉེ་བར་གནས་སོ།། འདིས་བྱུགས་པའི་མིག་གིས་ནད་དང་། གནོད་པ་དང་། སྡིག་པ་དང་།། སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ།། ལུས་ཀྱི་གདུང་བ་དང་། སེམས་ཀྱི་གདུང་བ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བཀྲ་མི་ཤིས་པར་གྱུར་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། ། སྐྱེ་བ་བརྗེས་ནས་ཀྱང་སྤྱན་ལྔ་ཡོངས་སུ་དག་པ་སོ་སོར་ཐོབ་བོ།། ཚེ་རབས་དྲན་པར་ཡང་སྐྱེ་བར་འགྱུར་རོ།། འཇིགས་པ་དང་སྒྲིབ་པ་དང་བྲལ་ཞིང་། དོན་ཡོད་པ་ལེགས་པར་རབ་ཏུ་གནས་པར་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ལུས་དག་པ་སོ་སོར་ཐོབ་པོ།། ཀུན་ནས་དོན་ཡོད་པའི་དཀྱིལ་འཁོར་གྱི་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སོ་སོར་ཐོབ་པོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་གཟིགས་པའི་རྒྱལ་མཚན་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་དབང་བསྐུར་བ་སོ་སོར་ཐོབ་པོ།། སྤྲིན་འཁྲིགས་པས་ཀུན་ནས་གཡོགས་པར་འདོད་པ་དང་། དྲི་སྣ་ཚོགས་པའི་ཆར་འབེབས་པར་བྱེད་པར་འདོད་པ་དེས། བདུག་པའི་རྒྱལ་པོས་བདུག་པ་དེ་རིག་སྔགས་འཆང་གིས་རྟག་ཏུ་རྒྱུན་མི་འཆད་པར་མངོན་པར་བརྩོན་པར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་ཉི་མ་རེ་རེ་ཞིང་སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ལ། མེ་ཏོག་གཅལ་དུ་བཀྲམ་པར་བྱའོ།། མཆོད་ཡོན་དང་ཞབས་བསིལ་ཡང་གཞག་པར་བྱ། བདུག་པའི་རྒྱལ་པོ་འདིས་བདུག་པར་བྱ་ཞིང་། དོན་ཡོད་པའི་རྒྱལ་པོ་དུས་གཅིག་ཏུ་བརྗོད་པར་བྱ་སྟེ། ཕྱོགས་བཅུར་བདུག་པའི་པོག་པོར་དབུལ་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱེད་པར་འགྱུར་བ་དང་། སེམས་ཅན་འབྱུང་པོ་ཐམས་ཅད་ལ་བྱམས་པ་བསྒོམ་པར་བྱ། སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་ཐམས་ཅད་དྲི་མ་མེད་པའི་སེམས་ཀྱི་ཡིད་ལ་བསྒོམ་པར་བྱ། དཀྱིལ་འཁོར་ལ་མེ་ཏོག་དང་། བདུག་པ་དང་། མཆོད་ཡོན་དང་། ཞབས་བསིལ་ཕུལ་ཏེ་ཡི་གེ་གཅིག་པ་ཡིད་ལ་བརྗོད་ཅིང་། ཕྱག་རྒྱའང་ལན་ཅིག་བཅིངས་ལ་ཕྱག་བྱའོ་ཞེས་སོ།། ཕུལ་བ་ཙམ་གྱིས་མོད་ལ་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་སངས་རྒྱས་བྱེ་བ་ལ་དྲིས་ཁྱབ་པར་བྱེད་ཅིང་། བདུག་པ་ཆེན་པོ་འཁྲིགས་པས་ནམ་མཁའི་མཐིལ་དུ་ཁྱབ་པར་འགྱུར་རོ།། དྲི་སྣ་ཚོགས་ཀྱི་ཆར་འབབ་ཁྱེའུ་འམ། བུ་མོ་འམ། དགེ་སྦྱོང་ངམ། བྲམ་ཟེ་ཉིད་དང་། དེ་བཞིན་དུ་དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སློང་དང་། དགེ་སློང་མ་དང་། རྒྱལ་པོ་དང་། རྒྱལ་ཕྲན་དང་། དེ་བཞིན་དུ་རྒྱལ་མོ་དང་། བཙུན་མོའི་འཁོར་ཡང་རུང་སྟེ། ལེགས་པར་ཁྲུས་བྱས་གོས་གཙང་མ་བགོས་ནས་བདུག་སྤོས་འདིས་བདུགས་ན། གང་གིས་བདུགས་པའི་དྲི་མནམས་པ་དང་། དེ་ལུས་ལ་རེག་པ་ཙམ་གྱིས་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་ལོ།། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མེད་དོ།། ། མཚམས་མེད་པ་ལྔའི་སྡིག་པ་རྣམས་འཕྲལ་དུ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ་ཞེས་སོ།། བདུག་པ་འདི་གདུགས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དྲིས་ཀུན་ཏུ་འགེངས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ནས་ཇི་སྲིད་ཚངས་པའི་འཇིག་རྟེན་གྱི་བར་དྲིས་ཀུན་ཏུ་འགེངས་སོ།། སྟོབས་དང་ཤུགས་ཆེན་པོས་ལྷའི་གནས་ཐམས་ཅད་འགུལ་བར་བྱེད་ཅིང་སྤྱོད་པར་བྱེད་དོ། ། ཆུ་རྒྱུན་གྱི་ཀླུ་རྣམས་འགུལ་བར་བྱེད་ཅིང་། རི་རབ་ལས་གཞན་པའི་རི་གང་ཡིན་པ་འདར་མེད་ཡོད་བྱེད་དོ།། གསང་བར་གནས་པ་རྣམས་རྣམ་པར་སྐྲག་པར་བྱེད་དོ། ། དམྱལ་བ་བཅུ་དྲུག་གི་འཇིགས་པ་རྣམས་རྣམ་པར་ཞིག་པར་བྱེད་དོ།། དེ་བཞིན་དུ་སའི་མཐིལ་ཐམས་ཅད་ཀྱང་དཀར་བསིལ་དུ་སྣང་བར་འགྱུར་རོ།། དམྱལ་བ་པའི་སེམས་ཅན་རྣམས་ཤིན་ཏུ་སྦྱངས་པ་དང་། སྡུག་བསྔལ་མི་བཟད་པ་དེ་རྣམས་ཐམས་ཅད་ཡོངས་སུ་གྲོལ་ཏེ། བདེ་བ་ཅན་དུའང་འགྲོའོ།། མཐོ་རིས་ཐམས་ཅད་དུ་ཇི་ལྟ་བ་བཞིན་དུ་གནས་སོ།། དམྱལ་བ་ཐམས་ཅད་ཉམས་ཏེ་པདྨ་ཅན་དུ་རབ་ཏུ་འགྱུར་རོ། ། ཉི་ཚེ་བའི་དམྱལ་བ་རྣམ་པ་སྣ་ཚོགས་པ་གཞན་རྣམས་དང་། ས་འོག་གི་ནང་དུ་སོང་བ་གང་ཡིན་པ་དང་། དགོན་པ་དང་། རི་དང་། ཚང་ཚིང་དང་དགོན་དུང་དང་། གཡང་སར་གནས་པའི་དམྱལ་བའི་སྡུག་བསྔལ་མྱོང་བ་གང་ཡིན་པ་རྣམས་ཐམས་ཅད་བདུག་པའི་དྲིས་ཡོངས་སུ་གྲོལ་ལོ།། མི་གཙང་བ་ཟ་བའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་གང་ཡིན་པ་རྣམས་དང་། བཤང་བ་དང་གཅི་བ་ཟ་བ་གང་ཡིན་པ་རྣམས་དང་། མཆིལ་མ་དང་སྣབས་ཟ་བ་གང་ཡིན་པ་རྣམས་དང་། འདྲེས་པ་ཟ་བ་གང་ཡིན་པ་དེ་རྣམས་ཐམས་ཅད་བདུག་པའི་དྲི་མནམས་པ་ཙམ་གྱིས་ཡོངས་སུ་གྲོལ་ནས་འཕྲལ་ཉིད་དུ་ལྷའི་འཇིག་རྟེན་དུ་སྐྱེའོ། ། རྣམ་པ་སྣ་ཚོགས་པའི་རོ་བྲོ་བའི་མཆོག་དང་། དྲི་ཞིམ་པོའི་ཁ་ཟས་རྙེད་པར་འགྱུར་རོ། ། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རི་དགས་དང་། བྱ་རྣམས་ཐམས་ཅད་དྲིལ་མནམས་པ་ཙམ་གྱིས་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ།། བདུག་པ་མནམས་པ་ཙམ་འདིས་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། ། རིམས་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ།། ན་བ་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ།། འབྲས་དང་། ཕོལ་མིག་དང་། ལྷོན་པ་དང་། མེ་དཔལ་དང་། ཤུ་བ་དང་། མཛེ་དང་། གཡན་པ་དང་། མིག་ན་བ་དང་། མགོ་བོ་ན་པ་དང་། གཞོགས་བྱེད་ན་བ་དང་། རྣ་བ་ན་བ་དང་། སྣུན་པ་དང་། སོན་པ་དང་། ཁ་ན་བ་དང་། ལྦ་བ་དང་། འཇིགས་པ་དང་། སྐྲག་པ་དང་། ནད་འགོ་བ་དང་། འཁྲུགས་པའི་སྡུག་བསྔལ་ཐམས་ཅད་བདུག་པའི་དྲི་བསྣམས་པ་ཙམ་གྱིས་རབ་ཏུ་ཞི་བར་བྱེད་དོ།། འཕགས་སྤྱན་རས་གཟིགས་དབང་ཕྱུག་དེ་དང་། དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་མཐུས་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་། རྣམ་པར་གྲོལ་ཏེ་མི་འཇིགས་པའི་གྲོང་དུ་འགྲོ་བར་འགྱུར་རོ། ། དེ་ནས་རྫས་རྣམས་ཀྱི་རང་གི་ཆ་ཤས་རྣམ་པར་ཕྱེ་བ་དང་ལྡན་པ་བཤད་པར་བྱ་སྟེ། ཙན་དན་སྲང་གསུམ་དང་། ཨ་ཀ་རུ་སྲང་གསུམ་དང་། ཏུ་རུ་ཀ་སྲང་ལྔ་དང་། གུར་ཀུམ་སྲང་བཅུ་དང་། སྨི་ཀ་སྲང་གཉིས་དང་། ན་ལན་ད་སྲང་གཉིས་དང་། མེ་ཧེའི་མིག་སྲང་ཉི་ཤུ་དང་། སྲ་རྩི་པོག་སྲང་བཅུ་དང་། བོ་ལ་སྲང་གསུམ་དང་། ས་ཝ་ཀཱི་སྲང་བརྒྱད་དང་། རྒྱ་སྤོས་སྲང་གཉིས་དང་། སྤང་སྤོས་སྲང་གཅིག་དང་། ཤཱ་མ་ཀ་སྲ་བ་གཅིག་དང་། གནྡྷ་པ་ཏྲ་སྲང་གཅིག་དང་། པདྨ་གེ་སར་སྲང་གཅིག་དང་། ཤྲི་རཱི་མའི་མེ་ཏོག་སྲང་གཅིག་དང་། ལི་ཁ་ར་དཀར་པོ་སྲང་བཅུ་དང་། དྲིའི་པྲི་ཡང་ཀུ་སྲང་གཅིག་དང་། པུ་ཤེལ་ཅི་སྲང་ལྔ་དང་། སྟག་སེན་སྲང་གཅིག་དང་། སུག་སྨེལ་སྲང་གསུམ་དང་། གཱ་ལ་ཀ་སྲང་ལྔ་དང་། གུར་ཀུམ་དང་གླ་རྩི་ཚོར་བ་སྟེ། ཐམས་ཅད་ལེགས་པར་རྣམ་པར་དབྱེ་བར་བྱས་ནས། ཕྱེ་མར་བྱས་ལ་མཐར་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་སྦྲང་རྩིས་སླུ་བར་བྱའོ།། ཚེས་བཅོ་ལྔ་ལ་རྒྱུ་སྐར་དང་ཚེས་གྲངས་ཀྱི་ལྷ་དགེ་བ་ལ། རིག་སྔགས་འཆང་གཙང་མར་གྱུར་པས་གོས་གཙང་མ་བགོས་ཏེ། ལེགས་པར་ཁྲུས་བྱས་པར་གྱུར་པས་བརྟུལ་ཞུགས་སྤྱད་པས་བདུག་པའི་མཆོག་སྦྱར་བར་བྱའོ།། དེ་ནས་བདུག་པའི་རྒྱལ་པོ་སྒྲུབ་པའི་དཀྱིལ་འཁོར་གྲུ་བཞི་པ་ཚད་ཤིན་ཏུ་རྣམ་པར་ཕྱེ་བ་བྱ་སྟེ། གཟིངས་ཀྱི་ཚད་ཀྱི་ཤིན་ཏུ་བཅགས་པ། འཇམ་ཞིང་མཉེན་པ་ལ་ཚོན་རྣམ་པ་སྣ་ཚོགས་པས་སྒོ་བཞི་ཤིན་ཏུ་རྣམ་པར་ཕྱེ་བ། མཛེས་པར་བྲི་བར་བྱའོ།། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་པདྨའི་འཕྲེང་བ་བྲིའོ།། དབུས་ཀྱི་པདྨ་ཕྱེད་ཁ་བྱེ་བའི་འཕྲེང་བ་བྲི་སྟེ། ལག་པ་གཉིས་འཐོན་ནས་སྣ་ཚོགས་པའི་སྤྲིན་འཁྲིགས་པ་འཛིན་པར་བྱེད་པའོ། ། དེའི་སྟེང་དུ་བདུག་པའི་སྣོད་བཀོད་ནས། མེའི་ཁ་དོག་ཅན་གྱི་གོས་ཀྱིས་གཡོགས་ལ། དཀྱིལ་འཁོར་གྱི་གྲཝ་བཞི་རྣམས་སུ་རླུང་གི་རྒྱལ་པོ་བྲིའོ། ། སྒོ་བཞིར་ཞགས་པ་བྲིས་ནས་ཁོར་ཡུག་ཏུ་ལག་པའི་ཕྱག་རྒྱའོ།། པདྨའི་འཕྲེང་བ་ལས་ངེས་པར་འཐོན་པའོ།། བདུག་སྤོས་འཁྱིལ་པ་འཆང་བར་བྱེད་པ་དཀྱིལ་འཁོར་གྱི་སྟེང་དུ་སྤྲས་པར་བྱའོ། ། ཇི་ལྟར་འབྱོར་པའི་གཏོར་མ་དང་མེ་ཏོག་དབུལ་བར་བྱ། མཆོད་ཡོན་གྱི་སྣོད་དང་། གང་བའི་བུམ་པ་དང་། བ་དན་དང་། རྒྱན་དང་། སྐུད་པ་དམར་པོས་མཚམས་བཅིང་བ་དང་། དཀྱིལ་འཁོར་ལ་དངུལ་དང་གསེར་གཞག་ཅིང་། ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་དྲི་སྣ་ཚོགས་རྒྱ་ཆེན་པོའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀོད་ནས་ཁ་ཤར་དུ་ཕྱོགས་ནས་པདྨའི་འཕྲེང་བ་ལ་ཉེ་བར་དགོད་པར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་བདུག་པའི་རྒྱལ་པོ་ལ་ཡོངས་སུ་བཟླས་པར་བྱ་སྟེ། ཉི་མ་བདུན་ལ་ཐུན་གསུམ་དུ་དོན་ཡོད་པའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་ཤིང་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། ། དོན་ཡོད་པའི་སྙིང་པོ་ཡི་གེ་གཅིག་པའི་བཟླས་བརྗོད་འབུམ་རྫོགས་པ་སྟེ། སྟོང་ཕྲག་བརྒྱ་རྫོགས་པ་ནི་བཟླས་བརྗོད་ཀྱི་ཆོ་གའོ། ། །། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་། སླར་ཡང་དོན་ཡོད་པའི་རྒྱལ་པོའི་བཟླས་བརྗོད་ཉི་ཤུ་རྩ་གཅིག་དང་། ཁྲོ་བོའི་རྒྱལ་པོའི་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱའོ།། དེ་ནས་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ལ་བདུག་པ་དབུལ་བར་བྱ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདུག་པ་དབུལ་ལོ། ། འདི་ནི་བདུག་པ་སྒྲུབ་པའི་ཆོ་ག་གྲུབ་པར་འགྱུར་རོ།། བདུག་པའི་རྒྱལ་པོ་འདིས་བྱ་བ་དེ་སྒྲུབ་པར་འགྱུར་རོ།། གལ་ཏེ་རིག་སྔགས་འཆང་གིས་ཡུངས་ཀར་གྱི་འབྲས་བུ་གཅིག་གི་ཚད་ཙམ་གྱི་བདུག་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འདོད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དྲི་གཅིག་གིས་རྒྱས་པར་འདོད་པ་དང་། བདུག་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྟག་ཏུའང་འགྲོགས་ཤིང་གནས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་འགྱུར་རོ་ཞེས་སོ།། མིག་སྨན་གྱི་དཀྱིལ་འཁོར་གྱི་ཆོ་གའོ། ། ། དེ་ནས་བདུག་པ་རིམ་པར་ཕྱེ་བའི་ཆོ་ག་བཤད་པར་བྱ་སྟེ། རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་ཏུ་རྨད་དུ་བྱུང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའི་དོན་དང་། དེ་བཞིན་ཉིད་དུ་འཇིག་རྟེན་གསུམ་པོ་ཐམས་ཅད་འགུགས་པ་གྲུབ་པ་དང་། ལྷ་ཐམས་ཅད་སྤྱན་དྲང་བ་དང་། དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་སྡིགས་པར་བྱེད་པར། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གདོན་མ་རུངས་པ་དེ་རྣམས་ཐམས་ཅད་བདུག་པའི་དྲིས་འབྲོས་པར་བྱེད་པར་ཐེ་ཙོམ་མེད་དོ། ། བགེགས་དང་། ལོག་པར་འདྲེན་པ་ཉིད་དང་། སྡང་བ་དང་། དེ་བཞིན་དུ་བདུད་ཀྱང་རུང་སྟེ། བདུག་པའི་དྲིས་རྣམ་པར་ཞིག་པར་འགྱུར་ཞིང་། ཡན་ལག་དང་ཉིང་ལག་རྣམ་པར་འཐོར་བར་བྱེད་དོ། ། རང་གི་དམག་དང་། ཕ་རོལ་གྱི་དམག་ཚོགས་དང་། ཤིན་ཏུ་འགྲས་པ་དང་། ཕྱིར་རྒོལ་བ་དང་། དེ་བཞིན་དུ་དགྲ་བོ་ཉིད་དང་། སྐྱེ་བོ་སྡང་བ་དང་། གང་དུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། གཡུལ་ཉིད་ཀྱང་བདུག་པའི་དྲིས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བར་ཐེ་ཚོམ་མེད་དོ།། གལ་ཏེ་སྐྱེས་པ་འམ། བུད་མེད་དམ། པར་འགྱུར་ཏེ། བཅོམ་ལྡན་འདས་མཆོད་པའི་ལས་སངས་རྒྱས་ཀྱི་ཞིང་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བྱེ་བ་དགུ་བཅུ་རྩ་དགུའི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་རིག་སྔགས་འཆང་ལ་དུས་དུས་སུ་དོན་ཡོད་པའི་རྒྱལ་པོ་དྲན་པར་བྱེད་པ་སྲུང་བའི་དོན་དང་། ཕྱག་རྒྱ་འཆིང་བར་བྱེད་པ་དེ་སྲུང་བའི་དོན་དུ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་བྱམས་པ་རྒྱས་པར་བྱེད་པ་དེ་བཞིན་དུ་བྱའོ། ། དོན་ཡོད་པ་ཆེན་པོའི་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དོ།། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དྲུང་དུ་བསོད་ནམས་ཀྱི་ཚོགས་ཆེན་པོ་ཉེ་བར་སོགས་པར་བྱེད་དོ།། དེ་བཞིན་གཤེགས་པ་རེ་རེ་ཞིང་བྱེ་བ་བརྒྱ་སྟོང་ཕྲག་གི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་དང་། དགེ་བའི་རྩ་བ་ཉེ་བར་སོགས་པར་བྱེད་དོ།། ཇི་ལྟར་རིག་སྔགས་འཆང་དེ་བཞིན་གཤེགས་པ་མཆོད་པའི་ཆོ་ག་བྱེད་བྱེད་པ་དེ་བཞིན་དུ། རྣམ་པ་དུ་མ་དེ་བཞིན་གཤེགས་པ་རེ་རེ་ཞིང་གི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་རོ།། རིག་སྔགས་འཆང་ཉི་མ་བདུན་དུ་རབ་ཏུ་བརྩོན་པས། དེ་བཞིན་གཤེགས་པ་དང་བླ་མ་མཆོད་དོ། ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་སྩོལ་བར་བྱེད་དོ།། དེ་རྣམས་ཐམས་ཅད་ཀྱིས་དབུགས་འབྱིན་པར་བྱེད་ལ། མཆོག་རབ་ཏུ་སྩོལ་བར་འགྱུར་རོ། ། དོན་ཡོད་པའི་དངོས་གྲུབ་རྗེས་སུ་སྒྲོལ་བར་འགྱུར་རོ།། ཕྱིར་མི་ལྡོག་པ་ལ་རབ་ཏུ་གནས་པར་འགྱུར་རོ།། ས་བཅུ་ཡང་དག་པར་གནོན་ཏེ་མངོན་པར་ཤེས་པ་ལྔར་འགྱུར་རོ། ། འཇིག་རྟེན་པའི་བདུག་པ་སྒྲུབ་པའི་ཆོ་གའོ།། །། དེ་བཞིན་ཉིད་དུ་འཇིག་རྟེན་ལས་འདས་པ་ལ་འཆི་འཕོ་བ་ན་དེ་བཞིན་གཤེགས་པའི་སྤྱན་སྔར་ཞས་དྲུང་དུ་པདྨ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། ། ཚེ་རབས་དྲན་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་བར་བྱེད་པ་དེ་ཐམས་ཅད་དུའང་། དེ་བཞིན་གཤེགས་པས་རིག་སྔགས་འཆང་ལ་ལུང་སྟོན་པར་འགྱུར་རོ། ། ཕྱིས་ཀྱང་སྐྱེ་བ་གཞན་དུ་སྐྱེ་བར་མི་འགྱུར་རོ།། ལུས་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ནས།། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ།། ཚེ་དཔག་ཏུ་མེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཇི་ལྟ་བ་དེ་བཞིན་དུ། འདིའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པའི་ཁྱད་པར་སོ་སོར་ཐོབ་བོ།། འདི་ནི་འཇིག་རྟེན་ལས་འདས་པའི་བདུག་པ་སྒྲུབ་པའི་ཁྱད་པར་རོ།། དེ་ནས་འཇིག་རྟེན་པའི་བདུག་པ་སྒྲུབ་པའི་ཆོ་ག་བརྒྱ་སྟོང་ཕྲག་དུ་མ་འགྲུབ་པར་བྱེད་དོ། ། ཇི་ལྟ་ཇི་ལྟར་བདུག་པ་ཉིད་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་རོ།། ཀླུའི་གནས་ས་བདུགས་ན་བདུགས་པ་ཙམ་གྱིས་མོད་ལ་ཀླུའི་རྒྱལ་པོས་ཆར་རྒྱུན་ཆེན་པོ་འབྱིན་པར་བྱེད་དོ། ། རྒྱལ་པོའི་སྒོར་བདུག་ན་རྒྱལ་པོ་དང་བཙུན་མོའི་འཁོར་གཡོག་དང་བཅས་པ་དབང་དུ་གྱུར་ནས་གནས་སོ། ། སྐྱེ་བོ་མང་པོའི་དབུས་སུ་བདུགས་ན་རིགས་བཞིའི་འཇིག་རྟེན་དབང་དུ་གྱུར་ནས་གནས་སོ།། བདག་ཉིད་ལ་བདུགས་ན་ཐམས་ཅད་དུ་མཆོད་པའི་འོས་ཆེན་པོར་འགྱུར་རོ། ། ནད་ཐམས་ཅད་ལ་བདུགས་ན་ནད་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ།། དུག་ལ་བདུགས་ན་དུག་མེད་པར་འགྱུར་རོ།། མཚམས་ཀྱི་ནང་དུ་བདུགས་ན་མེ་ཏོག་དང་འབྲས་བུ་ཐམས་ཅད་རོ་ཞིམ་པ་དང་། ལེགས་པར་བསྲུངས་པར་འགྱུར་རོ།། ལོ་ཏོག་ལ་བདུགས་ན་འབྲུའི་ཕུང་པོ་ཆེན་པོར་འགྱུར་རོ།། ཁྱིམ་མམ། གཙུག་ལག་ཁང་ངམ། གྲོང་ངམ་གྲོང་ཁྱེར་ལ་བདུགས་ན་དུག་དང་། སྦྱར་དུག་དང་། དུག་དང་བཅས་པའི་སྲོག་ཆགས་ཐམས་ཅད་ནམ་ཡང་མི་འབྱུང་ངོ་།། གཡུལ་གྱི་དབུས་སུ་བདུགས་ན་ཆེར་རྒྱལ་བར་འགྱུར་རོ།། བདག་ཉིད་དམ། གཞན་རྣམས་སམ། དོན་མཐུན་པ་རྣམས་ལ་བདུགས་ནས་ལམ་དུ་འགྲོ་བ་ན་ཚེམ་རྐུན་དང་། གཡོན་ཅན་དང་། རྐུན་མོ་དང་། གཅན་གཟན་གཏུམ་པོའི་འཇིགས་པ་ཐམས་ཅད་མི་སྣང་བར་འགྱུར་ཞིང་། བདེ་བ་དང་ལེགས་པས་རང་གི་ཁྱིམ་དུ་འོང་ངོ་།། དཔག་ཚད་སྟོང་དུ་འགྲོའང་ངལ་བ་མེད་ཅིང་། སླར་ཡང་འོང་བར་བྱེད་དོ།། དུང་ལ་བདུག་ནས་མཐོན་པོར་བུས་ན་ཇི་སྲིད་དུང་གི་སྒྲ་ཐོས་པ་དེ་སྲིད་དུ་གནོད་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། མཚོན་ཆ་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕྱིར་རྒོལ་བ་དང་། དགྲ་བོ་དང་། སྡང་བ་དང་། རབ་ཏུ་སྡང་བའི་སེམས་ཅན་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ།། ཡམས་ཐམས་ཅད་དང་།། ཉེ་བར་འཚེ་བ་དང་། ནད་འགོ་བ་ཐམས་ཅད་དང་། འཁྲུགས་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ།། བདེ་བ་དང་། ལོ་ལེགས་པ་དང་། དགའ་བར་འོས་པར་འགྱུར་རོ།། དགེ་བའི་རྩ་བ་ཐམས་ཅད་འདོད་པར་འགྱུར་རོ། ། ནད་མེད་པ་དང་། གནོད་པ་མེད་པ་དང་། རིམས་མེད་པ་དང་། ཐང་ཆད་པ་མེད་པར་ཇི་སྲིད་འཚོའི་བར་དུ་གནས་སོ།། ཁང་པའི་སྟེང་མཐོན་པོར་ཕྱོགས་བཞིར་བདུགས་ན་རླུང་དང་། སད་དང་། སྤྲིན་གྱི་སེར་བ་ཐམས་ཅད་བཅིང་བར་འགྱུར་ཏེ། ཇི་སྲིད་ཡིད་ལ་བྱེད་པ་ནར་མར་ཡོད་པ་དེ་སྲིད་དུ་མཚམས་བཅིང་བ་བྱས་པར་འགྱུར་རོ།། ཁྱིམ་གྱི་ནང་དུ་བདུགས་ན་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། བྲན་པོ་དང་། བྲན་མོ་ཐམས་ཅད་དང་། ཇི་སྲིད་དུ་རྐང་གཉིས་པ་དང་རྐང་བཞི་པ་ཐམས་ཅད་བྱམས་པའི་ཡིད་དུ་འགྱུར་ཏེ་དབང་དུ་གྱུར་ནས་སོ། ། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱེད་དོ།། སླར་ཡང་ཡིད་གཞན་དུ་མི་འགྱུར་རོ།། འཆི་བའི་དུས་ཀྱི་ཚེ་བདུགས་ན་དྲི་མ་ནམས་པའི་མཐུ་དེས་སངས་རྒྱས་རྗེས་སུ་དྲན་པ་སྐྱེས་ཏེ། དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བ་སོ་སོར་ཐོབ་སྟེ། ཕྱིས་ཀྱང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། ། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཡང་དག་པར་འཛིན་པར་འགྱུར་རོ།། འཆི་འཕོ་བ་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སམ། མངོན་པར་དགའ་བར་སྐྱེས་ཏེ། འདི་ལ་དོགས་པ་དང་ཡིད་གཉིས་བསྐྱེད་པར་མི་བྱ་ཞིང་། ཐེ་ཚོམ་བསྐྱེད་པར་མི་བྱའོ་ཞེས་སོ།། མ་མོའི་དཀྱིལ་འཁོར་གྱི་ཁྱིམ་ལ་བདུགས་ན་ནག་པོ་ཆེན་པོ་ལ་སོགས་པ་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དབང་དུ་གྱུར་པར་འགྱུར་ཏེ། མདུན་དུ་ཉེ་བར་གནས་པར་བྱེད་དོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། ནག་པོ་ཆེན་པོའི་གཟུགས་བརྙན་གྱི་སྤྱི་བོའི་གཙུག་ཏུ་བདུགས་ན་བདུགས་པ་ཙམ་གྱིས་མོད་ལ་ཁ་ནས་ཁྲག་སྐྱུག་གོ། ། རིག་སྔགས་འཆང་གིས་དེ་བླངས་ཏེ་ཐིག་ལེ་བྱས་ནས་ནམ་མཁའ་ལ་ལྡིང་བར་བྱེད་དོ།། མིག་ལ་བྱུགས་ན་མི་སྣང་བར་འགྱུར་ཏེ། བདེ་བླག་ཏུ་འབྱུང་པོའི་བདག་པོ་ཆེན་པོར་འགྱུར་རོ།། ལྟོ་བར་ཡོངས་སུ་བྱུགས་ན་གནོད་སྦྱིན་དང་སྲིན་པོའི་དཔོན་པོའོ།། ལུས་མཐའ་དག་ལ་བྱུགས་ན། སྟོབས་དང་། བརྩོན་འགྲུས་དང་། རྩལ་ཆེན་པོ་ནག་པོ་ཆེན་པོ་དང་མཚུངས་པའི་ཤུགས་སུ་འགྱུར་ཏེ། དེ་ཉིད་ཀྱི་གཟུགས་སུ་འགྱུར་རོ།། འཁོར་གྱི་ཚོགས་ཆེན་པོར་ཡང་འགྱུར་རོ།། ཚངས་པ་ལ་བདུས་ན་བདུགས་པ་ཙམ་གྱིས་མོད་ལ་འོ་མ་འཛག་པ་བླང་བར་བྱ་སྟེ་ལུས་ལ་བྱུག་པར་བྱའོ། ། ཚངས་པ་དང་འདྲ་བའི་སྟོབས་དང་ཤུགས་སུ་འགྱུར་ཏེ་ནམ་མཁའ་ལ་འགྲོ་བར་བྱེད་དོ།། ཁྱབ་འཇུག་ལ་བདུགས་ན་བདུགས་པ་ཙམ་གྱིས་མོད་ལ་ལུས་ལ་པ་ལཱ་ཤའི་ཁ་དོག་གི་དྲིའི་ཆུ་འཛག་སྟེ། རིག་སྔགས་འཆང་གི་ལུས་ལ་བྱུག་པར་བྱའོ།། སྲེད་མེད་ཀྱི་བུའི་གཟུགས་དང་། སྟོབས་དང་། ཤུགས་འཆང་བར་འགྱུར་ཏེ། ལག་ན་འཁོར་ལོ་ཐོགས་པས་ནམ་མཁའ་ལ་འགྲོའོ།། དབང་ཕྱུག་ཆེན་པོ་ལ་བདུགས་ན་དབང་ཕྱུག་ཆེན་པོའི་ལུས་ལ་རྡུལ་འབྱུང་སྟེ། རིག་སྔགས་འཆང་གི་ལུས་ལ་བྱུག་པར་བྱའོ། ། དབང་ཕྱུག་ཆེན་པོའི་གཟུགས་སུ་འགྱུར་ཏེ། ལག་ན་མདུང་རྩེ་གསུམ་དང་། སྟོབས་དང་། བརྩོན་འགྲུས་དང་། རྩལ་གྱིས་འབྱུང་པོའི་བདག་པོ་ཆེན་པོར་འགྱུར་ཏེ། ནམ་མཁའ་ལ་འགྲོའོ།། ཐམས་ཅད་ལ་དོན་ཡོད་རྒྱལ་པོའི་བཟླས་བརྗོད་ལན་གསུམ་གསུམ་རྣ་བར་སྦྱིན་པར་བྱའོ།། སྙིང་པོ་ཡི་གེ་གཅིག་པས་སྤྱི་བོར་བཟླས་བརྗོད་ལན་བདུན་དུ་བཟླས་བརྗོད་སྦྱིན་པར་བྱའོ།། སྤྲ་ཚིལ་ལས་བྱུང་བའི་ཀླུ་མགོ་བོ་དགུ་པ་སོར་བཞི་པའི་ཚད་དུ་བྱ་སྟེ། གསེར་གྱིས་གཡོག་པར་བྱ་ཞིང་དྲིའི་དཀྱིལ་འཁོར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་གཞག་པར་བྱའོ།། དོན་ཡོད་པའི་རྒྱལ་པོས་ལན་བརྒྱ་རྩ་བརྒྱད་དུ་བཟླས་སོ། ། བདུག་པ་འདིས་བདུགས་པས་ཀླུ་ལྡང་བར་བྱེད་དོ།། རིག་སྔགས་འཆང་གིས་འཇིགས་པ་མེད་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོ་ཡུངས་ཀར་ལ་བཟླས་ཏེ། སྤྱི་བོའི་གཙུག་ཏུ་བརྡེགས་ན་ལྡིང་བར་བྱེད་དོ། ། གང་དུ་འདོད་པ་དེར་གནས་ནས་ཀླུ་ཆེན་པོའི་མཚོ་དང་། གནས་དང་། གཞལ་མེད་ཁང་རབ་ཏུ་འབྱུང་ངོ་།། ཆུ་གང་ཡིན་པ་དེ་རྣམས་ཀྱང་འཐུང་བར་བྱེད་པ་དང་། ཁྲུས་བྱེད་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་འམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་འཐུང་བ་དང་ཁྲུས་བྱེད་པ་དེ་རྣམས་ཐམས་ཅད་ཀྱང་ནད་རྣམས་དང་བྲལ་བར་འགྱུར་རོ། ། སྡིག་པ་དང་སྒྲིབ་པ་དང་བྲལ་བ་དང་། འཇིག་པ་ཐམ་ཅད་དང་བྲལ་བར་ཡང་འགྱུར་རོ།། ཀླུ་རྣམས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ཆེན་པོ་འབྱིན་པར་བྱེད་ཅིང་། ཆར་འབེབ། པར་བྱེད་དོ།། དུས་དུས་སུ་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམས་རྫོགས་པར་བྱེད་དེ། རོ་ཞིམ་པོའི་རོ་མྱོང་བར་འགྱུར་རོ།། ཕྱིར་ཞིང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ།། ཕུག་དང་ཁུང་བུའི་སྒོར་འཁྲུལ་འཁོར་གྱི་སྒོ་གླེགས་ལ་བདུགས་ན་བྱེ་ཞིང་གཅོག་པར་འགྱུར་རོ།། འཁྲུག་པའི་དུས་སུ་བདུགས་ན་འཕམ་པར་འགྱུར་རོ།། ལག་མཐིལ་ལ་བདུགས་ན་གང་དང་གང་ལ་རེག་པ་ཐམས་ཅད་དུ་དབང་དུ་བྱེད་དོ། ། བདུག་པའི་དཀྱིལ་འཁོར་གྱི་ཆོ་གའོ།། །། དེ་ནས་སྨན་གྱི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། དོན་ཡོད་པར་ཐམས་ཅད་དུ་གཞན་གྱིས་མི་བུབ་པ། ནང་ཐམས་ཅད་སེལ་བར་གྲུབ་པ། ཐམས་ཅད་དུ་དུག། འཇོམས་པར་བྱེད་པ། ན་པ་ཐམས་ཅད་སེལ་བར་གྲུབ་པ། སྣང་བ་ཐམས་ཅད་ལོག་པར་བྱེད་པ། འབྱུང་པོ་ཐམས་ཅད་ལ་མི་འཇིག་པ། མཚོན་དང་། མེ་དང་། ཆུ་དང་། དྲུག་རབ་ཏུ་འཇོམས་པ། རྟག་ཏུ་སྲུང་བ་དང་། སྒྲུབ་པ་དང་། སྨྲ་བར་བྱེད་པ། དགྲ་རྣམས་དང་གཞན་རྒྱལ་བ་ལྡོག་པར་བྱེད་པ། རྒྱལ་པོ་དང་། རྒྱལ་ཕྲན་དང་། བཙུན་མོའི་འཁོར་དུ་སོང་བ་དང་། གཙོ་བོ་རྟག་ཏུ་དབང་དུ་བྱེད་ཅིང་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ།། ཕ་རོལ་གྱི་དམག་ཚོགས་དང་། འཁྲུག་པ་དང་། གཡུལ་རྣམས་རྟག་ཏུ་རབ་ཏུ་འཇོམས་པར་བྱེད་པ། གང་གི་ཚེ་ཆོམ་རྐུན་གྱི་ནང་དུ་སོང་བ་ཉིད་དང་། དོན་འཐུན་གྱི་ནང་དང་། རྐུན་མོ་དང་། སེང་གེ་དང་། སྟག་གི་ནང་དུ་སོང་བ་དེའི་ཚེ་ཐམས་ཅད་དུ་སྨན་གྱིས་རྒྱལ་བ་སྟེར་རོ།། ཚེ་རིང་པོར་འགྱུར་ཏེ། རྟག་ཏུ་པདྨའི་ཕྱག་གི་མཆོག་སྦྱིན་པར་འགྱུར་རོ།། ལྷ་རྣམས་ཀྱིས་རྟ་ཏུ་སྲུང་བར་བྱེད་དོ།། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ཉིད་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཉིད་དང་། མི་མ་ཡིན་གདུག་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཉིན་དང་མཚན་དུ་སྲུང་བའི་དོན་དུ་ཡང་དག་པར་སྒྲུབ་པར་འགྱུར་ཏེ། ཐེ་ཚོམ་མེད་དོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་དཔུང་དང་བཞོན་པ་དང་བཅས་པ་དང་། སྐབས་གསུམ་པའི་ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་དེ་རྣམས་ཐམས་ཅད་མཐུན་པས་རྟག་ཏུ་སྲུང་བར་བྱེད་དོ།། སངས་རྒྱས་ཀྱིས་རྣམ་པར་གཟིགས་ཤིང་རྟག་ཏུའང་མཐོང་བ་སྩོལ་བར་མཛད་དོ། ། གང་སྨན་ལག་ཏུ་ཕྱིན་པར་འགྱུར་བ་འདི། ཡང་ནས་ཡང་དུ་རིག་སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པོ། ། བྱང་སྟེམས་འཕོ་བ་མེད་དོ།། དེ་ལ་དུག་མེད་ཅིང་སྡིག་པ་མེད་ལ། མི་བཟད་པའི་སྦྱོར་བ་དང་། ཕྱེ་མའི་སྦྱོར་བས་གནོན་པར་མི་འགྱུར་རོ།། སྔོན་གྱི་སྒྲིབ་པ་ཉམས་པར་བྱེད་དོ། ། དེ་བཞིན་དུའང་སྡིག་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་གང་ཡིན་པ་དང་། གཞན་རྣམ་པ་སྣ་ཚོགས་པའི་སྡང་བ་ཉིད་དེ། དེ་རྣམས་ཐམས་ཅད་མྱུར་དུ་རྣམ་པར་ཉམས་པར་བྱེད་དོ། ། སྨན་གང་དུ་གནས་པའི་དཔག་ཚད་ཁོར་ཡུག་ཏུ་སྲུང་བ་དང་། དེ་བཞིན་ཉིད་དུ་མཚམས་བཅིང་བར་བྱེད་དོ།། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་དང་། དེ་བཞིན་དུ་བདུད་དམ་སྡང་དེ་རྣམས་ཐམས་ཅད་རབ་ཏུ་འབྲོས་པར་བྱེད་དོ། ། སྨན་གང་དུ་གནས་པར་གདོན་རབ་ཏུ་འབྲོས་པར་བྱེད་དོ།། མཁའ་འགྲོ་མ་གང་ཡིན་པ་དང་། རྣལ་འབྱོར་མ་གང་ཡིན་པ་དང་། སྐེམ་བྱེད་དང་། གཟའ་དང་། བརྗེད་བྱེད་དང་། གྲིབ་གནོན་གང་ཡིན་པ་དང་། མི་བཟད་པ་དེ་རྣམས་ཐམས་ཅད་རབ་ཏུ་ཞི་བར་འགྲོ་བར་འགྱུར་རོ།། ལྷ་རྣམས་དེར་གན་པར་བྱེད་ཅིང་། འཁྲུལ་འཁོར་ལ་སྨན་ཨ་ག་ད་དེ་མཆོག་གོ་ཞེས་སོ།། རྒྱལ་བས་དབུགས་འབྱིན་པར་མཛད་ཅིང་། དངོས་གྲུབ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྩོལ་བར་མཛད་དོ།། རྟག་ཏུ་འཇིག་རྟེན་དབང་ཕྱུག་གིས་མཆོག་སྩོལ་ཞིང་། རྟག་པཱའི་མཐར་མཐོང་བ་སྩོལ་བར་འགྱུར་རོ།། དོན་ཡོད་པའི་ཞགས་པམ+Wཱར་དུ་འགྲུབ་སྟེ། སྨན་འཆང་བ་ལ་སྨན་གང་དུ་གནས་པར་གང་གིས་ཀྱང་གླགས་མི་རྙེད་དོ། ། དོན་ཡོད་པའི་མཆོག་སྦྱིན་པ་ཞེས་བྱ་བ་ཡིད་བཞིན་གྱི་ནོར་བུ་སྨན་གྱི་མཆོག་རབ་ཏུ་འབད་པས་བཅངས་པས་ལེགས་པར་བསྒྲུབ་པར་བྱ་བ་དངོས་གྲུབ་གྱི་མཆོག་ལས་ཐམས་ཅད་བྱེད་པ་དེ་ཉིད་དེའི་ཚེ་ཤི་བ་ཡང་དག་པར་འཚོ་བར་བྱེད་པ། ལོ་རྫོགས་པར་བསྟེན་ཏེ། སྔགས་དང་ཕྱག་རྒྱས་གསོ་བར་བྱའོ།། ལོ་སྟོང་ཕྲག་ཏུ་རྟག་ཏུ་བདེ་བ་དང་དགའ་བར་བྱེད་དོ། ། དབང་ཕྱུག་དང་། ནོར་ཐོབ་པ་དང་། འབྲུ་འཕེལ་བ་དང་། བླ་ན་མེད་པ་དང་། རྒྱལ་པོ་དགའ་བར་འགྱུར་ཏེ་རྟག་ཏུ་གནས་སོ།། འབངས་དང་། ཅི་བགྱི་དང་། མཆོད་པ་ཆེན་པོ་རྙེད་དོ། ། ཐམས་ཅད་དུ་དེ་རྟག་ཏུ་ཚིག་བཙུན་པའོ།། ཐོས་པས་དངོས་གྲུབ་མཆོག་གྱུར་པའི།། རྫས་ཀྱང་འདིར་ནི་བཤད་བྱ་སྟེ།། ཙན་དན་རྒྱ་སྤོས་རུ་རྟ་དང་། སྤྲིཀྐ་ཤིང་ཚ་བཱ་ལ་ཀ། བྲག་སྐྱེས་སྤང་སྤོས་སཱ་མ་ཀང་།། སུག་སྤེལ་འབྲས་དགང་ན་ལ་ད།། པདྨ་ཨུཏྤལ་པྲི་ཡང་ཀུ།། ཤིང་ཀུན་འདབ་མ་ཚ་བ་གསུམ།། ཤི་རཱི་ཤ་ཡི་མེ་ཏོག་དང་།། དེ་བཞིན་པའི་ལ་བ། ། འདི་རྣམས་ཆ་ནི་མཉམ་པར་ལྡན།། ཐམས་ཅད་ལེགས་གཞལ་ལེགས་པར་སྦྱར།། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པ་ལ་ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཏེ། ཡི་གེ་གཅིག་པས་སྟོང་ཕྲག་བཅུར་བཟླས་སོ། ། འདིར་སྨན་རྣམས་བགྲང་འཕྲེང་གི་ཚད་ཙམ་དུ་བསྐོངས་ནས་གྲིབ་མ་ལ་ཡོངས་སུ་བསྐམ་པར་བྱའོ།། གླུ་རྩི་དང་ག་པུར་གྱི་བླང་ལ་ལེགས་པར་སྦྱོར་བའི་བྱ་བ་བྱས་པ་དང་། དཀྱིལ་འཁོར་དུ་འཇུག་པ་ནི་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་བྱ་བ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དམ་ཚིག་ལ་རབ་ཏུ་འཇུག་པ་ལ། ཤར་གྱི་སྒོ་རུ་ཕྱག་བྱས་ནས་དཀྱིལ་འཁོར་མཆོག་ལ་བསྐོར་བ་བྱ་སྟེ། སྒོ་དང་སྒོ་རུ་ཕྱག་བྱ་ཞིང་ཤར་གྱི་སྒོ་རུ་འཇུག་པར་བྱའོ།། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་དུ་ཕྱོགས་པར་པདྨའི་གེ་སར་ལ་འདུག་ནས། དོན་ཡོད་པའི་རྒྱལ་པོའི་བཟླས་བརྗོད་བརྒྱ་རྩ་བརྒྱད་དང་། ཁྲོ་བོའི་རྒྱལ་པོའི་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། མངོན་པར་དབང་བསྐུར་བར་བྱ་ཞིང་། ཕྱག་རྒྱ་དང་གསང་སྔགས་ལེགས་པར་སྒྲུབ་པོ།། དེ་ནས་མཆོད་པས་འཇིག་རྟེན་མགོན་པོའི་དངོས་གྲུབ་མཐོང་བར་བྱེད་ཅིང་རྟག་ཏུ་གཡོ་བར་བྱེད་ལ། འཇིག་རྟེན་མགོན་པོའི་འོད་ཟེར་གྱི་སྦྱིན་སྲེག་རབ་ཏུ་གྲོལ་ལོ།། དཀྱིལ་འཁོར་བཤད་པར་བྱ་སྟེ། གྲུ་བཞི་པོ་ཀོ་ལའི་ཚད་དུ་ཆ་ལེགས་པར་ཕྱེ་བ། གླུ་བཞི་དང་སྒོ་བཞི་ཡོད་པ་ཐེམ་སྐས་ཀྱི་རིམ་པ་ཅན་དུ་ཚོན་སྣ་ཚོགས་ཀྱི་སྐུད་པས་ཐིག་གརབ་ཅིང་དཀྱིལ་འཁོར་གྱི་སྙིང་པོ་མཛེས་པར་བྱ། དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོར་པདྨ་མཆོག་ལ་ཕྱེ་བ་འདབ་མ་བརྒྱ་རྩ་བརྒྱད་པ། སྙིང་པོ་དང་ཟེ་བ་ཤིན་ཏུ་མཛེས་པ། སྙིང་པོ་ལས་པདྨ་བྱུང་བ། ཁ་ཕྱེད་བྱེ་བ་དང་། ལག་པ་གཉིས་བྱུང་བས་པདྨའི་འདབ་མ་འཛིན་པ་བྲིས་པའི་དངུལ་གྱི་སྣོད་ཀྱི་ནང་དུ་སྨན་བཀང་སྟེ་དར་གྱིས་ཁ་གཡོགས་ནས་པདྨའི་འདབ་མའི་སྟེང་དུ་བཞག་པར་བྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་ཚངས་པའི་ཆ་བྱད་དུ་བཞུགས་པ། དར་གྱི་ཅོད་པན་བཅིངས་ཤིང་བརྒྱན་པ་པདྨའི་སྟེང་དུ་བཞུགས་པར་བྱའོ། ། དཀྱིལ་འཁོར་གྱི་ཕྱི་རོལ་ཀུན་ཏུ་ཕྱག་རྒྱའི་རྟགས་རྣམས་གསལ་བར་བྲིའོ།། སྒོ་སྒོར་དོན་ཡོད་པའི་ཞགས་པ་པདྨའི་སྟེང་དུ་གཞག་པ་ཁ་དོག་དང་འོད་ཟེར་འབར་བ་བྲིའོ། ། གྲཝ་གྲཝར་བུམ་པ་གང་བ་བྲིའོ།། དཀྱིལ་འཁོར་ཀུན་ཏུ་འཕན་དང་། བུམ་པ་གང་བ་དང་། འབྲས་བུ་དང་། མེ་ཏོག་བསྲེས་པ་མཛེས་པས་བརྒྱན་པར་བྱའོ།། གཏོར་མ་རྣམ་པ་སྣ་ཚོགས་གཞག་པར་བྱའོ།། མཆོད་ཡོན་གྱི་ཆུ་དབུལ་བར་བྱ། ཙན་དན་དང་ཨ་ཀ་རུའི་བདུག་སྤོས་དང་། སྤོས་སྣ་ཚོགས་དབུལ་བར་བྱ། དཀྱིལ་འཁོར་ཀུན་ཏུ་མར་མེའི་འཕྲེང་བ་དང་། མེ་ཏོག་འཕྲེང་བ་དགོད་ཅིང་ཀུན་ཏུ་འབྲས་ཡོས་དང་ཡུངས་ཀར་དགྲམ་པར་བྱའོ།། རིག་སྔགས་འཆང་གཙང་མར་གྱུར་པས་ལེགས་པར་ཁྲུས་བྱ་ཞིང་གོས་གཙང་མ་བགོས་པ་འཇིག་པ་མེད་པས་ཟླ་བ་ཡར་གྱི་ངོ་ཉ་ལ་བསྒྲུབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་ཅིང་བྱམས་པའི་སེམས་དང་། སྙིང་རྗེའི་བདག་ཉིད་ཅན་གྱིས་བསྒྲུབ་པར་བྱའོ།། གང་གིས་ལག་གིས་གཟུང་བ་ཙམ་དང་། རེག་པ་ཙམ་གྱིས་མོད་ལ་དེ་དགའ་བ་ཐོབ་ཅིང་སྡིག་པ་ཐམས་ཅད་འཇིག་པར་འགྱུར། སྔོན་གྱི་སྒྲིབ་པ་རྣམས་འཇིག་པར་འགྱུར། མཚམས་མེད་པ་བྱེད་པ་རྣམས་ལས་གྲོལ་བར་འགྱུར། མོད་ལ་ནད་ཐམས་ཅད་འབྱང་ཞིང་ངན་འགྲོ་ཐམས་ཅད་འཇིགས་པར་བྱེད་པ། བསོད་ནམས་ཆེན་པོའི་སྟོབས་ཀྱི་དངོས་གྲུབ་སྨན་གྱི་དེ་ཁོ་ན་ཉིད་མཐོང་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ། འདྲེན་པ་འཇིག་རྟེན་དབང་ཕྱུག་གིས་སྤྲུལ་པ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་བསྔགས་པ། རིག་སྔགས་འཆང་གི་དབང་པོ་ཐམས་ཅད་ཀྱིས་ཕྱག་བྱས་པ། ལྷ་ཐམས་ཅད་ཀྱིས་བསྲུངས་པ། ཀླུའི་དབང་པོ་ཐམས་ཅད་རྗེས་སུ་འབྲང་བ། སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེད་པ། ཆུ་ལྷ་དང་། ཀུ་བེ་རཾ་དང་། ཉི་མ་དང་། ཟླ་བས་མཆོད་པ། དེ་བཞིན་དུ་རྒྱུ་སྐར་གྱི་ཚོགས་དང་། གཟའ་ཀུན་དང་། མཇུག་རིངས་དང་། དེ་བཞིན་དུ་གཟའི་ཁྱིམ་དང་། ཐམས་ཅད་དུ་བཀྲ་ཤིས་ཀྱིས་མཆོད་པ། ཆོ་ག་ཞིབ་མོ་ཐམས་ཅད་དང་། དེ་བཞིན་དུ་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། བཟླས་བརྗོད་ཐམས་ཅད་དང་། གསང་སྔགས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། རིགས་སྤྱིའི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨན་གྱི་མཆོག་དབང་བསྐུར་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་པ། ཡིད་བཞིན་གྱི་ནོར་བུ་ཐམས་ཅད་དང་མཐུན་པའི་སྨན་ནི་སྨན་གྱི་རྫས་བཀྲ་ཤིས་པ་བྱེ་བ་ཕྲག་གམ། ལྷག་པར་གྱུར་པ་གཞན་གང་ཡང་མེད་དོ།། སྨན་དེ་ལྟ་བུ་ནི་རྟག་ཏུ་མཆོག། གཙོ་བོ། འབྱིན་པ། འཇིག་རྟེན་དབང་ཕྱུག་དང་འདྲ་བ་ཡིན་ནོ།། དེའི་ཕྱིར་ཐམས་ཅད་སྨན་འཆང་བར་འདོད་པས་གནས་གང་ཡང་རུང་བར་སྦྱར་བར་བྱ་སྟེ། གཙང་མ་ལེགས་པར་ཁྲུས་བྱས་པ་དེས་སྦྱར་བར་བྱའོ། ། ཇི་ལྟ་ཇི་ལྟར་བཀྲ་ཤིས་ཀྱི་བསམ་པ་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་བསམ་པ་ཡིད་ལ་བྱེད་པ་ཡོང་སུ་རྫོགས་པར་འགྱུར་ཏེ། སྦྱར་བ་ཙམ་གྱིས་མོད་ལ་ཐམས་ཅད་འགྲུབ་པར་འགྱུར། འདོད་པ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་འཆང་གཙང་མར་གྱུར་པས་གོས་གཙང་མ་བགོས་པ། སྤོས་ཆུས་ལེགས་པར་ཁྲུས་བྱས་ལ། ཉིན་རེ་སྨན་རེ་རེ་དོན་ཡོད་པའི་རྒྱལ་པོས་བཟླས་བརྗོད་བྱས་ཏེ་ཟོས་ན། ཟོས་པ་ཙམ་གྱིས་མོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིག་དབང་ཕྱུག་གིས་དགོངས་ཤིང་སྣང་བ་རྣམ་པར་དག་པ་ཐོབ་པར་འགྱུར། ཉིན་ཞག་གསུམ་དུ་སྦྱར་ན་སྔག་རྣམ་པར་དག་པ་ཐོབ་པོ།། ཉིན་ཞག་ལྔར་སྦྱར་ན་དྲན་པ་རྣམ་པར་དག་པ་ཐོབ་བོ།། ཉིན་ཞག་བདུན་དུ་སྦྱར་ན་རིག་སྔགས་ཆེན་པོའི་ཆོ་ག་ཞིབ་མོ་རྣམ་པར་དག་པ་ཐོབ་པོ། ། ཉིན་ཞག་བཅུ་བཞིར་སྦྱར་ན་དོན་ཡོད་པའི་ཞགས་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཆེན་པོ་ཐོབ་པོ། ། ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ་སྦྱར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཆེན་པོའི་དམ་ཚིག་གི་དངོས་གྲུབ་ཐོབ་བོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་དངོས་གྲུབ་ཐོབ་པོ། ། ཟླ་བ་གཅིག་གི་བར་དུ་སྦྱར་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དངོས་གྲུབ་སྒྱུ་མ་ལྟ་བུས་བརྒྱན་པ་ཐོབ་ཅིང་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། ། ཟླ་བ་གསུམ་དུ་སྦྱར་ན་ལུས་ཡོངས་སུ་དག་པ་དང་མདོག་ཡོངས་སུ་དག་པ་ཐོབ་བོ།། ལོ་གཅིག་ཚང་བར་སྦྱར་ན་དོན་ཡོད་པའི་དངོས་གྲུབ་རིག་སྔག་འཆང་འཁོར་ལོས་སྒྱུར་བར་འགྱུར་ཏེ། མིག་མཐོན་མཐིང་མདོག་བུང་བ་ལྟ་བུ་སྐྲ་རལ་བུ་འཁྱིལ་བར་འགྱུར། ཚེ་ལོ་བདུན་པ་ལྟ་བུའི་གཟུགས་དང་མཐུན་པར་འགྱུར་ལ། ཚེ་བསྐལ་པ་འབུམ་ཐུབ་པར་འགྱུར་རོ། ། བརྡར་ནས་བདག་ཉིད་ལ་བྱུགས་ན་གང་དྲི་མནམས་པ་ཙམ་གྱིས་བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། གྲིབ་གནོན་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུག་པ་ཐམས་ཅད་དང་། དགྲ་ཐམས་ཅད་དཔག་ཚད་སྟོང་དུ་འབྲོས་སོ།། གལ་ཏེ་མྱུར་དུ་མི་འབྲོས་ན་ནི་སྤྱི་བོ་དུམ་བུ་འབུམ་དུ་འགས་ཤིང་ཡན་ལག་དང་། ཏིང་ལག་རྣམས་ཞིག་པར་འགྱུར་ལ། བུ་དང་རླུང་མར་བཅས་པ་འཇིགས་པར་འགྱུར། སྔོན་གྱི་སྡིག་པ་དང་སྒྲིབ་པ་རྣམས་ཀྱི་མི་ཚུགས་པར་འགྱུར། སེམས་ཅན་དམྱལ་བ་སྐྱོང་བར་འགྱུར་བ་མཚམས་མེད་པ་ལྔ་དག་འཇིག་པར་འགྱུར། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མི་ཤིས་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་འཇིགས་པར་འགྱུར། སྤོས་མནམས་པ་ཙམ་གྱིས་རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཅི་བགྱི་ཞེས་བྱ་བ་བྱེད་ལ་དབང་དུ་གྱུར་ནས་འཁོད་དོ།། བྱུགས་པ་ཙམ་གྱིས་འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། མཚན་པར་རྡོལ་བ་དང་། མེ་དཔལ་དང་། རྐང་ཤུ་དང་། གཡན་པ་དང་། མཛེ་དང་། ཁྱི་རྡོ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོ་དང་། རྨ་དང་། ཁོང་གི་རྨ་ཡོངས་སུ་སོས་པར་འགྱུར། དུག་ཐམས་ཅད་དང་། ཟོས་པ་དང་། དྲུག་མྱོས་དང་། སྦྱར་དུག་དྲག་པོ་དང་། དུག་སྦྱར་མ་དང་། སྦྱར་དུག་ཕྱེ་མ་དང་། བྱད་རྣམས་ལ་བསླུས་པ་ཙམ་དང་། ཆུ་དྲོན་པོ་འཐུངས་པ་ཙམ་གྱིས་དུག་མེད་པར་འགྱུར་རོ།། དྲི་ཙམ་གྱིས་ཀླུའི་རྒྱལ་པོ་འཇོག་པོའི་དུག་ཀྱང་མེད་པར་འགྱུར་རོ།། རིམས་ཉིན་བཞི་པས་ཐབས་པ་ལ་དཔྲལ་བར་བསྐུས་ན་ཀུ་ཅོ་འདོན་ཅིང་འབྲོས་སོ།། རིམས་ཐམས་ཅད་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས། པ་ལས་གྱུར་པ་དང་། ལྦུ་བ་དང་། ཕོ་བའི་ནད་དང་། མཆིན་པ་ན་བ་དང་། ལྗོན་པ་དང་། སྐྲན་དང་། གཅིན་སྲི་བ་དང་། སྙིང་ན་བ་དང་། རྩིབ་ལོགས་ན་བ་དང་། མགུལ་པ་ན་པ་དང་། ཁ་ན་བ་དང་། འཁྱིལ་ཞིང་ན་བ་དང་། ཚད་པ་དང་། མདོམས་ན་བ་དང་། ཡན་ལག་དང་ཉིང་ལག་ན་བ་ཆུ་དྲོན་པོ་འཐུངས་པ་ཙམ་གྱིས་ཡོངས་སུ་སོས་པར་འགྱུར་རོ།། གཞོགས་བྱེད་ན་བ་དང་། མགོན་པ་དང་། མིག་ན་བ་དང་། རྣ་བ་ན་བ་ལ་བསྐུས་པ་ཙམ་གྱིས་སོས་པར་འགྱུར་རོ།། ཐིག་ལེ་བྱས་ན་ཆོམ་རྐུན་དང་། གནོད་སྦྱིན་དང་། མེ་དང་། ཆུ་དང་། བྱི་བ་ཟ་བས་འཇིགས་པ་དང་། གཅན་གཟན་ཁྲོ་བོས་འཇིགས་པ་ལས་ཡོངས་སུ་ཐར་པར་འགྱུར་ཞིང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ།། ཉེས་པར་བྱས་པ་ཐམས་ཅད་ཝ་ཡོངས་སུ་ཐར་པར་འགྱུར་རོ། ། ལག་པ་གདེངས་པའི་འཇིགས་པ་འབྱུང་བར་མི་འགྱུར། མི་མ་ཡིན་པ་གང་གིས་ཀྱང་མདངས་འཕྲོག་པར་མི་ནུས་ཤིང་བར་ཆད་བྱ་བར་མི་ནུས་སོ།། མཁའ་མ་ཐམས་ཅད་མཐོང་བ་ཙམ་གྱིས་དབང་དུ་གྱུར་ནས་འཁོད་དོ། ། རྒྱལ་པོ་བཙུན་མོ་དང་འཁོར་དང་བཅས་པའི་མཆོད་གནས་ཆེན་པོར་འགྱུར་རོ།། གཞན་ཡང་གང་དང་གང་དུ་སྦྱར་བ་རང་གི་རློམ་བྱེ་བ་ཕྲག་འབུམ་སྦྱར་ནས་ལས་སྒྲུབ་པར་བྱེད་དེ། སྨན་གྱི་མཆོག་ཤིན་ཏུ་འབད་པས་བསྒྲུབ་པར་བྱའོ།། སྨན་གྱི་དཀྱིལ་འཁོར་གྱི་ཆོ་གའོ།། ། དེ་ནས་དེའི་ཕྱིར་གསེར་གྱི་རི་ལུའི་དཀྱིལ་འཁོར་བཤད་པར་བྱ་སྟེ། འཇིག་རྟེན་དབང་ཕྱུག་གི་དོན་ཡོད་པའི་སྙིང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་རྣམ་པར་གཟིགས་པ། དེ་བཞིན་གཤེགས་པ་པདྨ་གཙུག་ཏོར་གྱི་རྒྱལ་པོ་ཞེས་བྱ་བྲ་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ཀྱིས་བཀའ་སྩལ་པ། གཞན་ཡང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཤིང་བསྔགས་པ། བྱིན་གྱིས་བརླབས་པ། དབང་བསྐུར་བ། རྗེས་སུ་ཐུགས་རངས་པར་མཛད་པ། ལུང་བསྟན་པ། མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཙུག་གི་ནོར་བུའི་ཅོད་པན་འཆང་བ། རྒྱལ་བ་འོད་དཔག་མེད་ཀྱི་གཙུག་ཏོར་གྱི་མཚན་ཉིད་ཀྱི་ཐིག་ལེ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་ནོར་གྱི་ཆེན་པོའི་རྒྱལ་པོ་མཆོག་ཏུ་གྲུབ་ག། རིག་སྔག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་སྤྱི། སྐུའི་སྙིང་པོ་གང་གིས་མཐོང་བ་ཙམ་ལ་སོགས་པ་འདིར་ཚད་བསྟན་པར་ལྟ་སུ་ཞིག་གིས་ནུས་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྫོགས་པར་མངོན་སུམ་དུ་མཐོང་བ་དང་འདྲགས་འགྱུར་ཞིང་། དེ་བཞིན་གཤེག་པ་དེ་དག་ཉིད་མངོན་སུམ་དུ་མཆོད་པར་གཟུང་བ་དང་། ལུང་སྟོན་པ་ཐོབ་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་གི་མངོན་སུམ་དུ་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། ། ནོར་བུ་གསེར་གྱི་ཁ་དོག་ཏུ་བསྟན་པའི་རིལ་བུ་འདི་གང་གིས་མཐོང་ཞིང་འཆང་བ་ནི་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་བསྐྱེད་པར་འགྱུར། ནོར་བུའི་རིལ་བུ་འདི་མཐོང་བ་ཙམ་གྱིས་སྒྲིབ་པ་དང་། སྡིག་པ་དང་། གདུག་པ་དང་། མཚམས་མེད་པ་ལྔ་དང་། མནར་མེད་པར་གཞོལ་བ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབ་པ་དང་། སྔོན་གྱི་ཚེ་རབས་ནས་བསགས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་འཇིགས་ཅིང་སྤངས་པར་འགྱུར། རིམས་དང་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། གང་གི་ལག་ན་སྨན་འདི་ཡོད་པར་གྱུར་པའི་སེམས་ཅན་དེ་ནི་ལུང་བསྟན་པར་འགྱུར་རོ། ། རིལ་བུ་གང་ལ་ཡོད་པ་ནི། ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་།། མགོན་པོས་བཅུ་དག་ལ་གནས།། རྟག་ཏུ་མཆོད་རྟེན་གྱུར་པ་སྟེ། སྐུ་གདུང་སྙིང་པོའི་བདག་ཉིད་ཅན།། རྟག་ཏུ་སངས་རྒྱས་བདག་ཉིད་འགྱུར།། དུས་གསུམ་དག་ལ་བཞུགས་པ་ཡི།། སངས་རྒྱས་དེ་བཞིན་གཤེགས་པ་གང་།། སངས་རྒྱས་དཔ་པོ་དེ་ཀུན་གྱིསྲས་གཅིག་ཏུ་ནི་བརྗོད་པ་ཡིན། ། འདི་ནི་དེ་བཞིན་གཤེགས་པའི་སྲས།། ཐུགས་ལས་སྐྱེས་དང་ཞལ་ལས་སྐྱེས།། ཆོས་ཀྱི་དབྱིངས་སྤྲུལ་ཆོས་ལས་སྐྱེས།། འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་མགོན། ། རྟག་ཏུ་རྗེས་སུ་འབྲང་བར་འགྱུར།། ཕྱག་གཡས་རྟག་ཏུ་སྤྱི་བོར་ནི།། འཇོག་མཛད་འདི་ནི་ཐེ་ཚོམ་མེད།། རིལ་བུ་མཐོང་བ་ཙམ་གྱིས་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ།། སྡིག་པ་ཐམས་ཅད་ལྷག་པར་འཚེད།། སྒྲིབ་པ་ཐམཅད་རྣམ་པར་བདག། དེ་ནི་ངན་འགྲོར་འགྲོ་མི་འགྱུར།། ཕྱིར་ཞིང་གནས་མཆོག་ཞི་བ་འཐོབ།། འཇིག་རྟེན་འདྲེན་པ་འོད་དཔག་མེད།། མགོན་པོ་རྟག་ཏུ་མངོན་སུམ་མཐོང་། ། བདེ་བ་ཅན་དུ་འཇུག་པར་བྱེད།། གང་ན་དེ་ཡི་མངོན་དགའ་བ།། དེ་བཞིན་གཤེགས་པ་མི་འཁྲུགས་པ།། རྟག་ཏུ་མི་འཁྲུགས་པར་འགྱུར་ཞིང་།། དེ་བཞིན་མི་གཡོ་མི་འགུལ་ཏེ། ། སེམས་དཔའ་རི་རབ་ཆེ་དང་མཉམ།། གཟུང་དུ་མེད་པས་མཚོ་དང་འདྲ།། དེ་ལ་བགེགས་དང་ལོག་འདྲེན་དག། ནམས་ཀྱང་འཇུག་པར་མི་འགྱུར་ལ།། སེམས་དཔའ་ཕྱག་བྱའི་གནས་སུ་འགྱུར།། གང་ལ་ནོར་རྒྱལ་འདི་ཡོད་ལ།། རྒྱལ་པོ་ཆེན་པོ་བཞི་པོ་དག། དཔུང་དང་བཅས་པ་བཀོལ་དང་བཅས།། རྟག་ཏུ་སྲུང་ཕྱིར་གནས་བྱེད་དེ།། འདིར་ནི་ཉིན་མཚན་དེ་བཞིན་ནོ།། ལྷ་ཚོགས་ཐམས་ཅད་སྲུང་བར་ནི། ཐེ་ཙོམ་མེད་པར་བྱེད་པར་འགྱུར།། གཟི་བརྗིད་དཔལ་ཡང་རབ་ཏུ་འཕེལ།། དེ་ལ་ལེགས་པར་འཇུག་པར་འགྱུར།། འཇིགས་མེད་རྟག་ཏུ་རྨི་ལམ་ནི།། དངོས་པོ་ཆེན་པོ་སྣ་ཚོགས་མཐོང་།། གྲུ་འཛིན་རིལ་གཞལ་མེད་ཁང་།། ཚུལ་དང་བཅས་ཤིང་རིན་ཆེན་བཅས།། གནས་དང་བཅས་པ་མཐོང་བར་འགྱུར།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་མིན་གསང་བ་པ། ནམ་མཁའ་ལྡིང་དང་མི་འམ་ཅི།། དེ་བཞིན་ལྟོ་འཕྱེ་འཁོར་དང་བཅས།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ནི།། ཀུན་ནས་བསྐོར་བ་མཐོང་བར་འགྱུར།། རིན་ཆེན་ལྷ་ཡི་སེང་གེའི་གདན།། ཁང་པ་བརྩེགས་པ་རིན་ཆེན་དང་།། ནོར་བུ་ཆེན་པོས་བརྒྱན་པ་དང་།། འཇིག་རྟེན་དབང་ཕྱུག་ཐུབ་པའི་གཙོ།། པདྨའི་སྙིང་པོ་ལ་བཞུགས་ནས།། དོན་ཡོད་ཞགས་པའི་ཕྱག་རྒྱ་དང་།། དཀྱིལ་འཁོར་བཅས་པའི་ཆོས་བསྟན་ཏོ། ། གསུང་ཀུན་ཐོབ་པར་གྱུར་ནས་ནི།། ཐུབ་པ་རང་གི་ངོ་བོ་མཐོང་།། དེ་ལྟར་རྨི་ལམ་བཟང་རྨི་བ།། ཉིན་གཅིག་བཞིན་དུ་མཐོང་བར་འགྱུར།། ནོར་བུ་རྒྱལ་པོའི་མཐུ་ནི་དེ་འདྲ་བས།། དེ་བས་མི་ཡིས་འབད་པ་ཆེན་པོས་གཟུང་། ། དགེ་སྦྱོང་བྲམ་ཟེ་ཉིད་དང་རྒྱལ་རིགས་དང་།། དམངས་རིགས་ཉིད་དམ་ཡང་ན་རྒྱལ་པོ་འམ།། བཙུན་མོ་སྨྲས་སམ་དཔུང་གི་གཙོ་བོ་འམ།། སྐྱེས་པ་འམ་བུད་མེད་ཁྱེའུ་དང་བུ་མོ་དག། ནོར་བུའི་རྒྱལ་པོ་རྟག་ཏུ་འཆང་བྱེད་པ།། དེ་ནི་སྟོན་པ་ཉིད་དང་འདྲ་བར་འགྱུར།། ཆོམ་རྐུན་གྱིས་ནི་མི་སླུ་ཞིང་།། གནོད་བྱེད་ཀྱིས་ནི་འཇིགས་མི་འགྱུར།། འཇིགས་པ་མི་བཟད་བརྒྱུད་ལས་མཐར།། དེ་ལ་དུག་དང་སྦྱར་བའི་དུག། སྦྱར་དུག་དྲགས་པོས་མི་ཚུགས་ཤིང་།། དེ་ལ་བྱད་ཀྱིས་ཚུགས་མི་འགྱུར།། གང་ལ་ནོར་བུའི་རྒྱལ་པོ་ཡོད།། དེ་ལ་ནད་ཀྱིས་མི་ཚུགས་ཤིང་།། ན་བས་མ་ཡིན་སྡིག་པས་མིན།། པདྨ་ཆུ་ཡིས་མི་ཆགས་ལྟར།། རྟག་ཏུ་ཆགས་པ་མེད་པར་གནས།། གཡུལ་འགྱེད་པ་ཡི་ནང་ན་འམ།། འཐབ་བམ་འགྱེད་དམ་རྩོད་པ་ན།། ལན་ཐེབས་རྟག་ཏུ་རྒྱལ་བར་ནི།། ཐོབ་པར་འགྱུར་ཏེ་ཐེ་ཙོམ་མེད།། དེ་ནས་རྫས་ནི་བཤད་བྱ་སྟེ། ། སྨན་ནི་བཀྲ་ཤིས་དང་ལྡན་པ།། གྲུབ་པའི་མཐའ་སྟེ་མཆོག་ཏུ་གཙང་།། འཇིག་རྟེན་མགོན་དང་མཉམ་པར་གསུངས།། ཨ་ཀ་རུ་དང་། ཙན་དན་དང་། པདྨ་དང་། ཨུཏྤལ་དང་། ཤི་རིའི་ཤའི་མེ་ཏོག་དང་། ཨ་པ་མརྒ་དང་། མེ་རུ་དང་། ན་ལ་ད་དང་། ཆུ་སྲིན་གྱི་སེན་མོ་དང་། ཀ་ན་ཀའི་འབྲས་བུ་དང་། ཙན་དན་གྱི་འབྲས་བུ་དང་། པདྨའི་འབྲས་བུ་དང་། རྡོ་དྲེག་དང་། མེ་དང་། བཙོད་དང་། སཱུ་ཀ་རི་དང་། མ་ཀ་ཊཱི་དང་། ཛ་ཡ་དང་། བི་ཛ་ཡ་དང་། པ་རི་པ་ལ་བ་དང་། ར་ས་དང་། བཱི་རཱ་དང་། དྷྱ་མ་ཀ་དང་། རྒྱ་སྤོས་དང་། བུ་སཱ་དང་། ཨ་བརྟ་ཀ་དང་། རུ་རྟ་དང་། བྱ་གྲ་ན་ཁ་དང་། པཏ་ཏྲ་དང་། ཏྲ་ཙ་དང་། ཀ་དམ་བྷ་རཱ་དང་། པྲི་ཡང་ཀུ་དང་། གིའུ་ཝང་དང་། སྤྲི་ཀ་དང་། སྨྱིག་རྐང་དང་། ཡུངས་ཀར་དང་། ན་ག་པུཥྤ་དང་། ཨེ་ལ་དང་། ལྡོང་རོས་དང་། གུར་ཀུམ་དང་། ག་པུར་དང་། གླ་རྩི་དང་། སྤང་སྤོས་དང་ན་ལེ་ཤམ་དཀར་པོ་དང་། སུ་མ་དང་། ཉེའུ་ཤིང་དང་། ཤུ་ཏི་དང་། སྦྲང་རྩི་དང་། ཙམ་པ་ཀ་སྟཾ། དེ་བཞིན་རྫས་ནི་དེ་དག་ཀུན།། སུ་བརྞ་ནི་དཀར་པོ་སྦྱར།། རིལ་བུ་ནམ་ཅིག་ཙམ་དུ་ནི།། སྐྱེས་བུ་མཁས་པ་བྱ་བ་ཡིན། ། སུ་བཎས་ནི་བཀབ་ནས་སུ།། རྫས་རྣམས་བསྲེས་ནས་སྦྱར་བར་བྱ།། ཆ་རྣམས་འཕེལ་བར་བྱ་བ་སྟེ།། གླ་རྩི་ཡིས་ནི་དྲི་སྐྱེད་དོ།། བྱེ་མ་ཞིབ་མོར་བཏགས་ནས་སུ།། ཙན་དན་དཀར་པོའི་ཆུས་སྦྱར་ནས། གྲིབ་མ་ལ་ནི་བསྐམ་པར་བྱ།། ཚེས་བརྒྱད་དག་ནས་བརྩམས་ནས་ནི།། ཚེས་ནི་བཅོ་ལྔ་ཉ་ཡི་བར།། ཉིན་གཅིག་བཞིན་དུ་དོན་ཡོད་པའི།། རྒྱལ་པོས་བརྒྱ་རྩ་བརྒྱད་དུ་བཟླས། བོའི་རྒྱལ་པོས་ཉིན་གཅིག་བཞིན།། ལན་བདུན་བར་དུ་དབང་བསྐུར་རོ།། ཕྱག་རྒྱས་དབང་བསྐུར་བར་ཡང་བྱ།། དེ་ནས་ཚེས་ནི་བཅོ་ལྔ་སྟེ།། ཉ་ལ་ཆུ་དང་ཡུངས་ཀར་དག། དཀྱིལ་འཁོར་དུ་ནི་གཞག་པར་བྱ།། དེ་ནས་ནོར་བུའི་རྒྱལ་པོ་ནི།། གཞག་པའི་དཀྱིལ་འཁོར་བཤད་པར་བྱ།། ཆ་རྣམས་མ་ནོར་ལེགས་པར་དབྱེ།། རྒྱར་ནི་ཀོ་ལའི་ཚད་དུ་བྱ།། ཤིན་ཏུ་འཇམ་ལ་བྱི་བདར་ལེགས།། ཚོན་རྩི་སྣ་ཚོགས་མཛེས་པ་དང་། ། དཀྱིལ་འཁོར་མཆོག་ནི་ཐིག་གདབ་བོ།། སྒོ་བཞི་དོད་ཅིང་གླུ་བཞི་དོད།། ཀུན་ནས་ཤིན་ཏུ་ཆཕྱེ་ཞིང་།། དཀྱིལ་འཁོར་སྙིང་པོ་ཆེ་ཕྱེ་བ།། ཚད་དང་ཤིན་ཏུ་ལྡན་པར་བྱ།། པདྨ་ཆེན་པོ་བཞི་དག་དང་།། དེ་བཞིན་ཕྱག་དང་སྤྱན་དུ་བཅས།། དོན་ཡོད་དངོས་གྲུབ་བྲི་བར་བྱ།། ནོར་བུའི་རྒྱལ་པོ་འཆང་བ་ཡིས།། ཕྱག་རྒྱར་བཅས་པ་བྲི་བར་བྱ།། ཆུ་ཡི་རྒྱ་མཚོའི་ནང་དུ་ནི།། ལས་ཀྱི་རྡོ་རྗེ་ལེགས་པར་བྲི།། དཀྱིལ་འཁོར་སྙིང་པོ་དམ་པ་ལ། ། ཀུན་ནས་ཁ་ཁྱེར་རྣམ་པ་དང་།། མེ་ཏོག་སྣ་ཚོགས་པ་དག་བྲི།། དཀྱིལ་འཁོར་ཕྱི་རོལ་ཀུན་ཏུ་ནི།། ནོར་བུ་པདྨ་ལེགས་པར་བྲི།། སྒོ་བཞི་ཡི་ནི་གནས་རྣམས་སུ།། པདྨ་ཞགས་པ་མདུད་ཅེ་གསུམ། ། རྡོ་རྗེའི་ཚུལ་མཆོག་ལེགས་པར་བྲི།། གྲཝ་བཞི་ཡི་ནི་གནས་རྣམས་སུ།། ལག་ན་ནོར་བུ་ཡོད་པ་བྲི།། པདྨའི་སྟེང་ན་རབ་ཏུ་གནས།། དཀྱིལ་འཁོར་བཟང་པོ་ཕན་ཕྲན་དང་།། བུམ་པ་བཀང་དང་མ་ཏོག་དང་། ། བདུག་པ་འབྲས་བུ་རྣམས་ཀྱིས་བརྒྱན།། གཏོར་མ་རྣམ་པ་སྣ་ཚོགས་དག། ཅི་བདོག་བུངས་ཆེར་གཞག་པར་བྱ།། ཀུན་ཏུ་མར་མེའི་འཕྲེང་བ་དང་།། མཆོད་ཡོན་ཆུ་དང་ཨ་ཀ་རུ།། ཙན་དན་བདུག་སྤོས་དབུལ་བར་བྱ། ། ནོར་བུའི་རྒྱལ་པོ་འཇིགས་མེད་པ།། སྣོད་བཟང་ལེགས་པར་བཀང་ནས་སུ།། རྒྱ་དར་ལ་ཡིས་ཁ་གཡོགས་ཏེ།། དཀྱིལ་འཁོར་དེ་ཉིད་རིག་པས་གཞག། དཀྱིལ་འཁོར་སྙིང་པོར་འཇིག་རྟེན་དབང་།། གཞག་སྟེ་དེ་ནས་ལས་རྡོ་རྗེ།། སྣོད་ཀྱི་སྟེང་དུ་གཞག་པ་ནི།། ནོར་བུའི་དཀྱིལ་འཁོར་བྱ་བ་ཡིན།། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ།། ཁྲོ་བོའི་རྒྱལ་པོས་ལན་བདུན་དབང་བསྐུར་བར་བྱ། ། དེ་ནས་གསང་སྔགས་ཡི་གེ་གཅིག་པུ་འབུམ་ཚང་བར་བཟླས་བརྗོད་བྱ་སྟེ། འབུམ་བཟླས་བརྗོད་བྱས་ན་ནོར་བུའི་རྒྱལ་པོ་འབར་བར་འགྱུར། དེ་ནས་རིག་སྔགས་འཆད་གི་ལག། གཡས་དང་ལྡན་པས་བཟུང་ནས་ནི།། ཆང་པ་དམ་དུ་བསྡམ་པར་བྱ།། བསྡམས་པ་ཙམ་གྱིས་མོད་དག་ལ།། རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ།། ནོར་བུ་དྲི་མ་མེད་པ་དོན་ཡོད་པའི་རྣམ་པར་འཕྲུལ་པ་བཀོད་པ་ཞེས་བྱ་བ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་འཐོབ་ལ། འཁོར་རིག་སྔགས་འཆང་འཁོར་ལོས་སྒྱུར་བ་བྱེ་བ་ཕྲག་འབུམ་ཡོད་པར་འགྱུར། ལུང་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཕྱེ་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དག་ཁ་ཏོན་དུ་ལོབས་པར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་དང་བདུད་པ་དག་གིས་གསོང་པོར་སྨྲ་བར་བྱེད། ཐམས་ཅད་དུའང་དོན་ཡོད་པའི་དཀྱིལ་འཁོར་རྣམ་པར་ཐར་པའི་དཀྱིལ་འཁོར་རྣམ་པར་བྱེ་བ་ཐོབ་པར་འགྱུར། ཚེ་བསྐལ་པ་འབུམ་ཕྲག་བདུན་ཅུ་རྩ་གཉིས་སུ་རིང་བར་འགྱུར། དོན་ཡོད་པའི་པདྨའི་འཁོར་ལོ་མདུན་ནས་འགྲོ་བར་འགྱུར་རོ།། གལ་ཏེ་འབར་བར་མ་གྱུར་ན་སྔར། བསྟན་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ཐོབ་པར་འགྱུར་ལ། མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་དང་འདྲ་བའི་ནོར་བུ་རྒྱལ་པོའི་རིལ་བུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ནས་སྒྲུབ་པ་ཡིན་ནོ།། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ལ། གང་དང་གང་དུ་སྐྱེ་བའི་ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར། ནོར་བུའི་རིལ་བུ་འདི་མཐོང་བ་ཙམ་གྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་མངོན་གསུམ་དུ་མཐོང་ཞིང་ལྟ་བར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་མཐོང་ཞིང་རྟག་ཏུ་ལྟ་བར་འགྱུར། རིལ་བུ་རང་གི་ལུས་ལ་ཡོད་ན་དེའང་ཕྱིར་མི་ལྡོག་པར་རིག་པར་བྱའོ།། དེ་བཞིན་གཤེགས་པའི་རིངས་སྲེལ་གྱི་སྙིང་པོ་མཆོད་རྟེན་དང་མཉམ་པ་ཞེས་བྱ་བ་སྟེ། འདི་ལ་སོམ་ཉི་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། མཐོང་བ་དང་རེག་པ་ཙམ་གྱི་མོད་ལ་སྔོན་གྱི་ལས་ཀྱི་སྒྲིབ་པ་གྲངས་དང་བགྲང་བའི་ཚུལ་གྱི་བསྐལ་པ་འབུམ་དུ་བསགས་པ་མནར་མེད་པའི་གནས་སུ་འགྲོ་བར་འགྱུར་བ། མཚམས་མེད་པ་ལྔ་བྱེད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་སྤོང་བ་དེ་དག་ཐམས་ཅད་དུས་གསུམ་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཐུ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ནོར་བུའི་རྒྱལ་པོའི་མཐུས་ཐམས་ཅད་ཟད་པར་འགྱུར། སེམས་ཅན་དམྱལ་བའི་འགྲོ་བ་དག་ལས་ཡོངས་སུ་ཐར་བར་འགྱུར། བདེ་འགྲོའི་ལམ་ལ་གཞོལ་བར་འགྱུར། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། དེ་ལྟ་བས་ན་ལེགས་པར་སྒྲུབ་པའི་མཐར་ཐུག་པར་བྱ་ཞིང་བསྒྲུབ་པར་བྱ། མཐུ་སྟོབས་ཀྱིས་སྦྱར་བར་བྱ། ཤིན་ཏུ་གསལ་ཞིང་རབ་ཏུ་གསལ་བའི་བསམ་པས་འབད་པས་སྦྱར་བར་བྱ། རང་གཽ་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་ནས་བཙལ་བར་བྱ་ཞིང་། ཆོ་ག་ཞིབ་མོའི་རྒྱལ་པོ་ཡོངས་སུ་བཙལ་བར་བྱ་བ་ཡིན། ཕྱི་རོལ་གྱི་དངོས་པོ་ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། དངུལ་དང་། གོས་དང་། རྒྱན་རྣམས་ཡོངས་སུ་བཏང་ནས་ཡོངས་སུ་བཙལ་བར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲོག་གཏང་བར་བྱའི། དེ་གཏང་བར་མི་བྱའོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྒྲུབ་པ་འདི་བཙལ་བར་བྱ་ཞིང་བསྒྲུབ་པར་བྱའོ།། འདི་དུས་ཕྱི་མའི་ཚེ་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར། སེམས་ཅན་ཐམས་ཅད་ཡང་དག་པ་ཉིད་ཀྱི་དད་པས་སངས་རྒྱས་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ཕྱིར་མི་ལྡོག་པར་འགྱུར་ཞིང་། ནམས་ཀྱང་ངན་འགྲོ་ལོག་པར་འགྲོ་བར་མི་འགྱུར་རོ།། ནོར་བུའི་རིལ་བུ་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་གའོ།། ། དེ་ནས་དེའི་ཕྱིར་དོན་ཡོད་པ་ཡངས་པའི་དཀྱིལ་འཁོར་ཆེན་པོ་དོན་ཡོད་པ་ཆེན་པོའི་རྣམ་པར་འཕྲུལ་པའི་དངོས་གྲུབ་ཀྱི་སྨན་ནོར་བུ་དང་གསང་སྔགས་རྣམས་བཤད་པར་བྱ་སྟེ། སྨན་ནོར་བུ་དང་། གསང་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱའི་མཐུ་དེས་ཕྱི་མའི་དུས་ཕྱི་མའི་ཚེ་ན་རིག་སྔགས་འཆང་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་སྤྱིའི་གསང་བའི་དཀྱིལ་འཁོར་རྣམ་པ་སྣ་ཚོགས་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་བསྟན་པ་ཡང་དག་པར་བསྟན་པ་ཡང་དག་པར་སྟོན་པར་མཛད། བཀླགས་པས་གྲུབ་པ། རིགས་ཀྱི་དམ་ཚིག་སྤྱིའི་གསང་བ་ཐམས་ཅད་དུ་ཉེ་བར་སྟོན་པར་མཛད་དོ།། རིག་སྔགས་འཆང་རྣམས་ཀྱི་ངལ་བ་འབྲས་བུ་མེད་པ་གཞན་དུ་འགྱུར་བ་མེད་དོ། ། ངལ་བ་དང་། དུབ་པ་དང་། འབད་པའི་བཟླས་བརྗོད་ཀྱི་ཆོ་ག་འབྲས་བུ་མེད་པར་མི་འགྱུར་བར་བྱ་བའི་ཕྱིར། རང་གི་སེམས་ཀྱི་རྒྱུད་དད་པ་དང་། གུས་པ་དང་། གསང་ཆེན་དང་། གསང་བར་བྱ་བ་གཞན་ལ་བསྟན་པར་མི་བྱ་སྟེ། དངོས་གྲུབ་མེད་པར་མི་འགྱུར་རོ།། དེ་ལྟ་བས་ན་གསང་སྔགས་སྒྲུབ་པ་ནི་ཤིན་ཏུ་གསང་བར་བྱ་ཞིང་ལེགས་པར་སྨྱུང་བ་བྱས་པ་ལ་འབད་པར་བྱ། ཁ་ཟས་ངན་པ་སྤང་བར་བྱ། གོས་ངན་པ་དང་སེམས་ཅན་ངན་པའང་ཡོངས་སུ་སྤང་བར་བྱ། མི་བསྲུན་པ་དང་། མི་བདེན་པ་དང་། ཕྲ་མ་དང་། སེམས་ཅན་སུན་པར་བྱེད་པ་དང་། གསང་སྔགས་རྐུ་བ་དང་། ཆོ་ག་ཞིབ་མོ་རྐུ་བར་བྱེད་པ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་རྐུ་བར་བྱེད་པ་དེ་དག་གིས་རྟོགས་པ་ནི་གང་ནའང་མེད་དེ། དུས་གསུམ་གྱི་མགོན་པོས་སྤད་ཅིང་བྱང་ཆུབ་སེམས་དཔས་ཀྱང་སྤད་ལ། མགོན་པོ་འཕགས་པ་སྤྱན་རས་གཟིས་དབང་ཕྱུག་གིས་ཀྱང་སྨད་པ་ཡིན་ནོ། ། སེམས་ཅན་སྡོང་དུམ་བསྲེགས་པ་འདི།། གསང་བ་སུན་འབྱིན་མ་རུངས་པ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། རྟག་ཏུ་སྨད་པར་བྱ་བ་ཡིན།། ལྷ་རྣམས་ཀྱིས་ནི་ཡོངས་སུ་བཏང་། ། མ་རུངས་པས་ནི་བདུད་ཀྱིས་ཟོས།། མ་རུངས་པས་ནི་བགེགས་ཀྱིས་ཟོས།། བསླབ་གཞི་ཚུལ་ཁྲིམས་ཉམས་པ་དང་།། མགོན་པོའི་བསྟན་པ་སུན་འབྱིན་པ།། དེ་ལ་དངོས་གྲུབ་ཇི་ལྟར་འབྱུང་། ། དེ་ལ་སྐྱོབ་པ་གང་ཡང་མེད།། མགོན་མེད་ཀུན་ཏུ་སྨད་པ་ཡིན།། དེ་བས་དེ་ལ་དངོས་གྲུབ་ནི།། ཆུང་ངུའང་མེད་ལ་ཉེས་པ་ཡིས།། གསང་སྔགས་དང་ནི་སྨན་མི་འགྲུབ།། ཉེས་པ་དེ་དག་རང་གིས་བྱས།། གཞན་ཡང་མ་རུངས་བྱེད་པ་ཡིན།། དེ་བས་སེམས་ཅན་མཁས་ལ་སྦྱིན།། སློབ་པ་འདོད་ཅིང་ཡོན་ཏན་དགའ།། སྙིང་རྗེའི་བདག་ཉིད་བྱམས་ལ་གནས།། སེམས་ཅན་ཀུན་ལ་བརྩེ་བའི་མཆོག། དེ་ཡི་ལག་ཏུ་སྦྱིན་བྱ་སྟེ།། དེ་ཡི་དངོས་གྲུབ་བླ་ན་མེད། ། གསང་བ་འདི་ནི་ཤིན་ཏུ་གསང་བ་ཡིན་ཏེ།། འཇིག་རྟེན་དབང་ཕྱུག་གི་སྙིང་པོ་གསང་བ་དེའང་རིག་སྔགས་འཆང་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་སྒྲུབ་སླ་སྟེ། བཀྲས་པས་འགྲུབ་པ་དེ་བཞིན་དུ་སྨན་ནོར་བུ་འདི་ལ་རྟག་ཏུ་འཇུག་ཅིང་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། ། རིག་སྔགས་འཆང་ནི་བདག་ཉིད་ཀྱིས།། མཆོག་ཏུ་གསང་བ་བསྒྲུབ་བྱ་བ།། རིག་སྔགས་འཆང་ནི་གཙང་མ་ཡིས། ། ཁྲུས་བྱས་གོས་གཙང་གྱོན་བྱེད་ལ།། འདིར་ནི་ཉིན་ཞག་སྦྱང་བ་དང་།། དད་དང་གུས་པས་མཆོད་པ་དང་།། དོན་ཡོད་འཁོར་ལོ་སྒྲུབ་བྱེད་པས།། དངོས་གྲུབ་དཀྱིལ་འཁོར་དམ་པ་སྒྲུབ།། སྨན་སྠི་ཀ་དང་། ཙན་དན་གྱི་@#བྱེ་མ་དང་། ཨ་ཀ་ཙུ་དང་། པདྨ་གེ་སར་དང་། པདྨ་དང་། པདྨའི་ལྡུམ་བུ་དང་། པདྨའི་འདབ་མ་དང་། དེ་བཞིན་དུ་གིརུ་ཝང་དང་། སྡོང་རོས་དང་། ཙམ་པ་ཀ་དང་། སུ་མ་ན་སྟེ། དེ་བཞིན་ཆ་ནི་མཉམ་སྦྱར་ཏེ། ། ཕྱེ་མ་དག་ཏུ་བྱས་ནས་ནི།། དེ་ནས་དོན་ཡོད་རྒྱལ་པོ་ཡིས།། ཚེས་བརྒྱད་དང་ནི་བཅོ་ལྔའི་བར།། བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་བྱ།། ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད།། བཟླས་བརྗོད་བྱས་ནས་དབང་བསྐུར་རོ། ། དེའི་འོག་ཏུ་ཆ་ལྔར་བྱ་སྟེ།། མིག་བསྐུ་བ་དང་། རིལ་བུ་དང་། ཕྱེ་མ་དང་། ཏིལ་མར་ཚོས་པ་དང་། ཁ་དོང་བཀྲུ་ཞིང་ཁྲུས་བྱའོ།། མིག་སྨན་ནི་སོའུ་བྱི་རེ་དང་ལྷན་ཅིག་སྦྲུས་ལ་དོན་ཡོད་པའི་རྒྱལ་པོས་བརྒྱ་སྟོང་བཟླས་བརྗོད་བྱའོ། ། རིལ་བུ་ནི་སྦྲང་རྩི་དཀར་པོ་དང་ལྷན་ཅིག་སྤུའོ།། ཕྱེ་མ་ནི་འཇིག་རྟེན་དབང་ཕྱུག་ལ་ཕུལ་བའི་མེ་ཏོག་དང་ལྷན་ཅིག་སྤུའོ།། ཏིལ་མར་བཅོས་པ་ནི་བྲཧྨ་ཏི་ལ་སྟེ། ཤིང་བ་ལ་ཤའི་མར་དང་ལྷན་ཅིག་སྤུའོ། ། ཁ་གདོང་བཀྲུ་བ་ནི་ཙན་དན་དཀར་པོའི་ཆུ་དང་ལྷན་ཅིག་སྦུ་ཞིང་།། སུ་མ་ན་དང་། གུར་ཀུམ་དང་། སྤོས་ཆུས་ལྷན་ཅིག་སྦྲུས་ལ་སོ་སོར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་དབང་བསྐུར་བར་བྱའོ། ། དེ་ནས་རིག་སྔགས་འཆང་ཉིན་ཞག་གཅིག་སྨྱུང་བ་བྱས་པས་གཅིག་ཏུ་སྦྲུས་ཏེ། དངུལ་གྱི་སྣོད་ཀྱི་ནང་དུ་བཅུག་ལ། སོ་སོར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཤར་ཕྱོགས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་གཞག་པར་བྱ་སྟེ། དཀྱིལ་འཁོར་མཆོག་ལ་ཕྱག་དང་བསྐོར་བ་བྱས་ལ། དེ་ནས་སོ་སོར་དར་གྱིས་ཁ་གཅད་དེ་དཀྱིལ་འཁོར་གྱི་སྙིང་པོར་གཞག་ལ། དོན་ཡོད་པའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་དབང་བསྐུར་བར་བྱ། དབང་བསྐུར་བར་བྱས་ནས་ཀྱང་རིག་སྔགས་འཆང་གིས་དབང་བསྐུར་བར་བྱ། དེ་ནས་དཀྱིལ་འཁོར་སྙིང་པོར་ནི། ། འཇིག་རྟེན་དབང་ཕྱུག་མཆོད་བྱ་སྟེ།། བདུག་སྤྲོས་ལྔ་དག་དབུལ་བྱ་བར།། ཨ་ཀ་རུ་དང་ཙན་དན་དང་།། སྤྲི་ཀ་གུ་གུལ་དུ་རུ་ཀ། མཆོད་ཡོན་སྣོད་ནི་ལྔ་དབུལ་ཞིང་།། གཏོར་མ་ལྔ་ནི་དགང་བྱ་སྟེ། ། རོ་ལྡན་སྣ་ཚོགས་དག་གིས་དགང་།། རོ་ལྡན་འབྲས་བུ་སྣ་ཚོགས་པའི།། གཏོར་མ་ཆ་ལྔ་དབུལ་བར་བྱ།། ཀུན་ཏུ་འཕྲེང་བ་ཉི་ཤུ་དང་།། མར་མེ་ཉི་ཤུ་ལྔ་དག་དང་།། སྤོས་ཀྱི་ཕྱེ་མ་ལྔ་དག་དང་།། སྤོས་ཀྱི་ཆ་ལྔར་ཕྱེ་བས་བྱུག། འཕན་ཕྲན་ཉི་ཤུ་རྩ་ལྔ་གདགས།། ཚོན་རྩི་ལྔ་ཡིས་མཛེས་པར་བྱ།། གསེར་དང་དངུལ་གྱིས་གཡོགས་པ་ཡི།། བུམ་པ་གང་བ་ཉི་ཤུ་ལྔ།། རིན་པོ་ཆེ་ནི་ལྔ་གཞུག་གོ། སྒོ་བཞི་གྲཝ་བཞིར་བུམ་པ་བརྒྱད། ། བརྒྱ་དང་ཉི་ཤུ་རྩ་ལྔ་ཉིད།། དཀྱིལ་འཁོར་མེ་ཏོག་འབྲས་ཡོས་དང་།། ཡུངས་ཀར་ཉིད་ཀྱིས་མངོན་པར་དགྲམ།། སློབ་དཔོན་བླ་མ་མཆོད་པ་ནི།། གོས་དང་སྣོད་དང་ཡོན་གྱིས་སོ།། ཐུབ་པ་འཇིག་རྟེན་དབང་ཕྱུག་ལྟར། ། སྟོན་པའི་འདུ་ཤེས་བསྐྱེད་ནས་སུ།། དཀྱིལ་འཁོར་སློབ་དཔོན་མཆོད་བྱས་ནས།། དེ་ནས་དཀྱིལ་འཁོར་གཤེགས་པར་གསོལ།། དེ་ནས་ལས་རྣམས་བྱ་བ་ནི།། ཇི་ལྟར་ཡིད་ལ་སྣ་ཚོག་བྱ། ། དོན་ཡོད་ཆེན་པོའི་གཞལ་མེད་ཁང་།། རིག་སྔགས་འཆང་གིས་རྟག་ཏུ་གསང་།། དེ་ཉིད་དངོས་གྲུབ་སྒྲུབ་སླ་བ།། དེ་བཞིན་ནོར་བུ་སྨན་སྔགས་སོ།། དོན་འདི་ཤིན་ཏུ་བཀྲ་ཤིས་སོ།། མཁས་པ་མི་བྱ་བ་ཡིན། ། ཕྲ་མའི་ཚིག་ཀྱང་མི་བསྟེན་ཏེ།། བརྫུན་ནི་རྣམས་ཀྱང་སྒྲ་མི་བྱ།། འདི་ནི་སྒྲུབ་པའི་དེ་ཉིད་དེ།། དེ་ལ་འགྲུབ་པ་ཐེ་ཙོམ་མེད།། འདིར་ནི་དཀྱིལ་འཁོར་བཤད་པར་བྱ། ཀུན་ནས་གྲུ་བཞི་ལྷམ་པ་སྟེ།། གྲཝ་བཞི་ཆ་ནི་ལེགས་པར་བྱེད།། ཀོ་ལའི་ཚད་དེ་ལགས་པ་དང་།། སྣ་ཚོགས་མཚོན་གྱི་ཐིག་སྐུད་ཀྱིས།། དཀྱིལ་འཁོར་དམ་པ་ཐིག་གདབ་པོ།། དཀྱིལ་འཁོར་དབུས་ཀྱི་སྙིང་པོར་ནི། ། འཁོར་ལོ་བཟང་པོ་བྲི་བར་བྱ།། དབུས་ཀྱི་ལྟེ་བར་པདྨོ་ཡི།། འཁོར་ལོ་གསལ་བ་བྲི་བར་བྱ།། པདྨའི་སྙིང་པོའི་གསེར་དང་ནི།། དངུལ་ལམ་ཙན་དན་ལས་བྱས་པ།། འབར་བར་འཇིག་རྟེན་དབང་ཕྱུག་བཅུ་འཁོར་ལོ་ཀུན་ཏུ་རྩིབས་དང་ནི། ། མུ་ཁྱུད་དག་གིས་ཆ་དབྱེའོ།། དཀྱིལ་འཁོར་སྙིང་པོའི་གྲཝ་རྣམས་དེར།། ལྷའི་དབང་པོ་ཚངས་པ་དང་།། ཁྱབ་འཇུག་དབང་ཕྱུག་ཆེན་པོ་བྲི།། ཀུན་ཏུ་ཁ་ཁྱེར་རྣམ་པ་དང་།། པདྨ་འཕྲེང་བ་རྣམས་བྱའོ།། དཀྱིལ་འཁོར་ཕྱི་རོལ་ཀུན་ཏུ་ནི།། རྟག་ཏུ་ཕྱག་རྒྱ་རྣམས་བྲི་སྟེ།། རྡོ་རྗེ་དགྲ་སྟ་མདུང་རྩེ་གསུམ།། རལ་གྲི་ཞགས་པ་ཐོ་བ་དང་།། གཤིན་རྗེ་བེ་ཅོན་པདྨ་གདུགས།། དབྱུག་ཏོ་མདའ་པོ་ཆེ་རྣམས་སོ། ། སྒྲ་རྣམས་ཀུན་ཏུ་འཕྲེང་བ་དང་།། མེ་ཏོག་རྣམ་པ་སྣ་ཚོགས་དགྲམ།། སྒོ་སྠོ་དེ་ནི་དཀྱིལ་འཁོར་གྱི།། ལྷ་སྟེ་གཤིན་རྗེ་ནུ་ལྔ་དང་།། ལུས་ངན་དང་ནི་གཞོན་ནུ་བྲི།། དཀྱིལ་འཁོར་གཱ་བའི་རྣམས་སུ་ནི། ། རྒྱལ་པོ་ཆེན་པོ་བཞི་པོ་དག། གོ་ཆ་ལེགས་པར་བགོས་པ་དང་།། ཁྲོ་བར་ལྟ་བ་འཇིགས་བྱེད་བྲི།། འདི་ནི་དཀྱིལ་འཁོར་མཆོག་ཡིན་ཏེ།། དཀྱིལ་འཁོར་གྱི་ནི་དགོས་པ་རྣམས།། ལེགས་པ་ཡོངས་སུ་རྫོས་བ་ར་ནི། ། རིག་སྔགས་ཇི་བཞིན་བསྟན་པ་ཡིན།། དེ་ནས་ལེགས་པར་ཁྲུས་བྱས་ལ།། གོས་གཙང་བགོས་པ་འཇིགས་མེད་པས།། སྨན་མཆོག་གཟུང་སྟེ་ལས་བྱའོ།། རྨོངས་པའི་དྲ་བ་སྣ་ཚོགས་དང་། སྒྱུ་མ་ལྟ་བུའི་རྣམ་སྤྲུལ་པ།། གང་གིས་ངན་འགྲོ་ཐར་འགྱུར་བ།། སེམས་ཅན་ཀུན་ལ་བསྟན་པར་བྱ།། རྟག་ཏུ་དགའ་དང་དད་པ་དང་།། གུས་པས་དེ་ཉིད་ཐོབ་པར་འགྱུར།། རིག་སྔགས་འཆང་གིས་སྒྲུབ་པའི་མཆོག། དངོས་གྲུབ་དེ་ཉིད་ཐོབ་པར་འགྱུར།། རིག་སྔགས་འཆང་གིས་སྔར་ཁྲུས་བྱས་ལ་རྫས་ཀྱི་དྲི་ཆབ་གཙང་མ་དོན་ཡོད་པའི་རྒྱལ་པོས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཙན་དན་གྱི་ཆུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྒྲ་ཡན་ཆད་ཙམ་བྱུག་ལ་ཚོད་ཟིན་པར་བསྐུས་ནས་ཁ་གདོང་བཀྲུ་བར་བྱའོ། ། མིག་སྨན་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་བསྐུས་ན་མིག་བཟང་བར་འགྱུར་རོ།། བརྒྱ་རྩ་བརྒྱད་ཚང་བར་བཟླས་བརྗོད་བྱས་ནས་བདག་ཉིད་དང་ཕྱོགས་བཅུར་གཏོར་རོ། ། དེ་བཞིན་དུ་ཏིལ་མར་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྒྲ་ཡན་ཆད་བསྐུ་བ་དང་། ཚོད་ཟིན་པར་བསླུ་བ་དང་། ལུས་རྐང་མཐིལ་ཡན་ཆད་བསྐུའོ།། ཡི་གེ་གཅིག་པུ་ཡིད་ལ་བྱ་བ་ལ་སེམས་བྱམས་པ་ཉིད་ལ་གནས་ནས་རྒྱལ་པོ་དང་། བཙུན་མོའི་སྒོ་འམ། སྐྱེ་བོའི་ནང་ངམ། འདུས་པ་ཆེན་པོ་འམ། དགེ་འདུན་གྱི་ནང་ངམ། ཚོགས་དང་ཕྲད་པ་འམ། དེ་བཞིན་དུ་གཞན་དག་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མགོན་པོའི་གཟུགས་དང་ཁ་དོག་ཏུ་མཐོང་ཞིང་སའི་སྟེང་ནས་རྐང་པ་ཁྲུ་གང་ཙམ་གྱིས་སྤགས་ཏེ་འདུག་ལ། ཇི་ལྟ་ཇི་ལྟར་འདུལ་བ་རྣམས་ཀྱི་དང་པ་དེ་ལྟ་དེ་ལྟར་གཟུགས་རྣམས་སྟོན་པར་བྱེད་དེ། རྒྱལ་པོ་འམ། འཁོར་ལོས་སྒྱུར་བ་འམ། མིའི་སེང་གེ་འམ། བག་གམ། སྲེད་མེད་ཀྱི་བུར་སྟོན་པ་འམ། ཚངས་པ་འམ། སུམ་ཅུ་རྩ་གསུམ་གྱི་དབང་པོ་འམ། དབང་ཕྱུག་ཆེན་པོ་མིག་གསུམ་པ་འམ། གཞོན་ནུ་འམ། ཆུ་ལྷ་འམ། གཤིན་རྗེ་འམ། རྣམ་ཐོས་ཀྱི་བུ་འམ། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་འམ། ནག་པོ་ཆེན་པོ་འམ། དགའ་བྱེད་དབང་ཕྱུག་གམ། སེར་སྐྱ་འམ། གསང་བ་པ་འམ། ལག་ན་རྡོ་རྗེ་སྟོབས་པོ་ཆེ་འམ། ནོར་བུ་བཟང་པོའི་བུ་འམ། གང་བ་བཟང་པོ་འམ། སྟོབས་ཀྱི་ལྷ་འམ། གར་མཁན་མཆོག་གམ། རླུང་ལྷ་འམ། དྲང་སློང་ཉིད་དེ། ཇི་ལྟར་གཟུགས་རྣམ་པ་སྣ་ཚོགས་ཡིད་ལ་བྱས་པ་ཐམས་ཅད་སྟོན་པར་བྱེད་དོ།། མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་ཉིད་འབྱུང་བར་བྱེད་དོ།། དེ་བཞིན་དུ་དགེ་འདུན་གྱི་ནང་དུ་ཞུགས་ན་དེ་སངས་རྒྱས་ཀྱི་གཟུགས་དང་། གཟུགས་སྣ་ཚོགས་སུ་སྣང་ཞིང་གཞལ་མེད་ཁང་གི་རྣམ་པ་དག་ཀྱང་སྟོན་པར་བྱེད་དོ།། ཇི་ལྟར་འདོད་པར་འགྱུར་བ་ཡིད་ལ་བྱས་པ་དེ་ལྟར་གཟུགས་རྣམས་སྟོན་པར་བྱེད་དོ།། འཁོར་ཚོགས་པའམ། དགོན་པ་འམ། འཆག་ས་དག་ཀྱང་སྨན་ནོར་བུ་དང་། གསང་སྔགས་ཀྱི་མཐུས་གཟུགས་སྣ་ཚོགས་སུ་སྟོན་པར་བྱེད་དོ།། འགྲོན་པོ་འབྲོག་གི་ནང་དུ་ཕྱིན་པ་ཉམ་ཐག་པ། འཇིགས་པ་མི་བཟང་བ་ཆུ་མེད་པ། མུ་གེའི་དགོན་པར་མགོན་མེད་པ། སྡུག་བསྔལ་དྲག་པོ་དེ་ལྟ་བུའི་ནང་དུ་ཆུད་པའི་སྐྱེ་བོ་སྡུག་པར་གྱུར་པ། སྐྱབས་མེད་པ། མགོན་མེད་པར་གྱུར་པ། སྐྱོབ་པ་མེད་པ། དཔུང་གཉེན་མེད་པར་གྱུར་པ་ན་དེ་ལ་རིག་སྔགས་འཆང་གིས་ཕྱེ་མ་འདིས་ཕྱོགས་བཞིར་མཚམས་གཅད་པར་བྱ། ཕྱེ་མས་དཀྱིལ་འཁོར་གྱི་ཚུལ་དུ་རི་མོ་བྲིས་ལ་རིལ་བུ་ལྔ་དཀྱིལ་འཁོར་གྱི་དབུས་སུ་གཞག་གོ།། ཡུངས་ཀར་ལ་ཏིལ་མར་གྱི་རྒྱལ་པོས་བསྐུས་ལ་དོན་ཡོད་པའི་རྒྱལ་པོས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་དབང་བསྐུར་ནས། ཁྲོ་བོའི་རྒྱལ་པོས་ཧཱུཾ་ཞེས་བྱ་བས་ཕྱག་རྒྱ་བཅིངས་ལ། ས་ལ་བསྣུན་ཅིང་ཕྱོགས་བཞིར་གཏོར་བར་བྱ་བ་ཕྱག་རྒྱ་དང་ལྡན་པར་བྱས་པ་ཙམ་གྱིས་ཆུ་བཟང་པོ་རྣམ་པ་སྣ་ཚོགས་འབབ་ཅིང་རྫིང་འབྱུང་བར་འགྱུར། ཚལ་དང་། ཉེ་བའི་ཚལ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་ལྡན་པའི་གཞལ་མེད་ཁང་འབྱུང་བར་འགྱུར། ཕྱེ་མའི་དཀྱིལ་འཁོར་དེ་ལས་གྲོང་ཁྱེར་དང་ཁང་བཟང་འབྱུང་བར་འགྱུར། ཁྱིམ་གྱི་གནས་ལྔ་སྟོང་འབྱུང་བར་འགྱུར་ཞིང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འབྱུང་བར་འགྱུར། ཉོ་ཚོང་དང་། བ་ལང་དང་། མ་ཧེ་དང་། རྟ་དང་། གླང་པོའི་གནས་དག་འབྱུང་བར་འགྱུར། དགེ་སྦྱོང་དང་། བྲམ་ཟེ་དང་། ཚོང་པ་དང་། ཁྱིམ་དང་། ཁང་པ་བཟང་པོ་དག་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་བསམས་པ་དེ་སྲིད་དུ་འདུག་གོ།། ཆུ་དང་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཕྱོགས་བཞིར་གཏོར་ན་མི་སྣང་བར་འགྱུར་རོ། ། ཡུངས་ཀ་ལ་དེ་ཡུལ་འགྱེད་པའི་ནང་དུ་གཏོར་ན་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པར་འབྱུང་བར་འགྱུར་ཏེ། དེས་ཕ་རོལ་གྱི་དམག་ཚོགས་དང་། དགྲས་འཇིགས་ཤིང་འཇོམས་པར་བྱེད་པ་ལས་རྒྱལ་བར་འགྱུར་རོ།། གྲོང་ཁྱེར་གྱི་ཕྱོགས་བཞི་ཀུན་ཏུ་གཏོར་ན་གཏོར་བ་ཙམ་གྱི་མོད་ལ་འོབས་བཅད་ཅིང་ར་བ་ཁ་ཁྱེར་གྱིས་བསྐོར་ལ། གྲོང་ཁྱེར་ཀུན་ཏུ་སྐྱེས་བུ་གོ་ཆ་བགོས་པ་དག་སྣང་བས་གྲོང་ཁྱེར་མནན་པ་འམ་གཙེ་བར་སུས་ཀྱང་མི་ནུས་སོ།། མཚན་མོའི་དྲིའི་ཏིལ་མར་དེ་ཉིད་ཡུངས་ཀར་ལ་བསྐུས་ཏེ། བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཆང་པ་གང་མོའི་ནང་དུ་གཏོར། ཆང་པ་གང་གྲོང་ཁྱེར་གྱི་ཕྱོགས་བཞི་ཀུན་ཏུ་གཏོར་ན་ཀུན་ནས་མར་མེའི་འཕྲེང་བ་འབྱུང་བར་འགྱུར་ལ། ཇི་སྲིད་དགོས་པ་དེ་སྲིད་དུ་འབར་རོ།། གཙུག་ལག་ཁང་ངམ། དགོན་པ་འམ། རི་འམ། ཕུག་གམ། འཆག་སའི་གནས་སམ། ཁྱིམ་དུ་གཏོར་ན་མར་མེའི་འཕྲེང་བ་འབྱུང་བར་འགྱུར་རོ།། ཆུ་དང་ཡུངས་ཀར་གྱིས་མི་སྣང་བར་འགྱུར། གྲོང་ཁྱེར་གྱི་སྒོར་ཡུངས་ཀར་གཏོར་ན་གཏོར་བ་ཙམ་གྱི་མོད་ལ་དགྲ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་གྲོང་ཁྱེར་མི་སྣང་བར་འགྱུར་རོ།། གང་ན་ཕྱིར་རྒོལ་བ་དང་། ཕ་རོལ་གྱི་དམག་ཚོགས་གནས་པའི་གྲོང་ངམ། གྲོང་ཁྱེར་རམ། ཚལ་གྱི་ནང་ངམ། དགོན་པའི་གནས་སུ་གཏོར་ན་འབྲོག་དགོན་པ་འབྱུང་བར་འགྱུར་ལ། ཐམས་ཅད་ཕན་ཚུན་ངོ་མི་ཤེས་ནས་འཇིགས་ཤིང་སྐྲག་པ་ཆེན་པོས་རབ་ཏུ་འབྲོས་པར་བྱེད་དོ།། དགྲའི་ཚོགས་ཀྱི་ནང་དུ་གཏོར་ན་མཚོན་ཆ་ཐམས་ཅད་དང་། འགྱེད་པའི་གོ་ཆ་ཐམས་ཅད་མི་སྣང་ཞིང་གཅེར་བུར་འགྱུར་རོ།། ཞལ་ཆེ་འགྱེད་པའི་ནང་དུ་གཏོར་ན་འགྱེད་ཟླ་གཙོ་བོ་དེ་གཅེར་བུར་འགྱུར་རོ།། དགྲའི་སྟེང་དུ་གཏོར་ན་མེ་འབར་བ་འབྱུང་བར་འགྱུར་ཏེ། དེ་དག་ལ་སོགས་པ་ཡིད་ལ་ཇི་ལྟར་བྱས་པའི་ལས་འབུམ་སྙེད་བྱེད་དོ།། དེ་ནས་ལས་རྒྱ་ཆེན་པོ་བྱེད་པར་འདོད་པའི་རིག་སྔགས་འཆང་གཙང་མ་ལེགས་པར་ཁྲུས་བྱས་པ་སྤོས་ཀྱིས་ལུས་བསྐུས་པ་དེས། ཡུངས་ཀར་དང་ཏིལ་མར་གྱི་རྒྱལ་པོས་བསྐུས་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཏོར་བར་བྱ། ཁྲོ་བོའི་རྒྱལ་པོས་ལན་བདུན་དབང་བསྐུར་ནས་ཕྱག་རྒྱ་བཅས་པའི་ལག་པས་རིལ་བུ་སྤྱི་བོར་བཞག་ལ་ཕྱེ་མས་གདབ་པར་བྱ། ཏིལ་མར་གྱི་རྒྱལ་པོས་རྐང་པ་ལ་བྱུག་པར་བྱ། དོན་ཡོད་པའི་རྒྱལ་པོ་ལན་ཅིག་དྲན་པར་བྱ་སྟེ། ཡོངས་སུ་སྦྱང་བའི་ལས་ལྷན་ཅིག་བྱ་བ་ལེགས་པར་བྱས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་གཡོ་སྟེ་གར་དགའ་བར་འགྲོ་ལ། གཟུགས་བརྙན་གང་དུ་འགྲོ་བ་དེ་ཉིད་དུ་རང་འགྲོ། ལྷའི་སྟེང་དུ་གཏོར་ན་ལྷ་ལྷའི་གནས་ནས་འཕོ་ཞིང་གར་དགའ་བ་དེར་འགྲོའོ།། ཕྱེ་མས་ལྷའི་སྟེང་དུ་གཏོར་ན་ཁྲོ་བོའི་རྒྱལ་པོ་ཧཱུཾ་ཞེས་བྱ་བ་མི་སྣང་བར་འགྱུར་རོ།། ཏིལ་མར་གྱི་རྒྱལ་པོ་ལ་ལན་བརྒྱ་བརྒྱ་བཟླས་བརྗོད་བྱས་ལ་བདག་ཉིད་ཀྱི་པུས་མོ་དང་བྱིན་པ་ལ་བསྐུས་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། རྐང་མཐིལ་ལ་བསྐུས་ན་སའི་སྟེང་ན་རྐང་པ་སོར་བཞི་ཙམ་མི་རེག་གོ།། རྡོའི་སྟེང་དུ་རྐང་པ་གཞག་པ་དང་། རྐང་རྗེས་བྱུང་བའི་སྟེང་དུ་རྫ་མ་དང་། བུམ་དང་། བུམ་པ་གཞག་པའི་རྐུ་བ་ལ་བསྐུས་ན་སོར་བཞི་ཙམ་གྱི་ཚད་དུ་ནམ་མཁའ་ལ་འདུའོ།། ཡུངས་ཀར་ལ་བཟླས་བརྗོད་བྱས་ནས་མེས་སྦྱིན་སྲེག་བྱས་པའི་ཐལ་བ་དེ་བླངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཏིལ་མར་གྱིས་སྨྲས་པ་ལ་ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱར་དབང་བསྐུར་ནས་མིག་ལ་བསྐུས་ན་མིག་གསུམ་སྟོན་ཅིང་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་པར་བྱེད་དོ། ། ཐལ་བས་ལུས་ལ་བྱུགས་ན་ཚངས་པའི་གཟུགས་སུ་སྟོན་ཏོ།། ཤིང་པ་ལ་ཤ་དང་པརྣ་ཥ་བསྲེས་པས་ལུས་བྱུགས་ན་སྲེད་མེད་ཀྱི་བུའི་སྟོབས་དང་། ཤུགས་དང་། གཟུགས་སུ་སྟོན་ཏོ།། ཏིལ་མར་ཆེན་པོས་ཁར་བསྐུས་ལ་ཐལ་བས་དཔྲལ་བར་ཐིག་ལེ་བྱས་ན་གཞོན་ནུའི་གཟུགས་སུ་སྟོན་ཏོ།། ཡུངས་ཀར་གྱི་འབྲུ་ཁ་དོག་སྣ་ཚོགས་ཅན་ལ་ཏིལ་མར་ཆེན་པོ་བྱུགས་པས་བསྐུས་ལ་དོན་ཡོད་པའི་རྒྱལ་པོས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཕྱག་རྒྱས་བརྒྱ་རྩ་བརྒྱད་དབང་བསྐུར་ཅིང་ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད་དབང་བསྐུར་ལ། དེ་ནས་དངུལ་གྱི་སྣོད་ཀྱི་ནང་དུ་གཞག། དེ་ནས་ལས་ཐམས་ཅད་བྱེད་དེ་ནམ་མཁའ་ལ་གཏོར་ན་ནོར་བུ་དང་རིན་པོ་ཆེའི་ཆར་འབབ་པར་སྟོན་ཏོ།། དེ་བཞིན་གཤེགས་པ་མཆོད་པའི་ཚེ་ནམ་མཁའ་ལ་གཏོར་ན་མེ་ཏོག་གི་ཆར་སྣ་ཚོགས་འབབ་པར་འགྱུར། འདུས་པའི་ནང་དུ་ནམ་མཁའ་ལ་གཏོར་ན་འབྲས་བུ་དང་ནོར་གྱི་རྒྱུན་སྣ་ཚོགས་པ་སྟོན་ཏོ།། ཚལ་གྱི་ནང་དུ་གཏོར་ན་མེ་ཏོག་དང་འབྲས་བུ་སྭ་ཚོགས་པ་སྟོན་ཏོ། ། རི་བུག་ཏུ་གཏོར་ན་རྫས་དང་སྨན་སྣ་ཚོགས་སྟོན་ཏོ།། མཆོད་རྟེན་རྙིང་པ་འམ། གཙུག་ལག་ཁང་ངམ། ལྷའི་གནས་སུ་གཏོར་ན་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་གང་ཞིང་རྫོགས་པའང་བ་བཟང་པོ་ཡངས་པ་གནས་ཀྱི་མཆོག་སྟོན་ཏོ། ། གྲོང་ཁྱེར་སྟོང་པར་གཏོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་ཤིང་ཡོངས་སུ་རྫོགས་པ་དང་། ཡུལ་རྒྱལ་པོ་དང་། སླས་དང་། བཀྲབས་པ་དང་། མདུན་ན་འདོན་པ་དང་། བློན་པོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་སྟོན་ཏོ།། ཡང་ཁྲོ་བོའི་རྒྱལ་པོའི་ཧཱུཾ་ཞེས་བྱ་བས་གཏོར་ན་དཔུང་གི་ཚོགས་ཡན་ལག་བཞི་པ་སྟོན་ཏོ།། དུར་ཁྲོད་ཀྱི་ནང་དུ་གཏོར་ན་ཤི་བའི་རུས་པ་གང་དང་གང་ལ་བབ་པ་དེ་དང་དེ་གང་དུ་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟ་འམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་འམ། བྱ་འམ། ཉ་འམ། རུས་སྦལ་གྱི་རིགས་སུ་སྐྱེས་པ་འམ། ལྷའི་འཇིག་རྟེན་ནམ། སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་དེའི་རུས་པ་འམ་བོད་པ་ལས་ཚིག་འབྱུང་བར་འགྱུར་ལ། གང་དུ་སྐྱེས་པ་དེའི་གཏམ་ཡང་སྨྲའོ།། གང་དང་གང་གི་སྐྱེ་གནས་སུ་སྐྱེས་པ་དེ་ཐམས་ཅད་སྨྲ་ལ། ཐབས་ཇི་ལྟར་བྱ་བ་དེ་སྨྲའོ།། ཡུངས་ཀར་དེས་ཀྱང་རུས་གོང་འབྲེལ་བར་རམ། ཤི་བའི་རོ་འམ། རུས་པ་འཐོར་བ་ལ་བབ་ན་བབ་པ་ཙམ་གྱིས་མོད་ལ་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ཟོང་བཀྲམ་པའི་ནང་དུ་གཏོར་ན་ཐམས་ཅད་མི་མངོན་པར་འགྱུར་རོ། ། ནམ་མཁའ་ལ་གཏོར་ན་སྐར་མ་རྣམས་མི་མཐོང་བར་འགྱུར་རོ།། སྐྱེ་བོ་མང་པོའི་ནང་དུ་གཏོར་ན་ཐམས་ཅད་གཅེར་བུར་འགྱུར་རོ།། འདུས་པའི་ནང་དུ་གཏོར་ན་ཐམས་ཅད་བྲོ་རྡུང་བར་བྱེད་དོ། ། དགེ་འདུན་གྱི་ནང་དུ་གཏོར་ན་དགེ་སློང་ཐམས་ཅད་བསམ་གཏན་འཐོབ་པར་འགྱུར་རོ།། ཚོགས་ཀྱི་གཙོ་བོ་ལ་གཏོར་ན་རྣལ་འབྱོར་སྤྱོད་པར་འགྱུར་རོ། ། མཁའ་འགྲོ་མའི་ཚོགས་ཀྱི་ནང་དུ་གཏོར་ན་ཐམས་ཅད་བོང་བུ་དང་། ཝ་དང་། ཁྱིའི་གཟུགས་ཅན་དུ་འགྱུར་རོ།། སྦྱོར་བའི་སྒོར་གཏོར་ན་སྦྱོར་མ་ཐམས་ཅད་འབར་ལ་མ་ཧེའི་གཟུག་ཅན་དུ་སྣང་ངོ་། ། ཤི་བའི་སྟེང་དུ་གཏོར་ན་བྲོ་བརྡུང་བར་བྱེད་དོ།། ཐོད་པའི་སྟེང་དུ་གཏོར་ན་བྲོ་རྡུང་བར་བྱེད་ཅིང་རྒྱུག་ལ་ཕན་ཚུན་རྒྱུག་པར་བྱེད་དོ།། ལམ་གྱི་བཞི་མདོར་གཏོར་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་ཉེ་བར་འཁོད་ལ། ཇི་སྲིད་འཚོའི་དབང་དུ་གྱུར་ནས་འཁོད་དོ།། ཉིན་གཅིག་བཞིན་བདག་ཉིད་ལ་གཏོར་ན་མཆོད་པ་ཆེན་པོའི་གནས་སུ་འགྱུར་ཏེ། གཞན་ཡང་རང་གི་བློ་རྣམས་ཀྱིས་ལས་འབུམ་སྙེད་དོ།། དོན་ཡོད་པ་ཆེན་པོ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་སྒྱུ་མ་ལྟ་བུའི་ཆོ་གའོ།། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅོ་བརྒྱད་པ། ། ། དེ་ནས་དེའི་ཕྱིར་འགུགས་པ་ཆེན་པོ་དང་། ལག་ན་རྡོ་རྗེའི་གཟུགས་བསྟན་པའི་ཆོ་ག་བཤད་པར་བྱ་སྟེ། གང་གིས་ལྷ་རྣམས་མྱུར་དུ་འོང་བ་དང་། ཕྱག་ན་རྡོ་རྗེའི་གཟུགས་མྱུར་དུ་སྟོན་ཏོ།། རྡོ་རྗེའི་སྐུ་དང་སྟོབས་པོ་ཆེ།། ཏ་མགྲིན་དང་ནི་མགུལ་སྔོན་དང་།། དེ་བཞིན་རྟ་ནི་རྒོད་མའི་ཁ།། བདུད་རྩི་འཁྱིལ་ལྡན་གཟུགས་པོ་ཆེ།། ལོག་འདྲེན་རྣམས་ནི་རབ་འཇོམས་དང་། ། ཁྲོ་རྒྱལ་དེ་བཞིན་འཇིགས་བྱེད་སྤྱན།། ཀེ་ལེའི་ཀེ་ལིའི་རྒྱལ་པོ་ཆེ།། ཁྲོ་བོ་ཚོལ་པ་སྟོབས་པོ་ཆེ།། དེ་བཞིན་རྡོ་རྗེས་འོག་གཟུགས།། རྡོ་རྗེ་རྩེ་མོ་དེ་ཉིད་དང་།། ཀླུ་ཆེན་རབ་འཇོམས་སྤྱན་ཡངས་དང་། ། སོག་མ་མེད་ནི་འདུལ་བ་དང་།། དེ་བཞིན་ཐིགས་ཁྲོ་ཁྲོས་ཆེན་དང་།། དེ་བཞིན་མཆེ་བ་གཙིགས་མཛད་དང་།། རྒྱལ་པོ་ཆེན་པོ་རྡོ་རྗེའི་སྒྲོག། ཀླུ་ཡི་དབང་པོ་སྟོབས་ཀྱིས་གནོན།། མགོན་པོ་གོས་སྔོན་གྱོན་པ་དང་། ། དབྱུག་སྔོན་དགྲ་ལས་རྒྱལ་བ་དང་།། འཇིག་རྟེན་དབང་ཕྱུག་པདྨའི་སྟེ།། ཕྱག་ན་པདྨ་པདྨ་ཕྱུག། དེ་བཞིན་འཇིགས་པ་བརྒྱད་སེལ་དང་།། དེ་བཞིན་མཆོད་རྟེན་འཇིག་རྟེན་བླ།། སྣ་ཚོགས་གཟུགས་ཏེ་བཟང་པོ་དང་།། སྲེད་མེད་བུ་དང་ཚངས་པ་དང་།། དྲག་པོ་དཎྜི་དབང་ཕྱུག་དང་།། ནག་པོ་ཆེན་པོ་གཞོན་ནུ་དང་།། གཤིན་རྗེ་དང་ནི་ཆུ་ལྷ་ཉིད།། ཉི་མ་དང་ནི་ཟླ་བ་དང་།། རྒྱུ་སྐར་སྒྲ་གཅན་མཇུག་རིངས་དང་། ། དེ་བཞིན་གཟའ་དང་ལྷ་མ་ཡིན།། ནམ་མཁའ་ལྡིང་དང་མི་འམ་ཅི།། གནོད་སྦྱིན་སྲིན་པོ་ལྟོ་འཕྱེ་ཆེ།། འབྱུང་པོ་དཔལ་ལྡན་རྣམ་ཐོས་བུ།། དེ་བཞིན་ཡུལ་སྐྱོང་མིག་མི་བཟང་། ། འཕགས་སྐྱེས་དེ་ཉིད་མཐོང་བ་དང་།། མིའུ་ཐུང་དང་དྲང་སྲོང་གཟུགས།། ནོར་བུ་བཟང་སྲས་གང་བ་བཟང་།། སྣ་ཚོགས་གཟུགས་ཅན་སྟོན་པ་དང་།། རྒྱལ་པོ་དང་ནི་དེད་དཔོན་དང་།། ཚོང་དཔོན་དེ་བཞིན་ཁྱིམ་བདག་དང་། ། བྲམ་ཟེ་དང་ནི་རྒྱལ་རིགས་དང་།། དགེ་སྦྱོང་སྟག་དང་སེང་གེ་དང་།། ཁྱུ་མཆོག་དེ་བཞིན་ནགས་ཀྱི་ལྷ།། ཤིང་ལྷ་དེ་བཞིན་ལོ་ཏོག་ལྷ།། གདྷཱ་སཱི་ཏ་ཡ་མུ་ན།། ཐབ་ནམ་ལྡན་རུས་སྦལ་ཉ། ། ལག་འགྲོ་དང་ནི་བོད་པ་ཅན།། སྐལ་སོད་དེ་བཞིན་འབྲས་བུ་དང་།། མེ་ཏོག་རྒྱ་རླབས་ཆེན་པོ་དང་།། སྐུ་ཚོགས་གཟུགས་དང་རྣམ་སྣ་ཚོགས།། དེ་ལྟར་དགུག་པ་བསྟན་པ་དང་། ། དེ་ལྟར་སླར་གཤེགས་གསོལ་བ་ཉིད།། སྦྱིན་སྲེག་དྲ་བ་འདི་ཉིད་ཀྱིས།། སྤུ་འཕྲུལ་རྨད་བྱུང་གསང་སྔགས་གྲུབ།། རྫས་གྲུབ་ནོར་བུ་ཏི་ལ་མར་གྲུབ།། དོན་ཡོད་ཞགས་པ་བསྲུབ་པའི་ཕྱིར། ། དེ་ཉིད་དངོས་གྲུབ་རབ་སྟོན་པ།། མཆོད་རྟེན་དགོན་པ་གཙུག་ལག་ཁང་།། ལྷ་ཡི་གནས་དང་དེ་བཞིན་གྲོང་།། གྲོང་ཁྱེར་ཉིད་དང་འབབ་ཆུའི་དང་།། མཚེའུ་དང་ལྟེང་ཀ་ཆུ་བོ་དང་།། རྫིང་དང་དེ་བཞིན་ཆར་འབབ་དང་། ། འབྲུག་སྒྲོགས་དང་ནི་གློག་འབྲུ་དང་།། གཞན་ཡང་མེ་ནི་འབར་བ་དང་།། དུད་པའི་ཕུང་པོ་བདེ་འགྱེད་དང་།། སྐྱེས་བུ་གོ་ཆ་གྱོན་པ་དང་།། དེ་བཞིན་མཚོན་ཆ་སྣ་ཚོགས་མཐོང་།། ཁྱུ་མཐོང་གྲུབ་པ་མཐོང་བ་དང་། ། དེ་ཉིད་རྨད་དུ་བྱུང་བ་སྟེ།། རྫས་ཉུང་སྦྱར་བ་ཉུང་གྱུར་ཀྱང་།། དེ་ཉིད་དངོས་གྲུབ་བླ་ན་མེད།། སེམས་ཅན་རྣམ་ལ་ཕན་འཚལ་ནས།། བཅོམ་ལྡན་དེ་ཉིད་བདག་གིས་བཤད།། རིག་སྔགས་འཆང་རྣམས་བཀླགས་པས་འགྲུབ། ། དབུལ་པོ་རྣམས་ནི་ནོར་འཐོབ་ཅིང་།། སྡང་བ་རྣམས་ནི་བྱམས་པར་བགྱིད།། མུ་སྟེགས་གཞན་རྣམས་དད་པར་བགྱིད།། མཁས་པ་རྣམས་ནི་དགའ་བར་བགྱིད།། གདུལ་དཀའ་རྣམས་ནི་ཐར་བར་འཚལ།། དགེ་སློང་རྣམས་ནི་བསམ་གཏན་ཐོབ།། ཏིང་འཛིན་བླ་ན་མེད་པ་ཐོབ།། ཆོས་འདོད་རྣམས་ནི་སངས་རྒྱས་མཐོང་།། སྡིག་པ་བྱེད་རྣམས་སྡིག་པ་འཇིག། མི་རིགྲ་བྱས་རྣམས་ཐར་པ་ཐོབ། ། མཚམས་མེད་ལྔ་རྣམས་རྣམ་དག་དོན།། དབུགས་མ་ཕྱིན་རྣམས་དབུགས་འབྱིན་མཆོག། མ་དུལ་བ་རྣམས་དེ་བཞིན་འདུལ།། མ་བརྒལ་བ་རྣམས་སྒྲོལ་བའི་གྲུ།། ཐར་པའི་ལམ་དུ་འགྲོ་བར་གནས། ། མ་གྲོལ་ངན་འགྲོ་ཀུན་ལས་འགྲོལ།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། ལུང་མ་བསྟན་པ་ལུང་སྟོན་བྱེད།། སྐྱོན་དང་དྲི་མ་སྡིག་པ་རྣམས།། ཐམས་ཅད་མོད་ལ་སྤོང་བགྱིད་དུ། ། དེ་ལ་སོགས་པའི་ལས་རྣམས་ནི།། བཀླགས་པས་གྲུབ་པ་བགྱིད་པ་ལགས།། འཇིག་རྟེན་པ་དང་འཇིག་རྟེན་འདས།། དོན་གྱི་དངོས་གྲུབ་བླ་ན་མེད།། གང་དང་གང་དུ་སྦྱོར་བ་བགྱིད།། དགོས་པ་ཐམས་ཅད་འགྲུབ་པར་འགྱུར།། ཡིད་ལ་བསམ་པ་འགྲུབ་པར་འགྱུར།། འདིར་ནི་ཡིད་ཀྱིས་རྣམ་བསམ་པ།། ཇི་ལྟར་ཡིད་ལ་འདོད་པ་དང་།། ཇི་ལྟར་ངོ་བོ་ཀུན་བསམས་པ།། དེ་ལྟར་རྣམ་འཕྲུལ་སྟོན་པར་བགྱི། ། ཚེས་གྲངས་རྒྱུ་སྐར་སྦྱར་མི་འཚལ།། སྨྱུང་བ་བགྱི་བ་མི་འཚལ་ཏེ།། ཆོ་ག་ཇི་བཞིན་དུས་ཇི་བཞིན།། ཆོ་ག་རིག་སྔགས་རྒྱལ་པོ་བཟླས།། རིག་སྔགས་འཆང་བ་གཙང་གྱུར་ཅིང་། ། ལེགས་པར་ཁྲུས་བགྱིས་གོས་གཙང་དག། བགོས་པ་བདེན་པར་སྨྲ་བ་དང་།། བླ་མ་ལ་ནི་གུས་བྱེད་པ།། རྟག་ཏུ་བྱམས་པའི་སེམས་ལ་གནས།། སེམས་ཅན་ལ་ནི་བརྩེ་བའི་མཆོག། སྡོམ་ལ་གནས་ཤིང་ཚངས་པར་སྤྱོད། ། ཆོས་མ་ཡིན་པ་སྤོང་བྱེད་པ།། གལ་ཏེ་དེ་ཉིད་གྲུབ་འདོད་ན།། ཆང་དང་ཤ་དང་ཀུན་དོང་དང་།། འདྲེས་དང་ཟ་འཕྲོ་སྦགས་པ་སྤངས།། སེམས་ཅན་ངན་པ་སུན་འབྱིན་པ། ། རིག་སྔགས་ཆུ་དང་ཆོ་ག་ཆུ། ཆོས་ཆུ་གསང་སྔགས་ཆུབ་དང་།། དེ་བཞིན་རྐུན་མོ་ཆོམ་རྐུན་དང་།། སེར་སྣ་རྟག་ཏུ་སྤང་བར་གྱིས།། དེ་དག་ལ་ནི་དངོས་གྲུབ་མེད།། མ་རྦ་པ་ནི་དམ་ཚིག་ཉམས། ། ཡིད་གཅུགས་པས་ནི་མེད་པར་བྱེད།། སྡིག་པའི་ཆོས་ནི་ཀུན་ཏུ་སྤྱོད།། དེ་བཞིན་གཤེགས་པ་ཀུན་གྱིས་སྤད།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨད།། རྟག་ཏུ་ཆོས་ཀྱི་སྡོང་དུ་མ་འགྱུར། ། ཤི་ནས་སེམས་ཅན་དམྱལ་བར་གཞོལ།། རྟག་ཏུ་སྨད་པའི་གནས་སུ་འགྱུར།། དབུལ་པོ་ལུས་ནི་བསྐམས་པ་དང་།། མཛེ་དང་ཁྱི་རྗེས་འདེབས་པ་དང་།། སྡུག་བསྔལ་རྐུན་མ་ཆོས་སུན་འབྱིན། ། ཆོས་རྐུ་བའི་ལུས་ཅན་ནི།། འཇིག་རྟེན་འདིར་ནི་བདེར་མི་འགྱུར།། འཇིག་རྟེན་ཕ་རོལ་ག་ལ་བདེ།། སེམས་ཅན་དམྱལ་བར་གཞོལ་བ་ཡིན།། དེ་ལྟ་བས་ན་ཆེན་པོ་འདོད་པས་ནི་རྟག་ཏུ་དམ་པའི་ཆོས་ཀྱི་རྗེས་སུ་འབྲང་བར་བྱ་ཞིང་། རྟག་ཏུ་དཀོན་མཆོག་གསུམ་དང་། པ་དང་། མ་དང་། བླ་མ་དང་། སྟོན་པ་ནི་སྐྱོབ་པ་དང་། སྐྱབས་དང་། དཔུང་མཉེན་མཛད་པ། སྟོན་པ། མཆོག་སྦྱིན་པ། དངོས་གྲུབ་དང་མི་འཇིགས་པ་སྦྱིན་པ། རྒ་ཤི་ལས་ཐར་བར་བྱེད་པ། དབང་ཕྱུག་སྦྱིན་པ། ནོར་སྦྱིན་པ། ལོངས་སྤྱོད་སྦྱིན་པ། དང་བ་མཆོག་བསྐྱེད་པ་དེ་ཉིད་འཇིག་རྟེན་བླ་མ། མགོན་པོའི་འཇིག་རྟེན་དབང་ཕྱུག། དབང་ཕྱུག་ཆེན་པོ། དབང་ཕྱུག་མགོན་པོ། མཆོག་སྦྱིན་པར་མཛད་པ། གཟུགས་སྣ་ཚོགས་སྟོན་པར་མཛད་པ། དངོས་གྲུབ་སྣ་ཚོགས་སྦྱིན་པར་བགྱིད་པ། མགོན་པོ་སྡུག་བསྔལ་སྣ་ཚོགས་ཡོངས་སུ་ཐར་བར་བགྱིད་པ། ནད་སྣ་ཚོགས་སྦྱོང་བར་གྲུབ་པ། རིན་པོ་ཆེ་སྣ་ཚོགས་རབ་ཏུ་སྦྱིན་པར་བགྱིད་པ། འཇིག་རྟེན་གྱི་སྡིག་པ་སྣ་ཚོགས་སེལ་བར་བགྱིད་པ། བླ་མ་ལ་གུས་པ་སྣ་ཚོགས་བགྱིས་པ་ལགས་ཏེ། དེ་ལྟ་བས་ན་རྟག་ཏུ་འབད་པས་དགོས་པ་ཐམས་ཅད་རབ་ཏུ་སྦྱིན་པར་བགྱིད་པ། རྟག་ཏུ་འབད་པས་ཤིན་ཏུ་གུས་པར་བགྱིད་པ་ལགས་སོ།། ། དེ་ནས་རྫས་ཀྱི་སྨན་སྒྲུབ་པ་དང་། བཟླས་བརྗོད་ཀྱི་ཆོ་ག་བཤད་པར་བགྱི་སྟེ། སེང་གེའི་ལྕེ་དང་། སྙིང་དང་། མིག་དང་། དེ་བཞིན་དུ་ཉ་ཕྱིས་ཀྱི་ཕྱེ་མ་དང་། ལྡོང་རོས་དང་། བྲཧྨའི་འོ་མ་དང་། གུ་གུལ་དང་། པདྨ་དང་། པདྨའི་ཟེ་བ་དང་། ཨུཏྤ་ལ་སྔོན་པོ་དང་། ན་ག་པུས་པ་དང་། ལི་ཤི་དང་། རྒྱ་སྤོས་དང་། དེ་བཞིན་དུ་གིའུ་ཝང་དང་། གླ་རྩི་དང་། ག་པུར་དང་། གུར་ཀུམ་དང་། ཙན་དན་དཀར་པོ་དང་། སྨི་ཀ་དང་། ཏེ་ཛ་བ་ཏི་སྟེ། དེ་ལྟར་ཆ་མཉམ་པར་བྱས་པ་དེ་དག་ཐམས་ཅད་ཕྱེ་མ་ཞིབ་མོ་བྱས་ལ་དངུལ་གྱི་སྣོད་བཀང་སྟེ་དར་གྱིས་གཡོགས། དོན་ཡོད་པའི་རྒྱལ་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་དུས་གསུམ་དུ་ཁྲི་བཟླས་བརྗོད་བྱའོ། ། དུས་གསུམ་དུ་ཁྲོ་བོའི་རྒྱལ་པོས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས་དབང་བསྐུར་ཞིང་། ཕྱག་རྒྱས་ཀྱང་ཉི་ཤུ་རྩ་གཅིག་ཏུ་དབང་བསྐུར་རོ།། ཁྲི་ཚང་ནས་ཆ་ལྔ་བྱས་ཏེ་ཕྱེ་མ་ནང་། ཏིལ་མར་དང་། ནོར་བུ་དང་། མིག་བསྐུ་བ་དང་། ཏིལ་མར་ཚོས་པ་དང་ཆ་ལྔའོ།། ཕྱེ་མའི་པདྨ་མུ་རུ་ཀའི་ཕྱེ་མ་དང་སྦྱར་ལ་བཟླས་བརྗོད་བྱའོ།། ཁྲོ་བོའི་རྒྱལ་བྲོ་ནི་ལྔ་སྟོང་ངོ་།། ཏིལ་མར་ནི་མཧཱ་རུ་ཏི་རས་འགྲུབ་སྟེ་བརྒྱད་སྟོང་བཟླས་བརྗོད་བྱའོ། ། ཁྲོ་བོའི་རྒྱལ་པོས་བཞི་སྟོང་ངོ་།། ནོར་བུ་སྦྲུལ་གྱི་ཁྲག་གིས་སྤྲས་ཏེ་ཁྲི་ཆིག་སྟོང་བཟླས་བརྗོད་བྱའོ།། ཁྲོ་བོའི་རྒྱལ་པོས་ལྔ་སྟོང་ལྔ་བརྒྱའོ་མིག་སྨན་ནི་རྨ་བྱའི་མིག་ཆ་དང་། འུག་པའི་མིག་དང་། ཀླར་པ་དང་སྦྱར་ལ་ཁྲི་ཆིག་སྟོང་བཟླས་བརྗོད་བྱའོ།། ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་དོ།། བྲ་ཧྨ་ཏེ་ལ་སྲང་ཉི་ཤུ། གན་དྷ་ར་བ་ཏེའི་ལ་སྲང་བརྒྱད། ཡུངས་མར་ལ་ས?་བཅུ་དྲུག། འོ་མ་ལ་སྲང་བརྒྱ། བ་སེར་མོ་གྲུབ་པའི་འོ་མ་དང་། བའི་ལྕི་བ་དང་། བ་གཅིན་སྲང་བདུན། དུ་རུ་ཀའི་མར་ཁུ་སྲང་གཉིས་ཏེ། རྫས་འདི་རྣམས་ཆུ་དང་བསྲེས་ནས་པདྨའི་སྡོང་བུས་དཀྲུག་ཅིང་ཟངས་སྣོད་དུ་བཙོའོ། ། མཉམ་པར་གཞག་པས་གསང་སྔགས་བཟླས།། ཆོ་ག་དག་གིས་བསྲུང་བར་བྱ།། ཆོ་ག་བཞིན་ཏུ་གཏོར་མ་སྦྱར།། མེ་ཏོག་བདུག་སྤོས་དག་གིས་བདུག། ཏིལ་མར་མཆོག་ནི་བསྒྲུབ་པར་བྱ།། རླུང་ཕུ་མེ་བུ་གྲུབ་པར་མཆོག། སྤོས་ཀྱི་ཤིང་གིས་བུད་པ་བཟང་།། འདི་ལྟར་གྲུབ་པར་ཤེས་པ་དང་།། ཁྲོ་བོའི་རྒྱལ་པོས་དབང་བསྐུར་བ།། ཉི་ཤུ་གཅིག་ཏུ་དབང་བསྐུར་རོ།། ཏིལ་མར་དེ་ནི་སྣོད་གཙང་མ།། ཟངས་སྣོད་ཡང་ན་དངུལ་སྣོད་བཟང་། ། སྨྱིག་མའི་སྣོད་དུ་གཞག་པར་བྱ།། དེ་ནས་རིག་སྔགས་བརྒྱད་སྟོང་དང་།། ཁྲོ་བོའི་རྒྱལ་པོ་བརྒྱད་སྟོང་ཉིད།། སོ་སོ་དག་ཏུ་བཟླས་བརྗོད་བྱ།། དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེར་གཞག་པར་བྱ་བ་ནི། ཇི་ལྟར་དཀྱིལ་འཁོར་གྱི་ཆོ་གར་བྱ་བ་དེ་ལྟར་བྱས་ནས་གཞག་ཅིངཔ། སློབ་དཔོན་གྱི་ལས་ཀྱང་བྱ་སྟེ། ཇི་ལྟར་དཀྱིལ་འཁོར་སྒྲུབ་པ་དང་། འཇུག་པ་དང་། དམ་ཚིག་དང་། ཕྱག་རྒྱ་དང་། དབང་བསྐུར་བ་དང་། མཆོད་པ་དང་། དཀྱིལ་འཁོར་བསྐོར་བ་དང་། ཕྱག་བྱ་བ་དང་། སྤྱི་གཙུག་བཅིང་བ་དང་། ཕྱག་རྒྱ་བཅིང་བ་དང་། སྲུང་བའི་ཆོ་ག་དང་། ཉེ་རེག་བྱ་བ་དང་། གོས་བགོ་བ་དང་། མཆོད་ཕྱིར་ཐོགས་པ་སྟེ། དཀྱིལ་འཁོར་གྱི་སློབ་དཔོན་ཀུན་གྱིས་དེ་དག་ཐམས་ཅན་བསྟན་པར་བྱའོ། ། དེ་ནས་དཀྱིལ་འཁོར་གྱིས་དབུས་ཀྱི་སྙིང་པོར་གཞག་ལ་རིག་སྔགས་འཆང་སྦྱང་བའི་ཆོ་ག་བྱས་པས་འཕགས་པ་དོན་ཡོད་པའི་ཞག་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ཀྱང་སྟོང་རྩ་བརྒྱད་དུ་དབང་བསྐུར། ཕྱག་རྒྱས་ཀྱང་སྟོང་རྩ་བརྒྱད་དུ་དབང་བསྐུར་ལ། ཕྱག་རྒྱ་བཅིངས་ནས་རྣམ་པ་གསུམ་འདྲ་བར་དབང་བསྐུར་རོ།། དེ་ནས་ལས་ཐམས་ཅད་བྱས་ཏེ་ཡུངས་ཀར་དཀར་པོ་གྲུབ་པ་ལ་རིག་སྔགས་འཆང་གིས་བརྒྱད་སྟོང་བཟླས་བརྗོད་བྱས་ལ་པདྨའི་མཆོག་གཙོ་བོ་གཙང་བ། གཙང་མར་བྱས་པ། ལེགས་པར་བཀྲུས་པ། སྦྱངས་པ། ཕྱེ་མ་ཞིབ་ཏུ་བཏགས་པ། ཐལ་བ་ལྟ་བུ་ལ་བརྒྱད་སྟོང་བཟླས་བརྗོད་བྱས་ནས་སྣོད་དགང་། གུ་གུལ་དང་། ཙན་དན་དང་། ཨ་ཀ་རུ་དང་། སྤྲིག་ཀ་ལ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྣོད་ཀྱི་ནང་དུ་བཀང་ལ། དབུས་ཀྱི་དཀྱིལ་འཁོར་དམ་པའི་སྟེང་དུ་སོ་སོར་གཞག་གོ།། དེ་ནས་ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཅིང་ཕྱག་རྒྱས་ཀྱང་དབང་བསྐུར་བ་བྱས་ན། གང་གི་དོན་དུ་བྱ་བ་བྱུང་བའི་ཚེ་བྱ་བ་ཐམས་ཅད་བྱེད་དོ།། གསེར་རམ། ཡང་ན་དངུལ་ལམ། ཟངས་ལས་པདྨའི་ཚད་དུ་བྱས་པ་འདབ་མ་ཉི་ཤུ་རྩ་གཅིག་དང་། སྙིང་པོ་དང་། ཟེ་བ་ཅན་དང་། དེ་བཞིན་དུ་སོར་བཅུ་གཉིས་པའི་ཚད་ལ་སྡོང་བུ་སོར་བཅུ་དྲུག་པའི་ཚད་རྡོ་རྗེའི་རྣམ་པ་ཅན་དུ་བྱ། སྐུད་པ་དམར་པོའི་ཞགས་པ་པདྨའི་ཚོན་དམར་པོས་བཞེན་པ། གཞོན་ནུས་བཀལ་པ་གྲུབ་པ་དང་། དེ་དག་ལ་བརྒྱད་སྟོང་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཅིང་ཕྱག་རྒྱས་ཀྱང་དབང་བསྐུར་བ་བྱས་ལ། མཁས་པས་གསང་བའི་གནས་སུ་གཞག་གོ།། གང་གི་ཚེ་དོན་དུ་བྱ་བ་བྱུང་བ་དེའི་ཚེ་ལས་ཐམས་ཅད་གྲུབ་པ་སྟོན་ཏོ། ། ཤིན་ཏུ་གཙང་ཞིང་གཙང་བར་བྱ་སྟེ། སུ་ལའང་མི་སྦྱིན་ནོ།། སངས་རྒྱས་རྣམས་ལ་སྐུ་བརྙས་པར་འགྱུར་བ། དམ་ཚིག་ཉམས་པ་ཡང་བ་ལ་བགེགས་འཇུག་པར་འགྱུར་ཞིང་། འཕྲལ་དུ་མཚམས་མེད་པ་ལྔ་བྱེད་པ། རྨོངས་པའི་དྲ་བ་དེ་ལ་དངོས་གྲུབ་ནམས་ཀྱང་ཤེས་པར་མི་འགྱུར་རོ།། གཞན་ནི་བླ་མ་ལ་གུས་ཤིང་། སངས་རྒྱས་ཆོས་ལ་སྟེན་བྱེད་པ། ། འཕགས་པའི་ཚོགས་ལ་དད་པ་དང་།། བྱམས་སེམས་སྙིང་རྗེའི་བདག་ཉིད་ཅན།། དེ་ཡི་ལག་ཏུ་རབ་ཏུ་སྦྱིན།། བདག་གི་སྲོག་བཞིན་གཏང་བར་བྱ།། དེ་དག་དངོས་གྲུབ་མཆོག་སྦྱིན་ཏེ།། བཀླགས་དང་མཐོང་བ་ཙམ་གྱིས་ན།། ཇི་ལྟར་ཡིད་ལ་བྱས་པ་བཞིན།། རྗེས་སུ་མཐུན་པའི་ལས་བྱེད་དོ།། འཇིག་རྟེན་འདིར་ནི་རྟག་ཏུ་བདེ།། འཇིག་རྟེན་ཕ་རོལ་བདེ་བ་ཡིན།། འགྲོ་བ་ལམ་ནི་བདེ་པབཔར་འགྲོ། ། གང་ན་འོད་དཔག་མེད་བཞུགས་པ།། བདེ་བ་ཅན་དུ་རྟག་ཏུ་འགྲོ།། རྫུས་ཏེ་སྐྱེས་པའི་པདྨ་ལས།། རྒྱན་རྟགས་ཀུན་གྱིས་རྣམ་པར་བརྒྱན།། ཚེ་རབས་དག་ནི་དྲན་འགྱུར་ཏེ།། སྔོན་གྱི་ཚེ་རབས་དྲན་པར་འགྱུར། ། དེ་ནས་རིག་སྔགས་འཆང་རྨོངས་པ་ཆེན་པོའི་དམ་ཚིག་སྟོན་པར་འདོད་པ་གཙང་མས་ལེགས་པར་ཁྲུས་བྱས། གོས་གཙང་མ་བགོས་ནས་ཉིན་ཞག་གཅིག་སྨྱུང་བ་བྱས་པས་ལག་ན་རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་མངོན་དུ་གཞག་སྟེ། མེ་ཏོག་དང་བདུག་སྤོས་དབུལ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ལ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ལ་མཆོད་པའང་བྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཨ་ཀ་རུའི་བདུག་སྤོས་ཀྱིས་བདུག། ལག་ན་རྡོ་རྗེ་ལ་གུ་གུལ་གྱི་བདུག་སྤོས་ཀྱིས་བདུག། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལྔ་བཤོས་དཀར་པོ་དབུལ། ལག་ན་རྡོ་རྗེ་ལ་རོ་སྣ་ཚོགས་དང་ལྡན་པའི་ལྷ་བཤོས་ཕུལ་ལ། ཉིན་པར་དོན་ཡོད་པའི་རྒྱལ་པོ་བཟླས་བརྗོད་བྱ། མཚན་མོ་ཁྲོ་བོའི་རྒྱལ་པོ་ངལ་བ་མེད་པར་བཟླས་བརྗོད་བྱ་སྟེ། ཁ་གདོང་ཁྲོ་གཉེར་མེད་པ་དང་། དྲི་མ་དང་སེར་སྣ་མེད་པས་ནམས་ལངས་ཀྱི་བར་དུ་བཟླས་བརྗོད་བྱས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འབར་བར་འགྱུར་ལ། ལག་ན་རྡོ་རྗེའང་པུས་མོ་འཛུགས་པར་འགྱུར་ཏེ། དེ་གཉིས་ཀྱི་མིག་ནས་འཛག་པ། རིག་སྔགས་འཆང་གིས་བླངས་ནས་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ།། མིག་ལ་བསྐུས་ན་ནམ་མཁའ་ལ་འགྲོའོ།། ཁར་བཅུག་ན་རིག་སྔགས་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། དཀྱིལ་འཁོར་མངོན་དུ་འགྱུར་རོ།། ལག་ན་རྡོ་རྗེའི་སྟོབས་དང་། ཤུགས་དང་། བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ། ། ལག་ན་རྡོ་རྗེ་རང་གི་གཟུགས་ཀྱིས་མདུན་ན་ཉེ་བར་འདུག་ཅིང་འདོད་པ་ཐམས་ཅད་ཀྱི་མཆོག་རྗེས་སུ་སྦྱིན་པར་བྱེད་ལ། རང་གི་གཟུགས་ཀྱིས་སྐྱོ་བར་བྱེད། ལག་ན་རྡོ་རྗེའི་སྟོབས་དང་། དྱ་ལགན་རྡོ་རྗེ་རང་གི་གཟུགས་ཀྱིས་མདུར་ན་གེ་བར་འདུག་ཅིང་འདོད་པ་ཐམས་ཅད་ཀྱི་མཆོག་རྗེས་སུ་སྦྱིན་པར་བྱེད་ལ། རང་གི་གཟུགས་ཀྱིས་སྤྱོད་པར་བྱེད། ལག་ན་རྡོ་རྗེའི་སྟོབས་དང་། ཤུགས་དང་། བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པར་རྗེས་སུ་སྦྱིན་པར་བྱེད། ཤུགས་དང་། བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ།། དེ་ལྟར་ལག་ན་རྡོ་རྗེས་འགུགས་པར་འགྱུར་རོ།། ཉི་མ་འཆར་བའི་དུས་སུ་ཏིལ་མར་ཆེན་པོ་རན་པར་བདག་ཉིད་ལ་བསྐུ། མིག་སྨན་གྱིས་མིག་བྱུག། ཕྱེ་མས་གཏོར་ཞིང་བདག་ཉིད་ལ་ཐིག་ལེ་བྱ། ནོར་བུ་མགོ་ལ་བཞག་ནས་གུ་གུལ་གྱིས་བདུག། བདག་ཉིད་གོས་ངུར་སྨྲིག་གོས་ནས་སངས་རྒྱས་ཡིད་ལ་བྱ་བ་སྒོམ་ཞིང་། ཞི་བ་དང་དུལ་བའི་ཡིད་ཀྱིས་སྡེ་ཅན་གྱི་ནང་ངམ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ།། དེ་ནས་དགེ་སློང་དེ་དག་གི་སྡེ་ཅན་གྱི་ནང་དུ་ཞུགས་སམ། དགེ་འདུན་གྱི་ནང་དུ་ཞུགས་པའི་རིག་སྔགས་འཆང་ད་བཅོམ་ལྡན་འདས་ཀྱི་སྐུ་དང་། མདོག་དང་། རྟགས་དང་། སྤྱོད་ལམ་དུ་མཐོང་སྟེ། མཚན་ཉི་ཤུ་རྩ་བརྒྱད་ཡོད་པ། འོད་འདོམ་གང་པ། སྟན་པདྨ། བརྒྱ་བྱིན་དང་ཚངས་པའི་མདུན་གྱི་བདར་བའི་ལྷའི་ཚོགས་སྣ་ཚོགས་ཀྱིས་གཟུགས་མཐོང་བར་སྟོན་ཏོ། ། དགེ་སློང་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་དང་མདོག་ཏུ་མཐོང་ནས་ཐམས་ཅད་ཞབས་གཉིས་ལ་འདུད་པར་བྱེད་དོ།། རིག་སྔགས་འཆང་དེས་བརྙས་པར་མི་བྱ་ཞིང་། བདག་ལ་བསྟོད་པར་ཡང་མི་བྱ། བརྙས་པ་ཙམ་གྱིས་ཁྱོད་ཀྱི་བསོད་ནམས་ཡོངས་སུ་ཉམས་པར་མི་འགྱུར་བར་བྱའོ།། འཕགས་པའི་དགེ་སློང་གི་དགེ་འདུན་རྫུ་འཕྲུལ་ཆེན་པོས་སྟོབས་བཅུ་དང་ལྡན་པར་དབུགས་དབྱུང་བར་བྱ་སྟེ། རྒྱུ་དེས་ན་བརྙས་པར་མི་བྱའོ།། དེ་ནས་གྲོང་ཁྱེར་དང་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་བྱ། དེ་ནས་འདུས་པའི་ནང་དུ་འཇུག་པར་བྱ། དེ་ནས་ཟོང་དང་། ཚང་ཚིང་དང་། ཡུལ་དང་། རི་བྲགས་ཀྱི་ནང་དུ་འཇུག་པར་བྱ། དེ་ནས་བཙུན་མོའི་ནང་དུ་འཇུག་པར་བྱ་སྟེ། ཡུལ་གྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམ་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་སྐུ་དང་། མདོག་དང་། རྟགས་དང་། དབྱིབས་སུ་མཐོང་ཞིང་མཆོད་པ་ཆེན་པོ་དང་རིམ་གྲོ་སྣ་ཚོགས་བྱེད་པར་འགྱུར་ལ། དེ་བཞིན་གཤེགས་པ་སངས་རྒྱས་ཡིན་ནོ། ཞེས་སྨྲ་སྟེ། དེ་བཞིན་གཤེགས་པ་མཆོད་པའི་ཆོ་ག་ཐོབ་བོ།། ཡུངས་ཀར་དང་ཏིལ་མར་གྱིས་རང་གི་འཁོར་གྱི་སྤྱི་བོར་གཏོར་ཅིང་བྱུགས་ན། ཐམས་ཅད་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་སུ་སྟོན་ཏོ།། རྐང་པ་ཏིལ་མར་གྱིས་བསྐུས་ན་སའི་སྟེང་ནས་སོར་བརྒྱད་ཙམ་གྱིས་སྤགས་ཏེ་ནམ་མཁའ་ལ་འགྲོ་སྟེ། ཇི་སྲིད་དུ་མ་བཀྲུས་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཆ་བྱད་དུ་སྟོན་ཏོ།། མགོན་པོ་སྤྱན་རས་གཟིགས་མཐོང་བར་འདོད་པའི་རིག་སྔགས་འཆང་དེས་ནང་པར་སྔར་ལངས་ནས་གཙང་མ་ཁྲུས་བྱས་ཏེ། གོས་གཙང་མ་བགོས་ནས་ཁང་སྟེང་དུ་འདུག་ལ་ཡུངས་ཀར་ལ་ཏིལ་མར་གྱིས་བྱུགས་ནས་ཕྱོགས་བཞིར་གཏོར་ན། རྒྱལ་པོ་དང་། བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། བཙུན་མོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་སྦྲུ་མ་ཆེན་པོས་རྨོངས་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་དེས་ནོར་བུ་བཞིས་དབུ་རྒྱན་དང་འཕྲེང་བ་བྱས་ལ་མགོ་ལ་གདགས་སོ།། @ཏིལ་མར་གྱིས་ཡན་ལག་ཙམ་ལ་བསླུ་བར་བྱ། དཔྲལ་བར་ཐིག་ལེ་བྱ། མིག་སྨན་གྱིས་མིག་བསྐུ། བྱེ་མས་བདག་ཉིད་ལ་གདབ། རས་བཟང་པོ་ཡུག་གཅིག་བགོ་བར་བྱ་བྱང་ཆུབ་སེམས་དཔའི་ཆ་བྱད་དུ་བྱ། ནོར་བུ་དང་། གདུ་བུ་དང་། དཔུང་རྒྱན་དང་། གསེར་སྲུད་ཀྱིས་བཅིངས་ན་དེ་དག་ཐམས་ཅད་རྒྱན་དང་། སྤུད་པ་དང་། ནོར་བུ་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱུརྨས་ཚོགས་ལ་སོགས་པས་ལུས་བརྒྱན་པར་སྣང་ངོ་། ། ལག་ན་པདྨ་ཐོགས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་སྣང་ངོ་།། ཡིད་ལ་ཇི་ལྟར་བསམས་པ་དོན་ཡོད་པའི་ཞགས་པའི་ཚུལ་དང་། འཇིགས་པ་བརྒྱད་དང་། ཚངས་པའི་ཚུལ་དང་། ཡིད་བཞིན་ནོར་བུད་དང་། རྒོད་མའི་ཁ་དང་། མགུལ་སྔོན་དང་། རྟ་མགྲིན་དུ་སྟོན་ཏོ།། ཇི་ལྟར་གཟུགས་ཡིད་ལ་བྱས་པ་དེ་ལྟར་སྟོན་ཏེ། ཇི་སྲིད་དུ་ཐིག་ལེ་ཡོད་ཅིང་དབུ་རྒྱན་ཐོགས་པ་དེ་སྲིད་དུ་ཚུལ་སྣ་ཚོགས་སྟོན་པར་བྱེད་དོ།། ཏིལ་མར་དང་ཡུངས་ཀར་བསྲེས་ནས། ཀཻ་ཀུཥྞ་དང་ལྷན་ཅིག་སྨྲས་ནས་ལུས་ལ་བསྐུ། ལག་པ་གཡས་ན་རྡོ་རྗེ། དཔྲལ་བར་དབང་ཕྱུག་ཆེན་པོའི་ཐིག་ལེ་བྱས་ནས་པདྨའི་ཕྱེ་མས་གཏོར་ལ། ནོར་བུ་སྤྱི་གཙུག་ཏུ་བཅིང་ངོ་།། མིག་སྨན་གྱིས་མིག་བསྐུ། གུ་གུལ་གྱིས་བདུགས་ལ། ཤེས་རབ་ཅན་ཁྲོ་བོའི་ལྟ་བའི་ཚུལ་བྱས་ན་མངོན་གསུམ་དུ་རྡོ་རྗེ་འཆང་གི་གཟུགས་སུ་སྣང་སྟེ། དེ་ལ་ཐེ་ཙོམ་མི་བྱའོ།། ཇི་སྲིད་དུ་བདག་ཁྲུས་མ་བྱས་པ་དེ་སྲིད་དུ་རྡོ་རྗེའི་གཟུགས་ཅན་དུ་སྣང་ལ། ལས་སྣ་ཚོག་བྱེད་ཅིང་མི་དང་འཇིག་རྟེན་ཐམས་ཅད་ཀྱིས་རྡོ་རྗེ་འཆང་ཉིད་དུ་སེམས་ཏེ། དེ་ལ་ཐེ་ཙོམ་མི་བྱའོ།། སེང་གེའི་ཁྲག་གིས་ཏིལ་མར་དང་ནོར་བུ་སྦྲུས་ནས་ལུས་ལ་བསྐུས་ན་མིའི་སེང་གེ་ཆེན་པོའི་གཟུགས་སུ་སྟོན་ཏོ། ། ཕག་གི་ཁྲག་གིས་སྦྲུས་ནས་ལུས་ལ་བསྐུས་ན་ཕག་གི་གཟུགས་ཆེན་པོར་སྟོན་ཏོ།། ཏིལ་མར་དང་ཕྱེ་མ་ལྷན་ཅིག་ཏུ་སྦྲུས་ནས་ཡུང་བ་དང་ཤིང་པ་ལ་ཤའི་མདོག་ཏུ་བྱས་ལ། ལུས་ལ་བསྐུས་ན་སྲེད་མེད་ཀྱི་བུའི་གཟུགས་སུ་སྟོན་ཏོ།། རིག་སྔགས་འཆང་གིས་པདྨ་དང་ཏིལ་མར་ལྷན་ཅིག་སྦྲུས་ལ་ལུས་ལ་བསྐུས་ན་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་ཏོ།། ཤིང་ཨརྒའི་འོ་མ་དང་། ཏིལ་མར་དང་མཉམ་པར་སྦྱར་ལ་ལུས་ལ་བསྐུས་ན་ཚངས་པའི་གཟུགས་སུ་སྟོན་ཏོ།། གླང་པོ་ཆེའི་ཁྲག་དང་ཏིལ་མར་སྦྱར་ནས་ལུས་ལ་བསྐུས་ན་ཚོགས་ཀྱི་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་ཏོ། ། རའི་ཁྲག་དང་སྦྲུས་ནས་ལུས་ལ་བྱུགས་ན་རའི་གཟུགས་སུ་སྟོན་ཏོ།། ཏིལ་མར་དང་། ཐིང་ཤིང་དང་། པདྨའི་ཕྱེ་མ་དང་། གླང་པོ་ཆེའི་ཁྲག་དང་ལྷན་ཅིག་སྦྱར་ནས་ལུས་ལ་བསྐུས་ན་ནག་པོ་ཆེན་པོའི་གཟུགས་སུ་མངོན་སུམ་དུ་རང་གི་གཟུགས་སུ་སྟོན་ལ། གང་དང་གང་དག་ལ་ཐིག་ལེ་བྱས་ན་མ་མོའི་ཚོགས་ཀྱི་གཟུགས་སུ་སྟོན་ཏོ།། སྦྲུལ་གྱི་ཁྲག་དང་། པགས་པ་དང་། ཏིལ་མར་གྱི་རྒྱལ་པོ་དང་ལྷན་ཅིག་སྦྲུས་ལ་རྒལ་ཚིགས་སུ་བསྐུ་ཞིང་། དཔུང་པ་གཡོན་པར་ཡང་བསུས་ན་ཀླུའི་རྒྱལ་པོ་ཆེན་པོའི་གཟུགས་སུ་སྟོན་ཏེ། ཇི་ལྟ་ཇི་ལྟར་ཁྲག་དང་སྦྱར་ཞིང་། ཇི་ལྟ་ཇི་ལྟར་ཡིད་ལ་བསམས་པ་དེ་ལྟ་དེ་ལྟར་གཟུགས་སུ་སྟོན་ཏོ།། དེ་ནས་གཞལ་མེད་ལང་ལྟ་བར་འདོད་ན་སྤངས་ཀར་ལ་ཏིལ་མར་གྱིས་བསྡུས་ནས་དགེ་འདུན་གྱི་ནང་དུ་སྟེང་འོག་ཏུ་གཏོར། ཕྱེ་མས་ནོར་བུ་རྒྱལ་མཚན་གྱི་རྩེ་མོ་ཀུན་ཏུ་བསྐུས་ན་དགེ་འདུན་རྒན་རིམས་སུ་བཀོད་པའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རྒྱན་གྱིས་བརྒྱན་པ་སྟོན། དགེ་སློང་རྣམས་ཀྱི་སྟེང་དུ་གཏོར་ན་དགེ་སློང་ཐམས་ཅད་གཟུགས་སྣ་ཚོགས་ཡིད་ལ་ཇི་ལྟར་བྱས་པ་བཞིན་རྒྱལ་པོའི་གཟུགས་སུ་སྣང་བ་དང་། གཞན་དག་བློན་པོ་དང་། གཞན་དག་བཀྲབས་པ་དང་། གཞན་དག་མདུན་ན་འདོན་པ་དང་། གཞན་དག་ཡོངས་སུ་སྤྱོད་པའི་གཟུགས་སུ་སྟོན་ལ། ཡུངས་ཀར་ལ་བསྐུས་པས་གཏོར་ན་སླར་ཡང་དགེ་སློང་རྣམས་སུ་སྣང་ངོ་།། ཤིང་ཨརྒའི་འོ་མ་ཡུངས་ཀར་ལ་བསྐུས་ནས་དགེ་འདུན་གྱི་དབུས་སུ་དགེ་སློང་རྣམས་ཀྱི་མལ་སྔོན་གྱི་སྟེང་དུ་གཏོར་ན། ཇི་ལྟར་དགེ་སློང་ཐམས་ཅད་འཁོད་པ་ལྟར་སྣང་ངོ་།། རལ་པའི་ཐོར་ཙུགས་ཀྱིས་བརྒྱན་པ་ལ་གཏོར་ན་རྒན་པོ་འཁར་བ་ཐོགས་པ་སྒུར་པོ་ལྟག་དགྱེ་སྒྲ་དཀར་ཅན་ཉམ་ཆུང་བར་སྣང་ངོ་། ། མལ་སྟན་གྱི་སྟེང་དུ་ཡུངས་ཀར་གཏོར་བ་གལ་ཏེ་མཚན་ཐོག་ཐག་བཞག་ན་གཟུགས་གཞན་དུ་མི་འགྱུར་རོ།། ལུག་གི་སྟེང་ན་སྣོད་ཡོད་པ་ལ་གཏོར་ན་དེ་ཐུར་མའི་གཟེ་བ་དང་། སྦྲུལ་ནག་པོར་སྣང་ངོ་།། སྣོད་ཀྱི་སྟེང་དུ་གཏོར་ན་ལམ་པོར་བུ་སྣང་བར་འགྱུར་རོ།། བཏུང་བའི་སྡོད་སྦྲང་རྩིས་བྱུགས་པའི་སྟེང་དུ་གཏོར་ན་ཕྱག་དར་གྱི་ཕུང་པོར་སྣང་ངོ་།། གྲོང་ཁྱེར་གྱི་སྒོ་འགྲོང་ཁྱེར་ཀུན་ཏུ་གཏོར་ན་གྲོང་ཁྱེར་ཀུན་ནས་མི་སྣང་བར་འགྱུར་རོ། ། གྲོང་ཁྱེར་ཀུན་ལ་ཡུངས་ཀར་དང་པདྨའི་ཕྱེ་མ་གཏོར་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་མི་སྣང་བ་ཐམས་ཅད་སྣང་བར་འགྱུར་རོ།། སེང་གའི་ཁྲག་དང་སྦྱར་ནས་བདུད་འགྲོའི་སྐྱེས་ནས་ཀྱི་སྟེང་དུ་གཏོར་ན་ལམ་གྱི་བཞི་མདོ་ཐམས་ཅད་དུ་སེང་གེའི་གཟུགས་སུ་སྟོན་ཏོ། ། སྡེ་དྲག་ཅིང་གཏུམ་ལ་ཡན་ལག་མཆོག་གི་གཟུགས་དང་ལྡན་པའི་སྟེང་དུ་གཏོར་ན་ཐམས་ཅད་ཝའི་གཟུགས་སུ་སྣང་ལ་ཕྱོགས་བཅུར་རྒྱུག་གོ། ། གཡུལ་འགྱེད་སར་གཏོར་ན་ཐམས་ཅད་ཉིད་ལོག་པར་བྱས་པར་འགྱུར་ལ། མཚོན་ཆ་ཐམས་ཅད་དང་གོ་ཆ་ཐམས་ཅད་མི་སྣང་བར་འགྱུར་རོ། ། མེའི་ནང་དུ་གཏོར་ན་མི་སྣང་བ་རྣམས་སྣང་བར་འགྱུར་རོ།། ཏིལ་མར་དང་སྦྱར་ནས་མེའི་ནང་དུ་གཏོར་ན་རྟག་ཏུ་འབར་བར་འགྱུར་རོ།། ཆུའི་ནང་དུ་གཏོར་ན་ཆུ་མི་མངོན་པར་འགྱུར་རོ།། བུམ་པ་ཆུས་བཀང་བ་ལ་གཏོར་ན་སྲོག་ཆགས་ཆུའི་ནང་ན་གནས་པ་ཐམས་ཅད་ཆུའི་ནང་ནས་འབྱུང་ཞིང་ཐང་ལ་གནས་སོ།། ཚལ་གྱི་ནང་དུ་ཡུངས་ཀར་གྱིས་གཏོར་ན་མེ་ཏོག་དང་འབྲས་བུ་མི་སྣང་བར་གྱུར་པ་ཐམས་ཅད་སྣང་ཞིང་། ཤིང་སྐམ་པོ་དང་ཚལ་གྱི་མཐར་མེ་ཏོག་དང་འབྲས་བུ་ཐམས་ཅད་སྟོན་ཏོ།། ནམ་མཁའ་ལ་གཏོར་ན་ཕྱོགས་བཞིའི་དགེ་འདུན་གྱི་ནང་ངམ། འདུས་པའི་ནང་ངམ། སྐྱེ་བོ་མང་པོའི་ནང་དུ་མེ་ཏོག་གི་ཆར་རྣམ་པ་སྣ་ཚོགས་དག་འབབ་སྟེ། ལྷའི་དྲི་ལེགས་པར་སྨིན་པ་ཡིད་དགའ་བ་སིམ་པར་བྱེད་པ་འབབ་བོ།། ལས་དང་ལྡན་པ་འམ། བཟོའི་གནས་ཀྱི་ལས་ཏེ། ལས་ཀྱི་སྣོད་ཐམས་ཅད་ལ་ཏིལ་མར་གྱི་རྒྱལ་པོས་བྱུགས་ལ་ཕྱེ་མས་བསྐུ། པདྨ་ཆེན་པོའི་ཕྱེ་མས་དཀྱིལ་འཁོར་གྱི་གནས་བསྐུ། ཡུངས་ཀར་གྱིས་ཕྱོགས་བཞིར་གཏོར་ལ། དེ་ནས་ལས་ཀྱི་བཟོ་བཟང་པོ་ཇི་ལྟ་བ་བཞིན་སྟོན་པར་འདོད་ན་ལས་ཀྱི་སྣོད་དེ་དང་དེ་དག་ཉིད་གཡོ་ལ། ལས་ཀྱི་བཟོའི་ཚུལ་བཟང་པོས་མཐར་ཕྱིན་པ་རྣམ་པ་དུ་མ་དག་སྟོན་པར་བྱེད་ལ་ཉོ་ཚོང་བྱེད་པ་འབྱུང་སྟེ། གལ་ཏེ་ཕྱིར་བཟློག་པ་མ་བྱས་ན་རིན་ཇི་ལྟ་ཇི་ལྟ་བ་དེ་ལྟ་དེ་ལྟར་ཉོ་ཚོང་བྱེད་དོ། ། ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་མི་སྣང་བར་འགྱུར་ལ། དཔག་ཚད་བརྒྱ་སྟོང་ཙམ་གྱི་བར་དུ་ཁྲིད་ན་དེ་དང་དེ་ཉིད་དུ་མི་སྣང་བར་འགྱུར་རོ། ། རྫ་མཁན་གྱི་འཁོར་ལོ་ལ་ཕྱེ་མས་བྱུག་ཅིང་ཡུངས་ཀར་ཆགས་པར་བྱས་ལ། པདྨ་ཆེན་པོའི་ཕྱེ་མས་གཏོར་ནས་འཇིམ་པ་བཞག་ལ་སྣོད་ཀྱི་ངོ་བོ་ཇི་ལྟར་འདོད་པ་བཞིན་བྱ་སྟེ། སྣོད་ཀྱི་ངོ་བོ་དངུལ་ལས་བྱས་པ་འམ། གསར་ལས་བྱས་པ་འམ། ཟངས་ལས་བྱས་པ་འམ། ལྕགས་ལས་བྱས་པའམ། ལྕགས་ལྔ་ལས་བྱས་པ་རིན་པོ་ཆེ་བཟང་པོ་སྣ་ཚོགས་ཀྱིས་སྤྲས་པ་ཇི་ལྟ་བ་དེ་ལྟ་བུའི་སྣོད་བཀྲ་བ་རྣམ་པ་སྣ་ཚོགས་དག་འབྱུང་བར་འགྱུར་ལ། ཉོ་ཚོང་བྱེད་པའང་འབྱུང་སྟེ། རིན་ཆེན་པོས་ཚོང་བྱེད་དོ།། ཡུངས་ཀར་གྱི་ཕྱེ་མ་དང་། པདྨའི་ཕྱེ་མ་ལྷན་ཅིག་སྦྱར་ནས་ཚོང་དུས་ཀྱི་དབུས་སུ་གཏོར་ན་ཀུན་ཏུ་ཟོང་བཀྲམ་བའི་སྣོད་མི་སྣང་བར་བྱས་པ་ཐམས་ཅད་སྣང་བར་བྱེད་དོ། ། ཐག་པའི་སྟེང་དུ་གཏོར་ན་སྦྲུལ་ཆེན་པོ་སྟོན་ཏོ།། ཁྱིམ་དང་། ར་བའི་ངོས་དང་། སྒོ་དང་། ཤིང་སྦྱར་བ་དང་། ཀ་བའི་སྟེང་དུ་གཏོར་ན་ཁང་པ་དང་། རབ་དང་། འཁོར་གྱི་ཁྱམས་རྣམས་སྦྲུལ་དུ་སྟོན་ཏོ།། ཇི་སྲིད་དུ་ཆུ་དང་ཡུངས་ཀར་གྱིས་བཟློག་པ་མ་བྱས་པ་དེ་སྲིད་དུ་སྤྲུལ་པ་རྣམས་འདུག་གོ། བཟློག་པ་བྱས་ན་མི་སྣང་བར་འགྱུར་རོ།། གཙུག་ལག་ཁང་ངམ། ལྷའི་གནས་སམ། ཁང་བཟངས་ཀྱི་ངོས་ལ་གཏོར་ན་སྦྲུལ་ཆེན་པོར་སྣང་ངོ་།། ལྷའི་སྟེང་དུ་གཏོར་ལ་མིག་སྨན་གྱིས་མིག་བསྐུ། རིལ་བུས་ཐིག་ལེ་བྱས་ན་ལྷའི་གཟུགས་བརྙན་དེ་ཀུ་ཅོ་འདོན་ཅིང་འགྲོ་སྟེ། གར་འདོད་པ་དེར་འགྲོའོ།། བཟློག་པ་བྱས་ན་ཕྱིར་འདུག་གོ།། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཞབས་ལ་བྱུགས་ལ་ཕྱེ་མས་གཏོར་ན་སངས་རྒྱས་ཀྱི་སྐུ་གཟུགས་གཡོ་བར་མཛད་དོ།། བཞུད་པར་མཛད་དོ།། འཇུག་པར་མཛད་དོ།། འཆག་པར་མཛད་དོ།། ཙན་དན་ལ་བཟླས་བརྗོད་བྱས་ནས་བདུགས་ན་ཕྱིར་བཞུགས་སོ།། བུམ་པ་སྦྲང་རྩིས་བསྐུས་པ་རྣམས་ལ་གཏོར་ན་གཡོ་བར་བྱེད་དོ།། ཇི་ཙམ་དུ་ཕྱིར་ཟློག་པ་མ་བྱས་པ་དེ་ཙམ་དུ་གཡོའོ། ། ཆུ་དང་ཡུངས་ཀར་གྱིས་བཟློག་ན་ཕྱིར་འདུག་གོ། དེ་ནས་རྡོ་རྗེ་བསྐྱོད་པར་འདོད་ན་སྤོས་ཀྱི་དཀྱིལ་འཁོར་བྱས་ལ་མེ་ཏོག་བཀྲམ་སྟེ། གུ་གུལ་གྱི་བདུག་པས་བདུག། དེའང་ཡུངས་ཀར་དང་ཕྱེ་མ་དང་བཅས་པ་གཏོར་ལ་དོན་ཡོད་པའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱས་ན་རྡོ་རྗེ་དེ་དཀྱིལ་འཁོར་ལས་ལངས་ནས་ནམ་མཁའ་ལ་འགྲོ་བར་བྱེད། འཕར་བར་བྱེད། འདུག་པར་བྱེད། འབར་བར་བྱེད་ཅིང་། ཕན་ཚུན་འགྲོ་བར་བྱེད། མཐོ་བ་འགྲོ་བར་བྱེད། དམའ་བར་འགྲོ་བར་བྱེད། རྣམ་པར་འགྲོ་བར་བྱེད། འབར་བ་ཆེན་པོས་འབར་བར་བྱེད་དེ། ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་ནམ་མཁའ་ལ་འགྲོའོ།། ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་དེ་ཉིད་དུ་སྣང་ངོ་།། དེ་ནས་འཁོར་ལོ་བསྐྱོད་པར་འདོད་ན་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། སྤོས་སྣ་ཚོགས་ཀྱིས་བྲིས་ནས་མེ་ཏོག་སྣ་ཚོགས་ཡང་དགྲམ་པར་ཡང་བྱ། གུ་གུལ་གྱི་བདུག་པས་ཀྱང་བདུགས་ནས་འཁོར་ལོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་ཏིལ་མར་གྱི་རྒྱལ་པོས་བསྐུ། ཕྱེ་མས་བསྐུ། ལྟེ་བའི་དབུས་སུ་ཐིག་ལེ་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱ། དེ་ལའང་ཡུངས་ཀར་དང་པདྨ་ཆེན་པོའི་ཕྱེ་མ་གདབ་པར་བྱ། འཁོར་ལོ་ཀུན་ནས་གུ་གུལ་གྱི་བདུག་པས་བདུག་ཅིང་ས་གོལ་གྱི་སྒྲའང་བྱས་ན་འཁོར་ལོ་དེ་དཀྱིལ་འཁོར་ལས་ལངས་ནས་ནམ་མཁའ་ལ་འཕར་ཞིང་སྡང་བ་ཐམས་ཅད་ལ་འབབ་པར་བྱེད་དེ། གལ་ཏེ་གཡུལ་འགྱེད་པར་འབབ་ན་དེའི་ཚེ་དགྲ་ཐམས་ཅད་ཀྱི་མགོ་གཅོད་པར་བྱེད་དེ། སྡང་བ་ཐམས་ཅད་དང་ཕྱིར་རྒོལ་བ་ཐམས་ཅད་ལ་བབ་ན་འཇིག་པར་བྱེད་དེ། བགེགས་ཐམས་ཅད་ལ་འབབ་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་དང་། གདོན་རྣམས་ལ་འབབ་པ་དང་། ཀླུ་སྡང་བ་ཐམས་ཅད་ལ་བབ་ན་འཇིག་པར་བྱེད་དེ། ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་འཕར་རོ། ། ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་སླར་དཀྱིལ་འཁོར་ལ་འདུག་གོ། མདུང་རྩེ་གསུམ་པ་བསྐྱོད་པར་འདོད་ན་དཀྱིལ་འཁོར་བྱས་ལ་ཐོད་པ་གཞག་པར་བྱ། མེ་ཏོག་དགྲམ་པར་ཡང་བྱ། གུ་གུལ་གྱི་བདུག་པས་ཀྱང་བདུག་ལ། མདུང་རྩེ་གསུམ་པ་ལ་ཏིལ་མར་གྱི་རྒྱལ་པོས་བསྐུ། ཕྱེ་མས་གདབ་ཅིང་ཐིག་ལེ་བྱ། རྩེའི་རྒྱུན་གསུམ་ལ་པདྨ་ཆེན་པོའི་ཕྱེ་མས་གཏོར་ནས་ཐོད་པའི་སྟེང་དུ་གཞག་པར་བྱ། ཡུངས་ཀར་གྱིས་གཏོར་ཞིང་ཧཱུཾ་ཞེས་སེ་གོལ་བྱས་ན་མདུང་རྩེ་གསུམ་པ་འབར་བར་བྱེད། ལྡང་བར་བྱེད། ནམ་མཁའ་ལ་འགྲོ་བར་བྱེད། ཀུན་ཏུ་འཕར་བར་བྱེད། འགྲོ་བར་བྱེད། ཕྱོགས་བཅུར་འབར་བར་བྱེད་དེ། ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་འཕར་བར་བྱེད་དོ།། ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་སླར་དཀྱིལ་འཁོར་ལ་འདུག་གོ།། དུང་ལ་ཏིལ་མར་གྱིས་བྱུགས་ལ་ཕྱེ་མས་གཏོར་ལ་ཐིག་ལེ་བྱ། ཡུངས་ཀར་གྱིས་ཀྱང་ཕྱི་ནང་གཏོར་ལ་བུས་ན་ཇི་སྲིད་དུ་སྒྲ་ཐོས་པ་དེ་སྲིད་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་བྲོ་རྡུང་བར་བྱེད། རྒྱུག་པར་བྱེད། མཆོང་བར་བྱེད་ཅིང་ཕྱོགས་བཅུར་རབ་ཏུ་རྒྱུག་པར་བྱེད་དོ།། གཡུལ་ངོར་བུས་ན་འགྱེད་པའི་མི་ཐམས་ཅད་དང་། མཚོན་ཆ་ཐམས་ཅད་དང་། གོ་ཆ་ཐམས་ཅད་བཏང་ནས་བྲོ་རྡུང་བར་བྱེད། གཅེར་བུར་འབྱུང་བར་བྱེད། ཕྱོགས་བཅུར་རྒྱུག་པར་བྱེད་དོ།། གལ་ཏེ་དུང་ལན་བདུན་བུས་ན་ཕྱིར་རྒོལ་བ་དང་ཕ་རོལ་གྱི་དམག་ཚོགས་དེས་ཉོན་མོངས་པ་བསྐྱེད་པར་འགྱུར་ཏེ། ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་མཆོང་ཞིང་ཕྱོགས་བཅུར་རྒྱུག་གོ། ། སྤོས་ཆུས་བཟློག་ཅིང་ཁྲུས་བྱས་ན་ཕྱིར་བདེ་བར་གནས་པར་འགྱུར་ལ། རྟག་ཏུ་རྒྱལ་བ་དང་། དཔལ་གྱི་མཆོག་སྦྱིན་པར་འགྱུར་རོ།། དེ་ནས་སྒྱུ་མ་དེ་ཁོ་ན་ཉིད་སྒྲུབ་པའི་གསང་སྔགས་དང་། རྣམ་པར་འཕྲུལ་པའི་དངོས་གྲུབ་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། སྒྱུ་འཕྲུལ་གྱི་དྲ་བ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་གང་དུ་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་། ཀུན་ནས་བརྒྱན་པར་ཡུངས་ཀར་དང་། ཏིལ་མར་གྱི་རྒྱལ་པོ་དང་། ཕྱེ་མར་བསྲེས་པས་བྱུག་པ་དང་། ཐིག་ལེས་ཀྱང་དབང་བསྐུར་ཅིང་པདྨ་ཆེན་པོའི་ཕྱེ་མས་བྱུགས་ལ་ལག་པ་པདྨའི་ཕྱག་རྒྱ་དང་། ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་ན། བརྗོད་པ་ཙམ་དང་། ཡུངས་ཀར་གྱིས་གཏོར་བའི་མོད་ལ་གཏོར་མའི་སྣོད་དང་། སྣོད་རྫ་མ་དང་། བུམ་པ་དང་། བུམ་བུ་བཀང་བ་ཐམས་ཅད་དང་། མཚོན་དང་ཕྱག་ཆ་ཐམས་ཅད་དང་། དཀྱིལ་འཁོར་གྱི་སྟེང་ནས་ནམ་མཁའ་ལ་སོར་བཞི་ཙམ་གྱིས་སྤགས་ཏེ་འདུག་ལ། ཇི་སྲིད་དུ་དཀྱིལ་འཁོར་གྱི་ལས་སུ་བྱ་བ་ཐམས་ཅད་རྫོགས་རྫོགས་ཀྱི་བར་དུ་ནམ་མཁའ་ལ་འདུག་གོ། རིག་སྔགས་འཆང་བ་སའི་སྟེང་གི་སོར་བཞི་ཙམ་གྱི་ཚད་ཀྱི་སྟེང་གི་ནམ་མཁའ་ལ་འདུག་གོ།། ལས་སུ་བྱ་བ་ཐམས་ཅད་ཟིན་ནས་དཀྱིལ་འཁོར་གྱི་ཡོ་བྱད་དྲི་ཆབ་ཀྱི་ཆོ་གས་དབང་བསྐུར་ན་གཏོར་མ་དང་། སྣོད་རྫ་མ་དང་། བུམ་པ་དང་། བུམ་བུ་ཐམས་ཅད་རང་ཉིད་འཕར་བར་བྱེད་ལ་སླར་ཡང་རང་གི་གནས་སུ་འདུག་གོ། ཆོ་ག་དེ་ལྟ་བུ་ནི་དཀྱིལ་འཁོར་ཐམས་ཅད་ལ་བྱ་སྟེ། ཐམས་ཅད་དུ་ཡོན་ཏན་སྟོན་པར་སྣང་ལ། བྱས་པ་ཙམ་གྱིས་ལས་ཐམས་ཅད་བསྒྲུབ་པར་འགྱུར་ཏེ། ཐེ་ཙོམ་མི་བྱའོ་ཞེས་བཤད་དོ།། དེའི་ཕྱི་ནས་པདྨའི་དངོས་གྲུབ་བཤད་པར་བྱ་སྟེ། གསེར་རམ། དངུལ་ལམ། ཟངས་ལས་ཤིན་ཏུ་ལེགས་ཤིང་མཛེས་པ་སྙིང་པོ་དང་ཟེ་བ་དང་བཅས་ཤིང་སྡོང་བུ་ཚད་དང་ལྡན་པར་བྱས་ལ། འདབ་མ་ཕྱེད་ལ་ཕྱེ་བ་འཁོར་བར་འདབ་མ་དྲུག་ཅུ་རྩ་བཞི་ཡོད་པ་ཁྲུ་གང་ཙམ་གྱི་ཚད་སྡོང་བུ་དང་། སྙིང་པོ་དང་། ཟེ་བའི་ཚད་སོར་བཞི་ཙམ་དུ་བྱས་པ་ལ་ཏིལ་མར་གྱི་རྒྱལ་པོས་བསྐུ། པདྨའི་ཕྱེ་མ་དང་། མིག་སྨན་དང་། མིག་བསྐུ་བ་དང་། ཐིག་ལེར་བྱས་པ་དང་བཅས་པས་ཀུན་ལེགས་པར་བསྐུས་ལ། པདྨའི་སྡོང་བུའི་བར་དུ་ནོར་བུ་རིན་པོ་ཆེ་གཞག་ནས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ལན་བདུན་གྱི་བར་དུ་དབང་བསྐུར་ནས། རིག་སྔགས་འཆང་གཙང་མ་ལེགས་པར་ཁྲུས་བྱས་པ་གོས་གཙང་མ་བགོས་པས་ཏིལ་མར་གྱིས་བདག་ཉིད་ལ་བསྐུ་བར་བྱ། མིག་བསྐུ་བ་དང་། ཐིག་ལེ་དང་། བདུག་པས་བདག་ཉིད་ཀྱི་ལུས་ལ་བདུག་པར་བྱའོ།། ལག་པ་གཡས་པ་ལ་ནོར་བུ་གདགས། ལག་པ་གཡོན་པར་པདྨ་བཟུང་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འཁོར་གྱི་ནང་དུ་བཅོམ་ལྡན་འདས་ལ་པདྨའི་མཆོད་པ་འབུམ་བྱ་སྟེ། པདྨ་འབུམ་འབྱུང་བར་འགྱུར་རོ།། མཆོད་པའི་ཆོ་ག་བྱས་ནས་ཆུ་དང་ཡུངས་ཀར་གྱིས་བཏབ་ནའང་འབྱུང་བར་འགྱུར་རོ། ། པདྨ་སྤྲུལ་པ་གང་ཡིན་པ་དེ་དག་ཐམས་ཅད་ཆུའི་ནང་དུ་བོར་ན་པདྨ་མགལ་མེ་བསྐོར་བ་ལྟར་འཁོར་བར་འགྱུར་ལ། པདྨ་འབུམ་རྣམས་ཆར་དུ་འབབ་པར་འགྱུར་རོ།། པདྨ་ཆུའི་ནང་དུ་གཞག་པར་བྱ་བ་ནི་མཚོ་བྲན་ནམ། ལྟེང་ཀ་འམ། ཆུ་བོ་འམ། ཆུ་བོ་ཆེན་པོ་འམ། འོབས་སམ། རྫིང་ངམ། མཚོའི་ནང་གང་ཡང་རུང་བའི་གནས་སུ་བཞག་ན་གནས་དེ་དང་དེ་ཐམས་ཅད་དུ་པདྨའི་མཚོ་ཆེན་པོ་འབྱུང་སྟེ། ཇི་སྲིད་དུ་པདྨ་མ་ཕྱུང་བ་དེ་སྲིད་དུ། དུས་རྟག་ཏུ་པདྨའི་མཚོར་འདུག་སྟེ། སྟོན་ཀའམ། དགུན་ནམ། དཔྱིད་དམ། སོས་ཀ་ཚ་བའི་དུས་སུ་རྟག་ཏུ་པདྨའི་མཚོར་འདུག་གོ། ཚལ་གྱི་འགྲམ་དུ་ཞུགས་ནས་ཡུངས་ཀར་ལ་ཏིལ་མར་གྱིས་བསྐུས་པ་ཕྱེ་མ་དང་སྦྱར་ནས་མེ་ཏོག་གང་ཡང་རུང་བ་ཞིག་ལག་གིས་བཟུང་སྟེ་བསྐོར་ལ་ཡུངས་ཀར་གྱིས་གཏོར་ན། ཚལ་གྱི་མཐའི་ཤིང་ཐམ་ཅད་ལ་མེ་ཏོག་རྒྱས་པར་སྣང་ངོ་། ། དགེ་འདུན་གྱི་ནང་ངམ། ཚོགས་པའི་ནང་ངམ། རྒྱལ་པོའི་ཕོ་བྲང་འཁོར་རམ། སྐྱེ་བོའི་ནང་དུ་མེ་ཏོག་ཇི་སྙེད་པ་ལག་གིས་བསྐོར་ལ། ཡུངས་ཀར་གྱིས་གཏོར་ན་མེ་ཏོག་མང་པོ་འབྱུང་བར་འགྱུར་རོ། ། ཆུ་དང་ཡུངས་ཀར་གྱིས་ཐམས་ཅད་དུ་ཟློག་པར་བྱེད་པ་ཡིན་ནོ།། འབྲས་བུ་ཇི་སྙེད་པ་ལག་གིས་བཟུང་ནས་ཡུངས་ཀར་གྱིས་གཏོར་ན་འབྲས་བུའི་ཆར་འབབ་པར་འགྱུར་རོ། ། གོས་ལག་པས་བཟུང་ནས་ཡུངས་ཀར་གྱིས་གཏོར་ཏེ་བསྐོར་ན་གོས་དང་བླ་རེ་སྣ་ཚོགས་སྟོན་པར་བྱེད་དོ།། རྒྱན་ལག་པས་བཟུང་ནས་ཡུངས་ཀར་གྱིས་གཏོར་ན་ལྷའི་རྒྱན་བཟང་པོ་སྔ་ཚོགས་པ་ལག་ཏུ་འབྱུང་བར་འགྱུར་ཞིང་། སྐྱེ་བོ་འདུས་པ་ཐམས་ཅད་ཀྱི་རྒྱན་དུ་བྱས་ལ། ཐམས་ཅད་ལ་རྒྱན་བཏགས་པར་འགྱུར་རོ།། ཡུངས་ཀར་དང་ཆུས་བཟློག་པར་བྱའོ།། ཡུངས་ཀར་ལ་མར་གྱིས་བསླུས། བྱེ་མས་བསྒོ། གིཊ་ཝང་དང་། གུར་ཀུམ་དང་། ཤིང་ཀུན་དང་། སཱུ་ཏྲའི་འོ་མས་ཀྱང་བསྐོས་ལ། དེ་དག་གཅིག་ཏུ་བྱས་ནས་གྲིབ་མ་ལ་བསྐས་སོ།། དེ་ནས་འབྲས་བུ་གཅིག་ཁར་བཅུག་ལ་ཕྱོགས་བཞིར་གཏོར་ན་ཁ་ནས་མེ་འབར་བར་སྣང་ཞིང་ལུས་ལས་འབར་བ་སྣ་ཚོགས་འབྱུང་བར་སྣང་སྟེ། ཇི་སྲིད་དུ་ཡུངས་ཀར་ཁ་ན་ཡོད་པའི་བར་དུ་ལུས་ལས་འོད་ཟེར་འབར་བ་ཁ་དོག་རྣམ་པ་སྣ་ཚོགས་འབྱུང་ངོ་། ། ཏིལ་མར་དང་ལྷན་ཅིག་བཏགས་པའི་སྙིང་པོར་བྱ། སྐོང་བུར་ཏིལ་མར་གྱི་རྒྱལ་པོས་བཀང་སྟེ་མར་མེ་འབུམ་སྟོན་པར་བྱེད་དོ།། མེ་ཐབ་ཁུང་བུའི་ནང་དུ་བཅུག་ན་ཇི་སྲིད་དུ་མ་ཕྱུང་བ་དེ་སྲིད་མེ་འབར་སྟོན་ཏོ། ། མར་མེའི་སྡོང་བུའི་ནང་དུ་བཅུག་ལ་མ་ཕྱུང་ན་རྟག་ཏུ་འབར་རོ།། མགལ་མེ་འབར་བའི་ནང་དུ་བཅུག་ན་འབར་བའི་འཕྲེང་བ་འབུམ་སྙེད་དུ་སྣང་ངོ་།། གཏོར་མའི་རྫ་མ་དང་བུམ་པའི་ནང་དུ་གཏོར་ན་གཏོར་མའི་རྫ་མ་དང་བུམ་པ་ཐམས་ཅད་དུ་འབར་བར་སྣང་ངོ་། ། ལག་ཆ་དང་མཚོན་ཆ་ཐམས་ཅད་ལ་བྱུགས་ན་གཅིག་ཏུ་འབར་བར་འགྱུར་རོ།། བདག་ཉིད་ཀྱི་ལུས་ལ་བྱུགས་ལ་རིལ་བུ་གཙང་མ་སྤྱི་བོར་བཞག་ན། ལུས་ཐམས་ཅད་གཅིག་ཏུ་འབར་བར་སྣང་བ་ནས་ལུས་རིལ་བསྲེགས་པ་ལྟར་སྣང་ངོ་།། འོ་མ་དང་། ཡུངས་ཀར་གྱིས་གཏོར་ན་ལུས་སླར་སྣང་བར་འགྱུར་རོ།། ལག་པ་དང་རྐང་པ་ལ་བསྐུས་ལ་རིལ་བུ་གཙང་མ་འབར་བ་ལག་པ་གཡས་པས་བཟུང་བ་འམ། རྐང་པའི་མཐེ་བོས་བཟུང་ན་ལག་པ་དང་རྐང་པ་གཅིག་པུ་འབར་བ་དང་འབྲེལ་བར་སྣང་ངོ་།། འདུས་པའི་ནང་ངམ། སྐྱེ་བོ་འདུས་པ་མང་པོ་འམ། རྒྱལ་པོའི་འཁོར་རམ། སྡེ་ཅན་གྱི་ནང་ངམ། རིག་བྱེད་བཞིའི་ནང་ཐམས་ཅད་དུ་ཡན་ལག་ཉམ་པར་སྣང་། དྲི་ཆབ་དང་ཡུངས་ཀར་གྱིས་གཏོར་ན་ལུས་སླར་རྫོགས་པར་འགྱུར་རོ། ། མཚན་མོ་རིལ་བུ་བསྲེགས་པ་ལམ་གྱི་བཞི་མདོར་བཞག་ནས་ཡུངས་ཀར་གྱིས་ཕྱོགས་བཞིར་གཏོར་ན་མར་མེ་འབུམ་ཕྲག་བྱེ་བ་སྣང་ངོ་། ། ཀུན་ནས་ཕྱོགས་བཞིར་ཆུ་དང་ཡུངས་ཀར་གྱིས་བཟློག་པར་བྱ་བ་ཡིན་ནོ།། ཚལ་ཆེན་པོའི་མཐའ་དང་ནང་དུ་གཏོར་ལ་ཤིང་གཅིག་ལ་རིལ་བུ་གཙང་མ་བཞག་ན་ཤི་དང་། རྫ་དང་། ཤད་གེལ་བ་དང་། འདབ་མ་དང་། ལོ་མ་ཐམས་ཅད་གཅིག་ཏུ་འབར་བར་སྣང་ངོ་།། རིའི་རྩེ་མོར་མར་མེ་བུས་ནས་རི་ཀུན་ཏུ་གཏོར་ན་རི་ཀུན་ནས་གཅིག་ཏུ་འབར་ཞིང་མཆད་པར་སྣང་ལ་སེམས་ཅན་ཐམས་ཅད་ཀུན་ནས་ངོ་མཚར་དུ་འཛིན་པར་འགྱུར་རོ། ། རྐུན་མ་དང་། གཡོན་ཅན་དང་། གནོད་བྱེད་དང་། ཕ་རོལ་གྱི་དམག་ཚོགས་དང་། སྡང་བ་དང་། ཕྱིར་རྒོལ་དང་། ཕས་ཀྱི་དགྲ་ཐམས་ཅད་དང་། སྡང་སེམས་ཅན་ནས། རི་དགས་གཏུམ་པོ་དང་བྱ་ལ་སོགས་པར་རི་ལ་གནས་པ་རྣམས་དེའི་མཚན་མོ་ཉིད་ཕྱོགས་བཅུ་ཀུན་ཏུ་བྲོས་ཤིང་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཏོ།། སྤོས་ཆབ་ཀྱིས་བཟློག་པར་འགྱུར་རོ། ། གཟུགས་བརྙན་གྱི་སྟེང་དུ་གཏོར་ལ། གཙང་མའི་རིལ་བུ་འབར་བར་བཞག་ན་གཟུགས་བརྙན་ཐམས་ཅད་གཅིག་ཏུ་འབར་བར་འགྱུར་ཏེ། སྤོས་ཆུ་དང་སུངས་ཀར་གྱིས་བཟློག་པར་འགྱུར་རོ། ། མར་མེའི་རིལ་བུ་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོར་སྦར་ཏེ་གནས་གཙང་མར་གཞག། དཀྱིལ་འཁོར་གཅིག་བྱས་ནས་གཏོར་མའི་ཆོ་ག་བུམ་པ་བཀང་བ་གཞག། གྲོང་ཁྱེར་ཀུན་ཙུ་སྲུངས་ཀར་རྣཾས་ཀུ་ང་དོན་མོད་པའི་ནལ་པོའི་ཕྱག་རྒྱ་བཅིང་ཤིང་དོན་ཡོད་པའི་རྒྱམ་པོའང་དྲན་པར་བྱས་ན་ཟོང་ཞེར་ཀུན་ནས་མར་མེའི་འབྲེང་བ་འབར་བ་གཅིག་ཏུ་སྣང་ངོ་། ། ཟོང་ཁྱེར་བྱིན་བཞིར་དཀྱིལ་འཁོར་གྱི་ཆོ་ག་བྱས་ལ་ཤར་ཕྱོགས་ཀྱི་སྒོ་ནས་ཞུག་ན་ཀང་གྲོང་ཁྱེར་ན་གནས་པ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་དགའ་བ་ཆེན་པོ་རྒྱ་ཆེ་བས་ཚིམ་པར་འགྱུར་རོ།། གྲོང་ཁྱེར་དེ་ན་གང་སྡང་བའི་སེམས་ཅན་ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་དང་། ཆོམ་རྐུན་དང་། གཡོན་ཅན་དང་། གནོད་བྱེད་དང་། གླགས་ཚོལ་དང་སྐབས་ཚོལ་བར་གྱུར་པ། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། མི་མ་ཡིན་པ་གང་ཡང་རུང་བ་གྲོང་ཁྱེར་དེ་ན་གནས་པ་དེ་དག་ལང་ལོང་དུ་གྱུར་ཅིང་གདུང་ལ་ངུ་ཞིང་ཧ་ཧ་ཞེས་སྒྲ་འབྱིན་ཅིང་གྲོང་ཁྱེར་གྱི་སྒོར་བྱུང་ནས་ཕྱོགས་བཅུར་རབ་ཏུ་འབྲོས་སོ། ། གྲོང་ཁྱེར་དེའང་ཀུན་ནས་གནོད་པ་མེད་ཅིང་འཁྲུག་པ་མེད་པར་འགྱུར།། འཇིགས་པ་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་ཐམས་ཅད་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། མཚན་མོ་འདས་ནས་སྤོས་ཆུ་དང་ཡུངས་ཀར་གྱིས་གྲོང་ཁྱེར་གྱི་སྒོར་གཏོར་ཞིང་དབང་བསྐུར་ན་བཟློག་པར་འགྱུར་རོ།། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་བཅུ་དགུ་པ།། སྡོང་རོས་དང་། ཟིང་ཤུན་གྱི་བྱེ་མ་དང་། ཡུངས་ཀར་དང་། མ་ཧཱ་ཏྲཻ་ལ་དང་། ཨརྒའི་འོ་མ་དང་། ཕ་གུའི་འོ་མ་དང་གཅིན་དུ་སྦྱར་རོ།། ཉའི་མིག་མཁྲིས་པ་དང་བཅས་པ་དང་། ནག་བུས་པ་དང་། པདྨའི་ཆུ་བ་རྣམས་ཀྱང་ལྷན་ཅིག་ཏུ་ཕྱེ་མ་ཞིབ་མོར་བྱའོ།། ཕྱེ་མ་སྔ་མ་ལེགས་པར་སྦྱར་ལ་ཆུས་རིལ་བུར་བྱས་པ་དང་། ཕྱེ་མས་གཞན་ཡང་བཅང་ངོ་།། ཕྱེ་མ་འདི་དང་པདྨ་ཆེན་པོའི་ཕྱེ་མ་བཅང་བ་ལྷན་ཅིག་ཏུ་བསྲེས་པའི་བྱེ་མས་ལུས་བསྐུས་ལ་ཕྱོགས་བཞིར་ཡུངས་ཀར་གཏོར་ཏེ། རིལ་བུ་ཁར་བཅུག་ལ་ཧཱུཾ་ཞེས་བྱ་བ་བསྡམས་ཏེ་བརྗོད་ན་དེའི་ལུས་ལས་ཆུ་འཛག་ཅིང་། དེ་ཁོ་ན་བཞིན་དུ་རྣ་བ་གཉིས་ནས་ཀྱང་ལྷ་རྫས་ཀྱི་ཆུ་འབྱུང་བར་སྣང་། ལུས་ལས་སྤོས་ཀྱི་རིགས་ཡིད་དུ་འོང་བ་རབ་ཏུ་སིམ་པར་བྱེད་པ་འབྱུང་བ་ནི་ནང་ཐམས་ཅད་གྲུབ་པར་སྣང་སྟེ། རྒྱལ་བའི་ཕྱག་བཞིན་ནོ།། ཡུངས་ཀར་གྱི་ཕྱེ་མ་བླངས་ཏེ་ནམ་མཁའ་ལ་གཏོར་ལ་རིལ་བུ་ལག་པས་བསྐོར་ན་ཆར་ཆེན་པོ་འབབ་པར་འགྱུར་རོ།། རིལ་བུ་ནམ་མཁའ་ལ་འཕངས་ན་མི་འབབ་བོ། ། གཡུལ་ཆེན་པོ་འགྱེད་པའི་ནང་དུ་ཕྱེ་མ་དེ་ཡུངས་ཀར་དང་བསྲེས་ཏེ་ནམ་མཁའ་ལ་གཏོར་ལ་རིལ་བུ་དེའང་ཁར་བཅུག་སྟེ། སྟང་དུ་བལྟས་ལ་ཧཱུཾ་ཞེས་བྱ་བའི་སྒྲས་བོས་ལ། གནམ་ལྕགས་ཆེན་པོ་འབབ་སྟེ་ཡིད་མི་འཆད་པ་དང་སྡུག་བསྔལ་སྐྱེད་པར་འགྱུར་རོ།། ཆུའི་ནང་དུ་ཞུགས་ཏེ་ཕྱེ་མ་དེ་གཏོར་ལ་ཡུངས་ཀར་དང་རིལ་བུ་ཆུའི་ནང་དུ་གདབ་པར་བྱ། ཕྱོགས་བཞིར་ཡུངས་ཀར་གཏོན་ཏེ་ཏིལ་མར་གྱིས་ལུས་ལ་བསྐུས་ན་ཀླུ་ཆེན་པོའི་གཟུགས་སུ་སྣང་ངོ་། ། རིལ་བུ་དང་ཡུངས་ཀར་མེའི་མདོག་ལྟ་བུ་ཆུ་དང་བསྲེས་པའི་ཡུངས་ཀར་ནམ་མཁའ་ལ་གཏོར་ན་འབྲུག་སྒྲ་ཆེན་པོ་འབྱུང་ཞིང་གློག་ཆེན་པོ་གསལ་བ་སྣང་བར་འགྱུར་རོ། ། ཆུའི་ནང་ནས་འབྱུང་ན་མི་སྣང་བར་འགྱུར་རོ།། ཁྲོན་པའི་ནང་དུ་བཏབ་ན་ཆུ་ལུང་ནས་ཕྱོགས་ཀུན་ཏུ་ཆུ་འབབ་པར་འགྱུར་རོ།། རྫ་མ་འམ། བུམ་པ་འམ། རྫེའུ་འམ། རིལ་བོ་བྷྲྀང་ག་ར་འམ། རིལ་བ་ལ་ཕྱེ་མས་བྱུགས་ཏེ། དེའི་སྟེང་དུ་ཡུངས་ཀར་གྱི་གཏོར་ནས་ཆུས་བཀང་སྟེ་ཁྲུས་བྱས་ན་དེ་ཆུ་འབབ་པར་སྣང་ཞིར། དེའི་སྣོད་ནི་མི་སྣང་བར་འགྱུར་རོ།། གཞན་ཡང་དགོས་པ་མང་པོ་བྱེད་དེ་མཆོག་ཏུ་གྲུབ་པ་ཡིན་ནོ། ། དེ་ནས་རིན་ཆེན་པོའི་ཚད་དུ་འབྲུ་མར་གྱི་རྒྱལ་པོས་བྱས་ཏེ་འབྲུ་མར་གཞན་དང་། དེ་བཞིན་དུ་ཏིལ་ལས་འབྲུ་མར་གྱི་རྒྱལ་པོ་དེ་བཞིན་དུ་སྦྱར་རོ།། ལག་པ་དང་རྐང་པ་བཞག་ལ་འདིར་ཉམ་དྲོད་ཀྱང་ཤེས་པར་བྱའོ། ། བཞག་པ་ཐམས་ཅད་དུ་ཉམ་དྲོད་ཤེས་པར་བྱ་བ་ནི་མར་གསར་བཞིན་དུ་འཇམ་པར་འགྱུར་ཞིང་། སྐད་ཅིག་དེ་ཉིད་ལ་མཐོ་བ་དང་དམའ་བ་ཇི་ལྟར་ཡིད་ལ་འདོད་པ་བཞིན་དུརིའང་འགྱུར་རོ། ། སྙིང་པོ་ཐུར་མ་འདྲ་བ་དང་། ཟླུམ་པོ་འམ། ཡང་ན་ལྕུག་མ་ལྟ་བུར་བྱས་པས་ཀ་བའང་འདུད་པ་དང་། རིའང་དམའ་བ་འམ། ཡང་ན་མཐོན་པོར་འགྱུར་བར་བྱེད་དོ།། ཡུངས་ཀར་དང་པདྨ་ཆེན་པོའི་ཕྱེ་མ་ལྷན་ཅིག་བསྲེས་པ་འབྲུ་མར་གྱི་རྒྱལ་པོས་བསྒོས་ཏེ་ཕྱོགས་བཞིར་ཀུན་ཏུ་གཏོར་ན་རི་བོ་ཐམས་ཅད་མི་སྣང་ཞིང་འབྲོག་དགོན་པར་སྣང་བར་འགྱུར་རོ། ། ཡང་རི་བོར་སྣང་བར་འགྱུར་རོ།། ཡང་ན་མིས་བགྲོད་པར་མི་ནུས་པའི་རིའི་རྩེ་མོ་ན་སེང་གེ་དང་སྟག་གིས་གང་བ་འམ། ལྕུག་མ་དང་ཚེར་མ་ཅན་གྱི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་གང་བ་འམ། རྩུབ་པ་འམ། དུམ་བུ་འམ། ཁོང་སྟོང་དུ་སྣང་བར་འགྱུར་རོ།། ཅི་སྟེ་རིག་སྔགས་འཆང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་པོ་ཊ་ལའི་གཞལ་མེད་ཁང་མཐོང་བར་འདོད་ན། དེ་ནས་རིག་སྔགས་འཆང་གིས་ཞག་བདུན་གྱི་བར་དུ་རས་ཀྱི་འོ་ཐུག་གི་ཟས་ཟོས་ཏེ་གཙང་མ་ཤིན་ཏུ་ཁྲུས་བྱས་པ་གོས་གཙང་མ་བགོས་པས་རིའི་གསེབ་ཏུ་ཞུགས་ལ། ས་ཕྱོགས་གཙང་མའི་གནས་དེར་ཤིང་དྲི་ཞིམ་པོའི་མེ་སྦར་བ་ལ་ཡུངས་ཀར་ཕྱེ་མ་དང་བསྲེས་པ་འབྲུ་མར་གྱི་རྒྱལ་པོ་དང་སྦྱར་ལ་འབྲས་སོ་བ་དང་བསྲེས་པ་སྟོང་རྩ་བརྒྱད་ཞག་བདུན་དུ་དུས་གསུམ་དུ་སྦྱིན་སྲེག་བྱའོ། ། ལྷ་བཤོས་དང་གཏོར་མ་དཀར་པོ་འབུལ་ལོ།། དེ་ནས་རིག་སྔགས་འཆང་གིས་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ལ་ཤིན་ཏུ་ཁྲུས་བྱས་པ་གཙང་མས་སྤོས་སྣ་ཚོགས་ཀྱིས་ལུས་བསྐུས། གོས་བཟང་པོ་གཙང་མ་བགོས་ཏེ། འབྲུ་མར་གྱི་རྒྱལ་པོས་རང་གིས་ལུས་བསྐུས། ཕྱེ་མས་ལུས་བྱུགས། མིག་སྨན་གྱིས་མིག་བསྐུས། ཐིག་ལེ་བྱས་ལ་ནོར་བུས་མགོ་བཅིང་ཞིང་། མགུལ་པ་དང་། ལག་པ་དང་། དཔུང་པ་དང་། རྐེད་པར་ཡང་བཅིངས་ལ། ཡུངས་ཀར་དང་མཚལ་བསྲེས་པས་རིའི་ཕྱོགས་བཞིར་གཏོར་བར་བྱ། པདྨ་ཆེན་པོའི་ཕྱེ་མ་དེའང་ཕྱོགས་བཞིར་གཏོར། རང་གི་ལག་པ་གཡོན་པས་ཞགས་པ་དང་པདྨ་གཟུང་ཞིང་། ལག་པ་གཡས་པས་རྣམ་པར་ལྟ་བ་སྣང་བ་དང་། དོན་ཡོད་པ་ཆེན་པོ་དྲི་མ་མེད་པའི་ཕྱག་རྒྱ་གཟུང་སྟེ། དོན་ཡོད་པའི་ཞགས་པའི་མདོ་ལན་ཅིག་བཟླས་བརྗོད་བྱས་ན། ཇི་ལྟར་དོན་ཡོད་པའི་ཞགས་པའི་མདོ་སྡེ་བཤད་པ་ལས་བསྟན་པ་དེ་ལྟར་རི་པོ་ཊ་ལའི་གཞལ་མེད་ཁང་མཐོང་བར་འགྱུར་རོ།། རིག་སྔག་འཆང་དེའང་འཕགས་པ་སྤྱན་ངས་གཟིགས་དབང་ཕྱུག་གི་གཟུགས་སུ་སྣང་བར་འགྱུར་རོ། ། ཇི་ལྟར་རི་པོ་ཊ་ལའི་གཞལ་མེད་ཁང་བཞིན་དུ་རི་དེ་ལའང་། ཞལ་མེད་ཁང་སྣང་སྟེ། རི་དེ་ལ་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་སྣང་ངོ་།། མེ་ཏོག་སྣ་ཚོགས་ཀྱི་གཞལ་མེད་ཁང་སྣང་ངོ་། ། སཱ་ལ་དང་། ཏཱ་ལ་དང་། ཏ་མཱ་ལ་དང་། ཙམ་བ་ཀ་དང་། ཨ་ཤོ་ཀ་དང་། ཨ་ཀ་དང་། ཨ་ཤོ་དྷི་མུཀྟི་ཀ་དང་། བ་རི་ཤ་ཀ་དང་། ཀ་དམ་པ་དང་། ནཱི་ལ་དང་། བ་ཊ་ལ་དང་། པ་ལཱ་ཤ་དང་། ཨུ་དུམ་ཝ་ར་དང་། དོང་ཀའི་མེ་ཏོག་སྣ་ཚོགས་དང་། སྣ་མའི་མེ་ཏོག་དང་། ཏོག་དང་། ཏྭ་ར་ཎ་དང་། ན་བ་མ་ལི་ཀ་དང་། ཀུབ་པྱ་སྣ་ཚོགས་སྣང་བར་འགྱུར་རོ།། བྱའི་ཚོགས་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་དང་། རི་དགས་ཀྱི་ཚོགས་སྣ་ཚོགས་ཀྱིས་གང་བ་སྣང་བར་འགྱུར་རོ།། གང་གི་ཚེ་ཕྱིར་བསྡུ་བ་བྱེད་པར་འདོད་པ་དེའི་ཚེ་གནས་གཞན་དུ་འགྲོ་བར་བྱའོ།། གཞན་ཡང་དགོས་པ་སྣ་ཚོགས་ལ་རང་གི་བློ་གྲོས་ལ་ཇི་ལྟར་སྣང་བ་བཞིན་བྱའོ། ། དགོས་པ་ཐམས་ཅད་ལ་རབ་ཏུ་སྦྱར་བ་ནི་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ།། དོན་ཡོད་པའི་ཞགས་པ་ཆེན་པོའི་དཀྱིལ་འཁོར་གྱི་རིག་སྔགས་འཆང་གི་ཆོ་ག་གསང་བའོ། ། ། དོན་ཡོད་པའི་སྒྱུ་མ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་སྒྲུབ་པའི་ཆོ་ག་ནི། དེ་ནས་དེའི་འོག་ཏུ་ཕྱག་རྒྱ་བྲི་བའི་དཀྱིལ་འཁོར་བཤད་པར་བྱ་སྟེ། རྟགས་མཚོན་ཕྱག་རྒྱའི་དེ་ཉིད་ནི།། པདྨ་རྒྱས་དང་སྣ་ཚོགས་མཚོན།། པདྨ་ཁ་ནི་ཕྱེད་བྱེ་བ།། ཕྱག་དག་ན་ནི་རབ་ཏུ་འཛིན།། ཕྱག་གཉིས་ཕྱུང་ཞིང་བརྐྱང་ནས་ཀྱང་།། བསྐུམ་པའམ་འཛིན་སྟངས་དེ་ཉིད་ཀྱིས།། ཀུན་ནས་འཕྲེང་བ་འབར་བའི་རྟགས།། མཚོན་ཆ་ཕྱག་རྒྱ་བསྣམས་པ་ནི།། འདི་ལྟ་སྟེ། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མདུང་རྩེ་གསུམ་པ་དང་། ཡིད་བཞིན་གྱི་ནོར་བུ་དང་། རྒྱལ་མཚན་དང་། རྡོ་རྗེ་དང་། རྡོ་རྗེ་འཕྲེང་ཟླུམ་དང་། ལས་ཀྱི་རྡོ་རྗེ་དང་། ཟུར་གསུམ་མ་ཞེས་བྱ་བ་དང་། འཁོར་ལོ་དང་། དུང་དང་། ཐོ་བ་དང་། ཞགས་པ་དང་། དགྲ་སྟ་དང་། དབྱུག་ཏོ་དང་། མེ་ཏོག་གི་ཐུམ་པོ་དང་། བུམ་པ་གང་བ་དང་། རིན་པོ་ཆེའི་སྣོད་དང་། པདྨའི་འཕྲེང་བ་དང་། རྡོ་རྗེའི་འཕྲེང་ཟླུམ་དང་། ཨུཏྤ་ལའི་འཕྲེང་བ་དང་། མེ་ཏོག་གི་འཕྲེང་བ་དང་། པདྨ་དང་། ཨུཏྤལ་དང་། ཟླ་བ་དང་། རི་རབ་དང་། མེ་ལོང་དང་། ཀླུ་དང་། མཆོད་ཕྱིར་ཐོགས་དང་། ཟླ་བ་དང་། ཉི་མ་དང་། རྒྱལ་མཚན་དང་། གདུགས་དང་། བེ་ཅོན་དང་། གཤིན་རྗེའི་བེ་ཅོན་དང་། ཆུ་སྲིན་གྱི་ཁ་དང་། སྔགས་དེའི་འཕྲེང་བ་དང་། མདུང་རྩེ་གསུམ་པའི་འཕྲེང་ཟླུམ་དང་། བསྡིགས་པ་དང་། བསྒྱིངས་པ་དང་། དབུགས་འབྱིན་པ་དང་། མི་འཇིགས་པ་དང་། མཆོག་སྦྱིན་པ་དང་། ཐལ་མོ་སྦྱར་བ་དང་། གླེགས་བམ་བསྣམས་པ་དང་། འཁར་གསིལ་དང་། ལྷུང་བཟད་དང་། གདུགས་དང་། དབུ་རྒྱན་དང་། ནོར་བུ་བརྒྱུས་པ་དང་། གསར་སྐུད་དང་། མུ་ཏིག་གི་འཕྲེང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། མེའི་ཐབ་ཁུང་ངོ་།། ཀུན་ནས་འབར་འཕྲེང་ཕྱག་རྒྱ་དེ།། སྣ་ཚོགས་རྨད་དུ་བྱུང་བས་སྤྲས།། མཚོན་ཆ་སྣ་ཚོགས་བསྡམས་པ་ཡི།། པདྨ་འཛིན་ལ་རབ་ཏུ་གནས།། རས་ལ་བྲིས་པ་འམ་དཀྱིལ་འཁོར་རབ། ། རྩིག་པ་འམ་གང་ཡང་རུང་བ་ལ།། ཚོན་རྩི་རྣམ་པ་སྣ་ཚོགས་ཀྱིས།། གང་དུ་བྲིས་པ་མཐོང་བ་དེ།། ངན་འགྲོ་སེམས་ཅན་དམྱལ་བར་ནི།། ཕྱིར་ཡང་འགྲོ་བར་མི་འགྱུར་རོ། ། འཇིག་རྟེན་དབང་གིས་རྟག་མཆོག་སྦྱིན།། སྡིག་པ་ཐམས་ཅད་རྣམ་པར་སྤངས།། གང་ཞིག་ཉེས་བྱས་མི་བཟད་པ།། མཚམས་མེད་ལྔ་པོ་བྱེད་པ་ཉིད།། མནར་མེད་པའི་གནས་དང་ནི།། ། དམྱལ་བ་གཞན་དུ་གཞོལ་བ་གང་།། ཕྱག་རྒྱ་དེ་དག་མཐོང་ཙམ་གྱིས།། འགྲོ་བ་ཐམས་ཅད་ཟད་པར་འགྱུར།། སྐྱེ་དང་འཆི་ལས་རྣམ་པར་གྲོལ།། འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར།། དེ་དག་སྐྱེ་བ་ཕྱི་མར་ནི། ། ཕྱིར་ཡང་མངལ་གྱིས་མི་གོས་ཏེ།། ཡང་དང་ཡང་དུ་པདྨ་ལས།། རྫུས་ཏེ་སྐྱེ་བ་དག་ཏུ་འགྱུར།། རྟག་ཏུ་བདེ་བ་ཅན་དུ་འགྲོ།། གང་ན་འདྲེན་པ་ཚེ་དཔག་མེད།། བཞུགས་པའི་སྤྱན་སྔར་རྟག་ཏུ་དེར།། སྐྱེས་འགྱུར་ཐེ་ཙོམ་མི་ཟ་ཞིང་།། དོན་རྣམས་བདེ་བར་འགྲུབ་འགྱུར་ཞིང་།། རིག་སྔགས་སྣ་ཚོགས་བདེ་བར་འགྲུབ།། བདེ་བར་དཀྱིལ་འཁོར་འགྲུབ་འགྱུར་ཞིང་།། རྟག་ཏུ་མི་ལྡོགས་ནས་འགྱུར།། ཕྱག་རྒྱ་འདི་དག་མཐོང་ཙམ་གྱིས།། སངས་རྒྱས་བྱང་ཆུབ་དང་མཉམ་འགྱུར།། དུས་གསུམ་གཤེགས་པའི་སངས་རྒྱས་ལ།། བླ་མེད་དགེ་རྩ་བསྐྱེད་པར་འགྱུར།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། བསོད་ནམས་ཕུང་པོ་ཆེན་པོ་འཐོབ། ། དེ་ནས་དཀྱིལ་འཁོར་རབ་བཤད་པ།། དེ་ཉིད་འགྲུབ་པའི་ཕྱག་རྒྱ་རྣམས།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། འདོད་པ་ཐམས་ཅད་རབ་ཏུ་སྦྱིན།། སྡིག་པ་ཐམས་ཅད་མོད་ལ་སེལ།། གང་ཞིག་མཚམས་མེད་བྱེད་པ་དག། མི་བཟད་མནར་མེད་གནས་པ་ཡིས།། སྡིག་པ་ཐམས་ཅད་འཇིག་པར་འགྱུར།། དམྱལ་བའི་སྒོ་རྣམས་བཅད་ནས་ནི།། མཐོ་རིས་སྒོ་ཕྱེ་ཐེ་ཙོམ་མེད། ། སྒོ་ཕྱེ་གྱུར་པ་རྣམས་ལ་ནི།། སངས་རྒྱས་ཞིང་རྣམས་སྣང་བར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། མགོན་པོ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་སེམས་ཅན་ཕྱིར་མི་ལྡོག་པར་འགྱུར་རོ། ། ཕྱག་རྒྱའི་དཀྱིལ་འཁོར་འདི་མཐོང་ན་ཤི་འབོས་པའི་མོད་ལ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། དཀྱིལ་འཁོར་འདིར་ཞུགས་པ་ཙམ་གྱིས་གང་ན་ཐུབ་པ་འདྲེན་པ་འོད་དཔག་མེད་བཞུགས་པའི་ཕོ་བྲང་དུ་མྱུར་དུ་འཇུག་པར་འགྱུར་རོ། ། དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ།། ཀུན་ནས་ཆ་ནི་མཛེས་པར་བྱ།། གྲུ་བཞི་གོ་ལའི་ཚད་ཙམ་ལ།། སྒོ་བཞི་ཐེམ་སྐས་བཞི་ཡིས་བརྒྱན། ། ཤིན་ཏུ་ལེགས་པར་བསྐུས་དང་ལྡན།། འཇམ་ཞིང་མཉེན་ལ་མཉམ་པ་ཡི།། ས་ཡི་ཆ་དང་ལྡན་པ་ལ།། དཀྱིལ་འཁོར་ཤེས་རབ་ཅན་གྱིས་དབྱེ།། དཀྱིལ་འཁོར་དེ་ཉིད་ཐིག་བཏབ་ལ།། ཕྱག་རྒྱ་བྲི་བ་རྣམ་པར་དབྱེ། ། ཕྱོགས་བཞིའི་ཆ་ནི་མཉམ་པ་ཡི།། དབུས་ན་དཀྱིལ་འཁོར་སྙིང་པོ་ཡིན།། གྲུ་བཞི་པ་ལ་ཀུན་ནས་ཁ་ཁྱེར་གྱི་རྣམ་པ་དང་། མདུང་རྩེ་གསུམ་པའི་འཕྲེང་བ་རྣམ་པར་དབྱེའོ།། གྲུ་བཞི་པའི་དབུས་སུ་ཕྱག་རྒྱ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ཀུན་ནས་འབར་བ་བླ་ན་མེད་པ་དང་། ཕྱག་རྒྱན་གྱིས་བརྒྱན་པ་ཚོན་རྩི་སྣ་ཚོགས་ཀྱིས་བྲིའོ།། དབུས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གནས་སུ་ཕྱག་རྒྱ་བྲི་བའང་ཤིན་ཏུ་འབྱེས་པར་བྱའོ། ། དཀྱིལ་འཁོར་ཀུན་ནས་གོས་དང་། བ་དན་དང་། རྒྱལ་མཚན་གྱིས་བརྒྱན་ལ་ཀུན་ཏུ་ཡུངས་ཀར་པོས་གཏོར་རོ།། ཕྱག་རྒྱའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གནས་སུ་ཕྱོགས་བཞི་ཀུན་ཏུ་བྱ་བ་ནི་བ་ལང་གི་ལྕི་བ་ས་དང་བསྲེས་པས་ཤིན་ཏུ་ལེགས་པར་བྱུགས་པ་དང་ལྡན་པ་ལ་ཚོན་རྩིའི་ཕྱེ་མས་ཁ་ཁྱེར་གྱི་རྣམ་པ་དང་། ཀུན་ནས་པདྨའི་འབྲེང་བ་རྒྱ་ཆེན་པོ་དང་། མཚོན་ཆ་བྲིས་ལ་འདིའི་སྒོ་བཞིའང་རྣམ་པར་འབྱེས་པར་བྲིའོ། ། ཇི་ལྟར་ཕྱག་རྒྱ་དང་མཐུན་པའི་རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པར་བྱ་སྟེ། ཕྱག་རྒྱ་རེ་རེ་ལའང་མཆོད་ཡོན་ཕུལ་ལ། དབྱིབ་མོ་དང་། ཕྲུ་བ་དང་། བུམ་པ་དང་། ཁམས་པོར་དང་། རྫེའུ་གཏོར་མས་བཀང་ལ་གཞག་གོ། ཀུན་ཏུ་བུམ་པ་གང་བ་དང་།། བདུག་སྤོས་ཀྱི་ནི་སྣོད་དག་དང་།། མེ་ཏོག་འབྲས་བུ་སྣ་ཚོགས་དང་།། གཏོར་མ་དཀར་པོ་དག་གིས་བཀང་། མེ་ཏོག་རྣམ་པར་བཀྲམ་བྱས་ལ།། ཀུན་ཏུ་འཕྲེང་བས་གཞག་པར་བྱ།། འཕྲེང་བ་བཟང་པོ་གཞག་ནས་ཀྱང་།། དེ་བཞིན་ཀུན་ཏུ་བདུག་སྤོས་དབུལ།། ཨ་ཀ་རུ་དང་། ཙན་དན་དང་། དུ་རུ་ཀ་དང་། ས་ལ་ཀི་དང་། སྤྲིཀྐ་དང་། གུ་གུལ་དང་། སྲ་རྩི་པོག་དང་། སྒྲོན་ཤིང་དང་། གླ་རྩི་དང་། ག་པུར་གྱི་བདུག་པ་འདི་དག་གིས་བདུགས་ལ། གཏོར་མ་དང་། མེ་ཏོག་དང་། ལྷ་བཤོས་དབུལ་ལོ།། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པས་དོན་ཡོད་པའི་རྒྱལ་པོ་དྲན་པར་བྱས་ཏེ་བསྐོར་ལ། ཕྱག་རྒྱའི་དཀྱིལ་འཁོར་ལ་ཕྱག་བྱ་ཞིང་ཕྱག་རྒྱ་ཐམས་ཅད་ལ་མེ་ཏོག་བཀྲམ་ཞིང་མེ་ཏོག་གཏོར་རོ།། གང་ཕྱག་རྒྱའི་དེ་ཁོ་ན་ཉིད་གསང་བ་འདི་དང་། ཕྱག་རྒྱའི་དཀྱིལ་འཁོར་འདི་སྒྲུབ་པ་གང་དགོས་པ་ལ་སྔར་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པ་ལ་མཆོག་ཏུ་མཛེས་པར་བྱས་ལ། ཕྱིས་ལས་ཐམས་ཅད་བྱའོ།། རིག་སྔགས་འཆང་བ་གཙང་མ་ཡིས།། གཙང་མ་ཡི་ནི་གོས་བགོས་ལ། ། ཇི་ལྟར་དཀྱིལ་འཁོར་ཆོ་ག་བཞིན།། དཀྱིལ་འཁོར་དུ་ནི་གཞུག་པར་བྱ།། ཇི་ལྟར་དཀྱིལ་འཁོར་ལ་དགོས་པ།། དེ་བཞིན་དུ་ནི་ལས་བྱའོ།། ཕྱག་རྒྱའི་དཀྱིལ་འཁོར་ལ་མེད་པ།། དཀྱིལ་འཁོར་འདིར་ནི་ཞུགས་ཙམ་གྱིས། ། ཐུབ་པ་སྣང་མཛད་ཀྱིས་གསུངས་པའི།། སྤྱི་ཡི་རིགས་ནི་ཐམས་ཅད་དུ།། ཕྱག་རྒྱ་དཀྲིགས་དང་གཏམས་རྣམས་ཀྱིས།། དམ་ཚིགས་ཀུན་ཏུ་ཤེས་པར་འགྱུར།། སྤྱི་རིགས་ཀུན་གྱི་ཆོ་ག་ཡིས། ། དམ་ཚིག་རྗེས་ཞུགས་དེ་བཞིན་ནོ།། དཀྱིལ་འཁོར་ཀུན་ཏུ་ཞུགས་པ་དང་།། རྒྱལ་བས་ལུང་ནི་བསྟན་པར་འགྱུར།། ཀུན་གཟིགས་དེ་བཞིན་གཤེགས་པ་ཡིས།། ཕྱག་ནི་སྤྱི་བོར་འཇོག་པར་མཛད། ། ཆོས་ཀྱི་རོ་ནི་བདུད་རྩི་ཡི།། གཟི་བརྗིད་མོད་ལ་འཇུག་པར་འགྱུར།། རྣམ་སྣང་མཛད་གསུངས་དཀྱིལ་འཁོར་དུ།། དོན་ཡོད་དངོས་གྲུབ་སྩོལ་བ་མཛད།། ཕྱག་རྒྱའི་དཀྱིལ་འཁོར་གང་བཞུགས་པ།། ཀུན་ཏུ་སྤྱི་ཡི་རིགས་རྣམས་ཀྱི།། དོན་ཡོད་དངོས་གྲུབ་མཆོག་མྱུར་ཐོབ།། སངས་རྒྱས་བྱེ་བ་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དེ་བཞིན་གཤེགས་པའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཡོན་ཏན་གྱི་ཕན་ཡོན་འདི་དག་ནི་ཚེ་འདི་ཡིན་པར་ཁོང་དུ་ཆུད་པར་བྱའོ།། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། ། ཚེ་རབས་སུ་ཚེ་རབས་དྲན་ཞིང་འོད་ཟེར་བྱེ་བ་འབར་བའི་ལུས་དང་ལྡན་ཞིང་། ཚེ་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་འགྱུར་རོ།། ཡོན་ཏན་ཐམས་ཅད་དྲི་མ་མེད་པར་སྣང་བ་དོན་ཡོད་པའི་རྣམ་པར་འཕྲུལ་པ་བསྟན་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། གང་ཏིང་ངེ་འཛིན་ཐོབ་པས་སྒྱུ་མ་ཆེན་པོ་ལྟ་བུའི་རྣམ་པར་འཕྲུལ་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པར་བྱེད་དོ།། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་སྤྱིའི་རིགས་དེ་བཞིན་གཤེགས་པའི་རིགས་ཀྱི་བྱིན་གྱིས་བརླབས་ཀྱིས་རྗེས་སུ་འཇུག་པར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དབང་དུ་གྱུར་ནས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དཀྱིལ་འཁོར་རྣམས་འབྱོར་པར་གཟིགས་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་མཛད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཕྱི་བཞིན་དུ་འབྲང་ཞིང་མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ།། རྒྱལ་པོ་བཙུན་མོ་དང་། འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པའི་འོས་ཆེན་པོར་འགྱུར་རོ། ། སེམྦ་ཅན་ཐམས་ཅད་གཅིག་ཏུ་བླ་མར་བྱེད་པར་འགྱུར་རོ།། ནད་ཐམ་ཅད་མེད་པར་འགྱུར་རོ།། སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། མཚན་མ་བྲི་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ཆོ་གའོ། ། ། དེ་ནས་སྦྱིན་སྲེག་གི་ཆོ་གའི་དཀྱིལ་འཁོར་བཤད་པར་བྱ་སྟེ། རིག་སྔགས་འཆང་བ་རྣམ་དག་གི། དེ་ཉིད་སྒྲུབ་པ་བསྒྲུབ་པའི་ཕྱིར།། སྤྱི་ཡི་རིགས་རྣམས་ཐམས་ཅད་ཀྱི། ། ཆོ་ག་ཞིབ་མོ་བླ་མེད་ཡིན།། གང་གི་སྦྱིན་སྲེག་བྱས་ཙམ་གྱིས།། ཕྱོགས་ཀུན་རྣམ་པར་གཟིགས་པ་ཡི།། དེ་བཞིན་གཤེགས་རྣམས་བྱོན་འགྱུར་ཞིང་།། བྱང་ཆུབ་སེམས་དཔའ་དགོངས་པར་འགྱུར།། རིག་སྔགས་དངོས་གྲུབ་རྗེས་སྩོལ་ཅིང་།། རྟག་ཏུ་སྲུང་བ་མཛད་པར་འགྱུར།། མགོན་པོ་འཕགས་པ་སྤྱན་རས་གཟིགས།། ཐེ་ཙོམ་མེད་པར་མྱུར་དུ་བྱོན།། མགོན་པོ་འཁོར་བཅས་གནས་ཉིད་ན།། རང་གི་གཟུགས་སུ་མཐོང་བར་འགྱུར།། འདོད་པ་ཐམས་ཅད་རྟག་ཏུ་སྩོལ།། རྟག་ཏུ་མཆོག་ནི་སྩོལ་བ་ཉིད།། ཉིན་དང་མཚན་དུ་རྟག་པར་ནི།། རྣམ་པར་གཟིགས་འགྱུར་ཐེ་ཙོམ་མེད། ། དཀྱིལ་འཁོར་བཤད་པར་བྱ་སྟེ།། དཀྱིལ་འཁོར་གྲུ་བཞི་ཤིན་ཏུ་མཛེས་པར་བྱ་བ་ནི་རྒྱ་ཆེན་པོ་ཀོ་ལའི་ཚད་ཙམ་ལ།། ལེགས་པར་བྱུགས་པ་ཤིན་ཏུ་འཇམ་པ། ཤིན་ཏུ་གསལ་བ། གྲུ་བཞི་སྒོ་བཞི་དང་། ཐམ་སྐས་བཞི་དང་ལྡན་པ། རྣམ་པར་འབྱེས་པ། མཆོག་ཏུ་མཛེས་པ། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་ཡང་བྱའོ།། མེ་ཡི་གནས་ཀྱི་དཀྱིལ་འཁོར་ནི།། གྲུ་བཞི་ཉིད་ཀྱི་རྣམ་པ་ལ།། ཀུན་ནས་ཐེམ་སྐས་བཞི་དག་དང་།། སྟེང་དུ་གྲཝ་ནི་བཞི་པ་བྱ།། རྟག་ཏུ་པདྨའི་སྙིང་པོ་དང་།། སྙིང་པོ་རྒྱས་པའི་སྟང་དུ་ཡང་།། ཀུན་ནས་འདབ་མ་མཛེས་པར་བྱ།། གྲཝ་བཞིར་པདྨའི་འཕྲེང་བ་བྱ། ། དེ་བཞིན་དུ་གྲཝ་གཉིས་ཀར་རྡོ་རྗེ་པདྨ་དང་བཅས་པའོ།། གསུམ་པར་མདུང་རྩེ་གསུམ་པ་པདྨ་དང་བཅས་པའོ།། བཞི་པར་འཁོར་ལོ་པདྨ་དང་བཅས་པའོ།། ལྔ་པར་བུམ་པ་གང་བ་བཞག་གོ།། སྣ་ཚོགས་ཚོན་གྱིས་རྣམ་མཛེས་པའི།། ཀུན་ནས་འདབ་མའི་མྱུགུ་བྱ།། རིན་ཆེན་སྣོད་ནི་བཀང་བ་དང་།། མེ་ཏོག་འཕྲེང་དང་ངང་པ་དང་།། བྱེ་མ་བདྨར་བཅས་པ་དང་།། དེ་བཞིན་མེ་ཏོག་རིགས་དག་ཉིས་དེ་བཞིན་སྣ་ཚོགས་རྒྱན་བརྒྱན་པའོ། ། ནུབ་ཀྱི་གནས་དང་གྲཝ་དག་ཏུ།། པདྨའི་འདབ་མ་ཨུཏྤལ་བཅས།། བུམ་པ་དུར་རབས་བཀང་བ་བྲི།། རྩ་བའི་བུམ་པ་དབུ་མ་ལ།། འདིར་ནི་ཁ་ཁྱེར་ཐིག་ཀྱང་གདང་། དེ་ནས་དཀྱིལ་འཁོར་མཛེས་བྱ་བ།། ཐིག་གིས་ཀུན་ནས་ཆ་མཉམ་ཞིང་།། སྒོ་བཞི་མཛེས་པར་བྱ་བ་ནི།། ཚོན་སྣ་ལྔ་ཡི་སྐུད་པས་གདབ།། མེ་འབར་མདོག་ཅན་བྲི་བ་ནི།། ཀུན་ནས་འབར་བའི་འབྲེང་བ་ཅན། ། གྲཝ་དང་གྲཝ་ར་ནི་མེ་ལྷ་བྲི།། ལུས་ནི་མེ་མདོག་འབར་བ་དང་།། ལག་ནམ་འབར་འཛིན་པ་དང་།། མཚན་མ་སྣ་ཚོགས་གཞན་དག་ཀྱང་།། ཆོ་ག་བཞིན་དུ་བྲི་བར་བྱ།། དཀྱིལ་འཁོར་གྱི་ནི་ཆོ་ག་བཞིན། ། བ་དན་མདའ་དང་སྣ་ལྔ་ཡི།། སྲུད་པས་བུམ་པ་གང་དཀྲིས་དང་།། དེ་བཞིན་བདུག་སྤོས་སྣོད་དག་གིས།། ཀུན་ནས་དཀྱིལ་འཁོར་བརྒྱན་པར་བྱ།། སྣ་ཚོགས་གཟུགས་ཅན་རྒྱ་ཆེ་ཡིས།། སྣཿ་རོཡི་གཏོར་མ་གཞག། རྫེའུ་དང་ཁམ་པོར་རྣམ་གསུམ་གྱི།། དཀར་པོས་བཀང་བ་གཞག་པར་བྱའོ།། རྫེའུ་དང་དབྱིབ་མོ་བུམ་པ་ནི།། གཏོར་མས་བཀང་བ་ཀུན་ཏུ་གཞག། འབྲས་བུ་རྣམ་པ་སྣ་ཚོགས་གཞག། ཀུན་ནས་མེ་ཏོག་དགྲམ་བྱ་ཞིང་།། འཕྲེང་བ་སྣ་ཚོགས་གཞག་པར་བྱ།། འབྲས་ཡོས་ཡུངས་ཀར་གཏོར་ནས་ནི།། ཀུན་ཏུ་མར་མེ་འབར་བ་དང་།། སྣ་ཚོགས་དྲི་དང་དེ་བཞིན་དུ། དྲི་ཡི་ཕྱེ་མ་ལྷ་བཤོས་དང་།། དཀྱིལ་འཁོར་ཀུན་ལ་གཞག་པར་བྱ།། དཀྱིལ་འཁོར་དག་ནི་ཐམས་ཅད་ལ།། བླུགས་གཟར་དུ་ར་བ་རྟག་ཏུ་གཞག། ཤིང་ནི་ཨརྒ་ཤི་མི་དང་། ཡུངས་ཀར་འབྲས་ནི་སོ་བ་དང་།། ཞུ་མར་དང་ནི་མར་དཀར་དང་།། ཀུན་དུ་རུ་ཀ་ཙན་དན་དཀར།། སྦྱིན་སྲེག་ཆོ་གར་འདིར་བཞག་སྟེ།། དུས་གསུམ་རྟག་ཏུ་རིག་འཛིན་གྱི།། སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། ། རིག་པ་འཛིན་པ་གཙང་མ་ཡིས།། གཙང་མ་ཡི་ནི་གོས་བགོས་ལ།། དཀར་གསུམ་གྱི་ནི་ཟས་བཟའ་ཞིང་།། གཞན་ནི་བཟའ་དང་བཅའ་མི་བྱ།། དཀྱིལ་འཁོར་གྱི་ནི་ནུབ་སྒོ་ནས།། དཀྱིལ་འཁོར་ཤེས་པ་འཇུག་བྱ་ཞིང་། ། དྷ་ར་བྷའི་སྟན་ལ་སྐྱིལ་ཀྲུང་དུ།། ཤར་ཕྱོགས་ཁ་བལྟས་འདུག་པར་བྱ།། བྱམས་པའི་སེམས་ལ་མཉམ་བཞག་སྟེ།། དོན་ཡོད་རྒྱལ་པོ་དྲན་བྱ་ཞིང་།། སྔ་དྲོའི་དུས་སུ་སྦྱིན་སྲེག་བྱ། ། གུང་ལ་སློབ་མ་གཞུག་བྱ་ཞིང་།། སྤྱི་ཡི་རིགས་ཀྱི་སྲེག་བླུགས་ནི།། ཕྱི་འཕྲེང་དུས་སུ་བྱ་བའོ།། གང་ཞིག་དཀྱིལ་འཁོར་དུ་ཞུགས་ལ།། སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་དང་།། གྲུབ་པ་ཀུན་ཏུ་ཆོ་ག་ཡི། ། བདག་ཉིད་དབང་བསྐུར་མེད་ཀུན་གྱི།། སྦྱིན་སྲེག་བྱེད་པའི་མཆོག་ཏུ་གསུངས།། ཀུན་ཏུ་གནས་ནི་ཐམས་ཅད་ན།། རྒྱས་པ་གནས་མཆོག་རྭ་གཅིག་དང་།། གར་གེ་དེ་བཞིན་ཕུར་བུ་དང་།། མདུན་ན་དོན་པ་མེ་ལྷ་ནི། ། སྦྱིན་སྲེག་བྱེད་པ་འཇིག་རྟེན་པར།། མཚུངས་ཤེས་སྟོན་པས་ལུང་བསྟན་ཏོ།། འཇིག་རྟེན་འདས་པའི་ལས་སྒྲུབ་པ།། རིག་འཛིན་དབང་པོ་ཆེན་པོ་དང་།། ཕྱག་ན་རྡོ་རྗེ་ཚངས་པ་དང་།། ཁྱབ་འཇུག་དབང་ཕྱུག་ཆེན་པོ་དང་།། མཉམ་པ་བས་ཀྱང་ལྷག་པ་ཉིད།། མེ་ཡི་སྦྱིན་སྲེག་བྱེད་པ་ལ།། དེ་བཞིན་གཤེགས་ཀུན་བྱིན་གྱིས་རློབ།། གལ་ཏེ་ཞག་བདུན་དུས་གསུམ་དུ།། དེ་ལ་སོགས་པའི་ལས་རྣམས་ནི། ། མ་ལ་སྦྱིན་སྲེག་བྱེད་པ་ལ།། མོད་ལ་སྔོན་ཤེས་ལྔ་ཐོབ་ཅེས།། དེ་སྐད་འཇིག་རྟེན་འདྲེན་པ་གསུང་།། ལས་ནི་བྱས་ནས་དེ་ནས་ནི།། སྦྱིན་སྲེག་ལས་ནི་བརྩམ་པར་བྱ།། སྲེག་བླུག་སྦྱིན་སྲེག་བྱས་ཙམ་གྱིས། ། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། ལྷ་རྣམས་རྟགས་ཏུ་འོང་འགྱུར་ཞིང་།། དེ་བཞིན་གཤེགས་ཀུན་དགྱེས་པར་འགྱུར།། བྱང་ཆུབ་སེམས་དཔའ་བྱོན་ནས་ནི།། ། མོད་ལ་མཐོང་བའི་སྦྱིན་པར་མཛད།། སྡིག་པ་ཐམས་ཅད་སྲེག་པར་འགྱུར།། ཤིན་ཏུ་མི་བཟད་སྔོན་གྱི་ལས།། སྲེག་བླུགས་ཙམ་གྱིས་མོད་ལ་སྲེག། འབར་བ་མེ་ཡིས་ཕྱེ་ལེབ་བཞིན།། དེ་ལ་སོགས་པའི་སྡིག་པ་ནི། ། སྲེག་འགྱུར་འདིར་ནི་ཐེ་ཙོམ་མེད།། སྡང་བའི་ཕྱིར་ནི་རྒོལ་ཉིད་དང་།། མི་བཟད་ཕས་ཀྱི་དགྲ་རྣམས་དང་།། ཕ་རོལ་དཔུང་གིས་འཇིགས་པ་ཉིད།། དེ་བཞིན་དུ་ཡང་རྒྱལ་པོའི་དཔུང་།། ། དེ་ཀུན་སྦྱིན་སྲེག་བྱས་ཙམ་གྱིས།། མི་གནང་བར་འགྱུར་ཐེ་ཙོམ་མེད།། དེ་བཞིན་མི་ངས་གཅོང་ཀུན་དང་།། ནད་ཀུན་རབ་ཏུ་ཞི་བར་འགྱུར།། མུ་གའི་དགོན་པའི་འཇིགས་ཉིད་ཀྱང་།། སྦྱིན་སྲེག་བྱས་པ་ཙམ་གྱིས་འཇིག། གནོད་སྦྱིན་སྲིན་པོ་འབྱུང་པོ་དང་།། དེ་བཞིན་བགེགས་དང་ལོག་འདྲན་དང་།། ཤ་ཟ་བརྗེད་བྱེད་ཡི་དགས་དང་།། དེ་བཞིན་རྣམ་པ་སྣ་ཚོགས་གདོན།། འདི་ཀུན་སྦྱིན་སྲེག་བྱས་ཙམ་གྱིས། ། འཇིག་པར་འགྱུར་བ་ཐེ་ཙོམ་མེད།། རྟག་ཏུ་འཇིགས་མེད་ལོ་ལེགས་ཤིང་།། གླིང་དང་བདེ་བར་འགྱུར་བ་ཡིན།། རྟག་ཏུ་སེམས་ཅན་ཐམས་ཅད་ནི།། ཀུན་ཏུ་རྒྱལ་བར་འགྱུར་པ་ཡིན། ། རྒྱལ་པོ་དཔུང་དང་བཅས་པ་ཉིད།། བཙུན་མོར་བཅས་པ་ཉིད་ཀྱང་ནི།། རྟག་པར་ཀུན་ཏུ་གསལ་བར་ནི།། མི་འཇིགས་སྦྱིན་པར་ཐེ་ཙོམ་མེད།། རྟག་ཏུ་ནད་མེད་འགྱུར་བ་དང་། ། དགའ་ཞིང་ཡིད་ནི་བདེ་བ་དང་།། ལུས་ཅན་དག་ནི་ཐམས་ཅད་ལ།། རྟག་ཏུ་དགའ་བར་བྱེད་ཅིང་གནས།། རྟག་ཏུ་མ་ཡི་ལྷ་ཉིད་ནི།། རྒྱུན་དུ་མཐོང་བར་འདོད་པ་ཡི།། མོ་ལ་སྦྱིན་སྲེག་བྱས་ཙམ་གྱིས། ། མེ་ལྷ་ཉིད་ནི་བཞུགས་འགྱུར་ཏེ།། རྟག་ཏུ་ལས་ནི་ཐམས་ཅད་མཛད།། རྒྱུན་དུ་ཕྱི་བཞིན་འབྲང་བར་འགྱུར།། ལྷ་ནི་རྟག་ཏུ་འོང་འགྱུར་ཞིང་།། ཐམས་ཅད་དུ་ནི་མཐོང་བ་སྟེར།། རྒྱུ་སྐར་ཟླ་བ། ཉི་མ་དང་།། གཤིན་རྗེ་དང་ནི་ཆུ་ལྷ་དང་།། རྒྱལ་པོ་ཆེན་པོ་བཞི་པོ་དང་།། དཔུང་བཅས་བཞོན་པར་བཅས་པ་ཡང་།། ཉིན་དང་མཚན་དུ་རྟག་པ་ནི།། རྗེས་འབྲང་བསྲུང་འགྱུར་ཐེ་ཙོམ་མེད།། ཅི་སྟེ་རིག་སྔགས་འཆང་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་སྒྲུབ་པར་འདོད་ན། རིག་སྔགས་འཆང་གཙང་མ་དེས་ཤིན་ཏུ་ཁྲུས་བྱས་ལ་གོས་གཙང་མ་བགོ་བར་བྱ། ཉིན་ཞག་གཅིག་སྨྱུང་པ་བྱ་ཞིང་། ཤིང་ཨརྒའི་ཡམ་སྲེག་ཤིང་གིས་མ་སྤར་ལ་པདྨ་དང་། ཞུན་མར་དང་། འབྲས་སོ་བའི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ནས་སྲེག་ཟུགས་ལན་ཅིག་བྱས་པས། མཚམས་མེད་པ་ལྔ་བྱེད་པས་ཀྱང་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་དངོས་གྲུབ་འདོད་ན་རིག་སྔགས་འཆང་དེས་བྱང་ཆུབ་ཀྱི་ཤིང་གིས་མེ་སྦར་ལ་རིགས་སྤྱིར་པདྨ་དང་། ཨུཏྤལ་སྔོན་པོ་དང་། ཡུངས་ཀར་དཀར་པོ་དང་། ཞུན་མར་བསྲེས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་དངོས་གྲུབ་འཐོབ་སྟེ། ཐམས་ཅད་ཆོ་ག་ཆེན་པོ་ཞིབ་མོ་དང་། སྦྱིན་སྲེག་ཆེན་པོའི་ཆོ་གར་འགྱུར་རོ།། དེ་ནས་ཕ་རོལ་གྱི་དམག་ཚོགས་གཞོམ་པར་འདོད་ན་རིག་སྔགས་འཆང་གཙང་མ་དེས་ཤིན་ཏུ་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ། སེང་ལྡེང་གི་མེ་སྤར་ལ། ཞོ་དང་། ཞུན་མར་དང་། ཡུངས་ཀར་དང་། གུ་གུལ་གྱི་སྲེག་བླུགས་ཀྱི་སྦྱིན་སྲེག་བརྒྱད་སྟོང་བྱས་ན་དཔག་ཚད་སྟོང་ཚུན་ཆད་ཀྱི་ཕ་རོལ་གྱི་དམག་ཚོགས་བཅིང་བ་བྱས་པར་འགྱུར་རོ། ། ཕ་རོལ་གྱི་དམག་ཚོགས་དང་། དགྲ་གཞོམ་པར་འདོད་པ་དང་། དཔུང་གཞིག་པར་འདོད་ན། དེ་ནས་རིག་སྔགས་འཆང་གིས་ཤིང་ཀ་ར་ཝཱི་རའི་མེ་སྤར་ལ། སྦྲུལ་གྱི་པགས་པ་རྗེས་པ་དང་། སྐེ་ཚེའི་ས་བོན་དང་། ལན་ཚྭ་འབྲས་སཱ་ལུ་དང་བསྲེས་པ་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱས་ན་དཔག་ཚད་སྟོང་ཚུན་ཆད་ཀྱི་ཕ་རོལ་གྱི་དམག་ཚོགས་དང་། དགྲ་ལ་གནམ་ལྕགས་ཆེན་པོ་དང་། རླུང་གྲང་མོ་འབབ་པས་འཕོངས་པ་དང་། ཡིད་མི་བདེ་བ་སྐྱེད་པར་འགྱུར། དགྲ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། ཀླུས་ཆར་འབེབས་པར་འདོད་ན་རིག་སྔགས་འཆང་དེས་ཉིན་ཞག་གཅིག་སྦྱང་བ་བྱས་ལ་ཤིན་ཏུ་ཁྲུས་བྱས་པ་གཙང་མས་དྲི་སྣ་ཚོགས་དང་། མེ་ཏོག་འཕྲེང་བ་དང་། ཡུངས་ཀར་དང་། ཤ་ཏ་པུས་པ་ཞུན་མར་དང་སྦྱར་བའི་སྦྱིན་སྲེག་མཚན་གཅིག་ལ་དུས་གསུམ་དུ་བྱས་ན་ཀླུའི་རྒྱལ་པོས་ཆར་གྱི་རྒྱུན་ཆེན་པོ་འབེབས་ཏེ། འཛམ་བུའི་གླིང་མཐའ་དག་ཏུ་ཞག་བདུན་གྱི་བར་དུ་ཆར་འབབ་པར་འགྱུར་རོ།། ཆར་དེ་ཉིད་ཧ་ཅང་ཆེས་ན་ཐལ་བ་ནམ་མཁའ་ལ་གཏོར་ན་ཧ་ཅང་ཆར་ཆེས་པ་འཆད་པར་འགྱུར་རོ། ། ཡང་མེ་ལྷ་འོང་བར་འདོད་ཅིང་རང་གི་གཟུགས་སུ་མཐོང་བར་འདོད་ན་རིག་སྔགས་འཆང་གཙང་མ་དེས་གོས་ག་ཙང་མ་བགོས་ལ། ཉིན་ཞག་གཅིག་གནས་པར་གྱུར་པ་ས་ཤིང་སྣ་མའི་མ་སྤར་ལ་འབྲས་སོ་བ་དང་། ཞུན་མར་དང་། འབྲུ་མར་དང་། ཤ་ཁ་ར་དང་། བུ་རམ་དང་བཅས་པ་དང་། ཚ་བ་གསུམ་དང་། སྣ་མའི་མེ་ཏོག་བསྲེས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། ། བརྒྱད་སྟོང་ཚང་བ་དང་། མེ་ལྷ་མེའི་ནང་ནས་ལུས་ཕྱེད་ཕྱུང་སྟེ་འདུག་ནས། རིག་སྔགས་འཆང་ལ་ཅི་བགྱི་བཀའ་སྩོལ་ཅིག་ཅེས་ཟེར་ཞིང་། ཇི་ལྟར་རིག་སྔགས་འཆང་གི་ཆོ་གའི་དོན་དུ་འགྱུར་བ་དེ་བཞིན་དུ་སྨྲའོ། ། ཐམས་ཅད་སྦྱིན་པ་ཞེས་བྱ་བ། མཆོས་ཐམས་པར་ཕྱིན་པ་ཞེས་བྱབ། བདུད་ཀྱི་པ་ནེ་རྒྱ་མ་པ་ཆོས་སྦྱིན་པར་བྱེད་དོ།། གང་བདུད་རྩི་འབར་བ་མེའི་ཁ་ཐོབ་པས་གང་དུ་དབུག་ཕྱུང་བ་དང་བརྔུབས་པ་དེར་མ་འབར་བ་འབྱུང་བར་འགྱུར་རོ། ། གང་དུ་ཕུ་ཞེས་བྱས་པས་མེ་འབྱུང་བར་འགྱུར་རོ།། མུན་གནག་ཏུ་དབུགས་ཕྱུང་ན་མེ་འབར་ཏེ་སྣང་བར་འགྱུར་རོ།། ཙན་དན་དཀར་པོའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་གཟུགས་སྟོན་པར་མཛད་དོ། ། ས་བོན་བརྒྱན་གྱི་སྦྱིན་སྲེག་གིས་ནད་ཐམས་ཅད་ཞི་བར་བྱེད་དོ།། འབྲས་སོ་བའི་སྦྱིན་སྲེག་གིས་ནི་རྒྱལ་པོ་དབང་དུ་བྱེད་དོ། ། ཕུབ་མ་དང་ལན་ཚྭའི་སྦྱིན་སྲེག་གིས་ནི་ཞེས་འགྲས་པར་བྱེད་དོ།། འབྲས་ཡོས་དང་ཡུངས་ཀར་གྱི་སྦྱིན་སྲེག་གིས་ནི་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ཡུངས་ཀར་དང་། གུ་གུལ་དང་། ཞུན་མར་གྱི་སྦྱིན་སྲེག་གིས་ནི་གནོད་སྦྱིན་འགུགས་སོ། ། ཀ་ར་ཝཱི་རའི་མེ་ཏོག་དང་གུ་གུལ་ཞུན་མར་དང་སྦྱར་བའི་སྦྱིན་སྲེག་གིས་ནི་སྲིན་མོ་འགུགས་སོ།། དེ་བཞིན་དུ་འདིར་ལས་ཐམས་ཅད་བྱེད་དོ།། སྦྱིན་སྲེག་གིས་དཀྱིལ་འཁོར་གྱི་ཆོ་གའོ། ། ། རི་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཆོ་ག་བཤད་པར་བྱ་སྟེ། ཀུན་ཏུ་ཐུན་མོང་སྒྲུབ་པའི་མཆོག། དགེ་བའི་ལས་ཀུན་བྱེད་པ་སྟེ།། སངས་རྒྱས་ཐམས་ཅད་མཐོང་འགྱུར་ཞིང་། ། བླ་མེད་བསོད་ནམས་ཆེན་པོ་སོགས།། དོན་ཡོད་རྒྱལ་པོ་དེ་ཉིད་ནི།། རྣམ་པ་སྣ་ཚོགས་གཟུགས་དག་ཏུ།། འཇིག་རྟེན་འདྲེན་པ་སྣང་བར་བྱ།། མཐུ་དང་དངོས་གྲུབ་སྣ་ཚོགས་པའི།། འཇིག་རྟེན་འདྲེན་པའི་གཟུགས་བྱ་བ།། གྲུབ་པ་སྣ་ཚོགས་བྱེད་པའི་གནས།། སོ་སོའི་གཟུགས་སུ་བྱ་བ་ནི།། རས་སམ་ཡང་ན་དར་དག་ལ།། འཇིགས་པ་མེད་པའི་གཟུགས་བྱའོ།། དོན་ཡོད་པའི་རྒྱལ་པོ་ནི་ཁྲུ་གང་ཙམ་གྱི་ཚད་དམ། ཡང་ན་ཚད་ཤིན་ཏུ་རྣམ་པར་འབྱེས་པ། པདྨའི་མདོག་ལྟ་བུ། ཕྱག་བརྒྱད་པ། དབུ་གསུམ་པ། དེ་བཞིན་དུ་སྤྱན་གསུམ་པ། ཞི་བའི་ཞལ་དུ་བྲི་བར་བྱ་སྟེ། དེ་བཞིན་དུ་ཞགས་པ་འཛིན་པ་དང་། པདྨ་འཛིན་པ་དང་། མདུང་མེ་གསུམ་པ་དང་། རིལ་བ་སྤྱི་བླུགས་འཛིན་པ་དང་། ཡིད་བཞིན་གྱི་ནོར་བུ་དང་། བེ་ཅོན་དང་། དབུགས་འབྱིན་པ་དང་། བགྲ་བ་འཕྲེང་དང་། མེ་ཏོག་ཐུམ་པོ་འཛིན་པར་བྱའོ། ། གཡོན་དུ་ནི་དཀར་མོའོ།། གཡས་སུ་འཕགས་མ་སྒྲོལ་མ་ཐལ་མོ་སྦྱར་ལ་དབུ་ཡིད་ཙམ་འདུད་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་རལ་པའི་ཐོར་ཙུགས་ཅན། དབུ་རྒྱན་འོད་དཔག་མེད་ཀྱིས་བརྒྱན་པ། གཡས་ཕྱོགས་ཀྱི་དབུ་ཟླ་བ་ཆེས་པས་བརྒྱན་པ། རི་དགས་ཀྱི་པགས་པ་བསྣམས་པ། མཆོད་ཕྱིར་ཐོགས་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། འོད་འདོམ་གང་དང་ལྡན་པའོ།། ནང་རིམ་དུ་པདྨའི་འཕྲེང་བའོ།། རིམ་པ་གཉིས་པར་རྡོ་རྗེ་འཕྲེང་བ་ལྕགས་ཀྱུ་དང་བཅས་པར་བྱའོ།། རིམ་པ་གསུམ་པར་ནོར་བུ་རིམ་པོ་ཆེའི་འཕྲེང་བ་དང་རིན་པོ་ཆེ་སྣ་ཚོགས་མཛེས་པའོ། ། རིམ་པ་བཞི་པར་མདུང་རྩེ་གསུམ་པའི་འཕྲེང་བའོ།། རིམ་པ་ལྔ་པར་ཀུན་ནས་འབར་བའི་འཕྲེང་བའོ།། སྟེང་དང་གཡས་ཕྱོགས་ཀྱི་གནས་སུ་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་མེ་ཏོག་སྣ་ཚོགས་ཐོགས་པར་བྱའོ།། གཡོན་དུ་གཞོན་ནུ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། དབང་ཕྱུག་དང་། ལྷའི་བུ་རྣམས་བྱ་བ་ནི་མེ་ཏོག་སྣ་ཚོགས་ཐོགས་པར་བྱའོ།། ལྷ་མོ་སྒྲོལ་མའི་རྒྱབ་ཏུ་ཁྲོ་བོའི་རྒྱལ་པོ་དོན་ཡོད་པའི་ཞགས་པ་བྱ་བ་ནི་ཁྲོས་པ། གཏུམ་པའི་གཟུགས་འཆང་བ། ཕྱག་བཞི་པ། འབར་བའི་ནང་དུ་བཞུགས་པ། སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པ་འཆང་བ། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། སྤྱན་གསུམ་པ། གཡས་པ་ཟླ་བས་བརྒྱན་ཅིང་རལ་གྲི་འཛིན་པ་དང་། ཞགས་པ་འཛིན་པ་དང་། མདུང་རྩེ་གསུམ་པ་འཛིན་པ་དང་། དགྲ་སྟ་འཛིན་པར་བྱའོ། ། དཀར་མོའི་རྒྱབ་ཏུ་རིག་སྔགས་ཀྱི་རྒྱལ་པོ་དབུ་གསུམ་པ་བྱ་བ་ནི་ཞི་བའི་ཞལ་རས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་རྒྱན་རྒྱལ་བ་འོད་དཔག་མེད་ཅན་ཐོགས་པ། པདྨ་འཛིན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་འཛིན་པར་བྱའོ། ། འོག་ཏུ་ཕོ་ཉ་མོ་དང་། དབྱངས་ཅན་དང་། དུང་ཅན་མ་དང་། དཔལ་མོ་དང་། གནས་མ་དང་། དཔེ་མེད་མ་དང་། རལ་པ་གཅིག་མ་དང་། ཕོ་ཉ་མོ་ཞི་བ་དང་། ལོ་ཏོག་གི་ལྷ་དང་། སའི་ལྷ་དང་། རྒྱལ་པོ་ཆེན་པོ་བཞི་བྱའོ།། སྟེང་དང་གཡས་གཡོན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སྐྱིལ་མོ་ཀྲུང་བཅས་པ་སོར་བཞི་པའི་ཚད་ཙམ་བྱའོ།། ཉི་མ་དང་ཟླ་བའི་ལྷ་རྒྱུ་སྐར་དང་བཅས་པ་བྱའོ། ། རི་མོའི་གཟུགས་ཀྱི་ཕྱི་རོལ་གྱི།། རྣམ་པ་ཀུན་ཏུ་ཕྱག་རྒྱ་དང་།། ཕྱག་མཚན་སྣ་ཚོགས་རྫོགས་པར་བྲིའོ།། ཀླུ་བརྒྱད་བྱ་ཞིང་ཀུན་ནས་འཁོར་བ་དང་བཅས་པར་བྱའོ།། རིག་སྔགས་དངོས་གྲུབ་བླ་མེད་པའི། ། རི་མོའི་ཆོ་གའི་གནས་འདི་ནི།། སྡིག་པ་ཐམས་ཅད་མོད་ལ་སེལ།། མཚམས་མེད་ལྔ་པོ་སྦྱོང་བར་བྱེད།། ཕྱག་རྒྱ་དང་དཀྱིལ་འཁོར་དང་བཅས་པའི་རི་མོའི་གཟུགས་གྲུབ་པ་འདི་ནི་སྤྱིའི་རིགས་ཐམས་ཅད་དུ་འཇུག་པ་སྟོན་པ་ཡིན་ནོ། ། སྤྱིའི་རིགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རི་མོའི་དཀྱིལ་འཁོར་འདི་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་བྱིན་གྱིས་བརླབས་པའོ། ། དོན་ཡོད་པའི་བྱིན་གྱིས་བརླབས་ཀྱི་རི་མོ་འདི་ནི་ཐུབ་པ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ། དོན་ཡོད་པའི་ཞགས་པའི་དེ་ཁོ་ན་ཉིད་སྙིང་པོར་གྱུར་པ་དེ་ཁོ་ན་ཉིད་གསང་བ་འདི་མཐོང་བ་ཙམ་གྱིས་རྣམ་པར་ཐར་པ་ཐོབ་ཅིང་ལུང་བསྟན་པར་འགྱུར་རོ། ། མཐོང་བ་ཙམ་གྱིས་ཆོ་ག་ཞིབ་མོ་བླ་ན་མེད་པ་ཐམས་ཅད་འགྲུབ་པོ།། རྣམ་པར་སྣང་མཛད་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པར་སྣང་བ་བྱེ་བ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བར་འགྱུར་རོ། ། དཀྱིལ་འཁོར་ཆེན་པོ་འཁོར་བཅས་ཀྱི། རིག་སྔགས་ཆོ་ག་བླ་མེད་པ།། སྤྱི་རིགས་ཡང་དག་འབྱུང་བ་ནི།། ཐུབ་པ་རྣམ་སྣང་མཛད་ཀྱིས་བསྟན།། དེ་བཞིན་གཤེགས་རིགས་གྲུབ་པ་དང་།། གང་ཡང་པདྨའི་རིགས་དེ་བཞིན།། ནོར་རིགས་དེ་ཉིད་འབྱུང་བ་དང་། ། རྡོ་རྗེའི་རིགས་གང་བླ་མེད་པ།། སྤྱི་རིགས་འདི་ཉིད་མཐོང་བ་ནི།། རི་མོ་མཐོང་བའི་ཁྱད་པར་ཡིན།། ཕྱིར་ཡང་ངན་འགྲོར་མི་འགྲོ་ཞིང་།། དམྱལ་བ་ངན་འགྲོའི་སྒོ་བཅད་དེ།། མཐོ་རིགས་ཀྱི་ནིསྒོ་ཡང་ཕྱེ། ། བླ་ན་མེད་པ་སྟོན་པ་ཡི།། ཕྱག་རྒྱའི་རི་མོའི་དཀྱིལ་འཁོར་འདི།། བསོད་ནམས་བླ་ན་མེད་པ་ཡིན།། ཅི་སྟེ་དོན་ཡོད་པ་འཇིག་རྟེན་དབང་ཕྱུག་གི་གཟུགས་མཐོང་བར་འདོད་ན།། རིག་སྔས་འཆང་དེས་ཙན་དན་དཀར་པོ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་སོར་བརྒྱད་ཀྱི་ཚད་ཙམ་ལ། གནད་ཀྱི་གནས་ཀྱི་ཆའི་སོར་ཚད་ཤིན་ཏུ་རྣམ་པར་འབྱེས་པ། དབུ་དང་མགུར་དང་། རྐེད་པ་དང་། པུས་མོ་དང་། ཡན་ལག་དང་། ཞབས་ཀྱི་ཚིགས་དང་། ཕྱག་སོར་དང་། ཕྱག་སོར་གྱི་ཚིགས་དང་། སེན་མོ་ཐམས་ཅད་མཉམ་ཞིང་མཛེས་པ་དང་། རལ་པ་དང་སེན་མོ་ཚད་ཤིན་ཏུ་འབྱེས་ཤིང་ཅོད་པན་གྱི་རྒྱལ་བའི་གཡས་ཕྱོགས་ན་ཟླ་གམ་ཞི་བའི་གཟུགས་ཅན། སྤྱན་གསུམ་པ། ཕྱག་བཞི་ཤིན་ཏུ་མཛེས་པ་དང་། དབུ་སྐྲ་ཤིན་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་དང་ལྡན་པ། ཞགས་པ་འཛིན་པ། གཡོན་པ་འོད་དཔག་མེད་ཅན། ཕྱག་ན་པདྨ་བསྣམས་པ། ཕྱག་གཡས་པ་མདུང་རྩེ་གསུམ་པ་དང་། དབུགས་འབྱིན་ཅིང་རྟག་ཏུ་མཆོག་སྦྱིན་པར་མཛད་པ། པདྨའི་གདན་ལ་བཞུགས་པར་བྱའོ།། སྒྲོལ་མ་དང་དཀར་མོ་འང་འོད་འདོམ་གང་དང་བཅས་པར་དགོད་དོ།། མགོན་པོ་ཤིན་ཏུ་མཛེས་པ་ནོར་བུ་དང་མུ་ཏིག་གི་རྒྱན་གྱི་མཚམས་སུ་གསེར་གྱི་རྒྱན་གྱིས་གཡོག་པའི་ཅོད་པན་ནམ། ཡང་ན་སྤྱི་གཙུག་ཏུ་རིང་བསྲེལ་བཞག་པར་བྱས་ལ། ཙན་དན་དཀར་པོའི་དཀྱིལ་འཁོར་བྱ་ཞིང་། གུར་ཀུམ་དང་། གླ་རྩི་དང་། ག་པུར་གྱིས་མཆོད་ལ། དཀྱིལ་འཁོར་གྱི་སྙིང་པོ་འདིའི་དབུས་སུ་པདྨ་གེ་སར་དང་བཅས་པ་འདབ་མ་སུམ་ཅུ་རྩ་གཉིས་པ་བྲིས་ལ། དེའི་དབུས་སུ་འཇིགས་པ་མེད་པས་འཇིག་རྟེན་དབང་ཕྱུག་དར་གྱི་ཅོད་པན་གྱིས་བཅིངས་པ་བཞག་ལ། ཨ་ཀ་རུ་དང་ཙན་དན་གྱི་བདུག་པ་དབུལ་ཞིང་མེ་ཏོག་དགྲམ་པར་བྱ། མོ་ཏོག་གི་འཕྲེང་བས་མཆོད་པར་བྱའོ།། རིག་སྔགས་འཆང་གཙང་མར་གྱུར་པ་ཤིན་ཏུ་ཁྲུས་བྱས་པ་གོས་གཙང་མ་བགོས་པས་སྨྱུང་བ་བྱས་ལ། མགོན་མོ་འཇིག་རྟེན་དབང་ཕྱུག་ལ་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། མཆོད་ཡོན་དང་ལྷ་བཤོས་ཕུལ་ལ་བྱམས་པའི་སེམས་ལ་མཉམ་པར་བཞག་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་མོ། ། སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་པའི་ཏིང་ངེ་འཛིན་ཡང་བསྒོམ་ཞིང་། གཏམ་གཞན་ལ་མི་སྨྲ་བར་ཤིན་ཏུ་ཡོངས་སུ་སྦྱང་བ་ལེགས་པར་སྤྱོད་ཅིང་། གཞན་འཇིགས་པ་མེད་པས་བདག་བསྲུང་བ་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་བསྲུང་བ་དང་བཅས་པའང་བྱས་ལ། བཟླས་བརྗོད་དེ་ཉིད་སྟོང་རྩ་བརྒྱད་དང་། ཕྱག་རྒྱ་རང་སྟོང་རྩ་བརྒྱད་བརྩ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འབར་ཞིང་གཡོ་བ་དང་། བདག་ཀྱང་འབར་བ་དང་སྙིང་དགའ་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་སྦྱིན་པར་མཛད་པའི་ཕྱག་བརྐྱང་ནས་སྤྱི་བོར་བཞག་སྟེ་ལེགས་སོ་ལེགས་སོ། ། རིག་སྔགས་འཆང་ཁྱོད་ཀྱིས་མཆོད་པ་དམ་པ་དང་གསང་སྔགས་ཀྱི་ཆོ་ག་ཆེན་པོ་བྱས་སོ།། སྒྲུབ་པ་དམ་པ་བྱས་སོ།། དེ་བཞིན་གཤེས་པའི་སྤྱིའི་རིགས་འདི་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོ་ག་ཞིབ་མོ་གསང་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། ཐམས་ཅད་དུ་སྤྱིའི་དངོས་གྲུབ་རིག་སྔགས་འཆང་ཁྱོད་ལ་འགྲུབ་ཀྱིས། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྗེས་སུ་ཟུང་ཞིག་དང་། རིག་སྔགས་འཆང་ཇི་ལྟར་ཡིད་ལ་བྱེད་པ་དེ་ལྟར་འདོད་པ་དང་། མཆོག་ཐམས་ཅད་ཇི་ལྟར་ཡིད་ལ་བསམས་པདེ་ཐམས་ཅད་རྗེས་སུ་སྦྱིན་ནོ། ། འདི་ནི་ཁྱོད་ཀྱི་སྐྱེ་བའི་འཁོར་བ་ཐ་མ་ཡིན་ཏེ། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མངལ་དུ་གནས་པ་ལས་ཡོངས་སུ་གྲོལ་བ་འགྱུར་རོ།། རིག་སྔགས་འཆང་ཁྱོད་ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཚེ་དཔག་མེད་མངོན་སུམ་དུ་མཐོང་བར་འགྱུར་རོ།། མངོན་སུམ་དུ་ཆོས་ཉན་པར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་ཚེའི་ཚད་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་བགྲང་དུ་མེད་པར་འགྱུར་རོ་ཞེས་ཚིག་ཏུ་གསུང་ངོ་། ། དེ་ནས་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་གང་ལ་ཁྲོ་བོའི་རྒྱལ་པོས་མེ་ཏོག་གམ། ཅོད་པན་ལ་མངོན་པར་གཏོར་ན། དེས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་སྐུར་བཞུགས་ཏེ། རིག་སྔགས་འཆང་ནམ་མཁའ་ལ་འགྲོ་ཞིང་དོན་ཡོད་པའི་ཡེ་ཤེས་བཀོད་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པོ། ། ཡངས་པ་ཆེན་པོས་རྣམ་པར་ཐར་པའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ།། སྐུ་གཟུགས་སྒྲུབ་པ་དེ་ཁོ་ན་ཉིད་ཅེས་པ་འདི་གལ་ཏེ་རིག་སྔགས་འཆང་སྐལ་བ་ཆུང་བ། མནར་མེད་པར་གཞོལ་བ། མཚམས་མེད་པ་ལྔ་བྱེད་པ་དེས་ལན་ཅིག་ངེས་པར་བསྒྲུབས་པ་ཙམ་གྱིས་མདུན་དུ་རང་གི་གཟུགས་ཀྱིས་ངེས་པར་མཆིས་པར་བགྱིའོ།། གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ལ་སྡང་བས་ཁྲག་དབྱུང་བར་སེམས་བསྐྱེད་པ་དེས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་དང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱིས་དགོངས་པའི་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་ཏེ་རིག་སྔགས་འཆང་སྒྲུབ་ན་རྨི་ལམ་དུ་བདག་གིས་གཟུགས་མཐོང་བ་སྲལ་བར་བགྱི་ཞིང་། ཡིད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ།། མཆོག་ཐམས་ཅད་རྗེས་སུ་སྩལ་བར་བགྱི་ཞིང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བགྱིའོ།། དྲི་མ་མེད་པར་རྣམ་པར་ཐར་པའི་འོད་ཟེར་དཀྱིལ་འཁོར་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པོ། ། སད་ནས་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོད་པའི་འོས་ཆེན་པོ་གཅིག་པུར་འགྱུར་རོ།། སྐྱེ་བོ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཆེན་པོར་འགྱུར་རོ།། སྒྲིབ་པ་དང་བྲལ་ཞིང་རྣམ་པར་དག་པསྒོ་ཀུན་ཏུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། ། སེམས་ཅན་གང་དག་གིས་དེ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་སྒྲིབ་པ་དང་བྲལ་བར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། ། གདོལ་པས་ཀྱང་དད་པ་དང་གུས་པས་སྒྲུབ་པ་རྣམ་པ་གསུམ་དང་། ཆོ་ག་གཞན་གྱིས་ཀྱང་ངེས་པར་ཡིད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི། རང་གི་གཟུགས་ཀྱིས་མཐོང་བ་སྩལ་བར་བགྱི་ན། མིར་གྱུར་པ་དད་པའི་རྗེས་སུ་འབྲང་བ་སྡོམ་བརྩོན་ཅན་གྱིས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དྲན་པ་ཙམ་གྱིས་བདག་རང་གི་གཟུགས་ཀྱིས་མདུན་དུ་མཆིས་པར་བགྱི་ཞིང་། ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་སྟེ། འདི་ལ་ཐེ་ཙོམ་དང་ཡིད་གཉིས་སྐྱེད་པར་མི་བྱའོ།། དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་སེམས་ཅན་ཚེ་གཅིག་པུ་པ་དེ་ལ་རིག་སྔགས་སྒྲུབ་པའི་དངོས་གྲུབ་རྗེས་སུ་སྩལ་བར་བདག་གིས་རྔོ་མི་ཐོགས་ལགས་སོ། ། གང་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་དགེ་སློང་དག་དང་། རིག་སྔགས་འཆང་བའི་སེམས་ཅན་སེར་སྣ་ཅན། སེམས་གྱ་གྱུ་བ། ཡིད་གཉིས་སུ་བྱེད་པ། ངོ་གཉིས་ཅན། སེར་སྣ་ཅན། བྱས་པ་མི་གཟོ་བ། ཕ་རོལ་གྱི་རྫས་ལ་བརྐམ་ཆགས་ཅན། གསང་སྔགས་རྐུ་བ། ཡི་གེ་རྐུ་བ། གདུག་པ། ཕྲག་དོག་ཆེ་བ། ཁེངས་པ། གཞན་གྱི་རྫས་འཕྲོག་པ། མཁན་པོ་དང་སློབ་དཔོན་ཕྱག་རྒྱ་དང་དཀྱིལ་འཁོར་བླ་མ་ལ་མ་གུས་པ། རིག་སྔགས་ཀྱི་ཆོ་ག་ཞིབ་མོ་འདི་སྟོན་པ་ལ་མ་གུས་པ་ཉིད་བརྐམ་ཆགས་ཅན། བྱས་པ་མི་གཟོ་བ་ཉིད་དག་འབྱུང་སྟེ། སེམས་ཅན་དེ་དག་ལ་བསྐྱང་བར་བསྟན་པ་འམ། དངོས་གྲུབ་བསྟན་པར་རྔོ་མི་ཐོགས་ལགས་སོ།། བདག་ལའང་བརྙས་པར་བགྱིད་པའི་སེམས་ཅན་དེ་ལྟ་བུ་མང་དུ་འབྱུང་སྟེ། བདག་ལའང་སུན་པར་བགྱིད་པ། བདག་ལའང་མ་གུས་པར་བགྱིད་པ། ཀུན་ནས་མནར་སེམས་དང་སྡང་བས་ཁྲག་འབྱིན་པར་བགྱིད་པ་དག་འབྱུང་བར་འགྱུར་རོ།། བདག་ལའང་འཁུ་བར་བགྱིད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་། སྤྱིའི་རིགས་ཀྱི་དམ་ཚིག་སུན་འབྱིན་པར་བགྱིད་པའི་སེམས་ཅན་དེ་ནི་སྨད་པར་འོས་པ་ཞེས་བརྗོད་པར་བགྱིའོ།། རིག་སྔགས་ཀྱི་ཆོ་ག་ཞིབ་མོ་དང་། དམ་ཚིག་ཀུན་ནས་འཇོམས་པར་བགྱིད་པའི་གདོལ་པ་ཞེས་རིགས་པར་བགྱིའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཀུན་ནས་འཇོམས་པ་ཞེས་རིག་པར་བགྱིའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། གསང་བ་དང་། དཀྱིལ་འཁོར་ཀུན་ནས་འཇོམས་པ་ཞེས་རིག་པར་བགྱིའོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་དང་། གསང་བ་དང་། རིག་སྔགས་འཆང་གི་དཀྱིལ་འཁོར་དང་། ཕྱག་རྒྱ་ཀུན་ནས་འཇོམས་པ་ཞེས་རིག་པར་བགྱིའོ། ། དེ་དག་གིས་བདག་ལ་སྨད་པས་སེམས་ཅན་དེ་དག་སྡིག་པ་གདོལ་པ་ཞེས་བགྱི་སྟེ། དགེ་སློང་དག་དང་། རིག་སྔགས་འཆང་དེ་དག་ནི་སྨད་པར་འོས་པར་རིག་པར་བགྱིའོ།། ཚིག་པ་ཀ་བ་ཚིག་པ་ལྟ་བུ། རིག་སྔགས་ཉམས་པ། ལོག་འདྲེན་གྱིས་ཟིན་པ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་སྨད་པ་ཞེས་བགྱིའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཆུད་གཟན་པ། རིག་སྔགས་ཉམས་པ། དམྱལ་བར་གཞོལ་བ་དེ་དག་ནི་བདག་གིས་མ་ནོངས་ཏེ། བདག་གིས་ཡོངས་སུ་སྤངས་པ་མ་ལགས་སོ།། དེ་ལྟ་མོད་ཀྱི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པའི་ཡོངས་སུ་སྤངས་པ། དུས་གསུམ་དུ་གཤེགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤངས་པ། རྡོ་རྗེའི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ཐམས་ཅད་སྤངས་པ། ཐུབ་པ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དང་དམ་ཚིག་ཡོངས་སུ་སྤངས་པས། བགེགས་དང་ལོག་འདྲེན་ཐམས་ཅད་དང་སྡང་བ་ཐམས་ཅད་ཀྱིས་ཟིན་ཅིང་ནད་ཀྱིས་ཡོངས་སུ་ཟིན་པར་འགྱུར་བ་དེ་དག་ནི་བདག་གིས་མ་ནོངས་ཏེ། བདག་གིས་ཡོངས་སུ་མ་སྤངས་སོ།། དེ་ལྟ་མོད་ཀྱི་རིག་སྔགས་བསྲེགས་པ། དཀྱིལ་འཁོར་དང་དམ་ཚིག་བསྲེགས་པ། ཕྱག་རྒྱ་བྱེད་པ་དང་བཅས་པར་བསྲེགས་པ། གསང་བ་བསྲེགས་པ། དེ་བཞིན་གཤེས་པའི་དམ་ཚིག་དང་རིགས་སུན་པར་བྱེད་པ། སྡིག་པའི་དགེ་སློང་མང་པོ་དེ་དག་ནི་དེས་ན་བསྐལ་པ་མང་པོ་རྡུལ་ཕྲ་མོ་བསགས་པའི་བསྐལ་པར་སྡུག་བསྔལ་ཉམས་སུ་མྱོང་སྟེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་བདེ་བ་ཅན་མེད་དོ། ། དེ་ལྟ་བས་ན་སེམས་ཅན་རིག་སྔགས་ཀྱི་ཆེད་དུ་རིག་སྔགས་རྗེས་སུ་སེམས་པས་བྱམས་པའི་སེམས་སུ་བྱའོ།། གང་གི་དྲུང་དུ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ། པབ་དང་། རིག་སྔགས་གསང་བ་རྙེད་པར་འགྱུར་བ་དེ་ལ་དེས་གུས་པ་ཆེན་པོ་དང་། བླ་མར་བགྱི་བ་ཆེན་པོ་བསྐྱེད་པར་བགྱི། པ་དང་མ་དང་འདྲ་བའི་སེམས་བསྐྱེད་པར་བགྱི། ཕ་དང་མའི་གུས་པར་བགྱི། སྟོན་པའི་གུས་པ་བགྱི། རང་གི་ཤ་དང་། ཁྲག་དང་། རྐང་ཡང་གཏང་བར་བགྱི། གོས་དང་། རྒྱན་དང་། བཟའ་བ་དང་། བཏུང་བ་དང་། སྟན་དང་། བགོ་བས་རིམ་གྲོ་དང་མཆོད་པ་བགྱི་སྟེ། དེ་ལ་ནི་བདག་གིས་མཆོད་པར་བགྱི། རྗེ་དཔོན་དང་བླ་མར་བགྱིའོ།། རྟག་ཏུ་རྗེས་སུ་འབྲང་བར་བགྱི། དྲན་པ་ཙམ་གྱིས་ཀྱང་བདག་གིས་གཟུགས་མཐོང་བ་རྗེས་སུ་སྩལ་བར་བགྱི། རྒྱུན་དུ་རྗེས་སུ་འབྲང་བར་བགྱི། བདག་རྒྱུན་དུ་རྗེས་སུ་འབྲང་བ་ནི། ཇི་ལྟར་ཆབ་ཀྱི་ནང་དུ་ཏིལ་མར་གྱི་ཐིགས་པ་སྩལ་བ་ལྟར་དངོས་གྲུབ་ཀུན་ཏུ་མཆི་བར་བགྱི། རྒྱ་མཚོའི་དུས་རླབས་བཞིན་དུ་ཐམས་ཅད་དུ་མཆི་བར་བགྱིའོ།། བདག་གིས་ཞགས་པ་དང་ལྕགས་ཀྱུས་དམྱལ་བ་ཐམས་ཅད་དྲང་བར་བགྱི། བདེ་བར་གཤེགས་པའི་ལམ་ལ་སོ་སོར་གཞག་པར་བགྱི། སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་ཆེན་པོ་འཇུག་པར་བགྱི། ཐམས་ཅད་དུ་སྒྲུབ་པ་དང་། དངོས་གྲུབ་དང་། མཆོག་སྩལ་བར་བགྱིའོ།། དེ་ནས་ཙན་དན་གྱི་གཟུགས་འདི་མཐོང་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་གཟུགས་མཐོང་སྟེ། དེ་མཚུངས་པར་འཚལ་བར་བགྱི་སྟེ། བདག་རང་གི་གཟུགས་ཀྱིས་རྒྱུན་ཁོ་ནར་གནས་པར་བགྱིའོ།། གང་ན་ཆོ་ག་འདི་གནས་པ་དེ་མཆོད་རྟེན་དང་བཅས་པ་དེར་མཚུངས་པར་རིག་པར་བགྱིའོ།། ས་ཕྱོགས་དེ་ནི་སྟོན་པ་བླ་མ་བཞུགས་པའི་གནས་སུ་རིག་པར་བགྱིའོ།། གང་ན་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པའི་སྤྱིའི་དམ་ཚིག་གནས་པ་སངས་རྒྱས་ཀྱི་གནས་སོ་ཞེས་རིག་པར་བགྱིའོ། ། དེ་གསང་བའི་དཀྱིལ་འཁོར་རྨད་དུ་བྱུང་བ་ཞེས་རིག་པར་གགྱིའོ།། ལྷ་ཐམས་ཅད་ཀྱི་གནས་དང་དམ་ཚིག་གོ་ཞེས་རིག་པར་བགྱིའོ།། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་གནས་བྱང་ཆུབ་ཀྱི་སྙིང་པོ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་སྟོན་པའི་གནས་སོ་ཞེས་རིག་པར་བགྱིའོ།། ས་ཕྱོགས་འདི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་གི་གནས་བཀོད་པས་བརྒྱན་པར་རིག་པར་བགྱི་སྟེ། དེ་ལ་ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། དེ་ནས་དེའི་འོག་ཏུ་གནས་ཐམས་ཅད་དུ་གཏོགས་པའི་དངོས་གྲུབ་ཆེན་པོ་སྒྱུ་མ་ཆེན་པོའི་རྣམ་པར་འཕྲུལ་པའི་གནས་བྱེད་པར་འདོད་པ་དང་། དགོས་པ་ཐམས་ཅད་བྱེད་པར་འདོད་ན་རིག་སྔགས་འཆང་དེས་དྲི་སྣ་ཚོགས་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སོར་བཅུ་དྲུག་པ་ཤིན་ཏུ་མཛེས་པ། སྐུ་ཤིན་ཏུ་ཚད་དང་ལྡན་པ། ཕྱག་དྲུག་པ། དེ་བཞིན་དུ་ཞལ་གསུམ་པ་བྱ་སྟེ། དང་པོ་ནི་ཞི་བའི་ཞལ་རས་ཅན། ཚངས་པའི་ཆ་བྱད་འཆང་བ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། འོད་དཔག་མེད་པའི་དབུ་རྒྱན་འཆང་བ། ཟླ་གམ་ཅན་ནོ།། ཞལ་གཡས་པ་ནི་ཁྲོ་བོའི་རྒྱལ་པོའི་གཟུགས་ཅན་ཁྲོས་པ། གཟུགས་བསྒྱུར་བ། སྤྱན་གསུམ་པ། རལ་པའི་ཐོར་ཙུགས་ཅན་གྱི་སྟེང་གི་རལ་པ་ལ་འོད་དཔག་མེད་པའི་དབུ་རྒྱན་འཆང་བ། ཟླ་གམ་གཡས་ཕྱོགས་ན་གནས་པའོ།། གཡོན་པ་ནི་ཞལ་ཁྲོ་གཉེར་ཅན། ཁྲོས་པའི་ལྟ་སྟངས་སུ་ལྟ་བ། སྤྱན་གསུམ་པ། རལ་པའི་ཐོར་ཙུགས་འཆང་བ། འོད་དཔག་མེད་པའི་དབུ་རྒྱན་འཆང་བ། གཡས་ཕྱོགས་བླ་གམ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་འདོམ་གང་གིས་ལེགས་པར་བརྒྱན་པ། ཞགས་པ་ཐོགས་པ། པདྨ་ཐོགས་པ། མདུང་རྩེ་གསུམ་པ་ཐོགས་པ། དགྲ་སྟ་ཐོགས་པ། དབུས་འབྱིན་པ། རིན་པོ་ཆེའི་དབྱུག་པ་ཐོགས་པ། པདྨའི་གདན་ལ་བཞུགས་པའོ།། གཡས་ན་ལྷ་མོ་སྒྲོལ་མ་ཐལ་མོ་སྦྱར་ཅིང་འདུད་པའོ།། གཡོན་ན་དཀར་མོ་ཐལ་མོ་སྦྱར་ཏེ་ཡིད་ཙམ་དུ་འདུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བྱའོ།། ཞབས་ཀྱི་དྲུང་དུ་རིག་སྔགས་འཆང་གསེར་གྱི་རྒྱན་གྱིས་བརྒྱན་པ། ལག་ན་མེ་ཏོག་ཐོགས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱག་ལ་ཁ་བལྟས་ནས་པུས་མོ་བཙུགས་ཏེ་འདུག་པར་བྱའོ། ། ལྷག་མ་མ་ཡིན་པའི་ཚོན་རྩིས་ཚུད་དང་ཚད་མ་འདྲེས་པར་སྤྱན་དང་། སྨིན་མ་དང་། མཆུ་དང་། སེན་མོའི་གནས་ཀྱི་གནས་སུ་སྦྱང་བར་བྱའོ། ། ། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་ཉི་ཤུ་པ།། དེ་ནས་རྫས་བཤད་པར་བྱ་སྟེ། འཇིགས་པ་མེད་པས་སྤོས་ཀྱི་རིགས་ཙན་དང་། ཏ་ག་ར་དང་། པུ་ཤེལ་ཅི་དང་། ལི་ཤི་དང་། ནག་པུཥྤ་དང་། སྦྲི་ཀ་དང་། རྒྱ་སྐེགས་དང་། ཁ་བརྞི་ཁ་དང་། སྤང་སྤོས་དང་། ན་ལད་དང་། གུར་ཀུམ་དང་གླ་རྩི་དང་། ཀ་པུར་དང་། སྨོན་ཤིང་དང་། གནད་སྠི་ཡང་ཀུ་དང་། ཀུན་ཏུ་རུ་དང་། ཤ་ཁ་ར་དང་། པདྨ་གེ་སར་དང་། དུ་རུ་ཀ་དང་། ཏིལ་མར་དང་། སྤྲ་ཚིལ་དང་ལྷན་ཅིག་སྦྱར་བའི་བྱེ་མ་ཞིབ་མོ་ཤིན་ཏུ་འཇམ་པ། ཤིན་ཏུ་གཉེན་པ། མཆོག་འདི་གཙང་བ་གཙང་སྦྲ་སྤྱོད་པས་ཐུབ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེས་ཤིང་ཤིན་ཏུ་དུལ་བ། རབ་ཏུ་ཞི་བའི་རྣམ་པར་ཤིན་ཏུ་མཛེས་པར་བྱའོ།། གསང་སྔགས་བརྒྱད་སྟོང་བཟླས་བརྗོད་བྱས་པས་ལན་གཅིག་བསྒྲུབས་པ་ནི་མཆོག་ཡིན་ཏེ། འདི་ཡོངས་སུ་རྫོགས་ནས་ཁྲོ་བོའི་རྒྱལ་པོ་ཐམས་ཅད་ལ་མངོན་དུ་གཏོར་ཏེ། དེ་ནས་རིག་སྔགས་འཆང་གིས་ལས་བརྩམ་མོ། ། དེ་ནས་རིག་སྔགས་འཆང་གཙང་མར་གྱུར་པས་གོས་གཙང་མ་བགོས་ཏེ། ཤིན་ཏུ་ཁྲུས་བྱས་ལ་དྲིས་བྱུགས་པས་དཀྱིལ་འཁོར་གྲུ་བཞི་ཤིན་ཏུ་མཛེས་པ་གསལ་བ། ཀོ་ལའི་ཚད་ཙམ་གྱི་དཀྱིལ་འཁོར་བཟང་པོ་ལེགས་པར་བྱུགས་པ་ཤིན་ཏུ་གསལ་བར་བྱའོ། ། དྲི་སྣ་ཚོགས་ཀྱིས་བྱུགས་པ་ཤིན་ཏུ་འཇམ་པ་ལ་ཙན་དན་དཀར་པོ་དང་གུར་ཀུམ་གྱིས་དབུས་སུ་ལས་ཀྱི་དཀྱིལ་འཁོར་རྣམ་པར་ཕྱེ་བ་བྲི་བར་བྱའོ། ། འདིར་པདྨའང་བྱ་སྟེ། འདབ་མ་བརྒྱ་རྩ་བརྒྱད་པ་གེས་ར་དང་སྙིང་པོར་བཅས་པ། ཤིན་ཏུ་མཛེས་པ། ཤིན་ཏུ་བཟང་བ་ཙན་དན་དང་གུར་ཀུམ་གྱིས་བྲི་བར་བྱ་སྟེ། དེར་ཚོན་རྩི་གཞན་ནི་སྤྱད་པར་མི་བྱའོ།། བུམ་པ་སྤོས་ཆུས་བཀང་བ་དང་། དེ་བཞིན་དུ་དྲི་ཆུ་དང་གཏོར་མ་ཐམས་ཅད་དྲི་སྣ་ཚོགས་ཀྱིས་བསྒོས་པ་དང་། ཅི་ཡོད་པའི་གཏོར་མ་བཞག་སྟེ། དེ་ནས་འདིར་དཀྱིལ་འཁོར་བྱ་བ་ནི་གནས་སམ། དགོན་པ་འམ། ཁྱིམ་མམ། གང་དུ་གནས་པར་གྱུར་པ་དེར་ཁྲུ་གང་ཚད་དམ། ཁྲུ་དོ་འམ། ཁྲུ་གསུམ་མམ། ལྷག་པར་ཡང་བྱའོ།། དེ་བཞིན་དུ་བདུག་སྤོས་དང་། ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། ཀུན་ཏུ་རུའོ།། བ་དན་ཁ་དོག་སྣ་ཚོགས་པས་དཀྱིལ་འཁོར་ཀུན་ནས་བརྒྱན་པར་བྱའོ།། མེ་ཏོག་འཕྲེང་བ་དགྲམ་བྱ་ཞིང་།། དྲི་དང་བྱུག་པ་དེ་ཉིད་དང་།། ཀུན་ཏུ་མར་མེའི་འཕྲེང་བྱའོ།། དེ་ནས་དྲི་ལས་བྱས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀྱིལ་འཁོར་གྱི་དབུས་སུ་པདྨའི་གེ་སར་གྱི་སྟེང་དུ་བཞག་པ་ལ། རིག་སྔགས་འཆང་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་གཞན་མི་སྨྲ་བར་བཟླས་བརྗོད་བརྒྱད་སྟོང་བརྩམ་པར་བྱའོ། ། བརྒྱད་སྟོང་རྫོགས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འོད་ཟེར་སྣ་ཚོགས་འབྱུང་ཞིང་ས་ཆེར་གཡོ་བར་འགྱུར།། རང་གི་ལག་པ་གཡས་པ་འབར་བར་འགྱུར་རོ།། གཟུགས་བརྙན་ལས་རིག་སྔགས་འཆང་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་འདོད་པའི་ལས་ཐམས་ཅད་གྲུབ་པའོ།། དོན་ཡོད་པ་ཆེན་པོའི་འཁོར་ལོ་རྣམ་པར་འཕྲུལ་བའི་དངོས་གྲུབ་དང་། ཐམས་ཅད་དུ་དགོས་པ་གྲུབ་པ་དེ་ཁོ་ན་ཉིད་གྲུབ་པོ། ། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་མཆོག་ཏུ་གྲུབ་པའོ།། ཁྱོད་ཀྱིས་སྒྲུབ་པའི་ཆོ་ག་རྒྱ་ཆེར་མཆོག་ཏུ་གྲུབ་པོ་ཞེས་སྒྲ་འབྱུང་ངོ་།། དེ་ནས་རིག་སྔགས་འཆང་གིས་དགོས་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟར་དགོས་པར་བྱ་སྟེ། སློབ་མ་གཞུག་པ་དང་དམ་ཚིག་ནི་འདིར་དགོས་པ་ཞེས་བྱའོ།། དེ་ནས་རིག་སྔགས་འཆང་གིས་གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ་དྲི་ལས་བྱས་པའི་མགོན་པོ་ལ་སྔར་མཆོད་པ་བྱ་སྟེ། དེ་ནས་དགོས་པ་ཐམས་ཅད་འགྲུབ་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་དུ་བཞག་ལ། བཟླས་བརྗོད་བརྒྱད་བརྒྱ་བྱས་ན་དགོས་པ་སྣ་ཚོགས་རྨི་ལམ་དུ་སྟོན་ཅིང་། ཇི་ལྟར་བསམས་པ་ཐམས་ཅད་སྟོན་པར་འགྱུར། དེའི་མདུན་དུ་ཙན་དན་དཀར་པོ་ལས་དཀྱིལ་འཁོར་བྱས་ལ། ཙན་དན་དཀར་པོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། དེ་ནས་ཐལ་བ་ལ་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱ་སྟེ། རང་གི་ལུས་མཐའ་དག་ཁྱབ་པར་བསྐུ་ཞིང་། ཐལ་བ་དེ་ཉིད་དང་ཡུངས་ཀར་གྱི་བྱུགས་པ་ཕྱོགས་བཞིར་གཏོར་ན་འཇིག་རྟེན་དབང་ཕྱུག་གི་གཟུགས་ཇི་ལྟ་བ་དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་སྟེ། ཇི་སྲིད་དུ་ཕྱིར་བསྡུ་བ་མ་བྱས་པ་དེ་སྲིད་དུ་འཇིག་རྟེན་དབང་ཕྱུག་གི་གཟུགསུ་སྣང་བར་འགྱུར་རོ།། དྲི་ཆུ་དང་ཡུངས་ཀར་གྱིས་མངོན་དུ་ཕྱོགས་པར་གཏོར་ན་ཕྱིར་བསྡུ་བ་བྱས་པར་འགྱུར་རོ།། ཐལ་བ་དེས་རབ་ཏུ་བདུགས་ཏེ། དུར་ཁྲོད་ཀྱི་ནང་དུ་ཞུགས་ན་འབྱུང་པོའི་བདག་པོ་དཔུང་དང་འཁོར་དང་བཅས་པ་མདུན་ན་ཉེ་བར་གནས་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་མདུན་ན་ཉེ་བར་གནས་ཤིང་དབང་དུ་གྱུར་ནས་གནས་ཏེ། བདག་དང་ནོར་གྱིས་བགྱི་བ་ཅི་མཆིས་ཞེས་བྱ་བ་བྱེད་དོ།། རང་ལ་བྱུགས་ཏེ་ཚོགས་ཀྱི་ནང་ངམ། དགེ་འདུན་གྱི་ནང་དུ་ཞུགས་ན་སྟོན་པ་མཐོང་བ་ཇི་ལྟ་བ་དེ་ལྟར་དེ་རིག་སྔགས་འཆང་སྣང་ཞིང་མཐོང་སྟེ། མཆོད་པའི་འོས་ཆེན་པོར་འགྱུར་རོ།། ཕྱག་བྱ་བའི་འོས་སུ་འགྱུར་རོ།། དོན་དང་མཆོད་པ་ཆེན་པོ་འཐོབ་པར་འགྱུར་རོ།། ཐལ་བས་ལུས་བསྐུས་ཏེ་ཀླུའི་མཚོར་ཞུགས་ན་ཀླུའི་རྒྱལ་པོ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཐམས་ཅད་དབང་དུ་གྱུར་ནས་གནས་ཏེ་བཀའ་བཞིན་བྱེད་པར་འགྱུར་ཞིང་། ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་པར་འགྱུར། རང་ལ་བྱུགས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོའི་བཙུན་མོ་དང་འཁོར་དུ་བཅས་པ་རྣམས་དབང་དུ་འགྱུར་ཏེ། ཅི་བགྱི་ཞེས་བྱ་བ་བྱེད་ཅིང་མདུན་ན་ཉེ་བར་གནས་པར་འགྱུར་རོ།། འཇིག་རྟེན་གྱི་བླ་མ་ཇི་ལྟ་བ་དེ་བཞིན་དུ་མཆོད་པ་ཆེན་པོ་འབྱུང་བར་འགྱུར། དོན་ཆེན་པོ་དང་མཆོད་པ་ཆེན་པོ་འཐོབ་པར་འགྱུར། ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་པར་འགྱུར་ཏེ། སྟོན་པ་དང་། འདྲེན་པ་ཇི་ལྟ་བ་བཞིན་ནོ།། གང་དང་གང་ལ་ཐལ་བས་རེག་པ་ཙམ་གྱིས་དེ་དང་དེའི་ནད་ཐམས་ཅད་དང་བྲལ་བར་འགྱུར། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར། ངན་འགྲོའི་སྒོ་ཐམས་ཅད་བཅད་པར་འགྱུར། མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། ། ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། བྱས་པ་མི་གཟོ་བ། གསང་སྔགས་ཀྱི་གདོལ་པ། མ་གུས་པ། བླ་མར་མི་བྱེད་པ། རློམ་སེམས་ཅན། ང་རྒྱལ་དང་ལྡན་པ། བདུད་ཀྱི་ཕྱོགས་པ། སྐྱེས་བུ་གཏི་མུག་ཅན་བསོགས་པ་ལ་ཞེན་པ། ཁེངས་པ། ང་རྒྱལ་ཅན་དེ་དག་གིས་གང་དུའང་དངོས་གྲུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེ་དག་ཡུན་རིང་པོར་ཐར་པ་མི་རྙེད་པར་འགྱུར་རོ། ། དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། གང་ཡང་རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་སྤང་བ། སྐྱེ་བ་བརྒྱུད་པ་རང་གི་རྒྱུད་ལ་དངོས་གྲུབ་བསྲེགས་པ། འཇིག་རྟེན་འདི་དང་ཕ་རོལ་ཆུད་གསོན་པ་དག་ནི་མ་གཏོགས་ཏེ། དེ་ལྟ་མོད་ཀྱི་འདིར་བདག་གིས་ཅུང་ཟད་ཀྱང་མ་ནོངས་ཏེ། སྡུག་བསྔལ་མང་པོ་དང་ཆེན་པོའི་སེམས་ཅན་དགྲོལ་བར་རྔོ་མི་ཐོགས་ལགས་སོ། ། སངས་རྒྱས་ཐུགས་རྗེ་ཆེན་པོས་བཀའ་སྩལ་པའི་ཡིད་ལ་བགྱི་བ་བསྐལ་པ་གྲངས་པར་ཡིད་ལ་བགྱིས་པས་དགྲོལ་བར་རྔོ་ཐོགས་ལགས་སོ།། དེ་ལྟ་མོད་ཀྱི་སྡུག་བསྔལ་མང་པོ་བརྒྱུད་པར་ཉམས་སུ་མྱོང་བར་འགྱུར་རོ། ། དངོས་གྲུབ་ནི་བྱམས་པས་འཐོབ་སྟེ། བྱམས་པ་དང་གསང་སྔགས་ཀྱི་གོ་ཆ་བགོས་པ། བྱམས་པའི་རལ་གྲི་ཐོགས་པ། སེམས་ཅན་ཐམས་ཅད་ལ་ཕན་ཞིང་མཉེས་གཤིན་པ་ལ་དེ་ཁོ་ན་ཉིད་སྒྲུབ་པའི་དངོས་གྲུབ་འདི་དག་འཇིག་རྟེན་འདྲེན་པས་རྗེས་སུ་གནང་ངོ་། ། མགོན་པོ་འདི་མཐོང་བ་ཙམ་གྱིས་སྤོས་ཀྱིས་གཟུགས་ཀྱི་འཇིག་རྟེན་མགོན་པོ་མཐོང་བ་དང་འཇིག་རྟེན་འདྲེན་པ་རང་གི་གཟུགས་སུ་མངོན་སུམ་དུ་མཐོང་བ་མཚུངས་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིའོ། ། སངས་རྒྱས་བྱེ་བ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་མངོན་སུམ་དུ་མཐོང་བ་ཁོ་ན་དང་། འཇིག་རྟེན་གྱི་མགོན་པོ་མཐོང་བ་མཚུངས་པ་ཁོ་ནར་ཁོང་དུ་ཆུད་པར་བགྱི་སྟེ། འདི་ལྟར་ཤེས་པར་བྱའོ།། དེ་ནས་ཕྱིར་མི་ལྡོག་པའི་གནས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཆེན་པོ་སྒྲུབ་པར་འདོད་པའི་རིག་སྔགས་འཆང་གི་དགེ་སློང་ངམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། རིག་སྔགས་འཆང་ངམ། གཞན་གང་ཡང་རུང་བའི་རིག་སྔགས་འཆང་གིས་ཕྱིར་མི་ལྡོག་པའི་གནས་འཐོབ་པར་འདོད་པ་དང་། དུས་གསུམ་དུ་གཤེགས་པའི་སངས་རྒྱས་མཐོང་བར་འདོད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་མཐོང་བར་འདོད་པ་དང་། རིག་སྔགས་འཆང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཐོང་བར་འདོད་པ་དང་། འཕགས་པ་རྡོ་རྗེ་འཛིན་མཐོང་བར་འདོད་པ་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་སྤྱིའི་དམ་ཚིག་མཐོང་བར་འདོད་པ་མཆོག་འདི་བསྒྲུབ་པར་བྱ་སྟེ། སྙིང་པོ་དང་བཅས། བྱ་བ་དང་བཅས་པ་དེས་མྱུར་བ་དང་། ཤིན་ཏུ་མྱུར་བ་དང་། མགྱོགས་པར་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་ཆོ་འཕྲུལ་རྨད་དུ་བྱུང་བ་གསང་བ་བསྟན་པར་མཐོང་སྟེ། འདི་ལ་སོམ་ཉི་དང་ནེམ་ནུར་བསྐྱེད་པར་མི་བྱའོ།། ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། དེ་ནས་རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་མདོག་ཅན་སོར་བཞིའི་ཚད་ཙམ་ཚངས་པའི་ཆ་བྱད་འཆང་བ། རལ་པའི་ཐོར་ཙུགས་ཀྱིས་བརྒྱན་པ་བྱ་སྟེ། ཤིན་ཏུ་ཚད་དང་ལྡན་པ། ཆ་བྱད་མཛེས་པ། ཆ་ཤིན་ཏུ་རྣམ་པར་འབྱེས་པ། ཕྱག་གཉིས་པ། སྨན་གསུམ་པ། འོད་དཔག་མེད་པའི་དབུ་རྒྱམ་ཅན། གཡས་ན་ཟླ་བ་ཚེས་པ། ཕྱག་གསོན་ན་པདྨ་དང་རིལ་བ་སྤྱི་ཐུགས་བསྡམས་པ། ཕྱག་གཡས་མི་འཇིགས་པ་སྦྱིན་པ། སྐུའི་ནང་ག་པུར་དང་། རྨ་རྩི་དང་། རིང་བསྲེལ་གྱིས་བཀང་བ། གཡས་ན་ལྷ་མོ་སྒྲོལ་མ་དངུལ་ལས་བྱས་པ་ཐལ་མོ་སྦྱར་ཏེ་ཡིད་ཙམ་འདུད་པ། གསེར་གྱི་རྒྱན་གྱིས་བརྒྱན་པ་དང་། གཡོན་ན་དངུལ་ལས་དཀར་མོ་ཐལ་མོ་སྦྱར་ཏེ། ཡིད་ཙམ་འདུད་པ་པདྨའི་གདན་ལ་བཞུགས་པར་བྱའོ།། སྟེང་གི་གཡས་ཕྱོགས་ན་འོད་དཔག་མེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་དང་། གཡོན་ན་ཤཱཀྱའི་རྒྱལ་པོ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་དགོད་པར་བྱའོ། ། འོད་འདོམ་གང་དང་བཅས་པས་ལེགས་པར་བརྒྱན་པར་བྱ་ཞིང་། གནད་དང་གནད་ཤིན་ཏུ་རྣམ་པར་འབྱེས་པ། སྐྲ་དང་། དཔྲལ་བ་དང་། སྨིན་མ་དང་། ཤངས་དང་། སྙན་དང་། ཞལ་དང་། མགུལ་པ་དང་། དཔུང་པ་དང་། ནུ་མ་དང་། རྐེད་པ་དང་། བརླ་དང་། པུས་མོ་དང་། བྱིན་པ་དང་། ཞབས་དང་། ཕྱག་གི་སོར་མོ་མཉམ་ཞིང་ཐམས་ཅད་མཛེས་པ། སྐུ་ཆུ་ཞེང་གབ་ཅིང་མཐོ་དམན་རན་པ། མཆོད་ཕྱིར་ཐོགས་དཀར་འཆང་བར་བྱའོ།། ལས་ཤིན་ཏུ་ཡོངས་སུ་རྫོགས་ཤིང་ཤིན་ཏུ་མཐར་ཕྱིན་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཟིན་པར་རིག་ནས། དེ་ནས་རིག་སྔགས་འཆང་གིས་རྒྱུ་སྐར་བཟང་པོའི་ཟླ་བ་ཉའམ། ཚེས་བརྒྱད་དམ། བཅོ་ལྔ་འམ། བཅུ་གསུམ་མམ། བཅུ་བཞི་འམ། རྒྱུ་སྐར་བཀྲ་ཤིས་པ་རྒྱལ་གྱི་ཉིས་དང་མཐུན་པ་རྙེད་ནས་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། དཀྱིལ་འཁོར་ཤིན་ཏུ་མཛེས་པར་བྱ་བ་ནི་གྲུ་བཞི་ལ་ཆ་ལེགས་པར་ཕྱེ་བ། ཀོ་ལའི་ཚད་ཙམ་ལ་ཐེམ་སྐས་བཞིས་བརྒྱན་པ། ཁྲུ་གསུམ་པར་རྣམ་པར་དབྱེ་བར་བྱ་སྟེ། ཆུང་བར་དང་ལྷག་པར་ནི་མི་བྱའོ། ། ལེགས་པར་བྱུགས་པ། ཤིན་ཏུ་འཇམ་པ། སྙི་བ། མཉེན་པ། དབྱིབས་ལེགས་པ་ལ་ཚོན་རྩི་སྣ་ཚོགས་ཀྱིས་རྣམ་པར་དབྱེ་ཞིང་དཀྱིལ་འཁོར་དམ་པ་ཐིག་གདབ་པ་ནི་ཤིན་ཏུ་རྣམ་པར་འབྱེས་པ། སྒོ་བཞི་པ་ལ་དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོར་པདྨའི་རིག་ཀྱི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་བྲིའོ།། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གནས་སུ་ཆ་རྣམ་པ་དབྱེལ་ལྷོའི་གྲཝའི་གནས་སུ་དེ་བཞིན་གཤེགས་པའི་རིགས་ཚོན་སྣ་ཚོགས་ཀྱི་བྲིའོ། ། དེ་ནས་བྱང་གི་གྲཝར་བྲི་བ་ནི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཚོན་རྩི་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བར་བྲིའོ།། དེ་ནས་ནུབ་ཀྱི་གླར་བྲི་བ་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བར་བྲིའོ། ། དེ་ནས་ཤར་གྱི་གྲཝར་གླང་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཚོན་རྩི་སྣ་ཚོགས་ཀྱིས་རྟག་ཏུ་ཤིན་ཏུ་མཛེས་པ་དང་། ཤིན་ཏུ་གསལ་བར་བྲིའོ། ། ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་སྒོར་རི་བོ་བོ་ཊ་ལ་མེ་ཏོག་དང་ཤིང་ལྗོན་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་རིའི་ལྷ་དང་བཅས་པ་བྲིའོ།། ལྷོ་ཕྱོགས་ཀྱི་སྒོར་རི་རབ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་ཀུན་ནས་དཀྲིས་པ་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་བྲིའོ།། བྱང་ཕྱོགས་ཀྱི་སྒོར་ནི་སྤོས་ཀྱི་ངད་ལྡང་དྲི་ཟའི་ཚོགས་ཀྱིས་གང་བ། ཤིང་ལྗོན་པ་སྣ་ཚོགས་ཀྱིས་ཤིན་ཏུ་མཛེས་པ་བྲིའོ། ། ནུབ་ཕྱོགས་ཀྱི་སྒོར་རི་ཏི་སེ་ལྷ་རྣམས་ཀྱི་གནས་མེ་ཏོག་སྣ་ཚོགས་དང་། འཁྲི་ཤིང་དང་། ཤིང་ལྗོན་པ་སྣ་ཚོགས་མཆོག་གིས་རྟག་ཏུ་གང་བ་བྲིའོ།། ལེགས་པར་ཟིན་ནས་ཀུན་ཏུ་ནི།། མདུང་རྩེ་གསུམ་པའི་འབར་འཕྲེང་ངོ་། ། དེ་བཞིན་གཤེགས་པའི་རིགས་སུ་དེ་བཞིན་གཤེགས་པ་དང་རྡོ་རྗེའི་རིགས་ཉིད་བཞག་གོ།། ནོར་བུའི་རིགས་སུ་དེ་བཞིན་གཤེགས་པ་བཞག་ཅིང་། དེ་བཞིན་གཤེགས་པའི་རིགས་དང་། ཐམས་ཅད་དུ་རྡོ་རྗེ་འཛིན་པ་བཞག་ན་སྤྱིའི་རིགས་འགྲུབ་པོ།། ལྷ་མོ་སྒྲོལ་མ་ནི་རི་བོ་པོ་ཊ་ལ་ལ་བཞག་གོ། རི་རབ་ལ་ནི་གོས་དཀར་མོའོ།། དཔེ་མེད་མ་ནི་ཏི་སེའི་རྩེ་མོར་རོ།། སྒྲོལ་མ་བདུན་ནི་སྤོས་ཀྱི་ངད་ལྡང་ལ་བཞག་གོ། ཤར་ཕྱོགས་ཀྱི་སྒོར་ཕོ་ཉ་མོ་ཞི་བ་མོ་ཕོ་ཉ་མོ་བདུན་གྱིས་ཡོངས་སུ་བསྐོར་བའོ།། ལྷོ་ཕྱོགས་ཀྱི་སྒོར་ནི་སྲིན་མོ་རལ་པ་གཅིག་མ་སྲིན་མོ་བདུན་གྱིས་ཡོངས་སུ་བསྐོར་བའོ། ། ནུབ་ཕྱོགས་ཀྱི་སྒོར་རྡོ་རྗེ་ལུ་གུ་རྒྱུད་ཡུགུ་རྒྱད་བདུན་གྱིས་ཡོང་སུ་བསྐོར་བའོ།། བྱང་ཕྱོགས་ཀྱི་སྒོར་ཁྲོ་གཉེར་ཅན་གྱི་རྒྱལ་པོ་ཁྲོ་གཉེར་ཅན་བདུན་གྱི་ཡོངས་སུ་བསྐོར་བའོ།། དེ་ནས་འཇིགས་པ་མེད་པྲ་མགོན་པོ་འཇིག་རྟེན་གྱི་བླ་མའི་གཟུགས་གསེར་གྱི་མདོག་ཅན་རིང་བསྲེལ་དང་ལྡན་པས་དོན་ཡོད་པའི་རྒྱལ་པོ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་གྱི་སྙིང་པོ་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་བཞག་པར་བྱའོ། གྲཝར་རྒྱལ་པོ་ཆེན་པོ་བཞི་སྟོབས་པོ་ཆེ་གོ་ཆ་བགོས་པ། དྲག་ཤུལ་གྱི་གཟུགས་ཅན། མཚོན་ཆ་འབར་བ་ཐོགས་པ་གཞག་པར་བྱའོ།། གང་ཞིག་ཐུབ་པ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། སྤྱིའི་རིགས་ཡང་དག་པར་འབྱུང་བ། དོན་ཡོད་པའི་རྒྱལ་པོ་རྣམ་པར་འཕྲུལ་པ། འཇིག་རྟེན་དབང་ཕྱུགས་མཆོག་སྦྱིན་པ་དང་བཅས་པ་འཕགས་པ་དོན་ཡོད་པའི་ཞགས་པ་རྣམ་པར་འཕྲུལ་པ་སྒྲུབ་པའི་ཆེད་དུ་ཆོ་ག་སྣ་ཚོགས་དྲན་པར་བྱའོ།། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར།། རྣམ་ཐར་དཀྱིལ་འཁོར་དེ་ཉིད་ནི།། ལེགས་པར་སྒྲུབ་པ་མཐོང་ཙམ་དང་།། བཀླགས་པས་དངོས་གྲུབ་བླ་མེད་འགྱུར།། དེ་བས་རྟག་ཏུ་འབད་པ་ཡིས།། སྒྲུབ་པར་བྱེད་པ་ནི་མཁས་སོ། ། དེ་ནས་རིག་སྔགས་འཆང་གཙང་མར་གྱུར་པ་ཤིན་ཏུ་ཁྲུས་བྱས་པ་གོས་གཙང་མ་བགོས་པས་དར་དང་བ་དན་སྣ་ཚོགས་བཟང་པོས་དཀྱིལ་འཁོར་བརྒྱན་པར་བྱའོ།། རོ་བྲོ་བའི་མཆོག་རྒྱ་ཆེན་པོས་སྣོད་སྣ་ཚོགས་ལེགས་པར་བཀང་བ་དང་། གསེར་དང་དངུལ་གྱི་སྣོད་དུ་མཆོད་ཡོན་དབུལ་ཞིང་རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པར་བྱའོ།། དེ་བཞིན་འབྲས་བུ་སྣ་ཚོགས་གཞག་པར་བྱའོ།། གཟུགས་རྣམ་པ་སྣ་ཚོགས་པའི་ལ་ཟས་ཀྱི་གཏོར་མའང་བསྒྲུབ་པོ། ། མེ་ཏོག་སྣ་ཚོགས་བཀྲམ་ཞིང་གཏོར་མ་སྣ་ཚོགས་ཀྱིས་བཀང་བ་དང་། བུམ་པ་དང་། རྫེའུ་དང་། ཕོར་ཟླུམ་དང་། ཁམ་པོར་དང་། དབྱིབ་མོ་དག་ཀྱང་དགང་ངོ་།། ཀུན་ཏུ་ཏྲི་ཆུས་བསྒོས་པ་ཡིས། ། རྒྱ་ཆེན་གཏོར་མ་ཀུན་ཏུའོ།། སྣ་ཚོགས་པ་ཡི་པོག་བོར་ནས།། སྣ་ཚོགས་བདུག་སྤོས་དབུལ་བ་ནི།། ཨ་ཀ་རུ་དང་། ཙན་དན་དང་། སྤྲིག་ཀ་དང་། དུ་རུས་ཀ་དང་། ཀུན་ཏུ་རུ་དང་གུ་གུལ་དང་། སྒྲོན་ཤིང་དང་། ཤྲཱི་པྲེཥྚ་ཀ་དང་། ས་ར་དང་། ས་ར་ཛ་ར་ས་དང་། དེ་བཞིན་དུ་ག་པུ་ར་དང་། གླ་རྩི་དང་། གུར་ཀུམ་དང་། ཤ་ཁ་རའི་བདུག་སྤོས་འདི་དག་ནི་རབ་ཏུ་ཕུལ། ཐམས་ཅད་དུ་སྒྲུབ་པ་བླ་ན་མེད་པ་ཡིན་ནོ། ། སྣ་ཚོགས་པ་ཡི་དྲི་དག་དང་།། ཕྱེ་མ་བྱུག་པ་སྣ་ཚོགས་ཉིད།། ཤེས་རབ་ཅན་གྱིས་ཀུན་ཏུ་ནི།། དཀྱིལ་འཁོར་དག་ལ་གཞག་པར་བྱ།། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། རངས་ཀྱི་མེ་ཏོག་དང་། བྱཱ་རུ་དང་ནི་མུ་ཏིག་དང་།། ཨིནྡྲ་ནཱི་ལ་དག་དང་ནི།། པདྨ་རཱ་ག་དག་ཀྱང་ངོ་།། གསེར་དང་དངུལ་གྱི་བུམ་པ་རིན་པོ་ཆེ་སྣ་བདུན་ཅན་ཡང་ཨུ0f7f་བཞིར་གཞག་པར་བྱའོ། ། འབྲས་ཡོས་དང་ཡུངས་ཀར་བསྲེས་པས་དཀྱིལ་འཁོར་ཀུན་ཏུ་གཏོར་རོ།། ཀུན་ནས་མེ་ཏོག་འཕྲེང་བ་ནི།། རྨད་བྱུང་དཀྱིལ་འཁོར་ལ་གཞག་ཅིང་།། ཀུན་ནས་མར་མེའི་འཕྲེང་བ་ཡང་། ། དཀྱིལ་འཁོད་རྨད་དུ་བྱུང་ལ་གཞག། རིག་སྔགས་འཆང་ཉིད་ཞག་གཅིག་གནས་པར་གྱུར་པས་ཡང་བཟླས་བརྗོད་རྒྱ་ཆེར་བྱས་ལ་ཆོ་གས་བསྲུང་བ་དང་། ཕྱོགས་བཅིངས་པ་དང་། ཀུན་ནས་དཀྱིལ་འཁོར་བཅིང་བ་བྱས་ལ་དཀྱིལ་འཁོར་གྱི་ལས་བྱའོ། ། དེ་ནས་སློབ་མ་གཞུག་པར་བྱ་སྟེ། བླ་མ་མཁན་པོ་འམ། སློབ་དཔོན་ནམ། ཕ་འམ། རྒྱལ་པོ་འམ། བློན་པོ་ཆེན་པོ་ལ་དམ་ཚིག་དང་། ཕྱག་རྒྱ་དང་དཀྱིལ་འཁོར་གསང་བ་བསྟན་ཏེ། མགོན་པོ་འཇིག་རྟེན་གྱི་བླ་མ་མཐོང་བཞིར་དཀྱིལ་འཁོར་རྨད་དུ་བྱུང་བ་མཐོང་ནས་ཕྱག་བྱ་ཞིང་མཆོད་པ་དང་། མེ་ཏོག་དང་། བདུག་སྤོས་དབུལ་བར་བྱས་ལ་བསྐོར་བ་བྱའོ།། དེ་ནས་རིག་སྔགས་འཆང་གིས་ཐམས་ཅད་ལ་བྱམས་པའི་སེམས་མཉམ་པར་བཞག་སྟེ། སྐྱིལ་མོ་ཀྲུང་བཅས་ནས་འདུག་ལ་མི་སྨྲ་བར་ཡ་མཚན་སྣང་བར་མཐོང་གི་བར་དུ་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱས་ལ། དཀྱིལ་འཁོར་ཀུན་ཏུ་ཁྲོ་བོའི་རྒྱལ་པོས་ལན་བརྒྱ་རྩ་བརྒྱད་དབང་བསྐུར་ཞིང་ཡུངས་ཀར་དང་། ཆུ་དང་། མེ་ཏོག་གིས་དཀྱིལ་འཁོར་ཀུན་ཏུ་ལན་བརྒྱ་རྩ་བརྒྱད་གཏོར་བའི་མོད་ལ་རྟག་ཏུ་ཕྱག་རྩ་ལན་བརྒྱ་རྩ་བརྒྱད་བཅིངས་ལ་དཀྱིལ་འཁོར་ཀུན་ཏུ་མེ་ཏོག་དང་། བདུག་སྤོས་དང་། དྲི་ཕུལ་ནས་མགོན་པོ་འཇིག་རྟེན་དབང་ཕྱུག་དོན་ཡོད་པའི་ཞགས་པ་མཐོང་ན་དོན་ཡོད་པ་ཉིད་མཆོད་པར་བྱའོ།། དེ་ནས་མགོན་པོ་ཕྱག་ན་རྡོ་རྗེ་དང་། རིག་སྔགས་ཀྱི་རྒྱལ་པོ་བླ་ན་མེད་པ་མཆོད་པར་བྱེད་དོ།། དེ་ནས་ལྷ་མོ་སྒྲོལ་མ་དང་ཀུན་ཏུ་ལྷ་མོ་ཐམས་ཅད་ལའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལའོ།། དེ་ནས་རིའི་རྒྱལ་པོ་རྣམས་ལ་གནས་པའི་རིའི་ལྷ་ཐམས་ཅད་ལའོ། ། ཐམས་ཅད་དང་སྒོ་སྲུངས་ལ་རྟག་ཏུ་མཆོད་པ་བྱའོ།། དེ་ནས་ཕྱོགས་བཞི་ཀུན་ཏུ་རིག་སྔགས་འཆང་གིས་རྟག་ཏུ་མཆོད་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་འཇིགས་པ་མེད་པས་ལག་པའི་ཕྱག་རྒྱ་བཅིང་བར་བྱའོ། ། བྱམས་པའི་སེམས་དང་སྙིང་རྗེའི་ལྷག་པའི་བསམ་པ་ཉིད་ཀྱིས་དོན་ཡོད་པའི་ཞགས་པ་རྟག་ཏུ་དྲན་པར་བྱ་ཞིང་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་མོ།། ། གསང་སྔགས་བརྗོད་མ་ཐག་ཏུ་དཀྱིལ་འཁོར་དཔས་གཞི་གཡོ་ཞིང་། གང་དཀྱིལ་འཁོར་དུ་ཞུགས་པའི་མོད་ལ་སྙིང་དགའ་བ་དང་སེམས་བདེ་བ་ཐོབ་བོ།། འོད་ཟེར་བྱེ་བ་ཁ་དོག་སྣ་ཚོགས་རྣམ་པར་བཀྲ་བ་འབྱུང་ཞིང་དཀྱིལ་འཁོར་གྱི་སྙིང་པོ་ན་དོན་ཡོད་པའི་ཞགས་པ་འགུལ་བར་འགྱུར། དཀྱིལ་འཁོར་གྱི་སྙིང་པོ་འབར་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་དུ་ཕྱག་ན་རྡོ་རྗེ་འབར་འགྱུར། དཀྱིལ་འཁོར་ལ་གནས་པའི་ལྷ་དང་ལྷ་མོ་ཐམས་ཅད་འབར་བར་འགྱུར། ལྷ་གཡོ་བར་འགྱུར་ཞིང་དཀྱིལ་འཁོར་ཀུན་ནས་ལེགས་སོ་ཞེས་སྒྲ་གྲགས་པར་འགྱུར་རོ།། དེ་ནས་ཇི་ལྟར་གསེར་བཀོད་པ་དེ་ལྟར་དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོ་དང་། མགོན་པོ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། སྒྲོལ་མ་དང་། དཀར་མོ་གསེར་གྱི་མདོག་གིས་བཀོད་པ་ཆེན་པོའི་དཀྱིལ་འཁོར་གྱི་ནང་ནས་བཞེངས་པར་འགྱུར། སྐུ་གསེར་མདོག་ཅན་གཟུགས་བཟང་པོས་བདག་ཉིད་ཀྱི་རང་གི་ངོ་བོ་སྟོན་པ་སྣང་བར་འགྱུར། ཕྱོགས་བཅུ་ཀུན་ཏུ་རྟག་ཏུ་གཟིགས་པར་འགྱུར་རོ། ། ཐམས་ཅད་དུ་རྟག་ཏུ་སེམས་བརྟན་པོར་བྱ་སྟེ། རིག་སྔགས་འཆང་བྱམས་པ་དང་བཅས་པའི་སེམས་བརྟན་པོར་གྱུར་པས། མེ་ཏོག་དང་རོལ་མོའི་སྒྲ་དབུལ་ཞིང་དོན་ཡོད་པའི་རྒྱལ་པོའང་དྲན་པར་བྱའོ། ། དེ་ནས་དེ་བཞིན་གཤེགས་པས་ཕྱག་གསེར་གྱི་མདོག་ཅན་བརྐྱང་སྟེ། རིག་སྔགས་འཆང་གི་སྤྱི་བོར་བཞག་ནས་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་ཅིང་། རིག་སྔགས་འཆང་ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཆོ་ག་ཞིབ་མོ་མཐའ་དག་དང་། དཀྱིལ་འཁོར་དང་། ཕྱག་རྒྱའི་རིམ་པར་ཕྱེ་བ་གྲུབ་སྟེ། སྐྱེས་བུ་དམ་པ་ཁྱོད་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་ལུང་བསྟན་གྱིས། རང་གི་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྐྱེས་བུ་དམ་པ་ཁྱོད་རང་གི་ངོ་བོ་ཕྱིར་མི་ལྡོག་པ་དང་། དོན་ཡོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་བར་བྱོས་ཤིག། དཀྱིལ་འཁོར་འདི་ལ་བརྟེན་པའི་སྐྱེ་བོ་དགེ་བ་དང་ལྷག་པའི་བསམ་པ་ལ་ཞུགས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་མྱ་ངན་ལས་འདས་པར་ལུང་བསྟན་གྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་རོ། ། ཅི་སྟེ་སེམས་ཅན་ངན་པ་རིག་སྔགས་ཀྱི་གདོལ་པ་སྤང་བ་དག་དེར་ཞུགས་ན་གཟུགས་བརྙན་ལས་ཁྲག་འཛག་ཅིང་སྒྲ་མི་བཟད་པ་འབྱུང་སྟེ། མགོན་པོ་འདི་མི་མཐོང་། ས་འདི་གཡོ་བར་མི་འགྱུར། དཀྱིལ་འཁོར་འདི་འབར་བར་མི་འགྱུར་ཏེ། དེའི་ཚེ་རིག་སྔགས་འཆང་ལ་རྨི་ལམ་དུ་སྟོན་ཏེ། དེ་ཉིད་ཀྱང་གཞན་དུ་མི་འགྱུར་རོ། ། ཇི་ལྟར་མངོན་སུམ་པ་དེ་བཞིན་དུ་རྨི་ལམ་དུ་སྟོན་ཅིང་ཡིད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལྟ་བས་ན་རིག་སྔགས་འཆང་གིས་ལེགས་པར་བརྟག་ཅིང་སོ་སོར་རྟག་ཏུ་སེམས་ཅན་དཀྱིལ་འཁོར་དུ་གཞུག་པར་བྱའོ། ། སྒྲུབ་པ་པོ་བདེན་པར་སྨྲ་བ་དང་། དབང་པོ་ཡང་དག་པར་བསྡམས་པ། སེམས་ཅན་ཐམས་ཅད་ལ་བྱམས་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཅན། གཞན་ལ་ཡང་དག་པར་སྨྲ་བ། ཚིག་བརྟགས་པ་དད་པ་ཅན། གུས་པ་དང་ལྡན་པ་ཉིད་མར་འཛིན་པ། ཕར་འཛིན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ། རྟག་ཏུ་བླ་མ་ལ་གུས་པ་ཉིད་ཀྱི་སེམས་ཅན་འདི་དག་གཞུག་པར་བྱའོ། ། རབ་ཏུ་བ་ག་ཡོད་པ་དང་། རྟག་ཏུ་གཙང་ཞིང་གཙང་སྦྲ་དང་ལྡན་པ་དང་། ཁ་ཟས་ངན་པ་དང་། ལྷག་མ་དང་། འབགས་པ་དང་། འདྲེས་པ་དང་། གཅིག་ཏུ་བསྲེས་བ་དང་། ཅུང་ཟད་བཀྲུས་པ་དང་། ཆང་དང་། ཤ་དང་། ཀུན་དོང་དང་། སྒོག་སྐྱ་དང་། ཀེའུ་དང་བསྲེས་པའི་ཁ་ཟས་དག་སྤང་བར་བྱ་ཞིང་། རང་གི་ཁ་འཕྲོའང་སྤང་བར་བྱའོ།། ལྷག་མ་ནི་རྟག་ཏུ་སྤང་པར་བྱ་སྟེ། འདི་དག་སྒྲུབ་པའི་ཆོ་ག་ལ་དྲན་པར་བྱའོ།། ལག་པ་འབགས་པས་གདོང་ལ་རེག་པར་མི་བྱ། ལྷུང་བཟེད་བོར་བར་མི་བྱའོ།། རྟག་ཏུ་འམ་ཕྱེད་ཕྱེད་དུ་གཅོད་པ་དང་། མཆོག་ཏུ་འབགས་པ་འདི་དག་ནམ་ཡང་བཟའ་བར་མི་བྱའོ།། གཙང་མས་ཟས་གཙང་མ་བཟའ་ཞིང་ལག་པའི་སོར་མོ་བསྡམས་པས་ལ་གདོང་ལ་སོགས་པ་ལ་མི་རེག་པར་འདི་དག་ཟ་བ་ཉིད་ནི་མཆོག་ཏུ་མཛེས་ཤིང་བློ་དང་ལྡན་པ་ཡིན་ནོ། ། དེ་ནས་རིག་སྔགས་འཆང་གིས་ལས་ཤིན་ཏུ་ཡོངས་སུ་རྫོགས་པར་བྱས་ཤིང་དཀྱིལ་འཁོར་གྱི་བྱ་བ་ལེགས་པར་རྫོགས་ན་དེ་ལ་ཁྲག་འཛག་པར་མི་འགྱུར་རོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་བརྐྱང་ནས་རིག་སྔགས་འཆང་གི་ལག་པ་ནས་བཟུང་ནས་དཀྱིལ་འཁོར་གྱི་ནང་དུ་འཇུག་པར་མཛད་ཅིང་། ཤིན་ཏུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ནོར་བུ་ཉིད་ཀྱི་མགུལ་པ་ནས་བཀྲོལ་ཏེ་རིག་སྔགས་འཆང་གི་མགུལ་དུ་འདོགས་པར་མཛད་དོ། ། སྤྱི་བོར་ཕྱག་འཇོག་པར་མཛད་ཅིང་འདི་ལ་སྲས་ཀྱི་ཐུ་བོ་ཞེས་གསུང་ངོ་།། མགུལ་པར་ནོར་བུ་བཅིངས་པ་ཙམ་གྱིས་མོད་ལ་དེ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་གསང་བའི་དམ་ཚིག་དང་དཀྱིལ་འཁོར་མཐོང་བར་འགྱུར། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་རིགས་ཐམས་ཅད་དུ་དོན་ཡོད་པའི་རིག་སྔགས་འཆང་གི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། ། དོན་ཡོད་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་ཆེན་པོ་རྟག་ཏུ་མངོན་དུ་འགྱུར་ཞིང་རྒྱལ་མཚན་གྱི་རྩེ་མོ་ཉིད་སྤྲིན་མཚམས་ན་འདུག་པར་འགྱུར་རོ། ། རྒྱ་ཆེན་པོ་དྲི་མ་མེད་པར་སྣང་བ་དོན་ཡོད་པའི་ཡེ་ཤེས་རྣམ་པར་འབྲལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཕོབ་སྟེ། གང་ཏིང་ངེ་འཛིན་རྗེས་སུ་ཐོབ་པས་འཇིག་རྟེན་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་སྟོན་པར་འགྱུར་རོ།། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་དང་། སྒྲུབ་པ་དང་། དམ་ཚིག་དང་། གསང་བ་ཐམས་ཅད་ཀྱི་མཐུ་ཆེན་པོ་སྟོན་པར་འགྱུར་རོ།། དོན་ཡོད་པ་ཆེན་པོའི་འཁོར་ལོས་སྒྱུར་བ་ལྟ་བུའི་རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པར་འགྱུར་རོ།། དོན་ཡོད་པའི་དམ་ཚིག་གི་བྱིན་གྱིས་བརླབས་དང་། དེ་བཞིན་གཤེགས་པའི་གསང་བའི་དམ་ཚིག་མཐའ་ཡས་པ་འཐོབ་སྟེ། གང་དམ་ཚིག་ཐོབ་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་མཚུངས་པར་ཤེས་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་དམ་ཚིག་མཉམ་པ་ཉིད་ཀྱི་རྣམ་པར་འཕྲུལ་པ་སྟོན་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་དཀྱིལ་འཁོར་གྱི་ཆོ་གའི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། སྤྱན་རས་གཟིགས་དབང་ཕྱུག་རིང་བསྲེལ་དང་བཅས་པ་དེའཔས་ཕྱོགས་དབེན་པའི་གནས་གཙང་མར་གོས་གཙང་མའི་གདམ་བཤམས་ལ་དེའི་སྟེང་དུ་གཞག་པར་བྱའོ།། ཨ་ཀ་རུའི་བདུག་སྤོས་འབུལ་ཞིང་ཉིན་གཅིག་བཞིན་དུ་ནང་པར་སྔར་གཞན་མི་སྨྲ་བར་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། རིག་སྔགས་ཀྱི་རྒྱལ་པོས་མཆོད་པ་དབུལ་བར་བྱའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་འབར་བར་འགྱུར་ཏེ། ཉིན་གཅིག་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་སྨྲ་བར་འགྱུར། ཚིག་འབྱིན་པར་འགྱུར་རོ།། ད་ལྟར་གྱི་བཞིན་དུ་དེ་དག་ཐམས་ཅད་སྨྲ་བར་འགྱུར་ཏེ། དགེ་བ་དང་། མི་དགེ་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དེ་ཐམས་ཅད་སྨྲ་བར་འགྱུར་རོ།། ཚེ་རིང་བ་འམ། ཚེ་ཡོང་སུ་ཟད་པ་དེ་ཐམས་ཅད་སྟོན་ཅིང་སྨྲ་བར་འགྱུར་རོ། ། རྒྱལ་པོ་བརྗེ་བ་འམ། དགྲ་འཐབ་པ་འམ། ཕ་རོལ་གྱི་དམག་ཚོགས་འཐབ་པ་འམ། ལོ་ཉེས་པ་དང་། མི་ངས་དང་། དགོན་པ་དང་། ནད་དང་། ན་བ་དང་། གདོན་དང་། གནོད་པ་དང་། འཚེ་བ་དང་། གྲང་བ་དང་། རླུང་དང་། ཚ་བ་དང་། སེར་བ་དང་། ཆོམ་པོའི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། གཅན་གཟན་གཏུམ་པོའི་འཇིགས་པ་དང་། སྦྲུལ་གདུག་པའི་འཇིགས་པ་དང་། བདེ་བ་དང་། ལོ་ལགས་པ་དང་། འབྲས་བུ་འཕེལ་བ་དང་། འབྲུ་འཕེལ་བ་དེ་ཐམས་ཅད་སྨྲ་བར་འགྱུར་ཞིང་། དེའི་ཐབས་ཐམས་ཅད་ཀྱང་རབ་ཏུ་སྟོན་པར་འགྱུར་རོ།། ། རིག་སྔག་འཆང་ལ་ཉིན་གཅིག་བཞིན་དུ་ཁྱད་པར་དུ་གྱུར་པ་རྣམ་པ་མང་པོ་རབ་ཏུ་སྟོན་པར་འགྱུར་རོ།། ཁ་ཅིག་ལ་བསྟན་པར་མི་བགྱི་སྟེ། སྡང་སེམས་ཅན། རིག་སྔགས་ཀྱི་གདོལ་པ། རྐུན་མ། བྱས་པ་མི་གཟོ་བ། བརླང་བ། འཕགས་པའི་དགེ་འདུན་ལ་འཁུ་བ། འཕགས་པའི་དགེ་འདུན་ལ་འཕྲོག་པ། བསླབ་པ་མི་འདོད་པ་དང་ཡང་དག་པར་ལྡན་པ་དེ་དག་གི་ལག་ཏུ་བསྟན་པར་མི་བགྱི། ན་བར་བསྒྲགས་པར་མི་བགྱི། སྐྲའི་རྩེ་མོ་ཙམ་དུ་སྣང་བའང་བསྟན་པར་མི་བགྱིའོ།། ཆོ་ག་ཞིབ་མོ་འདི་ནི་ཡི་གེའི་འབྲུ་གཅིག་ཙམ་ཡང་བསྟན་པར་མི་བགྱིའོ།། རྗེས་སུ་འཇུག་པར་མི་བགྱིའོ།། དེ་ནས་རིག་སྔགས་འཆང་དངོས་གྲུབ་མཆོག་ཐོབ་པར་འགྱུར་ཏེ། མཆོག་ཏུ་ཡིད་བརྟན་པ། རྣམ་པར་ཐར་པ་མཆོག་གི་དཀྱིལ་འཁོར་གསང་བ་ཐོབ་པར་འགྱུར་རོ།། གང་གི་དྲུང་ནས་རིག་སྔགས་ཀྱི་རྒྱལ་པོའི་རིག་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ལག་ཏུ་འཐོབ་པར་འགྱུར་བ་དེ་ལ་སྟོན་པ་དང་བླ་མའི་འདུ་ཤེས་སྐྱེད་པར་བགྱིད། བདག་དང་འདྲ་བའི་མཆོད་པ་སྣ་ཚོགས་ཀྱིས་གུས་པར་བགྱིད་ན་བདག་ལ་གུས་པ་དང་བླ་མར་བགྱིས་པ་ལགས། མཆོད་པ་དང་རྗེད་པ་བགྱིས་པ་ལགས་སོ། ། དེ་ལྟ་བས་ན་དད་པའི་རྗེས་སུ་འབྲང་བས་བྱམས་པ་བསྒོམས་པ་དང་། སྙིང་རྗེ་བསྐྱེད་པས་དངོས་གྲུབ་ཆེན་པོ་འཐོབ་པར་འགྱུར་རོ།། ཅི་སྟེ་བགྱིས་པ་འདི་ལས་འདའ་བར་མི་བགྱིད་པའི་སེམས་ཅན་དེ་ལ་བདག་གིས་རྟག་པ་རྒྱུན་མི་འཆད་པར་དྲན་པ་དང་། བདག་བརྗོད་པ་ཙམ་གྱིས་རང་གི་ཤིན་ཏུ་ཡོངས་སུ་དག་པའི་རང་གི་ངོ་བོས་བདག་མདུན་ན་མཆིས་པར་བགྱི་ཞིང་། ཡིད་ལ་རེ་བ་ཐམས་ཅད་དང་མཆོག་ཡོངས་སུ་རྫོགས་པར་བགྱིའོ། ། ཅི་སྟེ་བདག་ཇི་ལྟར་དམ་བཅས་པ་ལས་གཞན་དུ་བགྱིད་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསླུས་པ་ལགས་སོ།། རིག་སྔགས་ཀྱི་གདོལ་པ་རྐུན་མར་གྱུར་པ་ལ་ནི་མི་བགྱིད་དེ། དམ་བཅས་པ་བཞིན་དུ་སྨྲ་བར་མི་བགྱིད་དེ། རིག་སྔགས་འཆང་གིས་རྟག་ཏུ་གཙང་བར་བགྱིད། རྟག་ཏུ་འཛུམ་པ་དང་། རྟག་ཏུ་བྱམས་པ་དང་སྙིང་རྗེ་སྒོམ་པ་ཡིད་ལ་བགྱིད་ན། དེ་ལ་བདག་གིས་རྟག་ཏུ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བར་བགྱི། དེ་དགེ་བའི་སྤྱོད་པ་ཐམས་ཅད་དང་ལྡན་པ་བགྱི། དོན་ཡོད་པ་ཡངས་པ་ཆེན་པོའི་དངོས་གྲུབ་རྗེས་སུ་སྩལ་བར་བགྱིའོ། ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་ལ། རྒྱ་མཚོའི་དུས་རླབས་ལྟར་ཐམས་ཅད་ཀུན་ཏུ་མཆི་བར་བགྱིའོ།། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྷུང་བ་ཐམས་ཅད་ཡོངས་སུ་ཟད་པར་བགྱི་བའི་སླད་དུ་བདག་དགའ་བས་ཀུན་ཏུ་མཆི་བར་བགྱིའོ།། སེམས་ཅན་གང་ལ་བྱམས་པ་དང་སྙིང་རྗེ་མཆིས་པའི་སེམས་ཅན་ཕ་རོལ་དེ་རྣམས་ཀྱི་བསམ་པ་ཕུན་སུམ་ཚོགས་པས་ཡོངས་སུ་རྫོགས་པར་བགྱིའོ། ། དེ་ལྟ་བས་ན་རིག་སྔགས་འཆང་གིས་ཤིན་ཏུ་སྡོམ་པས་བསྡམ་ཞིང་རིག་སྔགས་བརྗོད་པར་བགྱིའོ།། ཡོངས་སུ་གཏོང་བའི་ལག་པར་བགྱི་ཞིང་སྤར་འཆུམས་པར་མི་བགྱི་སྟེ། ལག་པ་བརྐྱང་བར་བགྱིའོ།། གཏོང་བ་མང་བས་དེ་བཞིན་གཤེགས་པ་དམ་ཚིག་ལ་གནས་པར་བགྱིའོ།། སྔར་ལེགས་པར་སྤྱད་པར་བགྱི་སྟེ། དོན་ཡོད་པའི་རྒྱལ་པོའི་སྤྱད་པ་བགྱི་ཞིང་རྟག་ཏུ་ཡིད་བགྱིའོ། ། དེ་ནས་བདག་དང་ཆོས་ཀྱི་མཆོག་ལ་དགའ་བ་ཞེས་བགྱིའོ།། རང་གི་གཟུགས་བརྙན་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ།། ། དེ་ནས་ཁྲོ་བོའི་རྒྱལ་པོ་བཤད་པར་བྱ་སྟེ། དོན་ཡོད་རྒྱལ་པོ་རྨད་བྱུང་ཆེ། ། ཀུན་ཏུ་དངོས་གྲུབ་ཐོགས་མེད་ཅིང་།། དཀྱིལ་འཁོར་ཀུན་ལ་དབང་བསྐུར་བ།། སྡང་བ་ཐམས་ཅད་རབ་ཏུ་འཇོམས།། བདུད་དང་བགེགས་ནི་རྣམ་པར་འཇིག། གནོད་སྦྱིན་སྲིན་པོ་གསང་བ་པ།། འབྱུང་པོ་ཐམས་ཅད་རབ་ཏུ་འབྲོས། ། གདོན་གྱི་གཙོ་བོ་སྤོང་བྱེད་ཅིང་།། སྡང་བ་ཐམས་ཅད་རབ་ཏུ་འཇོམས།། སྡང་བའི་ཀླུ་རྣམས་རྣམ་འཇིག་ཅིང་།། འཇིགས་འཕོངས་རྣམས་ལ་མི་འཇིགས་སྩོལ།། རིག་འཛིན་རྣམ་ལ་གྲུབ་སྩོལ་བ། ། དོན་ཡོད་ཞགས་པའི་དངོས་གྲུབ་མཆོག། དུས་གསུམ་གཤེགས་པའི་སངས་རྒྱས་སྟོན།། སྤྱི་ཡི་རིགས་ནི་རབ་སྟོན་པ།། དོན་ཡོད་སྤྱི་ཡི་གསང་བ་ནི།། རྟག་ཏུ་གཞན་མིན་སྙིང་པོ་ཉིད།། ཁྲོ་བོའི་རྒྱལ་པོ་བླ་མེད་པ།། དེ་ནི་བདག་གིས་རབ་ཏུ་བཤད།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་རྒྱལ་པོའི་ཁྲོ་བོའི་གཟུམ་སུ་གནས་ཏེ། སྡང་བ་ཐམས་ཅད་འཇིགས་པར་བྱེད་པར་གྱུར་ཅིང་ལག་ན་ཞགས་པ་ཐོགས་ཏེ་ཁྲོ་བོ་འདི་སྨྲས་སོ།། ན་མཿསརྦ་ཏ་ཐཱ་ག་ཏ། ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་ར་བཛྲ་དྷ་རེ་བྷྱཿ། ཨོཾ་ཙ་ར་ཙ་ར། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། ཙི་རི་ཙི་རི། བི་རི་བི་རི། མ་ཧཱ་པདྨ་ཧསྟ། ཀ་ལ་ཀ་ལ། ཀུ་ལུ་ཀུ་ལུ། མ་ཧཱསྟ་མ་པྲཱཔྟ། ཙ་ར་ཙ་ར། ཙ་ཙ་ར་ནི་ཤཱ་ཙ་རེ། ཤྭ་ར་ཨེ་ཧྱེ་ཧི། བུདྡྷ་བུདྡྷ། དྷཱུ་བ་དྷཱ་བ། ཀི་ཎི་ཀི་ཎི་པ་ར་མ་ཀུཿ་སཿ། ཀ་རཀར། ཀ་ཀི་རི། མཧཱ་བ་ཤུབ་ཏི། 9ུ0f7fར། བྷཱུཛྫ་ཧྲཱི་ཧི་བྷྱཿ། ཨོཾ་ཀཱ་རརྦ་བ~ཾ་ཥདྷ་ར། ས་ར་ས་ར། བ་ར་བ་ར། བཱ་ར་ཤྭེ་ཤཱ་དྷསརྦས?། ཨོཾ་མཿ། ཤ་ནི་ཇ། ལ། སུ་རུ་སུ་རུ། རྦ་ཙ་སུ་རུ། སན་ཀུ་མ་ར་མུ་རྦ་བིཥྚ་བཱ་ས་པ། དྷ་ན་ད་རིའི་ཎཱ་ཡ་ཀཾ། བ་ཏུ་བི་བི་དྷ་བེ་ཥདྷ་ར། བྷ་ར་དྷ། ས་མནྟ། ཨ་བ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀེ་ཙར། མ་སེ་ཤྭ་ར། མུ་ཡ་མུ་ས་མུ་ཉྩ་མུཉྩ། བན་དྷ་བན་དྷ་ན་ཏཱ་ཌ་ན་ཏརྫ་ན། རཱ་ཛ་ཏསྐ་ར། ཨགྣི་ཨུད་ཀ། བི་ཥ་ཤསྟྲ་པ་རི་མོ་ཙ་ཀ། ཀ་ཎ་ཀ་ཎ། ཙ་ལ་ཙ་ལ། བོ་དྷྱཾ་ག། ཙ་ཏུ་རཱདྱ་སཏྱ་སཾ་པྲ་ཀཱ་ཤ་ཀ། ཏ་མ་ཏ་མ། ས་མ་ས་མ། མ་ས་མ་ས། མ་ཧཱ་ཏ་མོན་དྷ་ཀཱ་ར། པྲ་ཤ་མ་ན། མི་ལི་མི་ལི། ཨེ་ཎེ་ཡ། ཙརྨ་པ་རི་ཀ་ར། ཨེ་ཧྱེ་ཧི། མ་ཊ་མ་ཊ། བི་ཤུདྡྷ་བི་ཥ་ཡ་ནི་བཱ་སི་ན། མ་ཧཱ་ཀཱ་རུ་ཎི་ཀ། ཤྭེ་ཏ་ཡ་དྷོ་པ་བཱི་ཏ། རཏྣ་མུ་ཀུརྦ་མཱ་ལཱ་དྷ་ར། སརྦ་ཛཱ་ཤི་ར་སི་ཀྲྀ་ཏ། ཀ་ར་པུ་ཊ། ས་མཱ་དྷི་པྲ་ཀཾ་བྱ། ཥ་ཊ་པཱ་ར་མི་ཏཱ། པ་རི་པཱུ་ར་ཀ། མ་ཧཱ་སརྦ་སཏྭ་སནྟ། ཏི་པ་རི་པཱ་ཙ་ཀ། སརྦ་མཱ་རཱ་དི་དུཥྚ་པྲ་མརྦ་ཀ། སརྦ་སིདྡྷྱ་ཨཱ་ཤཱ་པ་རི་པཱུ་ར་ཀ། ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏཱ་བི་ཥེ་ཀཻ་ར། བྷ་ག་བཱན། ཨ་མོ་གྷ་རཱ་ཛ་ཧཱུཾ་ཕཊ། ན་མོ་སཱུ་ཏེ་སྭཱཧཱ། ཁྲོ་བོའི་རྒྱལ་པོ་དོན་ཡོད་པའི་ཞགས་པའོ།། ཨོཾ་བི་ཀྲི་ཏ་དོཥྚེ། ཨ་མོ་གྷ་ས་མ་ཡེ་ཨ་བྷི་ཥིཉྩ་མཱཾ། སརྦ་བིདྱཱ་ཨ་མོ་གྷ་ཨ་བྷི་ཥེ་ཀཻ་ར་ཧཱུཾ་མི་ལི་མི་ལི་སྭཱ་ཧཱ། དེ་ཁྲོ་བོའི་རྒྱལ་པོའི་སྙིང་པོའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པ་ཆེན་པོའི་སྙིང་པོ་གསུངས་མ་ཐག་ཏུ། དེ་ནས་རི་ཆེན་པོ་པོ་ཊ་ལ་རྣམ་པ་དྲུག་ཏུ་རབ་ཏུ་གཡོ་བར་བརྩམ་ཏེ་ཀླུའི་ཚོགས་ནི་འཁྲུགས་སོ། ། ལྷའི་ཚོགས་ཐམས་ཅད་ནི་དགའ་བར་གྱུར་ཏོ།། སྡང་བའི་གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་འདྲེན་ནི་འབར་བར་གྱུར་ཏོ། ། བདུད་ལ་སོགས་པ་སྡང་བ་ནི་ཡང་དག་པར་རབ་ཏུ་ཞི་བར་གྱུར་ཏོ།། ངན་སོང་གི་སྡུག་བསྔལ་ཐམས་ཅད་ནི་རབ་ཏུ་ཞིའོ།། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ནི་མཆོག་ཏུ་དགའ་བར་གྱུར་ཏོ། ། སྡང་བ་དང་། རབ་ཏུ་སྡང་བ་ཐམས་ཅད་དང་། གདོན་ཐམས་ཅད་ནི་མི་སྣང་བར་གྱུར་ཏོ།། ནད་ཐམས་ཅད་ནི་རབ་ཏུ་ཞིའོ།། རིམས་ཐམས་ཅད་ལས་ནི་རྣམ་པར་གྲོལ་ལོ།། ཉོན་མོང་པའི་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། ། མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་བབ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་གྱུར་ཏོ།། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། ། དེ་ནས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དང་། དཀྱིལ་འཁོར་ལ་བརྟེན་པའི་ལྷ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕག་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཚིག་གཅིག་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། ། སྙིང་རྗེ་ཆེན་པོ་ཅན་མཆོག་ཏུ་དོན་ཡོད་པའི་རིག་སྔགས་འདི་སྨྲས་ཟིན་གྱིས།། དེ་བཞིན་གཤེགས་པའི་རིགས་ཐམ་ཅད་དང་། རིགས་སྤྱིའི་དམ་ཚིག་དང་། སྙིང་པོ་དང་། ཁྲོ་བོའི་དེ་ཁོ་ན་ཉིད་གསང་བ་དང་། དཀྱིལ་འཁོར་དང་། སྒྲུབ་པའི་ཆོ་ག་དོན་ཡོད་པའི་རྒྱལ་པོའི་དཀྱིལ་འཁོར་རབ་ཏུ་སྨྲོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་སྤྱན་སྔར་བཤད་། དཀྱིལ་འཁོར་གྲུ་བཞི་པ་ཤིན་ཏུ་མཛེས་པ། ཀོ་ལའི་ཚད་ཙམ་ཤིན་ཏུ་འབྱེས་པའི་གྲཝ་བཞི་དང་། སྒོ་བཞི་དང་། ཐེམ་སྐས་བཞི་དང་། རྟ་བབས་དང་། མདའི་ཁ་ཁྱེར་དང་། ཀུན་ནས་རྡོ་རྗེའི་རྣམ་བ་དག་ཀྱང་བྱ་སྟེ། ཚོན་རྩི་སྣ་ཚོགས་རྣམ་པར་འབྱེས་པའི་ཐིག་སྐུད་ཀྱིས་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། རི་མོ་མཁན་གཙང་མས་སྣོད་གསར་པ་དང་པིར་གཙང་མས་དཀྱིལ་འཁོར་དམ་པ་ལེགས་པར་བྲིའོ། ། དཀྱིལ་འཁོར་སྙིང་པོ་རྣམས་དབྱེ་བ།། དབུས་སུ་ལེགས་པར་རྣམ་ཕྱེ་ལ།། ཀུན་ནས་པདྨའི་འཕྲེང་བ་དང་།། རྡོ་རྗེ་མདུང་རྩེ་གསུམ་པ་དགོད།། དབུས་སུ་འཁོར་ལོ་རྟག་བྲི་བ། ། ཤིན་ཏུ་བལྟ་སྡུག་འཁོར་ལོ་དགོད།། དབུས་དེར་རྒྱལ་བ་གཞག་པར་བྱ།། ཤཱཀྱའི་རྒྱལ་པོ་དེ་བཞིན་གཤེགས།། གཡས་སུ་ཁྲོ་བོའི་རྒྱལ་པོ་ཡི།། འཇིག་རྟེན་དབང་ཕྱུག་འདྲེན་པ་པོ།། གཡོན་དུ་རྡོ་རྗེ་འཛིན་གཞག་པ།། རྔ་ཡབ་རྡོ་རྗེ་ལག་ཐོགས་གཞག། དེའི་འོག་ཏུ་འོད་ཟེར་དང་ལྡན་པར་བྱ་བ་ནི་ལྕགས་ཀྱུ་དང་། དགྲ་སྟ་དང་། གོ་ཆ་དང་། དབྱུག་པ་དང་། ཞགས་པ་དང་། རགྲ་སྟ་གུ་རྒྱུད་ཅན་དང་། མདུང་རྩེ་གསུམ་པ་དང་། གླེགས་བམ་མོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་དཀར་ཤམ་ཆེན་མོ་དང་། གོས་དཀར་མོ་དང་། དཀར་མོ་ཆེན་མོ་རལ་པ་ཅན་དང་། དབྱུག་པ་དང་། རིལ་བ་སྐྱི་བླུགས་ཕྱག་ན་ཐོགས་པ་བྱའོ།། དེའི་འོག་ཏུ་སྲིན་མོ་རལྔ་པ་གཅིག་མ་ཞེས་བྱ་བ་ནི་མཆེ་བ་གཙིགས་པ། འཇིགས་སུ་རུང་ཞིང་མི་སྡུག་པ། སྦྲུལ་སེ་རལ་ཁར་ཐོགས་པ་ཕྱག་བཞི་པ། གཡས་པ་ན་རྡོ་རྗེ་དང་དགྲ་སྟ། གཡོན་པའི་སོར་མོ་གཅིག་ལྷ་མ་ཡིན་དང་ལོག་འདྲེན་ལ་བསྡིགས་ཤིང་ཁྲག་འཛག་པའི་མགོའི་ཙོ་ཏོ་ནས་འཛིན་པ་དང་། ཁྲག་གི་སྣོད་ཡོངས་སུ་འཛིན་པ། གླང་པོ་ཆེའི་པགས་པ་རློན་པའི་སྟོད་གཡོགས་འཕྱང་བ་དང་སྨད་གཡོགས་ཅན་བྱའོ། ། མཐའི་གྲཝར་པདྨ་དང་རྡོ་རྗེ་གཞག་པ་ནི་འབར་བའི་འབྲེང་བ་ཅན་ཤིན་ཏུ་བཟང་པོ་གཞག་པར་བྱའོ།། ཤར་ཕྱོགས་ཀྱི་སྒོར་རྗེ་འཇིགས་བྱེད་མིག་དེའི་སྐུ་འབར་བའི་འཕྲེང་བ་ཅན་གཞག་པར་བྱའོ། ། ལྷོ་ཕྱོགས་ཀྱི་སྒོར་ཀི་ལི་ཀི་ལ་ཞེས་བྱ་བའི་རྡོ་རྗེའི་ལོག་འདྲེན་དེ་ཉིད་རྡོ་རྗེ་དང་། དགྲ་སྟ་དང་། ཞགས་པ་ཕྱག་ན་ཐོགས་པར་བྱའོ།། ནུཆུ་ཕྱོགས་ཀྱི་སྒོར་པདྨ་ཆེན་པོའི་རིགས་མཛེས་མ་ཞེས་བྱ་བའི་ལོག་སོ་བྱ་བ་ནི་ཕྱག་ན་པདྨ་ཐོགས་པར་བྱའོ།། བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་ཆེན་པོའི་རྩེ་མོ་ཞེས་བྱ་བའི་ཚོགས་རྡོ་རྗེ་དང་ཞགས་པ་ཕྱག་ན་ཐོགས་པའོ།། དེ་ནས་འཇུག་པའི་སྒོར་ཙན་དན་གྱི་ཆུ་གུར་ཀུམ་དང་། གླ་རྩི་དང་། ཀ་པུར་གྱིས་བསྒོས་པའི་ཆུས་བུམ་པ་བཀང་ལ་རས་དཀར་པོས་དཀྲིས་ཤིང་རྒྱན་གྱིས་བརྒྱན་པ་རིན་པོ་ཆེ་སྣ་བདུན་ཅན་རྟག་ཏུ་གཞག་པར་བྱའོ།། ཇི་སྙེད་པའི་གཏོར་མ་སྣ་ཚོགས་ཡོངས་སུ་བཤམས་པས་ཀྱང་མཆོད་པར་བྱ། རྣམ་པ་སྣ་ཚོགས་པའི་དཀྱིལ་འཁོར་ལེགས་པར་བརྒྱན་པར་བྱའོ།། བདུག་སྤོས་ཀྱིས་བཀང་བ་དང་། མར་མེའི་འཕྲེང་བ་དང་། མེ་ཏོག་དང་། པྲི་དང་། བྱུག་པས་མཆོད་པར་བྱའོ།། ཇི་སྲིད་འཇུག་གི་བར་དུ་སློབ་མ་རྣམས་ཚོགས་བསྲུངས་ལ། དེ་ནས་དོན་ཡོད་པའི་སྙིང་པོ་བཟླས་བརྗོད་བྱ་ཞིང་དོན་ཡོད་པའི་ཁྲོ་བོའི་དབང་བསྐུར་བར་བྱའོ།། དབང་བསྐུར་བ་ཙམ་གྱིས་ཀྱང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ།། འཇིག་རྟེན་གྱི་མགོན་པོའི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་རྗེས་སུ་ཞུགས་པར་འགྱུར་རོ། ། དོན་ཡོད་པའི་ཞགས་པའི་རིགས་ཀྱི་དམ་ཚིག་དང་དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར་རོ།། གང་བསམ་པ་དགང་བཅོལ་བ་དེ་ཐམས་ཅད་འབྱོར་པར་འགྱུར་རོ། ། དེ་བཞིན་དུ་དམ་ཚིག་ཐམས་ཅད་ཀྱི་རྗེས་སུ་ཞུགས་པར་འགྱུར་རོ།། དམ་ཚིག་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་ཐམས་ཅད་མངོན་དུ་འགྱུར་རོ། ། སྡིག་པ་དང་། གདུག་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་རོ།། ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དང་། གསང་བ་པ་དང་། རིག་སྔགས་འཆང་གི་གནས་ཕུག་དྲི་མ་མེད་པ་དང་། ནམ་མཁའི་རྗེས་སུ་རྒྱུ་བ་དང་། ཆུ་ན་རྒྱུ་བ་དང་། ནགས་དང་སྐྱེད་མོས་ཚལ་དང་ན་སྤྱོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་དྲུག་ཆ་ལ་ཐམས་ཅད་དུ་དབང་བར་འགྱུར་རོ། ། གསང་བ་པ་ཐམས་ཅད་ཀྱང་འདིའི་མངག་གཞུག་པར་འགྱུར་རོ།། གང་ཞིག་དེ་ལ་མི་ཕན་པར་འདོད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་གང་རིག་སྔགས་འཆང་ལ་མི་ཕན་པར་སེམས་པ་དེ་ཐམས་ཅད་ཀྱི་དེ་དག་གི་གནས་དང་ལུས་ཉིད་རྣམ་པར་གཞིག་པའི་ཕྱིར་སྡིག་པ་རྣམས་འབབ་པར་འགྱུར་རོ། ། དེ་ནས་དངུལ་ལས་ཁྲོ་བོའི་རྒྱལ་པོ་སོར་བཅུ་གཉིས་ཀྱི་ཚད་ཙམ་བྱས་ཏེ། ཤིན་ཏུ་མཛེས་པ། ཤིན་ཏུ་ཚད་དང་ལྡན་པ། ཞལ་གསུམ་པ། རལ་པའི་ཐོར་ཚུགས་བཅིངས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྒྱལ་བ་འོད་དཔག་ཏུ་མེད་པའི་དབུ་བརྒྱན་ཅན། ཟླ་བ་དབུ་ལ་ཐོགས་པ། ཞལ་དང་པོ་ཁྲོ་བོའི་གཟུགས། གཡོན་པ་དང་གཡས་པ་ཞི་བའི་གཟུགས། ཞལ་ཅུང་བད་འཛུམ་པ། སྤྱན་གསུམ་པ། ཕྱག་བཞི་པ། པདྨ་འཛིན་པ། ཞགས་པ་འཛིན་པ། རལ་གྲི་དང་མདུང་རྩེ་གསུམ་པ་འཛིན་པའོ།། གཡས་སུ་ལྷ་མོ་སྒྲོལ་མ་མེ་ཏོག་འབུལ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། གཡོན་དུ་ལྷ་མོ་རིག་སྔགས་ཀྱི་རྒྱལ་མོ་ནོར་བུ་རིན་པོ་ཆེ་ཆེན་པོ་འབུལ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། འཇིག་རྟེན་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་རིག་སྔགས་འཆང་པུས་མོ་བཙུགས་པ། ལག་ན་པོག་པོར་དང་བགྲང་འཕྲེང་ཐོགས་ཏེ་བཅོམ་ལྡན་འདས་ལ་ལྟ་བའོ།། གཟུགས་བརྙན་དེ་ཉིད་ཀྱི་མདུན་ན་ཙན་དན་དཀར་པོའི་དཀྱིལ་འཁོར་བྱ་ཞིང་གུར་ཀུམ་གྱི་མཆོད་པར་བྱའོ། ། དཀྱིལ་འཁོར་དེའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་བཞག་སྟེ། དེའི་སྤྱན་སྔར་བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ།། དེ་ནས་གཟུགས་བརྙན་དེ་འགུལ་ཞིང་གཡོ་བར་འགྱུར།། འཆག་པར་འགྱུར། འོད་ཟེར་འབྱུང་བར་འགྱུར། ཚིག་འབྱིན་པར་འགྱུར། ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར། ཕྱག་གཡས་པ་སྤྱི་བོར་འཇོག་པར་འགྱུར། ཡིད་ལ་བསམས་པ་དང་མཆོག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། རིག་སྔགས་འཆང་དེའང་བདག་ཉིད་འབར་བར་འགྱུར། ནམ་མཁའ་ལ་འཕགས་པར་འགྱུར་ཞིང་དོན་ཡོད་པར་ཡངས་པར་སྣང་བ། དངོས་གྲུབ་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་རིག་སྔག་འཆང་གི་འཁོར་ལོས་སྦྱར་བར་འགྱུར་རོ། ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་པོ་རྣམས་ཀྱི་གཙོ་བོ་དང་རྒྱལ་པོར་འགྱུར་རོ།། ཚེ་ལྷའི་བསྐལ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། ། བསྐལ་པའི་མཇུག་རྫོགས་ཏེ་དེ་ཉིད་ཀྱི་མཚན་མོ་འདས་པ་དང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཇི་ལྟར་བདེ་བ་ཅན་བཞིན་དུ་འཇིག་རྟེན་གྱི་ཁམས་འདི་གཞལ་མེད་ཁང་གི་རྣམ་པར་འཕྲུལ་པར་འགྱུར་ཞིང་། ཚེའི་ཚད་བསྐལ་པ་དཔག་ཏུ་མེད་པར་འགྱུར་རོ།། དོན་ཡོད་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་ཆོས་སྟོན་པར་འགྱུར་རོ། ། དེའི་འོག་ཏུ་འཇིག་རྟེན་པའི་སྒྲུབ་པ་ནི་དེ་ཉིད་ཀྱི་སྤྱན་སྔར་བཟླས་བརྗོད་བརྒྱད་སྟོང་བྱའོ།། བཟླས་བརྗོད་རྫོགས་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྲོ་བོའི་རྒྱལ་པོ་རང་གི་གཟུགས་ཀྱི་མདུན་ན་བཞུགས་པར་འགྱུར་ཏེ། འཇིག་རྟེན་པའི་ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཐམས་ཅད་དང་། མིག་འཕྲུལ་དང་། བཞད་གང་དང་། ཕུ་རབས་གདབ་པ་དང་། བསྲེག་པ་དང་། འཕང་བ་དང་། གསད་པ་དང་། དབང་དུ་བྱ་བ་དང་། སྒྱུ་མ་བསྟན་པ་དང་། བདག་བསྲུང་བ་དང་། གཞན་བསྲུང་བ་དང་། མི་སྣང་བའི་ཆོ་ག་སྦ་བ་དང་། ནོར་བསྒྱུར་བ་སྨྲ་བ་དང་། ས་གའི་སྦ་བ་དང་། རྒྱ་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཆུ་བ་རྒལ་བ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ཆ་ལས་བརྒལ་བ་དང་། རྨོངས་བྱེད་དང་། རྨུགས་བྱེད་དང་། རེངས་བྱེད་དང་། བཅིང་བ་དང་། རྒྱ་མཚོ་ཆེན་པོ་བསྐྱོད་པ་དང་། རོ་ལངས་བསླང་བ་དང་། ཤི་བ་གསོ་བ་དང་། ཟླ་བ་དང་ཉི་མ་དབབ་པ་དང་། དགུག་པ་དང་། བདེན་པ་བསྟན་པ་དང་། ནད་ལ་སོགས་པ་ཐམས་ཅད་རབ་ཏུ་ཞི་བ་དང་། དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། གནོད་སྦྱིན་དགུག་པ་དང་། སྲིན་པོ་དགུག་པ་དང་། འབྱུང་པོ་དགུག་པ་དང་། ཀྵ་དང་ལྔ་དཀྲུག་པ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དགུག་པ་དང་། གཏང་བ་དང་། དགོས་པ་ལ་སོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། དྲན་པ་ཙམ་གྱིས་མོད་ལ་དངོས་གྲུབ་ཐམ་ཅད་ཐོབ་པར་འགྱུར། ལས་ཐམས་ཅད་བྱེད་པར་འགྱུར་རོ།། བཀླག་པ་ཙམ་གྱིས་ལས་དང་། དངོས་གྲུབ་དང་། སྒྲུབ་པ་ཐམས་ཅད་སྟོན་པར་འགྱུར། ཕྱིར་རྒོལ་བ་དང་། དགྲ་དང་། ཕ་རོལ་གྱི་དམག་ཚོགས་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། སྡང་བའི་སེམས་ཅན་ཐམས་ཅད་ཕྱིར་ཟློག་པར་འགྱུར་རོ།། དྲན་པ་ཙམ་གྱིས་མཆོག་ཏུ་འགྲུབ་པར་འགྱུར་ཏེ། སྐལ་བ་ངན་པ་དང་། ནོར་ཆུང་ཟ་བ་དང་། མི་འགྲུབ་པ་དང་། སྡིག་པའི་རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། སྒྲིབ་པ་དང་། སྡིག་པ་གཞིག་པར་བྱ་བ་ལ་མཆོག་ཏུ་གྲུབ་པ་ཡིན་ནོ།། བའི་རྒྱལ་པོའི་ཞབས་ནས་བཟུང་སྟེ། བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན། སྔོན་བསགས་པའི་བསོད་ནམས་དང་གལ་བ་མངོན་དུ་འགྱུར་ཏེ། ཚེའི་མཐར་ཐུག་གི་བར་ད་དཔལ་ཆེན་པོ་དང་ཆེ་བ་ཉམས་སུ་མྱོང་བར་འགྱུར་རོ། ། ཞལ་དུ་བལྟས་ཏེ་བཟླས་བརྗོད་སྟོངས་བརྒྱད་བྱས་ནས་དབང་ཕྱུག་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྐེད་པའི་གནས་ནས་བཟུང་སྟེ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། རྒྱལ་པོ་བཙུན་མོ་དང་འཁོར་དང་བཅས་པ་རྣམས་དབང་དུ་གྱུར་ནས་གནས་ཏེ། བདག་ཉིད་དང་ནོར་གྱིས་ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་པར་འགྱུར་རོ། ། ཅོད་པན་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། ཁྲོ་བོའི་རྒྱལ་པོའི་དབུ་ལ་བཅིང་ན་ངེས་པར་དབང་བསྐུར་བ་འཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་ཉི་ཤུ་རྩ་གཅིག་པ།། ། དེ་ནས་ཕྱག་ན་རྡོ་རྗེ་དོན་ཡོད་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་འཁོར་གྱི་དཀྱིལ་འཁོར་དེར་ནམ་མཁའ་ལས་བབས་ནས། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་མདུན་དུ་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་དང་བཀུར་སྟི་མངོན་དུ་བྱས་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་སོང་ནས། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ལོགས་སུ་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལྷ་རྫས་ཀྱི་མཆོད་པ་ཆེན་པོས་མཆོད་པ་བྱས་སོ། ། མེ་ཏོག་དང་། བདུག་སྤོས་དང་། རྦི་དང་། འབྲེང་བ་དང་། ཐུག་པ་དང་། གོས་དང་། རྒྱན་དང་། ལྦབ་ལྷབ་དང་། སིལ་སན་དང་། རེག་རྡོབ་པ་རྣམ་པ་སུ་ཆོམ་ཀྱིས་མཆོད་ནས་ལན་བདུན་བསྐོར་བ་བྱས་སོ། ། རི་བོ་ཊ་ལའི་གཞལ་མེད་ཁང་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གིས་ཀྱང་མཆོད་པ་བྱས་སོ།། དཀྱིལ་འཁོར་གྱི་ལྷ་དེ་དག་ལའང་མཆོད་པ་བྱས་སོ།། འཁོར་ཆེན་པོ་དེ་དག་ལའང་མཆོད་པ་བྱས་སོ།། ལྷན་ཅིག་ལྷགས་པའི་འཁོར་དེ་དག་ཐམས་ཅད་ལའང་མཆོད་པ་དང་། མངོན་དུ་བསྟོད་པ་དང་། ཕྱག་བྱས་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཡུད་ཙམ་ཞིག་ཅི་ཡང་མི་སྨྲ་བར་འདུག་པར་གྱུར་ཏོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་འགྱིང་བག་དང་བརྗིད་པག་གི་འགྲོས་ཀྱི་ལངས་ནས། བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་སོང་སྟེ་ཕྱིན་ནས་རྡོ་རྗེ་གསོར་ཞིང་། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཞབས་གཉིས་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོང་བའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་འདི་ཤིན་ཏུ་ཟབ་པ། ཤིན་ཏུ་རྟོགས་པར་དཀའ་བ། རྒྱ་མཚོ་ཆེན་པོ་ལྟ་བུ་ཤིན་ཏུ་ཕབ་པ། རི་རབ་ཆེན་པོ་ལྟ་བུར་ཤིན་ཏུ་མི་གཡོ་ཞིང་མི་བསྐུལ་བ། མཆོག་ཏུ་རྙེད་པར་དཀའ་བ། ཤིན་ཏུ་གཟུང་བར་དཀའ་བའི་ཕྱག་རྒྱ་མང་པོ་དང་། གསང་སྔགས་མང་པོ་དང་། དཀྱིལ་འཁོར་སྒྲུབ་པ་མང་པོ་དང་། རི་མོའི་སྐུ་གཟུགས་བྲི་བ་མང་པོ་དང་། སྒྲུབ་པ་གསང་བ་རྣམ་པ་མང་པོ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་མང་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་དོན་ཡོད་པ་བཀླགས་པས་འགྲུབ་པར་འགྱུར་བ་མང་པོ་ལ་བཅོམ་ལྡན་འདས་བདག་མཆོག་ཏུ་ཡ་མཚན་དུ་འགྱུར་ན། ཇི་ལྟར་འགྱུར་བར་རྔོ་ཐོགས། ཇི་ལྟར་ངེས་པར་གཟུང་བར་རྔོ་ཐོགས་ལགས། གསང་སྔགས་ཐ་དད་པ་དང་། ཕྱག་རྒྱ་ཐ་དད་པ་དང་། དཀྱིལ་འཁོར་སྒྲུབ་པ་ཐ་དད་པ་དང་། རས་ཀྱི་རི་མོའི་སྐུ་གཟུགས་ཐ་དད་པ་དང་། གཏོར་མ་ཐ་དད་པ་དང་། མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། མཆོད་ཡོན་དང་། ཞབས་བསིལ་དང་། སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་དགུག་པ་དང་། དམ་ཚིག་དང་། ཁྲུས་དང་། སྨྱུང་བ་དང་། ཕྱག་རྒྱ་བཅིང་བ་དང་། རབ་ཏུ་འཇུག་པ་དང་། བཟླས་བརྗོད་དང་། སྦྱིན་སྲེག་དང་། སླར་གཤེགས་སུ་གསོལ་བ་འམ། ངེས་པར་གཟུང་བ་འག། དྲན་པར་བགྱི་བར་རྔོ་ཐོགས། བཅོམ་ལྡན་འདས་རྨོངས་པ་ཆེན་པོ་སེམས་ཀྱི་སྤྱོད་པ་རྨུགས་པར་གྱུར་པའི་རིགས་ཀྱི་བུ་རྣམས་སམ། རིགས་ཀྱི་བུ་མོ་རྣམས་སམ། དགེ་སློང་ངམ། དགེ་སློང་མ་འམ། བསྙེན་ནས། དགེ་བསྙེན་མ་ལ། དགེ་སློང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། རིག་སྔགས་འཆང་དེ་རྣམས་ཀྱིས་དོན་ཡོད་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་འདིས་པར་གཟུང་བར་ཇི་ལྟར་རྡོ་ཐོགས། རིག་སྔགས་འཆང་དེ་རྣམས་ཀྱིས་ཇི་ལྟར་སྒྲུབ་པར་རྔོ་ཐོགས། བཅོམ་ལྡན་འདས་བདག་གི་སྙིང་ལ་མཆོག་ཏུ་ཡ་མཚན་སྐྱེས་པ་དེ་དག་བཅོམ་ལྡན་འདས་ཀྱིས་ཐེ་ཙོམ་གཅད་བའི་སླད་དུ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཐེ་ཙོམ་གཅོད་པའི་སླད་དུ་ཞུས་པ་ལུང་བསྟན་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ་དངོས་གྲུབ་ཀྱི་སྤྱོད་པ་དང་གསང་བ་རྣམ་པ་སྣ་ཚོགས་གསང་སྔགས་སྒྲུབ་པ་པོ་སྒྲུབ་པ་བསྒྲུབ་པ་ལ། གང་གི་ཚེ་དངོས་གྲུབ་ལས་དབུགས་ཕྱུང་བ་དེའི་ཚེ་བློ་གྲོས་ཆེན་བོའི་ཆེན་པོར་འབོགས་པར་འགྱུར། ། དངོས་གྲུབ་ཆེན་པོའི་ཆེན་པོ་འགྲུབ་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་ཆེན་པོ་རབ་ཏུ་སྐྱེ་བར་འགྱུར། དགེ་བའི་རྩ་བ་ཆེན་པོའི་ཆེན་པོ་དང་ལྡན་པར་འགྱུར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དངོས་གྲུབ་ཆེན་པོའི་ཆེན་པོ་འཐོབ་པར་འགྱུར། ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དངོས་གྲུབ་གང་གིས་སྒྲུབ་པའི་ཆོ་གའི་དངོས་གྲུབ་འཐོབ་པར་འགྱུར་བའི་དངོས་གྲུབ་དམ་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་ལ་ཡུངས་ཀར་གྱི་འབྲུ་ཙམ་གྱི་བྱང་ཆུབ་ཀྱི་ས་བོན་གྱི་འབྲས་བུ་ཐོབ་པ་ཡོད་པ་དེ་ལ་ལག་ན་རྡོ་རྗེ་དངོས་གྲུབ་དམ་པ་མཆོག་ཏུ་འགྱུར་རོ། ། ལག་ན་རྡོ་རྗེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་ས་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་གང་སུའང་རུང་བ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་གི་ལག་ཏུ་དེ་བཞིན་གཤེགས་པའི་སྐུའི་རིང་བསྲེལ་ཡུངས་ཀར་གྱི་འབྲུ་ཙམ་ཞིག་ཐོབ་པར་འགྱུར་ལ། དེས་རིང་བསྲེལ་དེ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་ཉིན་གཅིག་བཞིན་དུ་མཆོད་པ་དང་། དཀྱིལ་འཁོར་དང་། ཁྲུས་ལ་སོགས་པ་བྱེད་ཅིང་བདུག་པ་དང་། དྲི་དང་། འབྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ངག་གིས་མཆོད་པ་བྱེད་ན། ལག་ན་རྡོ་རྗེ་རིག་སྔགས་འཆང་དེ་དངོས་གྲུབ་དམ་པ་དང་། མཆོག་དང་། བླ་ན་མེད་པ་འཐོབ་པར་འགྱུར་རོ། ། གང་དང་གང་དུ་དགོས་པར་སྦྱར་བ་དེ་དང་དེར་དངོས་གྲུབ་ཆེན་པོ་མཆོག་ཏུ་འགྱུར་རོ།། རིང་བསྲེལ་སུངས་ཀར་གྱི་འབྲུ་ཙམ་གཅིག་ལ་མཆོད་པ་བྱས་པ་དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་བུད་མེད་དང་། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་གདྷཱའི་ཀླུང་གི་བྱེ་མ་དང་མཉམ་པ་ལ་སྐད་ཅིག་གཅིག་གིས་མཆོད་པ་བྱས་པར་འགྱུར། རྗེད་པ་དང་། གུས་པ་དང་། བསྟོད་པ་དང་། ཕྱག་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། དེ་དག་གི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནས། དགེ་བསྙེན་མ་འམ། གཞན་གང་སུའང་རུང་བ་དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་དེ་དག་དེ་བཞིན་གཤེས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་འགྱུར་རོ།། ཤེས་རབ་དང་ཐབས་ལ་མཁས་པའི་དགེ་པའི་རྩ་བ་དཔག་ཏུ་མེད་པར་འགྱུར་རོ།། རིག་སྔགས་འཆང་ཆེན་པོའི་དངོས་གྲུབ་དཔག་ཏུ་མེད་པར་འགྱུར་རོ།། དོན་ཡོད་པའི་ཆོ་ག་ཞིབ་མོའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་དངོས་གྲུབ་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རིག་སྔགས་རིམ་པར་ཕྱེ་བའི་དངོས་གྲུབ་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། ། ལག་ན་རྡོ་རྗེ་དེ་ལྟར་རིང་བསྲེལ་ཡུངས་ཀར་གྱི་འབྲུ་ཙམ་གཅིག་ལ་མཆོད་པ་བྱེད་པ་དེ་ཡོན་ཏན་ཆེན་པོའི་ཆེན་པོར་བརྗོད་པའི་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་ཀྱི་རྫུ་འཕྲུལ་གྱི་ཏིང་ངེ་འཛིན་འཐོབ་པར་ཡང་དག་པར་འགྱུར་རོ། ། དེ་ལྟར་དངོས་གྲུབ་ཆེན་པོའི་ཆེན་པོ་འཐོབ་པར་འགྱུར་རོ།། དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་ཁྱོད་སོང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་སྤྱན་རས་གཟིགས་དབང་ཕྱུག་ལ་ཡོཿ་སུ་དྲིས་ཤིག་དང་། དྲིས་པ་དེའི་ལན་ལྡོན་པར་འགྱུར་རོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དགའ་བ་དང་། མགུ་བ་དང་། ཡིད་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གངན་པ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཞིན་འཛུམ་པ་དང་། གདོང་ཁྲོ་གཉེར་མེད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མིག་མི་འཛུམ་པར་བལྟ་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་འདུག་ནས་རྡོ་རྗེ་གསོར་ཞིང་གདོང་དུ་བལྟས་ཏེ་རྟོག་ཅིང་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ན་རྡོ་རྗེ་ཁྱོད་མི་གསོ་བར་མདུན་དུ་འདུག་སྟེ་རྡོ་རྗེ་གསོར་ཞིང་ངལ་ཅི་ཞིག་བལྟ། ཅི་ཞིག་ཡོངས་སུ་དྲི་བར་འདོད། ཙོ་ཞིག་གསོལ་བ་འདེབས་པར་འདོད། ལག་ན་རྡོ་རྗེ་ང་ལ་སྤྲོས་ཤིག། ལག་ན་རྡོ་རྗེ་ཁྱོད་ལ་སྐབས་ཕྱེས་ཡོངས་སུ་དྲིས་ཤིག་དང་། དྲིས་པ་དེ་ཐམས་ཅད་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་ཤིན་ཏུ་རྟོགས་པར་དཀའ་བ། ཤིན་ཏུ་ཟབ་པ། བྱང་ཆུབ་སེམས་དཔའ་བམ་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གསང་སྔགས་མང་པོ་དང་། ཕྱག་རྒྱ་མང་པོ་དང་། དཀྱིལ་འཁོར་སྒྲུབ་པ་མང་པོ་དང་། རས་ཀྱི་སྐུ་གཟུགས་བྲི་བ་མང་པོ་ཡོངས་སུ་བསྒྲགས་པ་འདི་བཅོམ་ལྡན་འདས་ཇི་ལྟར་ངེས་པར་གཟུང་བར་ནུས། དངོས་གྲུབ་ཇི་ལྟར་ཤེས་པར་བགྱི། རྒྱ་མཚོ་ཆེན་པོ་ལྟར་ཟབས་ཆེ་བ། རི་རབ་དང་མཚུངས་པར་མི་གཡོ་བ། ནམ་མཁའ་ལྟར་མཐར་ཐུག་པ་མ་མཆིས་པ། ཤིན་ཏུ་རྟོགས་པར་དཀའ་བ་འདི་ཇི་ལྟར་ཤེས་པར་བགྱི། གནས་ནི་གང་། འགྲོ་བ་ནི་གང་། འབྱུང་བ་ནི་གང་། སྒྲུབ་པའི་གནས་ནི་གང་། དངོས་གྲུབ་དམ་པའི་གནས་ནི་ག་། སྔ་མ་ནི་གང་ཕྱི་མ་ནི་གང་། དབུས་ནི་གང་། ཐ་མ་ནི་གང་ལགས། མང་དུ་ཡོངས་སུ་ཞུའོ།། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། གསང་སྔགས་དང་། སྒྲུབ་པའི་ཆོ་ག་དང་། དམ་ཚིག་སོ་སོ་ཐ་དད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པའི་རྒྱལ་པོ་ཆེན་པོའི་ཆོ་ག་ཞིབ་མོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་ཆེན་པོ་རིམ་པར་ཕྱེ་སྟེ་རྗེས་སུ་གཟུང་བ་དེ་ངེས་པར་གཟུང་བར་ཇི་ལྟར་ནུས། བཅོམ་ལྡན་འདས་བདག་གི་ཐེ་ཙོམ་ཆེན་པོ་དང་། མཆོག་ཏུ་ངོ་མཚར་དུ་གྱུར་པ་དེ་ཐུགས་རྗེ་ཆེན་བོས་བདག་ལ་བཀའ་སྩལ་དུ་གསོལ། ཇི་ལྟར་གྲུབ་ན་ཕྱག་རྒྱ་དང་གསང་སྔགས་དང་བཅས་པའི་དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། རས་ཀྱི་རི་མོའི་ཆོ་ག་མཐའ་དག་ངེས་པར་གཟུང་བར་འགྱུར་བ་ཐེ་ཙོམ་གཅད་པའི་སླད་དུའོ། ། སེམས་དཔའ་ཆེན་པོས་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། ལག་ན་རྡོ་རྗེ་ཡུན་རིང་པོ་ཞིག་ནས་སྤོབས་པ་གང་ཞིག་སྐྱེས་ཏེ་ང་ལ་ཡོངས་སུ་འདྲི། ལག་ན་རྡོ་རྗེ་ཉོན་གཅིག་དང་བཤད་པར་བྱའོ།། གང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ནི་ཁ་དོག་གཅིག་པ། རྟགས་གཅིག་པ། ཆོས་གཅིག་ལ་ཞུགས་པ། དབྱིངས་དང་། ཁམས་དང་། སྙིང་པོ་གཅིག་པ། སངས་རྒྱས་འབྱུང་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་གཅིག་པའོ།། དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་གང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ནི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ཉིད་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། སྐུ་ཚེའི་འདུ་བྱེད་སྣ་ཚོགས་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་སྣ་ཚོགས་པ་ཉིད་དང་། ལུང་བསྟན་པ་སྣ་ཚོགས་པ་ཉིད་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་འདུན་སྣ་ཚོགས་པ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚོགས་སྣ་ཚོགས་པ་ཉིད་དང་། གཞན་ཡང་སངས་རྒྱས་ཀྱི་སྐུ་ཐ་དད་པ་ཉིད་དུ་ཡང་དག་པར་ཤེས་སོ།། དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ཞགས་པ་བྱང་ཆུབ་སེམ་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་འདིའང་གཅིག་ཉིད་ལས་དེ་ཐམས་ཅད་རྗེས་སུ་འགྲོའོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་རྣམ་པར་འཕྲུལ་པའི་རྫུ་འཕྲུལ་གྱི་དངོས་གྲུབ་ཀྱི་གནས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་གནས། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་ཇི་ལྟ་ཇི་ལྟར་འདུལ་བར་བྱེད་པ་དེ་ལྟ་དེ་ལྟར་དངོས་གྲུབ་རྗེས་སུ་འཐོབ་ཅིང་། དེ་ལྟ་དེ་ལྟར་བསམ་པ་དག་པ་འཐོབ་པར་འགྱུར་རོ།། དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཆེན་པོ་སྐྱེད་པར་འགྱུར་རོ།། དེ་ལྟ་དེ་ལྟར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུ་རོ། ། དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་ཡུལ་ལ་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པར་འགྱུར་རོ། ། དེ་ལྟ་དེ་ལྟར་གཟུངས་དང་ཏིང་ངེ་འཛིན་ཡོང་སུ་དག་པ་འཐོབ་པར་འགྱུར་རོ།། དེ་ལྟ་དེ་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྐྱེན་གྱི་ཏིང་ངེ་འཛིན་དང་། ཉོན་མོངས་པ་སྤོང་བའི་ཏིང་ངེ་འཛིན་དང་། སྤྱན་རིས་གཟིགས་དབང་ཕྱུག་གིས་ཏིང་ངེ་འཛིན་དང་། རྣམ་པར་འབར་བའི་ཏིང་ངེ་འཛིན་དང་། ཟེར་རབ་ཏུ་འགྱེད་པའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བའི་ཏིང་ངེ་འཛིན་དང་། སྟོབས་བཀོད་པའི་ཏིང་ངེ་འཛིན་དང་། ཆོས་ལ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ལག་ན་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་འབྱུང་གནས་ཀྱི་ཏིང་ངེ་འཛིན་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཏིང་ངེ་འཛིན་དང་། ཉི་མ་རབ་ཏུ་གྲོལ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེའི་སྙིང་པོའི་ཏིང་ངེ་འཛིན་དང་། ཟླ་བའི་སྙིང་པོའི་ཏིང་ངེ་འཛིན་དང་། ཀུན་ཏུ་ལྟ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྒྲོན་མའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཙུག་ལ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ཡུལ་ལ་རྣམ་པར་འཕྲུལ་པ་ཀུན་ཏུ་བཀོད་པའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བའི་ཏིང་ངེ་འཛིན་དང་། ཆགས་པ་མེད་པའི་ཏིང་ངེ་འཛིན་དང་། ཕྱིར་མི་ལྡོག་པའི་འབྱུང་གནས་ཀྱི་ཏིང་ངེ་འཛིན་དང་། ཟླ་བ་རྫོགས་པའི་ཏིང་ངེ་འཛིན་དང་། ཤིན་ཏུ་རབ་ཏུ་གནས་པའི་ཏིང་ངེ་འཛིན་དང་། ཤིན་ཏུ་རབ་ཏུ་སངས་རྒྱས་པའི་ཏིང་ངེ་འཛིན་དང་། འགྲོ་བ་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་། ཉི་མ་ཀུན་ཏུ་ལྟ་བའི་ཏིང་ངེ་འཛིན་དང་། ཡིད་གཉིས་ཡང་དག་པར་འཇོམས་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་ཕྱག་རྒྱའི་རྣམ་པའི་ཏིང་ངེ་འཛིན་དང་། ཀུན་ནས་དཀྱིལ་འཁོར་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་མཚན་ཉིད་ལ་ཀུན་ཏུ་ལྟ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་ཡོངས་སུ་དག་པ་ཡང་དག་པར་འཛིན་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་ལྟ་བ་འོད་ཟེར་གྱི་ཏིང་ངེ་འཛིན་དང་། པདྨ་བཀོད་པའི་ཏིང་ངེ་འཛིན་དང་། དོན་མད་པ་ཀུན་ཏུ་ལྟ་བའི་ཏིང་ངེ་འཛིན་དང་། དེར་སོད་པ་དྲིམ་མེད་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་དོན་ཡོད་པ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་དང་། རྒྱ་ཆེན་པོ་དབུགས་འབྱིན་པ་དོན་ཡོད་པ་རིན་པོ་ཆེའི་ཏིང་ངེ་འཛིན་དང་། དཔུང་བརྒྱན་གྱི་ཏིང་ངེ་འཛིན་དང་། དཔུང་རྒྱན་གྱི་རྒྱལ་མཚན་གྱི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་བརྒྱན་གྱི་ཏིང་ངེ་འཛིན་དང་། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། པདྨའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། ཀུན་ནས་འདྲེན་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་འོད་ཟེར་གྱི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། ཀུན་ཏུ་ལྟ་བའི་གཟི་བརྗིད་ཀྱི་ཏིང་ངེ་འཛིན་དང་། རྟོགས་པ་དྲི་མ་མེད་པ་ཐོབ་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་ལྟ་བའི་རབ་ཏུ་གསལ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་གཙོ་བོ་ལྔ་བཅུ་རྩ་གཉིས་པོ་འདི་དག་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་རེ་རེ་ལའང་འཁོར་བྱེ་བ་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་ཐམས་ཅད་རྗེས་སུ་འཐོབ་པར་འགྱུར་རོ།། ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་འཕྲུལ་པ་འདིའི་བྱིན་གྱིས་བརླབས་ཀྱིས་ཀྱང་དོན་ཡོད་པའི་ཞགས་པའི་སྙིང་པོ་བཀླག་པ་དང་། འཆང་བ་དང་། བརྗོད་པ་དང་། བསྒྲུབ་པ་དང་། ཕྱག་རྒྱ་འཆིང་བས་ཡོན་ཏན་དེ་དག་འཐོབ་པར་འགྱུར་རོ། ། ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོ་འཆང་བ་དང་། རྗོད་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱེད་ན། ལག་ན་རྡོ་རྗེ་སེམས་ཅན་དེ་དངོས་གྲུབ་དོན་ཡོད་པ་འཐོབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པ་ལྟ་བ་དོན་ཡོད་པ་འཐོབ་པ་དང་། གཟུངས་དོན་ཡོད་པ་འཐོབ་པ་དང་། ཏིང་ངེ་འཛིན་དོན་ཡོད་པ་འཐོབ་པ་དང་། བསོད་ནམས་སོགས་པ་དོན་ཡོད་པ་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། བྱང་ཆུབ་སེམས་དཔའ་ཡུལ་ལ་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དོན་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དོན་ཡོད་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དོན་ཡོད་པ་དང་། ཕྱིར་མི་ལྡོག་པའི་གནས་སུ་འགྲོ་བ་དོན་ཡོད་པ་དང་། བློ་རྒྱས་པ་དོན་ཡོད་པ་དང་། ཤེས་རབ་བབ་མོ་རྣམ་པར་འཕེལ་བ་དོན་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་། བླ་མ་ལ་གུས་པར་བྱ་བ་དོན་ཡོད་པ་དེའི་ཕྱིར། ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པ་ཞེས་མིང་དུ་གདགས་པ་བྱས་ན། ལག་ན་རྡོ་རྗེ་རིག་སྔགས་འཆང་རྣམས་ལ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། སེམས་འཁྲུག་པར་འགྱུར། དྲན་པ་དང་བློ་གྲོས་རྨོངས་པར་འགྱུར་ཏེ། དེའི་གནས་ན་མི་སྣང་ན་སུ་ཞིག་སྨྲ་བར་ནུས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་དོན་ཡོད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་དེ་དོན་ཡོད་པ་ཞགས་པའི་མིང་དུ་དམིགས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ནི་དོན་ཡོད་པ་སྟེ། ཡེ་ཤེས་དོན་ཡོད་པ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་ནི་དོན་ཡོད་པ་སྟེ། སྒྱུ་མ་ལྟ་བུ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའོ།། ཡེ་ཤེས་གང་ཡིན་པ་དེ་ཞགས་པའོ།། དེའི་སྙིང་པོའོ།། སྙིང་པོ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཞེས་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ། ། གང་ཡིད་ལ་སེམས་པ་དང་། གང་དོན་དུ་གཉེར་བ་དེ་ཐམས་ཅད་འདྲེན་པར་འགྱུར། འགུགས་པར་འགྱུར། ལེན་པར་འགྱུར་ཏེ། ཤིན་ཏུ་རིང་པོར་ནས་ཀྱང་ཡེ་ཤེས་ཀྱི་ཞགས་པས་འགུགས་པར་འགྱུར་རོ། ། ལག་ན་རྡོ་རྗེ་དེ་བས་ན་དེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ།། ལག་ན་རྡོ་རྗེ་གང་གིས་ཏིང་ངེ་འཛིན་འདི་འཐོབ་པ་དེ་ལ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། བློ་དམན་པར་འགྱུར་ཏེ། གནས་འདི་ནི་མི་སྣང་ངོ་།། ལག་ན་རྡོ་རྗེ་གཞན་ཡང་གཟུངས་ཀྱི་སྒོ་དུ་མ་འཐོབ་སྟེ། གང་གིས་གཟུངས་འཐོབ་པ་དེས་དོང་ཡོད་པའི་ཞགས་པའི་སྙིང་པོའི་ཆ་ག་ཞིབ་མོ་འདི་གས་སྔགས་མཐའ་དག་རྫོགས་པ་དང་། གསང་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་ཁ་ཏོན་ཉིད་དུ་གནས་ཏེ། ཐམ་པར་སོ་སོར་ཡང་དག་པར་ཤེས་སོ།། འདི་ལྟ་སྟེ། དོན་ཡོད་པའི་རྒྱ་མཚོ་ཞེས་བྱ་བའི་གཟུང་དང་། དོན་ཡོད་པའི་ལྕགས་ཀྱུ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་པདྨའི་ལྕགས་ཀྱུ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པར་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རྣམ་པར་སྣང་མཛད་ཀྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་དང་། དོན་ཡོད་པ་ལྷུན་པོའི་སྙིང་པོ་ཡངས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་དྲི་མ་མེད་པའི་པདྨ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་འོད་ཟེར་རབ་ཏུ་སྣང་བ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རྣམ་པར་འཕྲུལ་པའི་འོད་ཟེར་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་རྡོ་རྗེ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་ཡངདྲ་བ་སྣང་བ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་དངོས་གྲུབ་ཅེས་བྱ་བའི་གཟུངས་དང་། དོན་ཡོད་པ་དྲི་མ་མེད་པའི་འབྱུང་གནས་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་བློ་རྒྱས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་འབར་བའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་ཉི་མའི་སྙིང་པོ་ཞེས་བྱ་བའི་གཟུངས་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་དོན་ཡོད་པ་ཞེས་བྱ་བའི་གཟུ་འཐོབ་སྟེ། གང་གིས་གཟུངས་དེ་རྣམས་ཐོབ་པ་ཙམ་གྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བའི་དཀྱིལ་འཁོར་མཐའ་དག་རྫོགས་པ་དང་། གསང་སྔགས་དང་། ཆོ་ག་དང་། ཆོ་ག་ཞིབ་མོ་རྒྱ་ཆེན་པོ་ཁ་ཏོན་དུ་གནས་ཤིང་ཐམས་ཅད་སོ་སོར་ཡང་དག་པར་ཤེས་ཏེ། གང་གིས་མཐུ་འདི་རབ་ཏུ་ཐོབ་པ་ལ་རྨོངས་པ་སྐྱེ་བར་མི་འགྱུར། དྲན་པ་ཉམས་པར་མི་འགྱུར། དྲན་པ་གཞན་པར་མི་འགྱུར། དྲན་པ་རྨུགས་པར་མི་འགྱུར། དྲན་པ་འཁུམས་པར་མི་འགྱུར། དྲན་པ་མི་བརྟན་པར་མི་འགྱུར། དྲན་པ་གཞན་དུ་རྒྱུ་བར་མི་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། སེར་སྣ་དང་། ཕྲག་དོག་གི་རྗེས་སུ་འགྲོ་བར་མི་འགྱུར། དྲན་པ་སྡིག་པ་ཅན་དུ་མི་འགྱུར། དྲན་པ་འཇིག་རྟེན་པའི་མི་དགེ་བ་བྱེད་པར་མི་འགྱུར་ཏེ། རྟག་ཏུ་བློ་ཡངས་ཤིང་རབ་ཏུ་གསལ་བར་འགྱུར་རོ།། རྟག་ཏུ་མི་མཉམ་པ་དང་མཉམ་པའི་དྲན་པ་དང་། བློ་རྒྱ་མཚོ་ལྟ་བུར་འགྱུར་རོ།། རྟག་ཏུ་དྲན་པ་ཟབ་ཅིང་རྒྱ་མཚོ་ཆེན་པོ་བསགས་པ་ལྟ་བུར་འགྱུར་རོ།། ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་གཟུངས་ཆོ་ག་ཞིབ་མོ་རྒྱལ་པོ་དེ་ལྟར་གོ་སྐབས་ཡངས་པ་ལ། གང་གིས་གཟུངས་འདི་ཐོབ་པ་དེ། ལག་ན་རྡོ་རྗེ་ཇི་ལྟར་དྲན་པ་རྨོངས་པར་འགྱུར། གཞན་ཡང་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ལུས་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མདངས་ཡོངས་སུ་དག་པ་དང་། མིག་ཡོངས་སུ་དག་པ་དང་། རྣ་བ་ཡོངས་སུ་དག་པ་དང་། སྣ་ཡོངས་སུ་དག་པ་དང་། ལྕེ་ཡོངས་སུ་དག་པ་དང་། དབང་པོ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ།། དོན་མོང་ཞགས་པའི་སྙིང་པོ་བཀླགས་པ་ཙམ་དང་། མཉན་པ་ཙམ་དང་། མཐོང་བ་ཙམ་དང་། ལྷག་པའི་#་པ་ཙམ་གྱིས་དེ་རྣམས་ཡོན་ཏན་གྱི་ཕན་ཡོན་ཆེན་པོའི་ཆེན་པོ་འདི་འཐོབ་སྟེ། གང་གིས་མཐུ་འདི་རབ་ཏུ་ཐོབ་པ་དེ་ལ། ལག་ན་རྡོ་རྗེ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་ཡུད་ཙམ་ཞིག་སྡོང་ཅིག་དང་། དེ་བཞིན་གཤེགས་པའི་འཁོར་མང་པོ་འདིའི་དབུས་སུ་ཇི་ལྟར་མངོན་སུམ་དུ་འགྱུར་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བབ་པར་བསྟན་པར་བྱའོ།། དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་རྫུ་འཕྲུལ་དམ་པའི་ཡུལ་གྱི་མཐུ་ཆེན་པོའི་ཆེན་པོ་བསྟན་པར་བྱའོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་ནས་དོན་ཡོད་པའི་ཡོན་ཏན་བཀོད་པའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འདི་དག་དང་། གཟུངས་ཀྱི་སྒོ་འདི་དག་མངོན་སུམ་དུ་ཐོས་ནས་དགའ་བ་དང་། མགུ་བ་དང་། མི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། སྙིང་དགའ་བས་དགའ་བ་ཆེན་པོ་ཉིད་ཐོབ་པར་གྱུར་ནས་སྨྲས་པ། བདག་ལུས་དང་སེམས་ཤིན་ཏུ་སྦྱངས་པས། ཡོངས་སུ་དགའ་བ་ཡིད་ལ་བགྱིད་པས་ངེས་པར་གནས་པར་བགྱིའོ། ཡིད་ལ་བགྱིད་པ་མཆོག་ཏུ་དག་པ་དང་། ངོ་མཚར་དུ་གྱུར་པ་དང་། སོམ་ཉིད་དུ་གྱུར་པ་དང་བྲལ་བ་དང་། འགྱོད་པ་མ་མཆིས་པས་གནས་པར་བགྱིའོ།། རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོའི་མཐུའི་རྣམ་པར་འཕྲུལ་པ་འདི་ནི་མཆོག་ཏུ་རྙེད་པར་དཀའ་བའོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་མ་མེད་པར་ཀུན་ཏུ་སྣང་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཆོས་ཀྱི་དགྲུབ་པར་ཕུལ་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས་སོང་སྟེ་ཚད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་། འགྱིང་བག་དང་བརྗིད་བག་གི་འགྲོས་ཀྱིས་སོང་ནས་རང་གི་སྟན་ལ་འདུག་སྟེ་བཞིན་འཛུམ་པས། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་སྙིང་ཡོངས་སུ་དགའ་བས་བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ངོ་མཚར་མཆོག་ཏུ་རྨད་དུ་བྱུང་བ། སྙིང་རྗེ་དམ་པ་རྒྱ་ཆེན་པོའི་ལྷག་པའི་བསམ་པའི་དམིགས་པས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། འོད་ཟེར་དྲི་མ་མེད་པར་སྣང་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ཏེ་ནམ་མཁའ་ལ་འཕགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ནོར་བུ་རིན་པོ་ཆེ་དེ་ནམ་མཁའི་དཀྱིལ་དུ་འཕགས་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན། པོའི་འཇིག་རྟེན་གྱི་ཁམས་འདི་ཆེར་གཡོས་པར་གྱུར་ཏོ།། འོད་ཟེར་གྱི་སྣང་བ་ཆེན་པོ་ཉི་མ་བྱེ་བ་བརྒྱ་སྟོང་པས་ལྷག་པའི་འོད་ཟེར་བྱུང་བར་གྱུར་ཏོ།། སྣང་བ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རེག་པ་ཙམ་གྱིས་སྡིག་པ་ཐམས་ཅད་དང་། དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ངན་སོང་གི་འགྲོ་བ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། ། གང་ཡང་གླིང་བཞི་པའི་ཡི་དགས་དང་དམྱལ་བ་དེ་དག་ལའང་སྣང་བ་དེ་སྣང་བར་གྱུར་པས་ཉི་ཚེ་བའི་དམྱལ་བ་རྣམས་ཀྱི་གཏུབ་པ་མེད་པར་གྱུར་ཏེ། སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་ཉམ་པར་སྐྱེས་ཏེ། ལུས་ཡོངས་སུ་དག་པར་གྱུར་ཏོ།། གང་ཡང་མནར་མེད་པའི་དམྱལ་བ་ཆེན་པོ་བཅུ་དྲུག་པོ་དེ་དག་ཀྱང་འོད་ཟེར་གྱི་སྣང་བ་དེས་རེག་པས་དམྱལ་བ་དེ་དག་ཐམས་ཅད་དུ་པདྨའི་མཚོ་བྱུང་བར་གྱུར་ཏེ། སེམས་ཅན་དེ་དག་ཀྱང་ཡོངས་སུ་བར་ནས་རྒྱན་ཐམས་ཀྱིས་བརྒྱན་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་པ་མཉམ་པར་པདྨ་ལས་རྫུས་ཏེ་སྐྱེས་སོ། ། གྲང་བའི་དམྱལ་བ་གང་ཡིན་པ་དེ་དག་ཀྱང་དྲོ་ཞིང་བདེ་བ་དང་། རེག་ན་བདེ་བར་གྱུར་ཏོ།། ཚ་བའི་དམྱལ་བ་གང་ཡིན་པ་དེ་དག་ཀྱང་བསིལ་བར་གྱུར་ཅི་རེག་ན་བདེ་བ་དང་། རབ་ཏུ་དགའ་བར་གྱུར་ཏོ།། གང་ཡང་དུད་འགྲོའི་སྐྱེ་གནས་སུ་སོང་བ་རི་དགས་དང་། བྱ་དང་། ཐ་ན་སྦྲང་བུ་དང་། ཤ་སྦྲང་དག་ཀྱང་འོད་ཟེར་དེས་རེག་པས་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་ཐམས་ཅད་དགའ་ལྡན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། ། སེམས་ཅན་གང་དག་བཅིངས་པར་གྱུར་པ་དེ་དག་ཀྱང་འོད་ཟེར་དེས་རེག་པས་སེམས་ཅན་བཅིངས་པ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། ། སུ་མི་འདོད་པ་དང་། ལྕགས་སྒྲོག་དང་། ལྕགས་ཀྱུ་ལུ་གུ་རྒྱུད་ཀྱིས་བཅིངས་པ་དེ་དག་ཀྱང་དུམ་བུར་གྱུར་ཏོ།། གང་སྣོད་མ་ཡིན་པ་དེའང་འོད་ཟེར་དེ་ཕོག་པས་མཐོང་བ་ཡོངས་སུ་དག་པ་འཐོབ་བོ།། གང་ཤ་བཀྲ་དང་མཛེའི་ནད་ཀྱིས་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་མ་ཚངས་པའང་འོད་ཟེར་དེ་ཕོག་པས་ལུས་ཡོངས་སུ་རྫོགས་པ་དང་། ལུས་ཡོངས་སུ་དག་པར་གྱུར་ཏོ།། གང་འབྲས་བུའི་ཤིང་ལྗོན་པ་དང་། མེ་ཏོག་གི་ཤིང་ལྗོན་པའི་ཤིང་ལྗོན་པ་ཡོངས་སུ་བསྐམས་པར་གྱུར་པའང་འོད་ཟེར་དེ་རེག་པས་མེ་ཏོག་དང་། འདབ་མ་དང་། འབྲས་བུ་བྱུང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་གང་དུ་འོད་ཟེར་བབ་པའི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་དེ་ན་ཡང་། སངས་རྒྱས་ཀྱི་ཞིང་སོ་སོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་སྙེད་བཞུགས་ཏེ། དེ་བཞིན་གཤེགས་པ་སོ་སོའི་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པའི་གཞལ་མེད་ཁང་དང་། སེང་གེའི་ཁྲི་དང་བཅས་པའི་ཞལ་མེད་ཁང་བྱུང་བར་གྱུར་ཏོ།། ནམ་མཁའི་དཀྱིལ་གང་དུ་འོང་ཟེར་གྱི་སྣང་བས་རེག་པའི་ནམ་མཁའི་དཀྱིལ་དེར་ཡང་ཕྱོགས་བཅུ་ཀུན་ཏུ་རིན་པོ་ཆེའི་རང་བཞིན་གྱི་སྤྲིན་བརྩེགས་པས་ཁེབས་པར་གྱུར་ཏེ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོམ་ཀྱི་ཆར་རབ་ཏུ་འབབ་བོ། ། ལྷ་རྫས་ཀྱི་རྒྱན་དང་། ཅོད་པན་དང་། དཔུང་རྒྱན་དང་། གདུ་བུ་དང་། དོ་ཤལ་དང་། སེ་མོ་དོ་དང་། རྣ་རྒྱན་དང་། གསེར་གྱི་སྤང་བ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ།། ཚོན་ཁ་དོག་རྣམ་པ་སྣ་ཚོགས་པའི་ལྷ་རྫས་ཀྱི་གོས་རྨད་དུ་བྱུང་བ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་པོ།། ལྷ་རྫས་ཀྱི་དྲི་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་པོ།། ལྷ་རྫས་ཀྱི་བྱུག་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་པོ། ། ལྷ་རྫས་ཀྱི་བདུག་པ་སྣ་ཚོགས་དང་ཙན་དན་སྦྲུལ་གྱི་སྙིང་པོའི་ཆར་རབ་ཏུ་འབབ་པོ།། ཚོན་ཁ་དོག་སྣ་ཚོགས་པའི་ལྷ་རྫས་ཀྱི་གོས་དང་བ་དན་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་པོ།། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤལ་སྔོན་པོ་དང་། བ་ཊ་ཤ་ཀ་དང་། ཙམ་པ་ཀ་དང་། ཨ་དྷི་མུཀྟ་ཀ་དང་། ཨ་ཤོ་ཀ་དང་། སྱ་སྣར་དང་། ཀ་དམ་པ་དང་། མནད་རབ་དང་། མན་ད་རབ་ཆེན་པོའི་མེ་ཏོག་གི་ཆར་རབ་ཏུ་བབས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱེད་དོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡང་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་རྩེགས་པ་ཡང་དག་པར་གནས་པར་གྱུར་ཏེ། གྲུ་བཞི་པ། ཀ་བ་བཞི་དང་སྒོ་བཞི་དང་ལྡན་པ། ཤིན་ཏུ་འབར་བ། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ལན་ཀན་གྱིས་ཡོངས་སུ་བསྐོར་ཅིང་མུ།། གི་དྲ་བ་སྣ་ཚོགས་ཀྱིས་བརྒྱན་པ།། གསེར་གྱི་དྲིལ་བུ་སྒོ་རྫོམ་འཕྱང་གགོས་སྣ་ཚོན་ཀྱི་ཕྲེང་བས་མཛེས་པར་བྱས་པ། ཆུ་ཤིང་གི་རྒྱལ་མཚན་སྣ་ཚོགས་བསྒྲེང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་བཀྲམ་པ། གྷུར་ལྷ་རྫས་ཀྱི་རྫལ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། གོ་སྐབས་རྒྱ་ཆེ་བའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འབྱུང་ཞིང་སྣང་ངོ་།། ནམ་མཁའི་དཀྱིལ་ནའང་ལྷ་རྣམས་ལྷ་རྫས་ཀྱི་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་སྣ་ཚོགས་དང་། སིལ་སྙན་དང་། ཕེག་རྡོག་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་ཅིང་འཁོད་དོ། ། དེ་ལྟར་དོན་ཡོད་པའི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་རྨད་དུ་བྱུང་བ་ཆེན་པོའི་ཆེན་པོ་རབ་ཏུ་བསྟན་ཅིང་ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོའི་ཆེན་པོ་སྔར་བསྟན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་བསྟན་ནས་རྣམ་པར་འཕྲུལ་པའི་བཀོད་པ་ཆེན་པོས་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་བུམར་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་མངོན་སུམ་དུ་བལྟས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། ཕྱག་རྒྱ་དང་དཀྱིལ་འཁོར་རིམ་པར་ཕྱེ་བ། གསང་སྔགས་ཀྱི་སྙིང་པོ་གསང་བ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་བདག་གི་སྙིང་པོ་གསང་བ། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ་དང་། དོན་ཡོད་པའི་ཁྲོ་བོའི་ལྕགས་ཀྱུ་དང་། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པར་འདྲེན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་གསུམ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་ནང་དུ་ཡོངས་སུ་བསྒྲགས་པར་བགྱིའོ། ། གང་གིས་དྲན་པ་ཙམ་གྱིས་དོན་ཡོད་པའི་སྙིང་པོའི་ཆོ་ག་ཞིབ་མོ་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། ཆོ་ག་རིམ་པར་ཕྱེ་བ་མཐའ་དག་རྫོགས་པར་མངོན་དུ་གནས་པར་འགྱུར་ཏེ། ཐམས་ཅད་སོམ་ཉིདར་གནས་སོ།། གསང་སྔགས་འདིས་གཟིར་བས་ཐས་ཅད་དུ་མངོན་དུ་གནས་སོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་ཁྱོད་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་སྔགས་ཀྱུ་སྨྲས་པ་ལེགས་སོ་ལེགས་སོ། ། རིག་སྔགས་འཆང་ཐམས་ཅད་ཀྱི་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོའི་ཕྱིར་སེམས་ཅན་དག་པ་ཆེན་པོ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ནད་སྨོས་ཤིག། དེ་མ་བྱ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་ནས་བཞིན་འཛུམ་ཞིང་མིག་མི་འཛུམས་པར་བཅོམ་ལྡན་འདས་ག་ལ་བ་ལོགས་སུ་མངོན་དུ་ཕྱོགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིང་པོའི་ལྕགས་ཀྱུ་དོན་ཡོད་པའི་ཞགས་པ་འདི་སྨྲས་སོ།། དུས་གསུམ་དུ་གཤེགས་ཤིང་སོ་སོ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཕགས་པ་རྡོ་རྗེ་འཛིན་རིག་སྔགས་ཀྱི་དབང་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་གྱི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ།། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཕགས་པ་བྱམས་པ་ལ་སོགས་པ་དགའ་ལྡན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ། ། འཕགས་པ་དེ་བཞིན་གཤེགས་པ་འོད་དཔག་མེད་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ།། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམ་ཀྱི་དེ་བཞིན་གཤེགས་པ་དང་། དཀྱིལ་འཁོར་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ཆོ་ག་ཞིབ་མོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྒྲ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཀུན་ནས་དོན་ཡོད་པའི་དཀྱིལ་འཁོར་གྱི་རིག་སྔགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བགེགས་དང་། ལོག་འདྲེན་དང་། སྡང་བ་དང་། བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པའི་སེམས་དཔའ་ཆེན་པོ་མཆོག་སྦྱིན་ལྕགས་ཀྱུ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨོཾ་ཨཱ་ཀཪྵ་ཡ། པདྨ་ཧསྟ། མ་ཧཱ་ཨ་མོ་གྷ་ཨ~ཾ་ཀུ་ཤི། ཙ་ར་ཙ་ར། ཙ་ཙ་ར། སཉྩ་ར། ས་མནྟེ་ན། མ་ཧཱ་པཱ་ཤ། ཨཾ་ཀུ་ཤ་བྷུ་ཛ་བ་ར་ད་བྷུ་ཛ་ཨཾ་ཀུ་ཤ་པཱ་ཤ་དྷ་ར་དྷ་ར་དྷ་ར། ས་མནྟ་མུ་དྲ། མནྟྲ་མཎྜ་ལ། པ་ཊ་ལ། དྷ་ར་ཨཾ་ཀུ་ཤ། པཱ་ཤེ་ན། དྷ་ར་ཡ་ཧཱུཾ་ཧཱུཾ། མ་ཧཱ་བྲཧྨ། བེ་ཥ་དྷ་ར་ཨ་མོ་གྷ་རཱུ་པ། ཨཾ་ཀུ་ཤ་དྷ་ར། ཏ་ར་ཏ་ར། ཏ་ཏ་ར། ས་མནྟ་རཱ་ཡ། མ་ཧཱ་མུ་དྲཱ། མཎྜ་ལ། ཨ་མོ་གྷ་ཨཾ་ཀུ་ཤ་བ་ར་དྷ། མཧཱ་ཀཱ་རྲ་ཎི་ཀ། ཏྲི་ལོ་ཙ་ན། པ་ཤུ་པ་ཏི། བེ་ཥ་དྷ་ར། ཨཱི་ཤྭ་རཱ། མ་ཧེ་ཤྭ་ར། པ་ར་མ་ཀཱ་རུ་ཎི་ཀ། མ་ཧཱ་བྷུ་ཏེ། ཤྭ་ར་ཡ་མ་བ་རུ་ཎ། ན་མསྠི་ཏ། ཀུ་མཱ་ར། ཏཱཾ་ལོ་ཀྱ་བ་ར་ད་མ་ཧཱ་ཀ་ཤ་མ་ཀ། ཤཱས་ཀ། རཀྵ་ཀ། མཧཱ་བིདྱཱ། ཨ་མོ་གྷ། མཎྜ་ལ། བྷུ་ཛི་ཏ། རཏྣ་མུ་ཀུཊ། མཱ་ལཱ་དྷ་ར། དྷུ་རུ་དྷུ་རུ། མ་ཨོཾ་ཀྲ་ཤ་ཨཀྵ་དྷ་ཙྪཙྪ། བྷ་ར་བྷ་ར། ས~ཾ་བྷ་ར་ས~ཾ་བྷ་ར། ས་མནྟ་མུ་དྲཱ། མན་ཏཱ་ལ་མཎྜ་ལ~ཾ་མཱ་ར་ཡ། ཧཱུ~ཾ་ཏྲཱ~ཾ། ཐ~ཾ་པ་ཨོཾ་ཀུ་ཤི། ཨ་བ་མོ་ཀ་ཡ། མཱནས་བྷྲ་མ་སིད་དྷི་། ཨ་ཀཽཪྵ་ས~ཾ། མུ་མནྟྲ། མཎྜ་ལ། པ་ཊ་ལམ། ས་མ་ཡ། བིགྷྣཱན་པྲཱ་སཱ་དྷ་ཡ་མཱ་རཾ། ཧཱ་ར་ཧ་རཱ། སརྦ་པཱ་པ་ཀིལླི་ཥཱ་མ་། མཱད་སརྱ། ཧུ་རུ་ཙུ་རུ། མ་ཧཱ་ཨཾ་ཀུ་ཤི། ཧཱུ~ཾ་ཧཱུཾ་བུདྡྷ་བུདྡྷ། བོ་རྣ་མ་བོ་དྷཱ་ཡ། ཏུ་རུ་ཏུ་མ་མ་ཧཱ་བོ་དྷི་སཏྭ་ཨཾ་ཀུ་ཤ་རཏྣ་པ་ཤ་དྷ་ར། ནཱ་ནཱ་བོ་ཙི་ཏྲ། ཨཱ་བྷ་ར་ཎ་བི་བྷཱུ་ཥི་ཏ། ཨ་མི་ཏཱ་བྷཱ། ཛི་ན་མུ་ཀུ་ཊ་དྷ་ར། དྷ་ར་དྷ་ར། པདྨ་པཱ་ཤ་ཨཾ་ཀུ་ཤ་དྷ་ར། སརྦ་བི་དྱཱ་མུ་ཏྲཱ་མཎྜ་ལ། པྲ་བ་ར་སཱ་དྷ་ཡ་སཱ་དྷ་ཡ། བི་ཤྭ་རཱུ་པ་དྷ་ར། ས་ཧ་སྲ་བྷུ་ཛ། སྲ་ཧ་སྲ་ནཻ་ཏྲ། སཽ་མྱ་མུ་ཁཾ་པ་ར་མ་ཀཱ་རུ་ཎི་ཀ་སཏྭ་བ་ཏ་ས་ལ། སརྦ་མནྟ་མུ་དྲཱ་པྲ་ས་ཧ་ཀ། མ་ཧཱ་བ་ར་ད་སཏྭ་ན་མོ་སྟུ་ཏེ། ཨ་མོ་གྷ་ཨཾ་ཀུ་ཤ། པདྨ་བྷུ་ཛ་སྭཱཧཱ། བྱང་ཆུབ་སེམ་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྨྲས་མ་ཐག་ཏུ་རི་བོ་བོ་རྡལ་ཆེན་པོ་བྲག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དུ་བཅས་པའི་གནས་ཀྱི་གཞལ་མེད་ཁང་རྣམ་པ་དྲུག་ཏུ་རས་ཏུ་གཡོས་ཏེ། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཆེན་པོ་འབབ་པོ། དོན་ཡོད་པའི་ཞག་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་པའི་དཀྱིལ་འཁོར་ཕྱག་རྒྱ་དང་གསང་སྔགས་དང་བཅས་པའི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་འདིའང་སོ་སོར་ལེའུར་བྱེ་བ་མཐའ་དག་རྫོགས་པར་ནམ་མཁའ་ལ་གནས་སོ། ། གང་གསང་སྔག་ཀྱི་ཡི་ཀ་འབྲུའང་གསེར་ལ་བཻ་ཌཱུཪྻས་ཡི་གེར་བྲིས་པ་སྤྲིན་གྱི་རིམ་པ་ན་སྣང་སྟེ། ཡི་གེའི་འཕྲེང་བ་མཉམ་ཞིང་གསལ་ལ་ཟུར་ཕྱིན་པར་བྲིས་པ། ཐིག་གི་འཕྲེང་བ་གཤིབས་པས་བརྒྱན་པ་སྣང་ངོ་།། གང་ལག་པའི་ཕྱག་རྒྱ་རང་པདྨའི་ནང་ནས་བྱུང་བ། ཕྱག་རྒྱ་བཅིང་བ་སྣ་ཚོགས་འོད་ཟེར་འབར་བ་ནམ་མཁའ་ལ་གནས་སོ།། གང་མཚན་མའི་ཕྱག་རྒྱ་འང་རིན་པོ་ཆེ་སྣ་བདུན་གྱི་པདྨ་ལ་རབ་ཏུ་གནས་པ་ནམ་མཁའ་ལ་གནས་པར་གྱུར་ཏོ། ། གང་རས་ཀྱི་རི་མོའི་སྐུ་གཟུགས་རྣམ་པ་སྣ་ཚོགས་འཛིན་པ། རྣམ་པར་བཀྲ་བ། ཆོ་ག་དང་ཡོ་བྱད་དང་བཅས་པ་རིམ་པར་ཕྱེ་བ་བྲིས་པའང་ནམ་མཁའ་ལ་གནས་སོ། ། གང་དཀྱིལ་འཁོར་རིམ་པར་ཕྱེ་བ་དེ་དཀྱིལ་འཁོར་རྣམ་པ་སྣ་ཚོགས་གྲུ་བཞི་པ། གྲཝ་བཞི་ཆ་མཉམ་པ། རྣམ་པར་བྱེ་བ། དཀྱིལ་འཁོར་ཤིན་ཏུ་སྤྲས་ཤིང་བརྒྱན་པ། གཟུགས་རྣམ་པ་སྣ་ཚོགས་ཀྱིས་མཛེས་པའི་གཞལ་མེད་ཁང་ཡང་ནམ་མཁའ་ལ་གནས་པའོ།། དཀྱིལ་འཁོར་ཆེན་པོ་ན་གནས་པའི་རིག་སྔགས་ཀྱི་ལྷ་པོ་ཉ་དང་། ཁྲོ་བོ་དང་བཅས་པ་གཞལ་མེད་ཁང་ན་རྗེས་སུ་རྒྱུ་བ་དག་ཀྱང་ནམ་མཁའི་དཀྱིལ་ན་གནས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ།། ཕྱོགས་སོ་སོའི་དེ་བཞིན་གཤེགས་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་ཕྱོགས་བཅུ་ཀུན་གྱི་ནམ་མཁའི་དཀྱིལ་ན་དེ་བཞིན་གཤེགས་པའི་སྐུ་བཞུགས་པར་གྱུར་ཏོ། ། དེ་བཞིན་གཤེགས་པའི་སྒྲ་དེ་དག་ཐམས་ཅད་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ།། རིག་སྔགས་ཀྱི་མཆོག་དམ་པ། དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་མཐའ་དག་རྫོགས་པར་སྨྲས་པ། གང་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོར་གས་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དེ་དག་ཐམས་ཅད་དོན་ཡོད་པའི་ལྕགས་ཀྱུའི་གསང་སྔགས་ཀྱི་ཞགས་པས་ཀུན་ནས་དྲངས་སོ།། འཁོར་འདིའི་ནང་ན་ནམ་མཁའི་དཀྱིལ་ན་རབ་ཏུ་གནས་པ་དེ་ཕྱི་མའི་ཚེ་ཕྱི་མའི་དུས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུའང་རུང་བ་བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་རིག་སྔགས་འཛིན་པ་ཐམས་ཅད་ཀྱིས་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འདི་དྲན་པར་བྱེད་ན། ལན་ཅིག་དྲན་པ་ཙམ་གྱིས་ཀྱང་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དེ་ཐམས་ཅད་སོ་སོར་དེ་ལ་ཁ་ཏོན་ཉིད་དུ་གནས་ཏེ། དེ་དག་ཐམས་ཅད་རིམ་གྱིས་དྲན་པ་དང་། བློ་རྒྱ་མཚོ་བསགས་པ་དང་། ཤེས་རབ་འཕེལ་བར་འགྱུར་རོ།། གསང་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་སོ་སོ་ལ་བློ་འཇུག་པར་འགྱུར་རོ།། ནམ་ཡང་བློ་དམན་པར་མི་འགྱུར་ཞིང་། ནམ་ཡང་བརྗེད་ངས་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། མཆོག་ཆེན་པོ་སྦྱིན་པ། ལག་ན་པདྨ་མཆོག་ཏུ་སྙིང་རྗེ་ཅན་ཁྱོད་ཀྱིས་ཆོ་ག་རྒྱ་ཆེན་པོ་སྨྲས་པ་ལེགས་སོ་ལེགས་སོ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་ཡོན་ཏན་མཐའ་ཡས་པ་འདི་མཐོང་ནས་དབུགས་ཆེར་འབྱིན་པར་གྱུར་ཅིང་མཆོག་ཏུ་དགའ་བ་ཐོབ་པོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་འདིའི་ནང་བུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ལྕགས་ཀྱུའི་ཞགས་པ་ཞེས་བྱ་བའི་ཡོ་བྱད་དང་ཆོ་ག་བཤད་དོ། ། བཅོམ་ལྡན་འདས་དེ་ནས་རིག་སྔགས་འཆང་གང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ཞགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་འདི་སྒྲུབ་པར་འཚལ་བ་དང་། གང་ཡང་རིགས་ཀྱི་བུ་འམ། རིགྲ་ཀྱི་བུ་མོ་འམ། དགེ་སློང་བ་འམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུའང་རུང་བ་བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་བཀླག་པར་འཚལ་བ་དང་། བསྟན་པར་འཚལ་བ་དང་། བཟླས་བརྗོད་ཀྱི་ཆོ་ག་བགྱི་བར་འཚལ་དང་། མཐའ་དག་རྫོགས་པར་བསྒྲུབ་པར་འཚལ་བ་དེས་སྔོན་རོལ་ཏུ་ཕྱོགས་བཅུར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་མཆིས་ལ། གཞན་མི་སྨྲ་བར་དོན་ཡོད་པའི་ལྕགས་ཀྱུའི་སྙིང་པོ་འདི་ལན་གསུམ་དྲན་པར་བགྱི་ཞིང་། ཡང་ཐལ་མོ་སྦྱར་ཏེ་ཕྱག་བགྱིའོ།། དེས་ན་དྲན་པ་ཙམ་གྱིས་མོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀུག་པར་འགྱུར་ཏེ། རི་པོ་ཊ་ལའི་གཞལ་མེད་ཁང་དང་བཅས་པ་དང་། འཁོར་གྱི་དཀྱིལ་འཁོར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པ་བཀུག་པར་འགྱུར་རོ། ། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་ཉི་ཤུ་གཉིས་པ།། ། དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པ་གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་དང་། སྒྲུབ་པའི་ཆོ་གའི་རྣམ་པ་རྒྱ་ཆེན་པོ་མཐའ་དག་རྫོགས་པ་འདིའང་བཀུག་པར་འགྱུར་རོ། ། དཀྱིལ་འཁོར་ན་གནས་པའི་རིགས་ཀྱི་ལྷ་འཁོར་དང་བཅས་པ་བཀུག་པར་འགྱུར་ཏེ། ཐམས་ཅད་ཡིད་རབ་ཏུ་དགའ་གྱུར་པས་དངོས་གྲུབ་དམ་པ་རྗེས་སུ་སྩོལ་བར་འགྱུར་རོ། ། དེ་ནས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བགྱི་སྟེ། ཇི་ལྟར་ཤིན་ཏུ་རྒྱ་ཆེར་ཡིད་ལ་བགྱིས་པ་དེ་ལྟར་བསྒྲུབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་ཁ་ནས་དྲན་པ་མཉན་ཞིང་རྒྱ་ཆེ་བ་དང་། བློ་དང་མདངས་དྲི་མ་མཆིས་པར་འཇུག་པར་བགྱིད་དེ། ཞུགས་པ་ཙམ་གྱིས་མོད་ལ་ལྕེ་པདྨའི་འདབ་མ་ལྟ་བུར་འཇམ་པར་གྱུར་ཅིང་ཁ་ནས་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་རོ། ། དབྱངས་སྙན་ཅིང་གཉེན་པ་དང་། འཇམ་པ་དང་། ཟབ་པ་དང་། ཚིག་རྣམ་པར་དག་པར་འགྱུར་རོ།། མི་འམ་ཅིའི་དབྱངས་དང་། སྒྲ་སྙན་པ་དང་། དབྱངས་མཉེན་པ་དང་། དགའ་བར་བྱེད་པའི་དབྱངས་སུ་འགྱུར་ཞིང་། ཀ་ལ་བིང་ཀའི་དབྱངས་སུ་འགྱུར་རོ།། ཅི་སྟེ་དུས་གསུམ་དུ་ལན་གསུམ་དུ་དྲན་པར་བགྱིད་ན། གསང་སྔགས་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སྤྱིའི་དངོས་གྲུབ་དེ་རྫོགས་པར་འགྱུར་ཞིང་སྤྱོད་པར་འགྱུར་རོ།། བགེགས་དང་། ལོག་དང་། བདུད་ལ་སོགས་པ་སྡང་བའི་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྔོན་གྱི་སྒྲིབ་པ་དང་དམྱལ་བར་འཆི་བའི་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དོན་ཡོད་པའི་ལྕགས་ཀྱུ་འདི་ལན་གསུམ་དྲན་པར་བགྱིས་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ཀྱི་མོད་ལ་བདག་རང་དང་། རང་གི་གནས་ཀྱི་ཁང་པ་དང་། སློབ་མ་དང་། བསྙེན་བཀུར་དང་། འཁོར་དང་བཅས་པ་མི་གཙང་བའང་གསང་བར་འགྱུར། ཡོངས་སུ་མ་དག་པའང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ།། དྲི་མ་དང་བཅས་པའང་ཤིན་ཏུ་དྲི་མ་མཆིས་པར་འགྱུར་རོ། ། ཞེ་སྡང་དང་བཅས་པའང་ཞེ་སྡང་དང་བྲལ་བར་འགྱུར་རོ།། གཏི་མུག་དང་བཅས་པའང་གཏི་མུག་དང་བྲལ་བར་འགྱུར་རོ།། འདོད་ཆགས་དང་བཅས་པའང་འདོད་ཆགས་དང་བྲལ་བར་འགྱུར་རོ། ། སྒྲིབ་པ་དང་བཅས་པའི་བསྒྲིབ་པ་དང་བྲལ་བར་འགྱུར་རོ།། བགེགས་དང་བཅས་པ་དང་། བདུད་དང་ལོག་འདྲེན་གྱིས་ཡོངས་སུ་ཟིན་པའང་བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་དང་བྲལ་བར་འགྱུར་རོ།། སེམས་ཀྱི་སྡིག་པའང་སྡིག་པ་དང་བྲལ་བར་འགྱུར་རོ།། ཐུན་མོང་མ་ཡིན་པའང་ཐུན་མོང་དུ་གྱུར་ཅིང་བསྲུངས་པར་འགྱུར་རོ།། མི་སྨྲ་བའི་བརྟུལ་ཞུགས་མ་མཆིས་པའང་མི་སྨྲ་བའི་བརྟུལ་ཞུགས་ཆེན་པོ་དང་ལྡན་པར་འགྱུར་རོ།། སྨྱུང་བ་མ་བགྱིས་པའང་སྨྱུང་བ་བགྱིས་པར་འགྱུར་རོ།། རིག་སྔགས་ཀྱི་གནས་དང་། ཡུལ་དང་། དཀྱིལ་འཁོར་ཐམས་ཅད་དུ་ཚངས་པར་མི་སྤྱོད་པའང་ཚངས་པར་སྤྱོད་པ་ཆེན་པོར་འགྱུར་རོ།། ཚངས་པའི་གནས་ཆེན་པོ་ལ་གནས་པར་འགྱུར་རོ།། དགེ་བ་མི་སྤྱོད་པའང་དགེ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། ། ཆོས་མི་སྤྱོད་པའང་ཆོས་སྤྱོད་པ་ཆེན་པོ་དང་ལྡན་པར་འགྱུར་རོ།། བསོད་ནམས་མི་བགྱིད་པའང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་འཕེལ་བར་འགྱུར་རོ།། དུལ་བའི་སྤྱོད་པ་མ་མཆིས་པའང་དུལ་བའི་སྤྱོད་པ་ཆེན་པོ་དང་ལྡན་པར་འགྱུར་རོ། ། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་མ་མཐོང་བ་དང་། དམ་ཚིགས་མ་མཆིས་པའང་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་མཐོང་བ་དང་། དམ་ཚིག་འཚལ་བཔར་འགྱུར་རོ།། རིག་སྔགས་ཀྱི་གནས་དང་། འཁོར་ཐམས་ཅད་དུ་སངས་རྒྱས་དང་ཆོས་མཐོང་བར་མི་འཚལ་བའང་བྱང་ཆུབ་དང་། ཆོས་དང་། དམ་ཚིག་དང་ལྡན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་བསམས་པའང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམས་པར་འགྱུར་རོ། ། སངས་རྒྱས་ཀྱི་ས་བོན་གྱི་ཡུལ་དུ་མ་གྱུར་པའང་བྱང་ཆུབ་ཀྱི་ས་བོན་དང་ལྡན་པར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་མི་འབྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་རྫོགས་པར་བགྱི་བ་ལ་མཁས་པར་འགྱུར་རོ། ། ཚུལ་ཁྲིམས་དང་མི་འབྲལ་ཞིང་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ།། སྦྱིན་པ་དང་ཡོངས་སུ་གཏོང་བ་དང་མི་འབྲལ་ཞིང་སྦྱིན་པ་དང་། ཡོངས་སུ་གཏོང་བ་དང་། སྦྱིན་པའི་ཚོགས་ཆེན་པོ་དང་ལྡན་པར་འགྱུར་རོ།། བཟོད་པ་དང་མི་བྲལ་ཞིང་བཟོད་པ་ཆེན་པོའི་བཟོད་པའི་རྗེས་སུ་སྤྱོད་པར་འགྱུར་རོ།། བརྩོན་འགྲུས་དང་མི་འབྲལ་ཞིང་བརྩོན་འགྲུས་ཀྱི་སྟོབས་ཆེན་པོའི་གོ་ཆ་བརྟན་པ་བགོས་པར་འགྱུར་རོ། ། བསམ་གཏན་དང་མི་འབྲལ་ཞིང་བསམ་གཏན་ཆེན་པོ་འཐོབ་པ་དང་ཏིང་ངེ་འཛིན་དང་ལྡན་པར་འགྱུར་རོ།། ཤེས་རབ་དང་ཐབས་ལ་མཁས་པ་རྒྱ་ཆེན་པོར་འགྱུར་རོ། ། རིག་སྔགས་དང་གསང་སྔགས་ཉམས་པའང་གསང་སྔགས་དང་། ཕྱག་རྒྱ་ཡོངས་སུ་ཚང་བ་དང་། ཆོ་ག་ལ་མཁས་པར་འགྱུར་རོ།། དགེ་བའི་གཤེས་གཉེན་དང་བྲལ་བའང་དགེ་བའི་བཤེས་གཉེན་ཆེན་པོའི་ལམ་ལ་རབ་ཏུ་གནས་པར་འགྲུབ་པར་འགྱུར་རོ། ། འཇིག་རྟེན་ཐམས་ཅད་དུ་སྙིང་དུ་སྡུག་པ་དང་བླ་མར་བགྱིས་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་དང་མངོན་དུ་ཕྱག་བགྱི་བར་འགྱུར་རོ། ། ཚིག་བཙུན་པར་ཡང་འགྱུར་རོ།། བསམ་པ་ཡོངས་སུ་དག་པར་ཡང་འགྱུར་རོ།། དེ་ལྟར་དོན་ཡོད་པ་ཆེན་པོའི་ཆོ་ག་རྒྱ་ཆེན་པོ་འདི་དག་ནི་ཐམས་ཅད་དུ་དངོས་གྲུབ་དོན་ཡོད་པ། མཆོག་ཏུ་རྙེད་པར་དཀའ་བ། དགེ་བ་དོན་ཡོད་པ་འདི་དོན་ཡོད་པའི་ལྕགས་ཀྱུས་འདྲེན་པར་བགྱིད་དོ།། དངོས་གྲུབ་ཐམས་ཅད་འགུགས་པར་བགྱིད་དོ།། སྒྲུབ་པ་ཐམས་ཅད་འདྲེན་པར་བགྱིད་དོ།། སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། མི་འཇིགས་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། དོན་དམ་པ་དང་། སྟོང་པ་ཉིད་འདྲེན་པར་བགྱིད་དེ། དོན་ཡོད་པའི་ལྕགས་ཀྱུ་འདིས་འདྲེན་པར་བགྱིད་ཡངས་པར་བགྱིད། དངོས་གྲུབ་མཆོག་འདྲེན་པར་བགྱིད་དོ།། དེ་ལྟར་མཐུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། ཡོན་ཏན་ཆེན་པོར་བརྗོད་པས། བསོད་ནམས་ཀྱི་འབྲས་བུ་ཆེན་པོ་རྩོལ་བར་བགྱིད་དོ།། དེ་ལྟར་དགེ་བའི་རྩ་བ་ཆེན་པོ་དང་ལྡན་ཞིང་ཀུན་ཏུ་སོགས་པར་བགྱིད་པས་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ནི་མཆོག་ཏུ་གྲུབ་པ་བླ་ན་མེད་པ་ལགས་སོ། ། དེ་ནས་རིག་སྔགས་འཆང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམྦ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུའང་རུང་བ། བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་དགུག་པར་འཚལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་གི་གཟུགས་སུ་མཐོང་བར་འཚལ་ན་དེས་ཆོ་ག་འདི་བགྱིའོ། ། གཙང་མ་ཤིན་ཏུ་ཁྲུས་བགྱིས་པ། གོས་གཙང་མ་བགོས་པ། བའི་རྣམ་ལྔའི་ཆུས་བསང་བའི་མཆོད་ཕྱིར་ཐོགས་བཏགས་པས་རས་དམར་པོའི་སྐུད་པའི་མཆོད་ཕྱིར་ཐོགས་ཁ་དོག་བཟང་པོ་གནས་བདུན་དུ་ཡོངས་སུ་བཟུང་སྟེ། འཚོགས་མ་དང་། སྤྱི་གཙུག་བཅིང་བ་དང་། གནས་གསུམ་པོ་དཔུང་པ་གཉིས་སུ་བཅིང་བ་དང་། ལག་ངར་གཉིས་སུ་བཅིང་བ་དང་། དེ་ནས་རྐེད་པར་བཅིངས་པས་ས་ཕྱོགས་གཙང་མར་འདུག་ནས་སམ། གནས་གཞན་གང་ཡང་རུང་བ་དབེན་ཞིང་འཁྲུགས་པ་མ་མཆིས་པ་དང་། དཀྱིལ་འཁོར་གྱི་སྟེགས་གྲུ་བཞི་པ་ཤིན་ཏུ་རྣམ་པར་འབྱེས་པ། ཁྲུ་བཞིའི་ཚད་ཙམ་པ་ལ་འཕང་སོར་བརྒྱད་ཀྱི་ཚད་ཙམ་ཀུན་ནས་ཟླུམ་པོ་ལེགས་པར་བྱུགས་པ་ཤིན་ཏུ་འཇམ་པར་བགྱིའོ།། དེ་ནས་ཚོན་སྣ་ཚོགས་ཀྱི་སྐུད་པ་རྣམ་པར་འབྱས་པར་ཐིག་གདབ་ཅིང་ཚོན་རྩི་སྣ་ཚོགས་ཀྱིས་བྲིས་པར་བགྱིའོ། ། སྙིང་པོའི་དཀྱིལ་འཁོར་ནི་ཁྲུ་གང་ཙམ་གྱི་ཚད་ལ་གྲུ་བཞི་པ། རྣམ་པར་ཕྱེ་བ། ཤིན་ཏུ་མཛེས་པ། གྲུ་བཞི་ཀུན་ནས་ཁ་ཁྱེར་གྱི་རྣམ་པ་ཅན་བགྱིའོ། ། དབུས་སུ་པདྨ་བགྱི་སྟེ། འདབ་མ་བརྒྱ་རྩ་བརྒྱད་པ། འདབ་མ་ཐམས་ཅད་ལ་ལྕགས་ཀྱུ་བྲི་ཞིང་། དབུས་ཀྱི་སྙིང་པོ་གེ་སར་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བགྱིའོ།། འོད་ཀྱི་འཕྲེང་བ་ཟླུམ་པོ་ཚོན་རྩི་སྣ་ཚོགས་ཀྱི་རྣམ་པར་འབྱེས་པར་བགྱིའོ།། སྙིང་པོའི་དཀྱིལ་འཁོར་གྱི་གྲཝ་བཞིར་ལྕགས་ཀྱུ་དང་ཞགས་པ་ཀུན་ནས་ཟླུམ་པོའང་བགྱིའོ།། ཕྱི་རོལ་གྱི་དཀྱིལ་འཁོར་ཀུན་ཏུ་མཚན་མའི་ཕྱག་རྒྱ་སྣ་ཚོགས་ཀྱང་བྲི་བར་བགྱིའོ། ། དཀྱིལ་འཁོར་གྱི་གྲཝ་བཞིར་རྣམ་པར་ཕྱེ་བར་རྒྱལ་པོ་ཆེན་པོ་བཞི་འབར་བའི་ནང་ན་གོ་ཆ་བགོས་པ། དྲག་ཤུལ་གྱི་གཟུགས་ཅན་འཇིགས་པར་བགྱིད་པ་བྲིའོ།། སྒོ་བཞི་རྣམ་པར་ཕྱེ་བར་ཡང་དཀྱིལ་འཁོར་གྱི་ལྷ་བྲི་བར་བགྱི་སྟེ། ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་འཆང་ཞི་བའི་གཟུགས་ཅན། བཞིན་འཛུམ་པ། རྡོ་རྗེ་འགྱིང་བག་ཅན་དུ་འཛིན་པ། རི་རབ་ཀྱི་སྟེང་ན་འབར་བའི་ནང་ན་མཆིས་པ་བྲིའོ། ། ལྷོ་ཕྱོགས་ཀྱི་སྒོར་ཁྲོ་བོའི་རྒྱལ་པོ་དྲག་ཤུལ་གྱི་གཟུགས་ཅན། འཇིགས་པར་བགྱིད་པ། པདྨ་དང་ཞགས་པ་ཐོགས་པ། མེ་ཏོག་ཁ་ཕྱེ་བའི་སྟེང་ན་འབར་བའི་ནང་ན་མཆིས་པའོ། ། ནུབ་ཕྱོགས་ཀྱི་སྒོར་དབང་པོ་རྡོ་རྗེ་ཐོགས་པ། མིག་གསུམ་པ། རིའི་སྟེང་ན་འབར་བའི་ནང་ན་མཆིས་པ་བྲིའོ།། བྱང་ཕྱོགས་ཀྱི་སྒོར་དོན་ཡོད་པའི་ཞགས་པ་གདོང་ཁྲོ་གཉེར་ཅན། པདྨ་དང་ཞགས་པ་ཐོགས་པ། པདྨའི་འདབ་མའི་སྟེང་ན་འབར་བའི་ནང་ན་ལྕགས་ཀྱུ་དང་ལྷན་ཅིག་མཆིས་པ་བྲིའོ།། དཀྱིལ་འཁོར་ལོ་ར་ཁོར་ཡུག་ཏུ་གོས་དང་། བ་དན་དང་། མདའ་དང་། རྒྱལ་མཚན་ཀུན་གྱིས་བརྒྱན་པ་བགྱིའོ།། ཚོན་སྣ་ལྔའི་སྐུད་པས་ཁོ་ར་ཁོར་ཡུག་ཏུ་དཀྲིས་པར་བགྱིའོ།། གཏོར་མ་ཐམས་ཅད་དཀར་པོ་གཞག་གོ།། དཀྱིལ་འཁོར་གྱི་ཕྱི་རོལ་ཀུན་ཏུ་དངུལ་དང་གསེར་གྱི་སྣོད་རྣམ་པ་སྣ་ཚོགས་པ་གཞག་གོ། སྙིང་པོའི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་དངུལ་གྱི་སྣོད་བཀང་བ་བཞི་དང་། འོ་མས་བཀང་བ་བཞི་དང་། མཆོད་ཡོན་དང་། ཞབས་བསིལ་གྱིས་བཀང་བའི་སྣོད་བཞི་དང་། དྲིའི་སྣོད་བཞི་དང་། དྲིས་བཀང་བའི་སྣོད་བཞི་དང་། དངུལ་གྱི་པོག་པོར་ཨ་ཀ་རུ་དང་། ཙན་དན་དང་། དུ་རུ་ཀའི་བདུག་སྤོས་བསྲེགས་པ་བཞི་གཞག་གོ། ཕྱི་རོལ་གྱི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་ས་ལ་བྱས་པའི་སྣོད་བཀང་བ་དང་། གཏོར་མའི་སྣོད་བུམ་པ་ཡོངས་སུ་བཀང་བ་དྲུག་ཅུ་རྩ་བཞི་དང་། བདུག་པ་སྣ་ཚོགས་བསྲེགས་པའི་པོག་པོར་བརྒྱད་འཇིགས་པ་མེད་པར་གཞག་པར་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་ཚེས་བཅུ་བཞི་ནས་ཟླ་བ་ཉེ་བའི་ཚེས་བཅོ་ལྔའི་བར་གྱི་ཉིན་ཞག་གཅིག་སྨྱུང་བ་བགྱིས་པས། འབྲས་ཡོས་དང་ཡུངས་ཀར་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་དཀྱིལ་འཁོར་དུ་གཏོར་བར་བགྱིའོ། ། ཡུངས་ཀར་དང་དྲི་ཆབ་ལ་ཁྲོ་བོའི་རྒྱལ་པོས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་དཀྱིལ་འཁོར་ཀུན་ཏུ་གཏོར་ཞིང་དཀྱིལ་འཁོར་དབང་བསྐུར་བར་བགྱིའོ། ། དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་མར་མེ་དྲུག་ཅུ་རྩ་བཞི་སྤར་བར་བགྱིའོ།། མེ་ཏོག་ཇི་སྙེད་པ་མང་པོ་དགྲམ་ཞིང་ཁོ་རཁོར་ཡུག་ཏུ་འཕྲེང་བ་གཞག་པར་བགྱིའོ།། རིག་སྔགས་འཆང་གིས་དོན་ཡོད་པའི་ལྕགས་ཀྱུས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པས་དཀྱིལ་འཁོར་ཀུན་དང་། ཕྱོགས་བཞི་དང་། སྟེང་དང་། འོག་ཏུ་གཏོར་ན་དཀྱིལ་འཁོར་བཅིང་བ་བགྱིས་པར་འགྱུར་རོ། ། ཕྱོགས་བཅིང་བ་དང་། སྤྱི་གཙུག་བཅིང་བ་དང་། བདག་བསྲུང་བ་བགྱིས་པར་འགྱུར་རོ།། བགེགས་དང་། ལོག་འདྲེན་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། བདུད་ལ་སོགས་པ་ཐམས་ཅད་བཅིངས་པར་འགྱུར་རོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་མཐོང་བ། དེ་བཞིན་གཤེགས་པའི་བསླབ་པའི་གཞི་འཛིན་པ་དེ་དག་ཐམས་ཅད་བཀུག་པར་འགྱུར་རོ།། དཀྱིལ་འཁོར་ཀུན་ནས་བསྲུང་བའི་སླད་དུ་གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་ཀུ་བཻ་ར་དང་། རྒྱལ་པོ་ཆེན་པོ་བཞི་དཔུང་དང་འཁོར་དང་བཅས་པ། ལྕགས་ཀྱུ་དང་ཞགས་པས་བཀུག་པར་འགྱུར་ཏེ། དཀྱིལ་འཁོར་ཀུན་ནས་སྲུང་བ་དང་། སྒྲུབ་པ་དང་། སྦ་བ་བགྱིད་པར་འགྱུར་རོ།། འོག་གི་སའི་ལྷ་མོ་སའི་འོག་ན་གནས་པ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་མཆིས་པར་འགྱུར་རོ།། སྟེ་ང་ནས་ནམ་མཁའ་ལ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། མཚན་མོའི་ལྷ་དང་། ཉི་མ་དང་། ཟླ་བ་རྒྱུ་སྐར་དང་བཅས་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བགྱིས་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་ཕྱིས་བགྱི་བའི་ལས་བགྱི་སྟེ། རིག་སྔགས་འཆང་གིས་རྩཝ་ཀུ་ཤའི་བམ་པོའི་སྟེང་དུ་ཤར་ཕྱོགས་ཀྱི་སྒོར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ། གཞན་མི་སྨྲ་བར་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱིས་ལ། དཀྱིལ་འཁོར་གྱི་སྙིང་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཞག་པར་བགྱི་ཞིང་། མེ་ཏོག་རེ་རེ་ལ་བཟླས་བརྗོད་བགྱིས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་དོར་བར་བགྱིའོ།། དེ་ནས་ཁྲོ་བོའི་རྒྱལ་པོས་ཡུངས་ཀར་གྱི་འབྲུ་རེ་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པས་གཏོར་བར་བགྱིའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུས་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་པས་དབུལ་བར་བགྱིའོ། ། རིལ་བུ་རེ་རེ་ལ་བཟླས་བརྗོད་བགྱིས་པའི་བདུག་སྤོས་དབུལ་བར་བགྱིའོ།། ཡུངས་ཀར་རེ་རེ་ལ་བཟླས་བརྗོད་བགྱིས་ལ། སྙིང་པོའི་དཀྱིལ་འཁོར་གྱི་སྟེང་དུ་དོར་བར་བགྱིའོ། ། སྟོང་རྩ་བརྒྱད་རྫོགས་པ་དང་། ཐུན་ཐ་མའི་ནམ་ནངས་ཀར་གྱ་ནོམ་པ། ཡིད་དུ་འོང་ཞིང་དགའ་བ་དང་། རབ་ཏུ་དགའ་བར་བགྱིད་པར་ས་གཡོ་བར་འགྱུར་ཞིང་། སྒྲ་མཉེན་པ་དང་། སྙན་ཅིང་འཇེབས་པ་དང་། ཡིད་དུ་འོང་བ་ཟབ་མོ་ཟབ་མོ་དང་། ཀ་ལ་བིང་ཀ་དང་། མི་འམ་ཅིའི་སྒྲ་དབྱངས་ལྟ་བུ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་གིས་སེམས་བརྟན་པོར་བགྱི་ཞིང་མཆོག་ཏུ་དགའ་བ་ཡིད་ལ་བགྱིད་པས་བཟླས་བརྗོད་བགྱིའོ། ། དེ་ནས་དཀྱིལ་འཁོར་གྱི་སྙིང་པོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་མང་པོ་འབྱུང་ཞིང་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་མཆི་ཞིང་སྣང་བར་འགྱུར་ཏེ། ནམ་མཁའི་དཀྱིལ་ན་སྤྲིན་བརྩེགས་པའི་ཕུང་པོ་བཞིན་དུ་འོད་ཟེར་གྱི་གདུགས་སུ་གྱུར་ནས་གནས་པར་འགྱུར་རོ།། དེ་ནས་སྔོན་མ་བྱུང་བའི་དྲི་ཞིམ་པོ་རྨད་དུ་བྱུང་བ་འབྱུང་བར་འགྱུར་ཞིང་ལྷའི་ཙན་དན་དང་། གོར་ཤི་ཤའི་ཙན་དན་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ག་པུར་དང་། གླ་རྩིའི་དྲི་འབྱུང་སྟེ། དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་དྲི་གནས་པར་འགྱུར་རོ།། ལྷ་རྫས་ཀྱི་བདུག་སྤོས་ཀྱི་དྲི་ཞིམ་པོ་སྔོན་མ་བྱུང་བ་རྨད་དུ་བྱུང་བ་བཻ་ཌཱུཪྻ་སྔོན་པོའི་སྤྲིན་བརྩེགས་པ་ལྟ་བུའི་བདུག་སྤོས་ཀྱི་སྤྲིན་ནམ་མཁའི་དཀྱིལ་ན་གནས་པར་ཡང་འགྱུར་ཏེ། ཕྱོགས་བཅུ་ཀུན་ཏུ་བདུག་སྤོས་ཀྱི་དྲི་རྒྱས་པར་འགྱུར་རོ། ། དེ་ནས་སྙིང་པོའི་དཀྱིལ་འཁོར་གྱི་དབུས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་གི་གཟུགས་ཀྱིས་འབྱུང་བར་འགྱུར་ཏེ། ཚངས་པ་བཟང་པོའི་ཆ་ལུགས་ཅན། རལ་པའི་ཐོར་ཙུགས་ཀྱིས་བརྒྱན་པ། དོན་ཡོད་པའི་ཞགས་པའི་གཟུགས་ལག་པ་བཞི་པ། པདྨ་དང་ཞགས་པ་ཐོགས་པ། རྒྱལ་བ་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། དབུ་རྒྱན་ཟླ་བ་ཚེས་པས་བརྒྱན་པ། མདུང་རྩེ་གསུམ་པ་ཐོགས་ཤིང་དབུགས་འབྱིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་བཟང་པོས་ལུས་བརྒྱན་པ། རང་གི་འོད་དང་གཟི་བརྗིད་ཀྱིས་ཤིན་ཏུ་འབར་བ། བཞིན་འཛུམ་ཞིང་ཉི་མ་སྟོང་པས་ལྷག་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པ། ཁྲུ་བརྒྱད་ཙམ་གྱི་བཟང་པོས་དཀྱིལ་འཁོར་གྱི་སྙིང་པོའི་པདྨའི་སྟན་ལས་ལངས་ཏེ། ནམ་མཁའ་ལ་མཆིས་ནས་ཞི་བའི་གཟུགས་ཅན། བྱམས་པའི་སེམས་དང་སྙིང་རྗེ་ཆེན་པོ་ཡིད་ལ་བགྱིས་པས་དཀྱིལ་འཁོར་ཀུན་ཏུ་ལྟ་ཞིང་ཕྱོགས་བཅུར་རྟོག་པར་བགྱིད་དོ།། དེ་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་སྟེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ།། ལག་པ་གཡས་པ་བརྐྱང་བའི་ལག་མཐིལ་ཤིན་ཏུ་བཟང་པོ་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་སྟོང་གིས་ལེགས་པར་བརྒྱན་པའི་ལག་པ་རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལག་པ་སྤྱི་བོར་བཞག་མ་ཐག་ཏུ། དེ་ནས་རིག་སྔགས་འཆང་དེ་ནམ་མཁའ་ལ་མཆིས་ཏེ། དོན་ཡོད་པའི་ཞགས་པ་དང་ལྕགས་ཀྱུ་རྒྱ་ཆེན་པོའི་འོད་ཟེར་སྣང་བ་བཀོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བ་སྒྱུ་མ་ལྟ་བུའི་ཤུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ་ཏིང་ངེ་འཛིན་གཞན་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་འཐོབ་པོ། ། ཀུན་ཏུ་དོན་ཡོད་པར་ལྟ་བ་ནོར་བུའི་སྙིང་པོ་རྒྱ་ཆེན་པོར་གྲགས་པ་དོན་ཡོད་པའི་ལྕགས་ཀྱུའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འཐོབ་པར་འགྱུར་ཏེ། གང་གིས་གཟུངས་ཐོབ་པའི་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་མཐའ་དག་རྫོགས་པར་བཏོན་ཉིད་དུ་གནས་སོ།། གཞན་ཡང་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་མཐའ་དག་དང་། རྡོ་རྗེ་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། གླང་པོ་ཆེའི་རིགཔ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། གསང་བ་ཆེན་པོའི་སྙིང་པོ་དང་། ཕྱག་རྒྱ་དང་བཅས་པའི་གསང་སྔགས་རིམ་པར་ཕྱེ་བ་གསང་བ་དང་། ཆོ་ག་ཞིབ་མོའི་རྣམ་པ་ཐམས་ཅད་ཁ་ཏོན་ཉིད་དུ་གནས་སོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གདྷཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་གཉིས་པ་རྣམས་ཀྱི་གཙོ་བོ་དང་། མཆོག་དང་། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། དེ་ནས་འཕགས་སྤྱན་རས་གཟིགས་དབང་ཕྱག་གིས། རིག་སྔགས་འཆང་དེ་ལ་སྨྲས་པ། རིག་སྔགས་འཆང་ཇི་ལྟར་ཡིད་ལ་བྱེད་པ་དང་བསམ་པ་སྨོས་ཤིག་དང་། མཆོག་དེ་ཐམས་ཅད་རྗེས་སུ་སྦྱིན་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་པ་དང་། མཆོག་མངོན་པར་འདོད་པ་དེ་ཐམས་ཅད་སྨྲ་ཞིང་། མཆོག་ཡིད་ལ་རེ་བ་ཐམས་ཅད་བྱིན་པར་འགྱུར་རོ།། གཞན་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགོས་པ་སྣ་ཚོགས་ད་ལྟར་འབྱུང་བ་རྣམས་སྨྲ་ཞིང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲའོ།། ལོ་ལེགས་པ་དང་། ལོ་ཉེས་པ་དང་། བདེ་བ་དང་། ནད་དང་། འཇིགས་པ་དང་། ལྷག་པར་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་དང་། རང་གི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་བོ་དང་། ཡམས་ཀྱི་ནད་དང་། མི་ངས་དང་། གནོད་པ་དང་། ནད་འགོ་བ་དང་། འཚེ་བ་དང་། གཟའ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། མཚང་འབྲུ་བ་དང་། འགྱེད་པ་དང་། གཡུལ་འགྱེད་པ་དང་། ཆར་ཆེས་པ་དང་། ཆར་དཀོན་པ་དང་། དུས་མ་ཡིན་པའི་ཆར་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། ཚེ་ཡོངས་སུ་ཟད་པ་དང་། དུས་མ་ཡིན་པར་འཆི་བ་དང་། འབྱོར་པ་དང་། རྒུད་པ་དང་། དགེ་བ་དང་། མི་དགེ་བ་དང་། སྐྱེ་བ་དང་། འགག་པ་དང་། འགྲུབ་པ་དང་། མི་འགྲུབ་པ་དང་། བགེགས་དང་། བགེགས་མེད་པ་དང་། བདུད་ཀྱི་བར་ཆད་དང་། འབྲུ་འཕེལ་བ་དང་། ནོར་འཕེལ་བ་དང་། ནད་མང་བ་དང་། ནད་དང་བྲལ་བར་འགྱུར་བ་གང་ཡིན་པ་དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་ལ་སྨྲ་བར་འགྱུར་རོ། ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་འཇིག་རྟེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་། དུད་འགྲོའི་སྐྱེ་གནས་པ་རི་དགས་དང་བྱའི་སྐྱེ་བ་དང་འཆི་བ་དེ་དག་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྨྲ་ཞིང་། དེ་དག་གི་ཐབས་ཐམས་ཅད་ཀྱང་སྟོན་པར་འགྱུར་རོ། ། ལྷར་སྐྱེ་བ་དང་། ཀླུར་སྐྱེ་བ་དང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སྐྱེ་བ་དང་། རྒྱལ་པོ་ཉིད་དང་། བུད་མེད་དང་། སྐྱེས་པ་ཉིད་དང་། བུ་རྙེད་པ་དེ་ངདག་ཐམས་ཅད་སྨྲ་བར་འགྱུར་རོ། ། བྲམ་ཟེའི་རིགས་སུ་སྐྱེ་བ་དང་། རྒྱལ་རིགས་སུ་སྐྱེ་བ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བ་དེ་ཐམས་ཅད་སྨྲ་བར་འགྱུར་རོ།། གཞན་ཡང་རིགས་མཐོན་པོ་དང་། དམའ་བ་དང་། སྨད་པའི་རིགས་སུ་སྐྱེ་བ་སྣ་ཚོགས་དེ་དག་ཐམས་ཅད་སྟོན་ཅིང་སྨྲ་ལ། ཐབས་ཀྱང་སྟོན་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་བསམས་པའི་དོནད་དེ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མངོན་སུམ་དུ་སྨྲ་ཞིང་ཐམས་ཅད་གཏམ་ཟེར་རོ། ། གཞན་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འཇིག་རྟེན་པའི་མཆོག་སྣ་ཚོགས་དང་། སྒྲུབ་པ་དང་། གྲུབ་པ་དེ་ཐམས་ཅད་དེ་ལ་སྩོལ་བར་བགྱིད་དེ། འདི་ལྟ་སྟེ། ནོར་བསྒྱུར་བ་སྨྲ་བ་དང་། ཞིང་སྨྲ་བ་དང་། མིག་སྨན་གྱི་དངོས་གྲུབ་དང་། མི་སྣང་བ་དང་། མིག་འཕྲུལ་དང་། གཏེར་སྨྲ་བ་དང་། ཕུག་ཏུ་འཇུག་པ་དང་། ནགས་སུ་འཇུག་པ་དང་། སྤོ་བ་དང་། དབང་དུ་བྱ་བ་དང་། དབབ་པ་དང་། རོ་ལངས་བསླང་བ་དང་། ནད་ཞི་བར་བྱ་བ་དང་། གོས་འཐོབ་པ་དང་། གྲོཔ་འཐོབ་པ་དང་། ཡུལ་གྱི་བདག་པོ་ཉིད་དང་། ཆུ་ཀླུང་ཆེན་པོ་བརྒལ་བ་དང་། དུག་བཟལ་དང་། གསང་སྔགས་སྣ་ཚོགས་བསྒྲུབ་པའི་དངོས་གྲུབ་དང་། འཇིགས་པ་ཆེན་པོ་བརྒྱད་ཞི་བར་བྱ་བ་དང་། དགུག་པ་དང་། དྲང་བ་དེ་ཐམས་ཅད་སྩོལ་བར་བགྱིད་དོ།། གཞན་ཡང་ཇི་ལྟར་ཡིད་ལ་བགྱིད་པ་དེ་ཐམས་ཅད་སྩོལ་བར་བགྱིད་དོ། ། དེ་དག་ཐམས་ཅད་ཀྱི་དགོས་པ་ཐམས་ཅད་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུའི་སྙིང་པོས་འདྲེན་ཅིང་དོན་ཡོད་པའི་ཞགས་པས་ཅིངས་པར་འགྱུར་རོ།། བསམ་པ་དང་། དོན་དུ་གཉེར་བ་དང་། ཡིད་ལ་རེ་བའི་དགོས་དེ་ཐམས་ཅད་ཤིན་ཏུ་རིང་པོ་ནས་ཀྱང་དོན་ཡོད་པའི་ཞགས་པས་བཅིང་ནས་ཐམས་ཅད་དྲངས་ཏེ་ལག་ཏུ་ཐོབ་པར་འགྱུར་རོ།། སྒྲུབ་པ་མཆོག་གི་དངོས་གྲུབ་དེ་ཁོ་ན་ཉིད་ཐམས་ཅད་འགྲུབ་པར་འགྱུར་ཏེ། ། མི་སྣང་བར་གྱུར། རིག་སྔགས་འཆང་ནམ་མཁའ་ལ་མཆི་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་གང་དུ་སངས་རྒྱས་ཀྱི་ཞིང་ཁམས་གང་དང་གང་དུ་མཆི་འཚལ་བ་དེ་དང་དེ་ཐམས་ཅད་དུ་མཆི་བར་འགྱུར་ཏེ། ཐམས་ཅད་དུ་གཙོ་བོར་འགྱུར་རོ།། ཐམས་ཅད་དུ་མཆོད་པར་འགྱུར་རོ།། ཅི་སྟེ་རྨི་ལམ་མཐོང་བར་འཚལ་ན་གུ་གུལ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས། ཉལ་ཀར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདུག་སྤོས་སུ་ཕུལ་ཏེ་ཉལ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོའི་ཆ་བྱད་དུ་མཐོང་བ་སྩོལ་ཅིང་། གང་བསམས་པ་དང་། གང་དོན་དུ་གཉེར་བ་དང་། གང་དྲིས་པ་དེ་ཐམས་ཅད་སྨྲ་བར་འགྱུར་རོ།། ཇི་ལྟར་བསམས་པའི་མཆོག་སྩོལ་ཅིང་སྒྲིབ་པ་དང་སྡིག་པ་ཐམས་ཅད་མ་མཆིས་པར་འགྱུར་རོ། ། སྟོབས་དང་། བརྩོན་འགྲུས་དང་། མདངས་འཇུག་པར་འགྱུར་རོ།། ཚངས་པ་དགུག་པར་འཚལ་ཞིང་མཐོང་བར་འཚལ་ན། དེའི་ཚེ་ཤིང་ཨརྐའི་འོ་མ་དང་། གུ་གུལ་དང་། རྒྱ་སྐྱེས་རིལ་བུར་བགྱིས་པ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བགྱིས་ལ། ཚངས་པ་ལ་བདུག་སྤོས་སུ་ཕུལ་ན། ཚངས་པ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཤིང་མཆོག་འཚལ་བ་ཐམས་ཅད་རྗེས་སུ་སྩོལ་ཏོ།། ཚངས་པའི་འཇིག་རྟེན་ལ་ཐུག་པའི་བར་གྱི་ཚངས་པའི་གནས་དང་གཞལ་མེད་ཁང་མཐོང་བར་འགྱུར་ཞིང་། ཚངས་པའི་གཟུགས་ཀྱི་ཆ་བྱད་འཆང་བའི་མཆོག་སྩོལ་བར་འགྱུར་རོ།། ལྷའི་གནས་ཐམས་ཅད་དུ་མེས་པོ་ཡིན་ནོ་ཞེས་ཚིག་མངོན་པར་བརྗོད་པར་འགྱུར་རོ། ། འཇིག་རྟེན་ཐམས་ཅད་དང་། འཛམ་བུའི་གླིང་པའི་མི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དེ་ཐམས་ཅད་ཐམས་ཅད་དུ་ཚངས་པའོ་ཞེས་སེམས་པར་འགྱུར་རོ།། རྒྱལ་པོ་བཙུན་མོ་དང་འཁོར་དུ་བཅས་པས་མཆོད་པའི་སྤྲིན་ཆེན་པོ་བགྱིད་པར་འགྱུར་རོ། ། དེ་ནས་སྲེད་མེད་ཀྱི་བུ་དགུག་པར་འཚལ་ན། དེས་ལྷའི་གནས་སུ་སྲེད་མེད་ཀྱི་བུའི་གཟུགས་བརྙན་གྱི་མདུན་དུ་ཉེ་བར་སྦྱིན་སྲེག་གི། ཆོ་ག་བགྱི་སྟེ། རིག་སྔགས་འཆང་གཙང་མར་གྱུར་པ། ཤིན་ཏུ་ཁྲུས་བགྱིས་པ། གོས་གཙང་མ་བགོས་པ། སྣ་མ་དང་ཤིང་ཨརྒའི་ཡམ་སྲེག་ཤིང་གིས་མེ་སྦར་བ་ལ་གུ་གུལ་དང་། ཡུངས་ཀར་དང་། སྦྲང་རྩི་དང་། ཞུན་མར་བསྲེས་པའི་སྦྱིན་སྲེག་བརྒྱད་སྟོང་བགྱིའོ།། བརྒྱད་སྟོང་རྫོགས་པ་དང་སྲེད་མེད་ཀྱི་བུ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཤིང་རིག་སྔགས་འཆང་ལ། རིག་སྔགས་འཆ་ལེགས་སོ་ལེགས་སོ་ཞེས་སྨྲའོ། ། སྒྲུབ་པ་དམ་པ་འདི་དོན་ཡོད་པའི་ལྕགས་ཀྱུས་འགུགས་ཤིང་། རིག་སྔགས་ཀྱི་རྒྱལ་པོའི་ཆོས་ལུགས་ཆེན་པོས་བཀུག་ན་རིག་སྔགས་འཆང་ཅི་ཞིག་བྱ། དགོས་པ་ནི་ཅི་ཞིག་ཡོད། མཆོག་ནི་ཅི་ཞིག་དོན་དུ་གཉེར་བ་དེ་སྨྲོས་ཤིག་དང་། ཐམས་ཅད་རྗེས་སུ་སྦྱིན་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་དོན་གང་ཡིན་ཡིད་ལ་བསམས་ཏེ་སྨྲས་པ་དེ་ཐམས་ཅད་སྩོལ་བར་འགྱུར། གཟུགས་སྣ་ཚོགས་པའི་མཆོག་ཀྱང་རྗེས་སུ་སྩོལ་བར་འགྱུར་རོ།། གཞན་ཡང་གཟུགས་སྣ་ཚོགས་པའི་མཆོག་གཙོ་བོ་དང་། དགོས་པའི་ལས་སྒྲུབ་པའི་མཆོག་རྗེས་སུ་སྩོལ་བར་འགྱུར་རོ།། དེ་ནས་ལྷ་ཆེན་པོ་དགུག་པར་འཚལ་ན་རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲས་བགྱིས་པ་གོས་གཙང་མ་བགོས་པ་དེས་ལྷའི་གནས་སུ་མཆིས་པ་ལ། ལྷ་ཆེན་པོའི་མདུན་དུ་གུ་གུལ་དང་། པདྨའི་ཕྱེ་མ་དང་། ཞུན་མར་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བགྱིའོ། ། སྟོང་རྩ་བརྒྱད་རྫོགས་པ་དང་། ལྷ་ཆེན་པོ་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ།། དེ་ནས་ནག་པོ་ཆེན་པོ་དགུག་པར་འཚལ་ན་རིག་སྔགས་འཆང་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པས་དུར་ཁྲོད་དུ་མཆིས་ལ། ཟླ་བ་མར་གྱི་ངོའི་ཚེ་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་པ་པདྨ་གསར་པའི་ཕྱེ་མ་དང་། གུ་གུལ་དང་། རའི་ཁྲག་དང་ཡུངས་ཀར་དང་། ཞུན་མར་དང་སྦྱར་བ་བརྒྱད་སྟོང་དོན་ཡོད་པའི་ལྕགས་ཀྱུའི་བཟླས་བརྗོད་ཀྱིས་དུར་ཁྲོད་ཀྱི་ཤིང་གི་མེ་ལ་བཟླས་བརྗོད་བགྱིའོ།། ར་ཁྲག་གི་གཏོར་མ་དང་། འབྲས་ཐུག་པོ་ཆེའི་ཆན་གྱི་ལྷ་བཤོས་དང་། མེ་ཏོག་དམར་པོ་དབུལ་བར་བགྱིའོ།། ལས་འདི་ཡོངས་སུ་རྫོགས་པར་བགྱིས་ན་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་མདུན་ན་མཆིས་ཤིང་། རིག་སྔགས་འཆང་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ།། སྒྲུབ་པའི་ཆོ་ག་བཟང་པོ་འདིས་བདག་ཡོངས་སུ་མགུས། རིག་སྔགས་འཆང་སྨོས་ཤིག་དང་། མཆོག་རྗེས་སུ་སྦྱིན་པར་བགྱིའོ།། མཆོག་འདོད་པ་ཐམས་ཅད་རྗེས་སུ་ལོང་ཞིག་དང་། ཇི་ལྟར་ཡིད་ལ་བྱེད་པའི་རེ་བ་དེ་ཐམས་ཅད་རྗེས་སུ་སྦྱིན་པར་བགྱིའོ།། ཁྱོད་བསྲུང་བ་དང་ཡོངས་སུ་བསྐྱང་བའི་དོན་དུ་བདག་རྟག། རྗེས་སུ་འབྲང་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་མཆོད་ཡོན་དང་ཞབས་བསིལ་དབུལ་བར་བགྱིའོ།། ཇི་ལྟར་བསམས་པ་དེ་མངོན་སུམ་དུ་སྨྲས་ན། གང་དོན་དུ་གཉེར་བ་དེ་ཐམས་ཅད་ཐོབ་ཅིང་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་རོ། ། ཐམས་ཅད་དུ་ཐམས་ཅད་བགྱིད་པར་འགྱུར་རོ།། དྲན་པ་ཙམ་ལ་སོགས་པས་ལས་ཐམས་ཅད་བགྱིད་ཅིང་ཉེ་བར་གནས་པར་འགྱུར་རོ།། རྟག་ཏུ་ལྟ་ཞིང་སྤྱིར་ཐམས་ཅད་བགྱིད་པར་འགྱུར་རོ། ། གཞན་ཡང་དགོས་པ་སྣ་ཚོགས་དང་། ལས་སུ་བགྱི་བ་བགྱིད་པར་འགྱུར་རོ།། མ་མོའི་ཚོགས་ཀྱི་འཁོར་ཐམས་ཅད་དབང་དུ་གྱུར་ནས་གནས་ཏེ། ལས་ཐམས་ཅད་བསྒོ་བ་བཞིན་དུ་བགྱིད་པར་འགྱུར་ཏེ། ནམ་ཡང་ཉམས་པར་མི་བགྱིད་དོ།། ཐམས་ཅད་རྗེས་སུ་འབྲང་ཞིང་ལས་ཐམས་ཅད་བགྱིད་པར་འགྱུར་རོ།། ཅི་སྟེ་འདོད་པའི་གཟུགས་ཅན་མ་དགུག་པར་འཚལ་ན། དེ་ནས་རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པས་ཤིན་ཏུ་དྲི་ཞིམ་པོའི་དྲིས་ལུས་ལྷག་པར་བསྒོས་ལ། གང་ན་མེ་ཏོག་གི་ཤིང་ལྗོན་པ་མཆིས་པ་དེར་མཆིས་ལ། ཟླ་བ་མར་གྱི་ངོའི་ཚེ་བཅུ་བཞི་ཉིན་ཞག་གཅིག་སྨྱུང་བ་བགྱིས་པས་ཤིན་ཏུ་དྲི་ཞིམ་པོའི་དྲིའི་ཤིང་གི་མེ་སྦར་བ་ལ། པུ་ཤེལ་ཅི་དང་། ཏ་ཀ་ར་དང་། སྤང་སྤོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་དང་སྦྱར་བའི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་བགྱིའོ།། གླ་རྩི་དང་། ག་པུར་དང་། ཙན་དན་གྱི་ཆུས་བསྒོས་པའི་འབྲས་ཡོས་དང་། མེ་ཏོག་གིས་བཀང་བའི་མཆོད་ཡོན་གྱི་སྣོད་བུམ་པ་གསར་པ་བརྒྱད་སྲུལ་ལོ། ། དཀར་གསུམ་གྱི་གཏོར་མས་བཀང་བ་ག་པུར་གྱིས་བསྒོས་པའི་གཏོར་མའི་བུམ་པ་གསུམ་སྲུལ་ལོ།། མེ་ཏོག་ཤིན་ཏུ་དྲི་ཞིམ་པོ་སྐུལ་བར་བགྱི་ཞིང་། གླ་རྩི་དང་། ཙན་དན་དང་། ག་པུར་དང་། ཀུན་ཏུ་རུའི་བདུག་སྤོས་སྩལ་བར་བགྱིའོ།། དེ་ནས་ལས་ཡོངས་སུ་རྫོགས་པ་དང་། འདོད་པའི་གཟུགས་ཅན་མ་བཟང་མོ་དེ་ལྷའི་གཞལ་མེད་ཁང་དུ་མཆིས་ཤིང་མདུན་ན་མཆིས་ཏེ། དེ་མཐོང་ནས་མ་འམ། སྲིང་མོ་འམ། ཆུང་མ་འམ། ལས་བྱེད་པ་འམ། མངག་གཞུག་མ་འམ། ཕོ་ཉ་མོ་རྣམ་པ་ཇི་ལྟ་བུར་ཇི་ལྟར་ཚིག་ཏུ་བརྗོད་པ་དེ་ལ་སྨྲོས་ཤིག་དང་། ཅི་སྟེ་མར་གྱུར་ན་དེའི་ཚེ་བུ་བཞིན་དུ་སྙིང་ནས་ཡོངས་སུ་སྐྱོང་བར་བྱེད་དོ།། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། གོས་དང་། རྒྱན་དང་། ལྷབ་ལྷུབ་དང་། མལ་ཆེས་ཡོངས་སུ་སྐྱོང་བར་བགྱིད་དོ།། ཅི་སྟེ་སྲིང་མོར་གྱུར་ན་དེའི་ཚེ་ལོངས་སྤྱོད་ཐམས་ཅད་ཀྱིས་ཡོངས་སུ་སྦྱོང་བར་བགྱིད་དོ།། ཇི་ལྟར་ཡིད་ལ་བསམས་པའི་བུད་མེད་དཔག་ཚད་བརྒྱའི་ཕ་རོལ་ནས་ཀྱང་བཀུག་སྟེ། ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཡོངས་སུ་སྤྱོད་པར་བགྱིད་ཅིང་། ཕྱིར་ཡང་དེ་ཉིད་དུ་གཏོང་བར་བགྱིད་དོ།། ཅི་སྟེ་ཆུང་མར་གྱུར་ན་དེ་དང་ལྷ་རྫས་ཀྱི་གཞལ་མེད་ཁང་དམ་པ་ཡོངས་སུ་ལོངས་སྤྱོད་པའི་གཞལ་མེད་ཁང་མཐོང་སྟེ། ལྷ་རྫས་ཀྱི་བཟའ་བ་དང་། བཏུ་བ་དང་། ལོངས་སྤྱོད་སྩོལ་བར་བགྱིད་དོ།། རོ་བྲོ་བའི་མཆོག་རོ་བརྒྱ་དང་ལྡན་པ་ཆེས་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་སྩོལ་བར་བགྱིད་དོ། ། མཆོག་ཏུ་དགའ་བའི་རྩེད་མོས་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་ཡོངས་སུ་སྤྱོད་པར་བགྱིད་དོ།། ལྷ་རྫས་ཀྱི་དྲི་དང་། མེ་ཏོག་དང་། འཕྲེང་བ་དང་། བྱུག་པ་དང་། ལྷ་རྫས་ཀྱི་གོས་དང་། རྒྱན་དང་། ལྟབ་ལྷུབ་ཀྱིས་བརྒྱན་པའི་གཞལ་མེད་ཁང་དུ་འགྱུར་རོ།། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་གང་ཞིང་མཆིས་པར་འགྱུར་རོ། ། ནོར་བུ་དང་། གསེར་དང་། རྡོ་རྗེ་དང་། བཻ་ཌཱུཪྻ་དང་། གསེར་ཕྱེ་དང་། ཤང་ཀ་ཤི་ལ་དང་། བྷུ་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། དངུལ་སྩོགས་དཔག་ཏུ་མེད་པ་ཐོབ་པའི་གཏེར་སྩོལ་པར་བགྱིད་དོ། ། རྟ་དང་། བ་ལང་དང་། མ་ཧེ་དང་། ཕྱུགས་དང་། བྲན་ཕོ་དང་། བྲན་མོ་རབ་ཏུ་མང་པོར་འཕེལ་ཞིང་མཆིས་པར་འགྱུར་རོ།། མལ་ཆའི་ལོངས་སྤྱོད་སྣ་ཚོགས་སྩོལ་བར་བགྱིད་དོ། ། ལྷ་རྫས་ཀྱི་ཆུང་མའི་ལོངས་སྤྱོད་བུད་མེད་གཟུགས་སྣ་ཚོགས་པའི་འཁོར་བརྒྱད་དང་ལྡན་པ་ཉིན་གཅིག་བཞིན་དུ་གནས་པར་འགྱུར་རོ།། ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པས་ཇི་སྲིད་འཚོའི་བར་དུ་གནས་པར་འགྱུར་རོ། ། ཚེ་ལྷའི་ལོ་སྟོང་ཐུབ་པར་འགྱུར་རོ།། རིག་སྔགས་འཆང་གིས་བག་ཡོད་པར་བགྱི་སྟེ། དཀོན་མཆོག་གསུམ་ལ་མཆོག་ཏུ་གུས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེ་འཛིན་ལ་མཆོག་ཏུ་གུས་པར་བགྱིའོ།། རྟག་ཏུ་སྦྱིན་པ་ལ་མངོན་པར་དགའ་བར་བགྱི་ཞིང་། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་བརྩེ་བར་བགྱིའོ། ། གཞན་དུ་མི་སྨྲ་བར་བགྱིའོ།། གལ་ཏེ་ལས་བྱེད་པར་གྱུར་ན་དེའི་ཚེ་རྒྱལ་པོ་ལ་བགྱི་བ་བཞིན་དུ་ལས་ཐམས་ཅད་བགྱིད་དེ།། ཤིན་ཏུ་ཡོངས་སུ་རྫོགས་ཀྱི་བར་དུ་ལས་ལ་མངོན་པར་བརྩོན་པར་འགྱུར་རོ། ། ཅི་སྟེ་མངག་གཞུག་མར་གྱུར་ན་གནས་གང་དུ་མངགས་པ་དེའི་གནས་ཐམས་ཅད་དུ་མཆི་སྟེ། དཔག་ཚད་སྟོང་གི་ཕ་རོལ་ཏུ་མཆི་ཞིང་། སྐད་ཅིག་གིས་སླར་ཡང་མཆིའོ།། ཐམས་ཅད་དུ་གཏེར་ཆེན་པོ་འབྱིན་པར་བགྱིད། འདྲེན་པར་བགྱིད་དོ།། དཔག་ཚད་སྟོང་གི་ཕ་རོལ་ན་ས་བུད་མེད་འགུགས་པར་བགྱིད་ཅིང་། ནོར་དང་། འབྲུ་དང་། གླང་པོ་ཆེ་དང་། མ་ཧེ་དང་། རྟ་དག་འགུགས་པར་བགྱིད་དོ།། སླར་ཡང་གཏོང་བར་བགྱིད་དོ།། བག་ཡོད་པས་བསྒོ་བར་བགྱི་སྟེ། བདག་ཉིད་ཤིན་ཏུ་རིང་པོའི་ཡུལ་དང་གནས་སུ་འཕེན་པར་བགྱིད། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ལྷ་མ་ཡིན་གྱི་གནས་སུ་འདེག་པར་བགྱིད་དེ། དེར་སྲོག་གི་བར་ཆད་དུ་མི་འགྱུར་བར་བགྱིད་དོ།། ཅི་སྟེ་ཕོ་ཉ་མོ་གྱུར་ན་ཕྱོགས་བཅུ་ཐམས་ཅད་དུ་མཆི་སྟེ། ལྷའི་འཇིག་རྟེན་དུ་མཆིའོ།། ཀླུའི་འཇིག་རྟེན་དུ་མཆིའོ།། ལྷ་མ་ཡིན་གྱི་གནས་སུ་མཆིའོ།། ནམ་མཁའ་ལྡིང་གི་གནས་སུ་མཆིའོ།། མི་འམ་ཅིའི་གནས་སུ་མཆིའོ།། ལྟོ་འཕྱེ་ཆེན་པོའི་གནས་སུ་མཆིའོ།། གནོད་སྦྱིན་དང་སྲིན་པོའི་གནས་སུ་མཆིའོ།། འབྱུང་པོའི་གནས་སུ་མཆི་ཞིང་ཐམས་ཅད་དུ་ཕོ་ཉའི་བྱ་བ་བགྱིས་ནས་སླར་མཆིའོ། ། སྐད་ཅིག་གིས་དཔག་ཚད་སྟོང་དུ་མཆི་ཞིང་སླར་མཆིའོ།། སྐད་ཅིག་གིས་དཔག་ཚད་སྟོང་དུ་ཐམས་ཅད་ཀྱི་གནས་ཐམས་ཅད་དུ་ཕྱིན་ནས་ཕོ་ཉའི་བྱ་བ་བགྱིད་དོ།། རྫི་སྲིད་སའི་འོག་གི་བར་དུ་འཇུག་ཅིང་ཕྱིར་ཡང་མཆིའོ། ། བྱ་བ་ཤིན་ཏུ་ཡོངས་སུ་རྫོགས་པར་བགྱིས་ནས་བག་ཡོད་པས་ཀྱང་ལས་ཟས་ཅད་བགྱི་དེ། ཉིན་གཅིག་བཞིན་དུ་མཆོད་ཡོན་དང་། རྐང་པ་བཀྲུ་བས་སྩལ་བར་བགྱིའོ།། ཐམས་ཅད་ཀྱི་གནས་ཐམས་ཅད་དུ་ཕྱིན་ཅིང་བྱ་བ་འགྲུབ་པ་བླ་ན་མ་མཆིས་པར་འགྱུར་རོ།། དེ་ནས་གནོད་སྦྱིན་མོ། དགུག་པར་འཚལ་ན་རིག་སྔགས་འཆང་དེས་གཞན་གྱིས་མ་རེག་པའི་ཤིང་ལེབ་གསར་པ་ལ་གནོད་སྦྱིན་དང་གནོད་སྦྱིན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བགྱི་ཞིང་། གནས་དབེན་ཞིང་འཁྲུག་པ་མ་མཆིས་པ་གཙང་མའི་གནས་སུ་གཞག་པར་བགྱིའོ། ། རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པས་གོས་གཙང་མ་བགོས་པས་འོ་མ་དང་འབྲས་ཐུག་པོ་ཆེའི་ཆན་གྱི་གཏོར་མ་སྩལ་བར་བགྱིའོ། ། ཤིང་ཀ་ར་ཝཱི་རའི་མེ་སྦར་བ་ལ། ཡུངས་ཀར་དང་། གུ་གུལ་དང་། རའི་ཁྲག་དང་། ཞུན་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བགྱིའོ།། སྟོང་རྩཝ་བརྒྱད་རྫོག་པ་དང་། མེ་ཏོག་དམར་པོ་སཱ་ལ་ན་གནོད་སྦྱིན་མོ་དེའང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཏེ། རིག་སྔག་འཆང་སྡོང་ཤིག་ཅེས་སྨྲ་བར་འགྱུར་རོ།། རིག་སྔགས་འཆང་གི་ཁྱོད་ངའི་ཅི་བགྱི་ཞེས་བྱ་བ་བྱེད་པ་ཡིན་ནོ། ། ངའི་ལས་ཐམས་ཅད་བྱེད་པ་ཡིན་ནོ།། ང་ལ་དབྱིག་མང་པོ་བྱིན་ཅིག་ཅེས་བརྗོད་པར་བགྱིའོ།། དེའི་ཚེ་གནོད་སྦྱིན་དང་གནོད་སྦྱིན་མོ་དེ་ལྟར་ལེགས་སོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་རོ། ། གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ་ཡུངས་ཀར་དང་གུ་གུལ་ལ་ཡོངས་སུ་བཟླས་ནས་མེར་གཏོར་ན་དེ་མཆི་ཞིང་ཅི་བགྱི་ཞེས་བྱ་བ་ཐམས་ཅད་བགྱིད་པར་འགྱུར།། དབྱིག་སྟོང་སྩོལ་བར་འགྱུར། ཇི་སྲིད་མཚོའི་བར་དུ་མཆིས་པར་འགྱུར། རྟག་ཏུ་ཅི་བགྱི་བའི་བྱ་བ་བགྱིད་པར་འགྱུར། དེ་ནས་ལྷ་མ་ཡིན་གྱི་བུ་མོ་དགུག་པར་འཚལ་ན་རིག་སྔགས་འཆང་དེས་སྤྲ་ཚིལ་ལས་ལྷ་མ་ཡིན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་གནས་འཁྲུག་པ་མ་མཆིས་པ་དང་། དབེན་པ་དང་། ས་ཕྱོགས་གཙང་མའི་གནས་སུ་གཞག་པར་བགྱིའོ།། རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱི་བ་གོས་གཙང་མ་བགོས་པས་ཞག་གསུམ་ཟན་བཅད་པར་བགྱིས་ལ། དེའི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ་གུ་གུལ་གྱི་བདུག་སྤོས་སྩལ་ཅིང་དཀར་གསུམ་གྱི་གཏོར་མ་སྩལ་བར་བགྱིའོ། ། དོན་ཡོད་པའི་ལྕགས་ཀྱུ་བཟླས་བརྗོད་ཡུངས་དཀར་ལ་བཟླས་པས་བུ་མོ་དེ་ལ་ལན་སྟོང་རྩ་བརྒྱད་བརྡེག་པར་བགྱིའོ།། ལས་ཡོངས་སུ་རྫོགས་པ་དང་། དེ་ནས་ལྷ་མ་ཡིན་གྱི་བུ་མོ་དེ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཏེ། གང་དང་གང་དུ་དགོས་པ་དེ་དང་དེར་དགོས་པའི་རྗེས་སུ་འབྲང་བར་འགྱུར་རོ།། དེའི་ལས་ཐམས་ཅད་བགྱིད་པར་འགྱུར། ཐམས་ཅད་དུ་མཆིས་པར་འགྱུར།། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ།། ཅི་སྟེ་སྲིན་པོ་དང་སྲིན་མོ་དགུག་པར་འཚལ་ན་གུ་གུལ་དང་བ་གླང་གི་ཤ་སྐམ་པོ་དང་ལྷན་ཅིག་བསྲེས་པ་ལ་དོན་ཡོད་པའི་ལྕགས་ཀྱུས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་པས། དུར་ཁྲོད་དུ་མཚན་ཐོག་ཐ་ག་བདུགས་ན་སྲིན་པོའི་གནས་ཐམས་ཅད་ཀྱི་སྒོ་ཕྱེ་བར་འགྱུར་ཏེ། སྲིན་པོ་དང་སྲིན་མོ་རྣམས་དབང་དུ་གྱུར་ནས་གནས་ཏེ། ཅི་བགྱི་བའི་བྱ་བ་བགྱིད་པར་འགྱུར། ཅི་བསྒོ་བ་དེ་བགྱིད་པར་འགྱུར་རོ།། རྟག་ཏུ་ཕྱི་བཞིན་འབྲང་ཞིང་ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ།། གདུགས་གཅིག་བཞིན་དུ་དངུལ་སྲང་ཁྲི་སྩོལ་བར་བགྱིད་དོ།། དེ་ནས་རིག་སྔགས་འཆང་གིས་ཆ་གསུམ་དུ་དབྱེ་བར་བགྱི་སྟེ། གཅིག་ནི་དཀོན་མཆོག་ལ་མཆོད་པར་བགྱིའོ།། ཆ་གཉིས་པ་ནི་ཉིན་གཅིག་བཞིན་དུ་སྦྱིན་པར་གཏང་ངོ་།། སྲིན་པོ་རྣམས་ལ་ཟན་དང་ཚོད་སྔོན་རློན་པའི་གཏོར་མ་སྩལ་བར་བགྱིའོ། ། དེ་ནས་སྲིན་པོ་འཁོར་དང་བཅས་པ་དེ་རྣམས་ཚིམ་པར་འགྱུར་རོ།། དེ་ནས་སྲིན་པོ་འཁོར་དང་བཅས་པ་ཤིན་ཏུ་མགྱོགས་པར་འགྱུར་ཏེ། ཤུགས་ཆེན་པོས་དགོས་པ་ཐམས་ཅད་སྒྲུབ་ཅིང་ནམ་ཡང་གཞན་དུ་བགྱིད་པར་མི་འགྱུར་རོ། ། གཏོར་མ་གཙང་མ་སྩལ་བར་བགྱིའོ།། ཅི་སྟེ་ཤ་ཟ་དང་ཤ་ཟ་མོ་དགུག་པར་འཚལ་ན་བ་གླང་གི་མཁྲིས་པ་དང་། དེའི་སོ་དང་། གུ་གུལ་དང་། ཤིང་ཨརྒའི་འོ་མ་སྦྱར་ཏེ་ལམ་གྱི་བཞི་མདོར་བདུག་པར་བགྱི་ཞིང་། ལྷག་མ་དང་འབགས་པའི་གཏོར་མ་སྩལ་ན། ཤ་ཟ་མོ་དེ་མཆི་ཞིང་རིག་སྔགས་འཆང་གི་མདུན་དུ་མཆིས་ཅི་བགྱི་བའི་བྱ་བ་བགྱིད་པའི་བྲན་དུ་འགྱུར། ལས་ཐམས་ཅད་བགྱིད་པར་འགྱུར་རོ།། དཔག་ཚད་སྟོང་གི་ཕ་རོལ་ཏུ་མཆི་ཞིང་། སྐད་ཅིག་གིས་སླར་ཡང་མཆིའོ།། དགོས་པ་ཐམས་ཅད་སྒྲུབ་པར་བགྱིད་དོ། ། དུས་གསུམ་དུ་གཏོར་མའི་ལྷག་མའི་གཏོར་མ་སྒོ་དྲུང་དུ་སྩལ་བར་བགྱིའོ།། ཉིན་གཅིག་བཞིན་དུ་གསེར་གྱི་དོང་ཚེ་བརྒྱ་སྔས་སུ་འཇོག་པར་འགྱུར་ཏེ། དེས་ཐམས་ཅད་ཟད་པར་བགྱིས་ན་ཕྱིར་ཞིང་འཕེལ་བར་འགྱུར་རོ། ། ཅི་སྟེ་རྒྱལ་པོའི་བཙུན་མོ་དགུག་པར་འཚལ་ན་རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པ་དེས་ཡུངས་ཀར་དཀར་པོ་དང་། སྐེ་ཚེའི་ས་བོན་དང་། གིའུ་ཝང་དང་། པདྨའི་འདབ་མ་དང་། རྒྱམ་ཚྭ་དང་། ལན་ཚྭ་བསྲེས་པ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་ཕྱེ་མའི་རྫས་སུ་བགྱིས་ལ། ཡུངས་ཀར་དང་། སྐེ་ཚེའི་ས་བོན་དང་། སྦྲང་རྩིའི་ས་བོན་ལན་ཅིག་མཉེས་ལ། ཡང་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། རྒྱལ་པོའི་སྒོ་འམ། ལམ་གྱི་བཞི་མདོ་འམ། ལམ་པོ་ཆེ་འམ། གྲོང་ཁྱེར་གྱི་སྒོར་གཏོར་ན་གང་དེར་གོམ་པ་བོར་བ་ཙམ་གྱིས་དབང་དུ་གྱུར་ནས་གནས་ཏེ་ཅི་བགྱི་བའི་བྱ་བ་བགྱིད་དོ། ། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་བཀུག་ཅིང་དབང་དུ་འགྱུར་རོ།། ཐམས་ཅད་དུ་ཅི་བགྱི་བའི་བྱ། བ་བགྱིད་ཅིང་བསྒོ་བ་བཞིན་བགྱིད་པར་འགྱུར་རོ།། གང་བསླངས་པ་དེ་སྟེར་ཏེ་དངུལ་དང་། གསེར་དང་། གོས་དང་། རྒྱན་དང་། ལྷབ་ལྦུབ་དང་། སྤུད་པ་དང་། བཞོན་པ་དང་། མལ་ཆ་དང་། འབྲུ་ལ་སོགས་པ་སྩོལ་བར་བགྱིད་དོ། ། གང་སྨྲས་པ་དེ་བགྱིད་ཅིང་གང་བསྒོ་བ་བགྱིད་པར་འགྱུར་རོ།། དེའི་ཡུལ་གཅིག་ཏུའང་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་མཆོད་པ་ཆེན་པོ་བགྱིད་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ། ། དེ་ནས་བྲམ་ཟེ་དབང་དུ་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་ནས་དང་། ཏིལ་དང་། འབྲས་སཱ་ལུ་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བགྱིས་ན། རིག་བྱེད་བཞི་དང་ལྡན་པའི་བྲམ་ཟེ་ཐམས་ཅད་ཀྱིས་སྤྱི་བོར་བཀུར་བ་གཅིག་པུར་འགྱུར་རོ།། ཐམས་ཅད་དུ་མཆོད་པ་བགྱིད་པར་འགྱུར་ཞིང་། བྲམ་ཟེ་ཐམས་ཅད་ལ་དབང་བགྱིད་པ་ཐོགས་པ་མེད་པར་འགྱུར་རོ།། རྒྱལ་རིག་དབང་དུ་བགྱི་བར་འཚལ་ན་ཏིལ་དང་། འབྲས་ཐུག་ཆེན་པོ་དང་། སྲན་མུང་ག་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་བསྲེས་པའི་སྦྱིན་སྲེག་བགྱི་སྟེ། སྦྱིན་སྲེག་སྟོང་རྩ་བརྒྱད་གྱི་བར་དུ་བགྱིས་ན་ཐམས་ཅད་ལ་དབང་སྒྱུར་ཞིང་མཆོད་པའི་འོས་ཆེན་པོར་འགྱུར་རོ།། ཐམས་ཅད་དབང་དུ་འགྱུར་བར་བགྱིད་དོ།། ཇི་སྲིད་འཚོའི་བར་དུ་བགྱིད་དེ། ཅི་བགྱི་བ་བགྱིད་ཅིང་བསྒོ་བ་བཞིན་བགྱིད་པར་འགྱུར་རོ།། དེ་ནས་དམངས་རིགས་དབང་དུ་བགྱི་བར་འཚལ་ན་ལན་ཚྭ་དང་། འབྲས་སཱ་ལུའི་ཕུབ་མ་དང་། སུ་མུ་ཁའི་ས་བོན་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་སྦྱར་བའི་སྦྱིན་སྲེག་བརྒྱད་སྟོང་བགྱིས་ན་དམངས་རིགས་ཐམས་ཅད་བྲན་དུ་གྱུར་ནས་གནས་ཏེ། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ།། དགྲ་དང་། ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་ཐམས་ཅད་བཟློག་པར་འཚལ་ན་རིག་སྔགས་འཆང་ངེས་ཤིང་མངར་གྱི་ཤིང་གིས་མེ་སྦར་ལ་ས་བོན་འདུན་དང་ཞོ་དང་། སྦྲང་རྩི་དང་། ཞུན་མར་དང་སྦྱར་བའི་སྦྱིན་སྲེག་བརྒྱད་སྟོང་བགྱིའོ།། བརྒྱད་སྟོང་རྫོགས་པ་དང་། དགྲ་དང་། ཕྱིར་རྒོལ་བ་དང་། ཕས་ཀྱི་དམ་ཐམས་ཅད་བཟློག་པར་འགྱུར་རོ།། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་འཚལ་ན་ཤིང་ཚེར་མ་ཅན་གྱི་མེ་སྦར་བ་ལ་འབྲས་ཡོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་། ཕུན་མར་དང་སྦྱར་བའི་སྦྱིན་སྲེག་བརྒྱད་སྟོང་བགྱིའོ། ། བརྒྱད་སྟོང་རྫོགས་ན་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་འགྱུར་རོ།། གཡུལ་འགྱེད་པ་བཟློག་པར་འཚལ་ན་སྐེ་ཚེའི་ས་བོན་དང་། གུ་གུལ་དང་། བྷང་གའི་ས་བོན་དང་། ཞོ་ག་ཆུ་དང་། ཞུན་མར་དང་སྦྱར་བའི་སྦྱིན་སྲེག་བརྒྱད་སྟོང་བགྱིས་ན་གཡུལ་འགྱེད་པའི་ནང་དུ་སོན་པའི་སེམས་ཅན་ཐམས་ཅད་སླར་བཟློག་པར་འགྱུར་ཞིང་ཐམས་ཅད་དུ་རྒྱལ་བ་ཐོབ་པར་འགྱུར་རོ། ། དེ་ནས་གདོན་ཐམས་ཅད་ལས་ཐར་བར་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་བདུག་པ་འདི་སྦྱར་བར་བགྱིད་པར་འཚལ་ཏེ། ཀྵེ་མ་ཀ་དང་ཤིང་མངར་དང་།། ཙ་རོང་དང་ནི་གུ་གུལ་དང་། ། མུ་ར་ཡཀྵ་མུ་ར་དང་།། བྷུ་ཏ་ཀེ་ཤཱི་མཉམ་པར་གཞལ། ཕུབ་མ་དང་ནི་བ་ལི་ཀ། ཁྱིམ་བྱའི་སྒོ་ངའི་ཤུན་ལྤགས་དང་།། སྦྲུལ་ལྤགས་དང་ནི་ཡུངས་རྣམ་གཉིས། བྷཾ་གའི་ས་བོན་པ་ལང་མཁྲིས།། ཉ་དང་ལེགས་པར་སྦྱར་བགྱིས་ཏེ།། ར་ཡི་གཅིན་གྱིས་བསྒོས་པ་ལ།། ལྕགས་ཀྱུའི་གསང་སྔགས་བཟླས་པ་ཡིས།། བདུག་པ་དམ་པའི་གཙོ་བོ་འདི། ཐམས་ཅད་དུ་ནི་རིགས་པ་སྟེ།། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གདོན།། གང་དགས་སྟེང་། གནས་པ་རྣམས།། བདུག་པའི་དྲི་འདིས་འཇིག་འགྱུར་ཞིང་།། མི་བཟད་གདོན་རྣམས་འབྲོས་པར་འགྱུར། ། ཕྱོགས་བཅུ་དག་ནི་གཡོ་འགྱུར་ཞིང་།། སུམ་ཅུའི་ལྷ་དང་རི་རབ་གཡོ།། གནོད་སྦྱིན་སྲིན་པོའི་གནས་དག་དང་།། སྡང་བའི་སྲོག་ཆགས་ཆེན་པོ་འཚིག། གཞན་ཡང་སྣ་ཚོགས་དུག་བཅས་པའི།། སྲོག་ཆགས་ཐམས་ཅད་འཇིག་འགྱུར་བ།། དྲི་ཙམ་གྱིས་ནི་དོག་པ་མེད།། བདུག་པ་འདིས་ནི་བདུག་བྱས་ན།། དེར་ནི་རིམས་ནད་མི་གནས་ཏེ།། ཉིན་གཅིག་པ་ཡི་རིམས་དང་ནི།། ཉིན་གཉིས་པ་དང་བཞི་པའི་རིམས།། གང་ཡང་མི་བཟད་ཁྱབ་འཇུག་རིམས།། དེ་དག་ཐམས་ཅད་འཇིག་འགྱུར་ཞིང་།། སྐད་ཅིག་གིས་ནི་གཏན་ནས་འཇོམས།། ། ། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་ཉི་ཤུ་གསུམ་པ།། ། དེ་ནས་མིག་བསླུ་བའི་སྨན་བརྗོད་པར་བྱ་སྟེ། གདོན་ཐམ་ཅད་འཇོམས་པ་གང་གིས་མིག་ལ་བསླུས་པ་ཙམ་གྱིས་གདོན་མ་རུངས་པ་འབྲོས་པར་འགྱུར་རོ། ། རོ་སྟོད་ཀྱི་ནད་ཐམས་ཅད་འཇོམས་པར་འགྱུར་ཏེ། མིག་ལ་བསྐུས་པ་ཙམ་གྱིས་དེ་ཐམས་ཅད་མེད་འ་ཀྱ་ཏེ་དོགས་པ་མི་བྱའོ། ། མིག་གི་ནད་ནི་ལིང་ཏོག་དང་། སྐྱ་བོར་གྱུར་པ་དང་། རབ་རིབ་དང་། ཆུ་བུར་ཅན་དང་། ཆུ་ཟག་པ་དང་། ཚག་པོ་དང་། ཧཾ་ས་ར་ཛ་དང་། བྱིས་པའི་མཆིམ་དང་། མིག་ཏུ་སྨེ་བ་བྱུང་བ་དང་། ཁྲག་དང་། རླུང་དང་། བན་ཀན་དང་། མཁྲིས་པ་དང་། རྡུལ་འབྱུང་བ་དང་། འབྲུམ་བུ་དང་། གཡའ་བ་དང་། མིག་བསྐམ་པ་དང་། མདོངས་ཀླད་པ་ན་བ་དང་། ཀླད་པའི་གཞོགས་ཕྱེད་ན་བ་དང་། ཁ་ནད་དང་། ཁ་ན་བ་དང་། དཔྲལ་བ་ན་བ་དེ་དག་ཐམས་ཅད་འཇོམས་པར་འགྱུར་རོ།། མིག་སྨན་གྱིས་མིག་བསྐུས་པ་ཙམ་གྱིས་རིམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་། ནད་ཐམས་ཅད་སེལ་བ་དང་། མོད་ལ་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། སྡིག་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། དེ་ལྟར་ན་མིག་སྨན་མཆོག་ཏུ་གྲུབ་པ། བགེགས་ཐམས་ཅད་སེལ་བ་དང་མ་རུངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་དབང་བྱེད་པ། ཐམས་ཅད་དུ་རྒྱལ་བར་བྱེད་པ། མིག་སྨན་རྟག་ཏུ་མཆོག་ཏུ་དཀོན་པ། གསང་བ་ལ་ཐུག་པ་ཐར་པར་བྱེད་པ། བཙོན་ར་ནས་གང་ཐར་པར་བྱེད་པ། རྒྱལ་པོ་དག་གང་ལ་ཁྲོས་པ་ལས་དགོད་ཅིང་སྨྲ་བར་འགྱུར་ཏེ། ནམ་འཚོའི་བར་དུ་རྟག་ཏུ་བུ་བཞིན་ཡོངས་སུ་སྐྱོང་ཞིང་གནས་པ། དུག་ཐམས་ཅད་མོད་ལ་མེད་པར་བྱེད་པ་ནི་མིག་སྨན་མཆོག་ཡིན་ནོ།། བསམ་པ་ངན་ཅིང་སྡང་བའི་སེམས་ཅན་དང་། དགྲ་དང་། ཕྱིར་རྒོལ་བ་དང་། དགྲ་དང་། འགྱེད་པ་དག་མིག་སྨན་གྱིས་བསྡུས་པས་མཐོང་ན་དབང་དུ་འགྱུར་ཏེ་གནས་སོ། ། མ་ཧེ་གཏུམ་པོ་དང་། གླང་པོ་ཆེ་དང་། རླུང་དང་། སེར་བ་དང་། ཁ་མཐོན་པོ་ནས་གཡང་དུ་ལྟུང་བ་དང་། མེའི་ཕུང་པོ་ཆེན་པོ་དང་། ཁྱིམ་རྡིབ་པ་དང་། གཡང་སར་ལྟུང་བ་རྣམས་མིག་སྨན་གྱིས་མིག་བསྐུས་པས་མཐོང་ན་ཞི་བར་འགྱུར་ཞིང་། གཞན་ཡང་བྱ་བ་རྣམ་པ་སྣ་ཚོགས་བྱེད་དེ། འདི་ལ་དོགས་པར་མི་བྱའོ། ། ཡུང་བ་དང་། སྐྱེར་པ་དང་། ན་ལེ་ཤམ་དང་། པི་པི་ལིང་དང་། ཤི་རི་ག་བེ་ར་དང་། འབྲས་བུ་གསུམ་དང་། ཨུཏྤལ་སྔོན་པོ་དང་། ལྡོང་རོས་དང་། གུར་ཀུམ་ལ་སོག་པའི་མིག་སྨན་དང་། རྒྱ་མ་ཚྭ་དང་། སྤང་སྤོས་དང་། རྒྱ་མཚོའི་ལྦུ་བ་དང་། དུང་ཕྱེ་དང་། འདི་རྣམས་ལྷན་ཅིག་ཏུ་ཕྱེ་མ་ཞིབ་མོར་བྱས་པ་ལ་གསང་སྔགས་ལན་བདུན་བཟླས་ཏེ་ག་པུར་དང་། གླ་རྩིར་བསྣན་པའི་མིག་བསྐུ་བའི་སྨན་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོའི་གསང་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། མིག་ལ་བསྐུས་ན་དྲི་མ་ཐམས་ཅད་སེལ་ཅིང་སྡིག་པ་དང་གཞན་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། མུན་པ་ཐམས་ཅད་ཀྱི་ནང་དུ་ཉི་མ་བཞིན་དུ་སྐྱེ་བོ་ཐམས་ཅད་ཀྱི་ནང་དུ་མཛེས་པར་འགྱུར་རོ།། དེ་ནས་རིལ་བུ་བཤད་པར་བྱ་སྟེ། སྡིག་པ་ཐམས་ཅད་རྣམ་པར་འཇིག་པ། ནད་ཐམས་ཅད་སེལ་བར་འགྲུབ་པ། བགེགས་ཐམས་ཅད་མེད་པར་བྱེད་པ། གདོན་ཐམས་ཅད་རྣམ་པར་འཇོམས་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། མོད་ལ་དུག་ཐམས་ཅད་མེད་པར་བྱེད་པ། ཉོན་མོངས་པའི་དྲི་མ་ཐམས་ཅད་སེལ་བ། བཅིངས་པ་ཐམས་ཅད་གཅོད་པར་བྱེད་པ། གཡུལ་ཐམས་ཅད་ལས་རྒྱལ་བ་སྦྱིན་ཞིང་དགེ་བ། དགྲ་ཐམས་ཅད་རབ་ཏུ་འཇོམས་པ། རྟག་ཏུ་དུག་ཐམས་ཅད་འཇོམས་པ། རྒྱལ་པོའི་སྒོར་མཛེས་པར་འགྱུར་བ། ནོར་དང་འབྲུ་འཕེལ་བར་འགྱུར་བ། རྒྱལ་པོ་དང་། རྐུན་པོ་དང་། ཆུ་དང་། མེ་དང་། དུག་དང་། གླང་པོ་ཆེ་མེད་པར་བྱེད་པ། སྦྲུལ་མ་རུངས་པ་དང་། བྱི་བའི་དུག་གིས་འཇིགས་པ་དང་། ཁྱིམ་འཇིག་པ་དང་། རི་ཉིལ་བ་དང་། སེང་གེ་དང་། སྟག་དང་། དོམ་ལ་སོགས་པ་རབ་ཏུ་རྒྱུ་བ་དང་། གནོད་པ་དང་བཅིངས་པའི་ཚེ་འགྲོ་བར་དཀའ་བ་འབྱུང་བ་དང་། ནད་དང་རིམས་འཇོམས་པ་དང་། དུས་མ་ཡིན་པར་འཆི་བ་མེད་པར་བྱེད་པ། ཚེ་དང་ནད་མེད་པར་བྱེད་པ་འཕེལ་བ། སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་མ་རྣམས་མཆོག་ཏུ་བདེ་བར་འགྱུར་བ་སྟེ། གང་གིས་རིལ་བུ་བཅངས་ན་ཐམས་ཅད་དུ་རྒྱལ་བ་འཐོབ་ཅིང་གདོན་འབྱུང་བར་མི་འགྱུར། རྣམ་པར་ལོག་འདྲེན་གྱིས་མ་ཡིན་ནོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་མ་རུངས་པ་རྣམས་རིལ་བུ་མཐོང་བ་ཙམ་གྱིས་ཕྱོགས་བཅུར་འབྲོས་པར་འགྱུར་རོ།། འདིར་བྱིས་པ་གསོད་པར་མི་བྱའོ།། སྨན་འདི་ལ་རེག་པ་ཙམ་གྱིས་ཁྱིམ་དེར་དུས་མ་ཡིན་པར་འཆི་བ་དང་། ན་བ་ཐམས་ཅད་དང་། ནད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། འབྲུམ་ཕྲན་མཆེད་པ་དང་། ཤུ་བ་དང་། གཡན་པ་དང་། མཛེ་དང་། འབྲུམ་བུ་མཆེད་པ་དང་། ཤ་བཀྲ་ལ་བསྐུས་པ་ཙམ་གྱིས་བྱང་བར་འགྱུར་རོ།། ལུས་ཐམས་ཅད་དུ་ཞུགས་པའི་ནད་ལ་ཆུ་དྲོན་པོ་དང་འཐུངས་པ་ཙམ་ལ་སོགས་པས་ཡོངས་སུ་བྱང་བར་འགྱུར་རོ། ། འཇིགས་སྐྲག་པ་ཐམས་ཅད་ལས་རྟག་ཏུ་རྒྱལ་བར་འགྱུར་རོ།། འཇིགས་པ་ཆེན་པོ་ལས་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་རོ།། གནས་ཐམས་ཅད་དུ་སོང་བ་ལ་སྦྱར་བ་བྱས་ན་ཐམས་ཅད་དུ་མཁོ་བར་འགྱུར་རོ། ། དེ་ནས་རྫས་སུ་བྱ་བ་ནི་པུ་ཤེལ་ཙི་དང་། ཙན་དན་དང་། རྨྱ་སྤོས་དང་། རུ་རྟ་དང་། རྡོ་དྲེག་དང་། པད་ཏྲ་དང་། ཚ་མ་ཀ་དང་། ཤ་མི་དང་པདྨ་པ་ཏྲ་དང་། ཨུཏྤ་ལ་དང་། ན་ལ་དང་། འབྲས་བུ་གསུམ་དང་། ཚ་བ་གསུམ་དང་། སུག་སྤེལ་དང་། བཙོད་དང་། སུ་ག་རི་དང་། ར་ཛཎྱ་རྣམ་གཉིས་དང་། སྤྲི་ཀ་དང་། སྲ་རྩི་པོག་དང་། གུར་ཀུམ་ལ་སོགས་པ་དང་རབ་ཏུ་ལྡན་པ་དང་། དེ་དག་ཀུན་བསྲེས་ཏེ་ཞིབ་མོར་བཏགས་ལ་ཁ་ར་དང་ཆུ་དང་སྦྱར་བས་རིལ་བུ་བྱས་ལ། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་གྲིབ་མ་ལ་བསྐམས་པ་དེ་ནི་སྨན་གྲུབ་པ་ཡིན་ཏེ། ཐམས་ཅད་རྒྱལ་བར་བྱེད་ཅིང་དགེ་བ་ཡིན་ནོ།། རྔ་དང་། རྔ་བོ་ཆེ་དང་། དུང་ལ་རི་ལུ་མཆོག་བསླུས་ཏེ་གནས་མཐོན་པོར་སོང་སྟེ། དུང་གི་སྒྲ་དང་། རྔ་ཆེ་དང་། རྔ་སྒྲ་ཇི་སྲིད་དུ་ཐོས་པ་དེ་སྲིད་ཙམ་དུ་འཇིག་པ་མེད་པར་འགྱུར་རོ།། དུག་དང་བཅས་པ་ནི་ཐམས་ཅད་དུག་མེད་པར་འགྱུར་ཏེ་དོགས་པ་མི་བྱའོ།། ནད་ཐམས་ཅད་དང་། མི་ངས་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ལོ་ཉེས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། བདེ་ཞིང་ལོ་ལེགས་པ་ཉིད་དུ་འགྱུར་རོ།། གང་དག་མཚམས་མེད་པ་བྱེད་པའི་སེམས་ཅན་སྡིག་པ་ཅན་དམྱལ་བ་ལ་གཞོལ་བ་དག་གིས་སྒྲ་ཐོས་པ་ཙམ་གྱིས་སྡིག་པ་ཐམས་ཅད་བྱང་སྟེ། བདེ་བར་འཆི་བའི་དུས་བྱས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། གོས་ལ་བདུགས་ན་བདག་ཉིད་མཆོད་པ་ཆེན་པོ་འཐོབ་ཅིང་ཐམས་ཅད་ལ་དབང་བྱེད་པར་གནས་པ་དང་། དོན་གྲུབ་པ་བླ་ན་མེད་པ་ཡིན་ནོ།། ནོར་དང་འབྲུ་རབ་ཏུ་འཕེལ་ཞིང་དགོས་པ་སྒྲུབ་པ་བླ་ན་མེད་པ་ཡིན་ནོ།། ཐམས་ཅད་མཆོད་པ་དང་རྟག་ཏུ་ཚིག་གཟུང་བར་འོས་པར་འགྱུར་རོ།། རྒྱལ་པོ་གང་ལ་ཁྲོས་པ་ལས་རྒོད་ཅིང་སྨྲ་བར་འགྱུར་རོ། ། བུད་མེད་རྣམས་ཀྱི་གནང་ཆེན་དུ་འགྱུར་ཞིང་རྟག་ཏུ་ནད་མེད་པར་འགྱུར་རོ།། རྟག་ཏུ་བརྩོན་འགྲུས་དང་ལྡན་པ་དང་། སྟོབས་དང་ལྡན་པ་དང་། རྟག་ཏུ་དཔལ་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། རྟག་ཏུ་གླང་པོ་ཆེ་བཅུའི་སྟོབས་དང་ལྡན་པ་དང་། ཤི་ནས་མཐོ་རིས་སུ་སྐྱེ་བར་འགྱུར་རོ།། །། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་མཆིས་པ་ནི་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་ཞེས་བྱ་བ་དོན་ཡོད་པའི་ལྕགས་ཀྱུའི་གཟུངས་ཆེན་པོའི་ཆོ་ག་ཞིབ་མོའི་དཀྱིལ་འཁོར་དང་། དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། དཀྱིལ་འཁོར་ཆེན་པོ་ལྟ་བ་དང་། སྒྲུབ་པ་དང་། བཀླགས་པས་འགྲུབ་པ། དོན་ཡོད་པ་ཆེན་པོ་རྣམ་པར་འཕྲུལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་དམ་ཚིག་གྲུབ་པ་ལགས་སོ།། གང་གིས་པདྨ་རྒྱས་པའི་དཀྱིལ་འཁོར་ཆེན་པོ་མཐའ་དག་དང་། ཕྱག་རྒྱ་དང་། རིམ་པར་ཕྱེ་བ་དང་། གསང་སྔགས་དང་། ཆོ་ག་དང་། བདེ་བར་སྒྲུབ་པ་མཐའ་དག་ནི་རིགས་ཀྱི་སྤྱི་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་རྗེས་སུ་འཇུག་པ་འགྲུབ་པར་འགྱུར་བ་ལགས་སོ། ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་འོད་དཔག་ཏུ་མེད་པའི་སྙིང་པོ་མཆོག་དང་པོ་རྡོ་རྗེ་རིན་པོ་ཆེ་རྩེ་མོའི་མཆོག་དང་པོའི་དཀྱིལ་འཁོར་གྱི་དམ་ཚིག་ལ་ཐམས་ཅད་དུ་རྗེས་སུ་ཞུགས་ཤིང་དམ་ཚིག་ཤེས་པར་འགྱུར་བ་དང་། ཐམས་ཅད་དུ་བྱིན་གྱིས་བརླབས་པར་འགྱུར་བ་དེ་རིག་སྔགས་འཆང་བ་དེ་ཐམས་ཅད་མཆོག་ཏུ་གྲུབ་པར་བགྱི་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་སླད་དུ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་དབུས་སུ་བསྒྲགས་པར་བགྱིའོ། ། རིགས་བཞིའི་འཇིག་རྟེན་གྱི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་གཞིག་པའི་ཕྱིར་བཤད་པར་བགྱིའོ། ། གྲུབ་པ་ཡང་དག་པ་རྗེས་སུ་སྩལ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ཅན་དག་པ་ཆེན་པོ་ཁྱོད་ཀྱི་དགེ་བའི་རྩ་བ་རྣམས་དག་ཅིང་ཤིན་ཏུ་ཡོངས་སུ་དག་པ་ཡིན་ཏེ། ལེགས་སོ་ལེགས་སོ།། རིག་སྔགས་འཆང་བ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེ་རུ་དང་། བུ་མོ་རྣམས་ལ་བསྟན་པར་བྱ་བ་ཤོད་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་རིགས་ཐམས་ཅད་ཀྱི་སྤྱིའི་གྲུབ་པ་དམ་ཚིག་གི་རྗེས་སུ་འཇུག་པར་བྱིན་གྱིས་བརླབས་སོ། ། ངས་ཀྱང་དེ་བཞིན་དུ་དེ་དག་བྱིན་གྱིས་བརླབས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོན་ཡོད་པའི་རྒྱས་པའི་པདྨའི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་བཤད་པ། དོན་ཡོད་པའི་ལྕགས་ཀྱུའི་ཡང་དག་པ་མཆོག་གྲུབ་པ། སྒྲུབ་པ་དམ་པ་ནི་ས་དང་བའི་ལྕི་བ་བསྲེས་པས་དཀྱིལ་འཁོར་གྲུ་བཞི་བྱ་བ་ནི་ཤིན་ཏུ་མཛེས་པ་ཤིན་ཏུ་འཇམ་པོར་བྱའོ། ། ཚོ་སྣ་ལྔས་རྣམ་པར་དབྱེ་བ་ནི་གྲཝ་དང་བཅས་པར་རྣམ་པར་དབྱེ་བར་བྱའོ།། ཚོན་སྣ་ཚོགས་ཀྱིས་བྲི་བ་དང་དཀྱིལ་འཁོར་གྲུ་བཞིར་ཐིག་གདབ་པ་ནི་མཉམ་པར་ཐིག་གིས་དབྱེ་བ་བྱ་སྟེ། སྒོ་བཞིར་ཆ་དབྱེ་བར་བྱའོ།། ཆུ་ཞེང་དུ་ཁྲུ་བཞིའི་ཚད་ཙམ་དུ་དབྱེ་བར་བྱའོ།། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོ་ནི་ཚད་ཁྲུ་དོ་པར་བྱས་ལ་ཚོན་སྣ་ལྔའི་སྒལ་བུ་དང་ཚོན་ས་ལས་དབྱེ་བར་བྱའོ། ། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོ་ལ་པདྨ་དཀར་པོ་ཁ་བྱེ་བ་ཟླུམ་པོར་བྱའོ།། པདྨ་ཁ་བྱེ་བའི་དབུས་སུ་ཞགས་པ་དང་། ལྕགས་ཀྱུ་དང་། པདྨ་གནས་པར་བྱ་བ་ནི་ཀླུ་མགོའི་གདེངས་ཀཱ་འདྲ་བ་ལྕགས་ཀྱུ་དང་བཅས་པ་དང་། ལག་པ་དང་བཅས་པས་པདྨའི་ལྕགས་ཀྱུ་འཛིན་པ་དང་། འབར་བའི་ནང་ན་འདུག་པར་བྱའོ།། ཚོན་སྣ་ཚོགས་ཀྱིས་བྲིའོ། ། པདྨ་འ་ཕྱེ་བའི་ཕྱི་རོལ་གྱི་སྒལ་བུ་ནི་ལྕགས་ཀྱུ་དང་བཅས་པའི་སྒལ་བུར་བྱའོ།། ནང་དང་ཕྱིའི་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་བྱའོ།། ལྕགས་ཀྱུའི་ཕྱི་རོལ་གྱི་སྐལ་བུ་ནི་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གིས་བྱའོ། ། ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་ཕྱི་རོལ་གྱི་སྒལ་བུ་ནི་མདུང་རྩེ་གསུམ་པ་བྲི་བར་བྱའོ།། མདུང་རྩེ་གསུམ་པའི་འཕྲེང་བའི་ཕྱི་རོལ་གྱི་སྒལ་བུ་ནི་ཕྱག་རྒྱ་ཕྱག་ན་ཐོགས་པར་བྲི་བར་བྱ་སྟེ། མཚོན་ཆ་སྣ་ཚོགས་དང་མེ་ཏོག་རྣམས་སོ།། ཀུན་ལ་འབར་བའི་འཕྲེང་བ་དང་འོད་ཟེར་ཁ་དོག་སྣ་ཚོགས་བྲི་བར་བྱའོ།། ཕྱག་གི་ཕྱག་རྒྱའི་ཕྱི་རོལ་གྱི་སྐལ་བུ་ནི་སྟེགས་བུ་དང་འདྲ་བར་བྱའོ། ། སྟེགས་བུའི་ཕྱི་རོལ་གྱི་སྐལ་བུ་ནི་འཁོར་བར་ལྕགས་ཀྱུ་བྲི་བར་བྱའོ།། སྙིང་པོའི་དཀྱིལ་འཁོར་གྱི་གྲཝ་ནི་རྒྱལ་པོ་ཆེན་པོ་བཞི་གོ་བགོས་པ། ལྕགས་ཀྱུ་དང་མདུང་རྩེ་གཅིག་པ་ཐོགས་པ། འབར་བའི་ནང་ན་འདུག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་པདྨོའི་གདན་ལ་འདུག་པར་བྱའོ།། དཀྱིལ་འཁོར་གྱི་ཕྱི་རོལ་ཐོག་ཐག་ཏུ་འཇིགས་པ་མེད་པས་ཕྱག་མཚན་རྣམས་ཐམས་ཅད་པདྨ་ལ་འདུག་པ་བྲི་བར་བྱའོ།། སྒོ་བཞིའི་གནས་སུ་པདྨའི་དཀྱིལ་འཁོར་གྱི་ལྷ་རྣམས་བྲི་བ་ནི་ཤར་གྱི་སྒོར་ལག་ན་རྡོ་རྗེ། ལྷོར་རལ་པ་གཅིག་མ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། བྱང་དུ་ཕོ་ཉ་མོ་དང་རིག་སྔགས་ཀྱི་ལྷ་མོ་རྣམས་བྲི་བར་བྱའོ།། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་སྐལ་བུ་ནི་མེ་ཏོག་གི་སྟེགས་བུ་འདྲ་བར་བྱའོ། ། ཕྱི་རོལ་གྱི་དཀྱིལ་འཁོར་ནི་ཀུན་བའི་ལྕི་བས་བྱའོ།། ཕྱི་རོལ་གྱི་དཀྱིལ་འཁོར་དེ་ལ་ནས་ཕྱེས་པདྨ་བྲི་བར་བྱའོ།། དཀྱིལ་འཁོར་ཀུན་བུམ་པ་གང་བ་དང་། དར་བཏགས་པའི་མདའ་དང་། དྲིའི་སྣོད་བཀང་བས་བརྒྱན་ཅིང་བྱུག་པའི་ཆུ་དགང་བ་དང་། བདུག་སྤོས་ཀྱི་སྣོད་ཀྱིས་བརྒྱན་པ་དང་། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། དྲི་ཆབ་དང་། མཆོད་ཡོན་གྱིས་ཆབ་དང་། འབྲས་བུ་དང་། ཡོན་ཆབ་དང་། དངུལ་གྱི་མེ་ཏོག་དང་། གསེར་གྱི་མེ་ཏོག་དང་། ཟངས་ཀྱི་མེ་ཏོག་གིས་འཇིགས་པ་མེད་པར་བརྒྱན་པར་བྱའོ།། མུ་ཏིག་དང་། བྱུ་རུ་དང་། རིན་པོ་ཆེ་བཻ་ཌཱུཪྻ་སྔོན་པོ་དང་། མར་གང་དང་། པདྨ་རཱ་ག་རྣམས་ཀྱིས་དེ་བཞིན་དུ་བརྒྱན་ཏོ།། དཀྱིལ་འཁོར་ཀུན་ཏུ་དུང་དང་། དྲིལ་བ་དང་། རྩཝ་དར་བྷ་དང་། གསེར་དང་། དངུལ་གྱིས་བརྒྱན་པར་བྱའོ།། དཀྱིལ་འཁོར་གྱི་དོན་དུ་མཆོད་པའི་ཕྱིར་དཀྱིལ་འཁོར་གྱི་ལྷ་བཀྲ་ཤིས་པ་རྣམས་དང་། སྒོ་བཞིའི་གནས་སུ་དྲི་ཆབ་ཀྱི་བུམ་པ་དར་གྱིས་བརྒྱན་ཏེ་གཞག་པར་བྱའོ།། དཀྱིལ་འཁོར་གྱི་ཕྱི་རོལ་ཐོག་ཐག་ཏུ་རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པ་དང་། བུམ་བུ་དང་། བྱ་མ་བུམ་དང་། བུམ་པ་དང་། རྟེ་གུ་དང་། ཁམ་པོར་དང་། བུམ་པ་གང་བ་རྣམས་བྱས་ཏེ་གཞག་གོ། ། བོག་པོར་དང་། གཏོར་མ་བཟང་པོ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་བཀྲམ་པར་བྱ། འཕྲེང་བ་བཟང་པོས་བརྒྱན་པར་བྱ། ཚོན་སྣ་ལྔ་པའི་བ་དན་གདགས། ཚོན་སྣ་ལྔ་པའི་སྲད་བུ་སེང་ལྡེང་གི་ཕུར་པ་ལ་བཏགས་པ་གཟུགས་པར་བྱའོ།། ཀུན་ཏུ་མར་མེའི་འཕྲེང་བ་དང་མར་མེའི་སྡོང་པོ་བཞིའང་དེ་བཞིན་ནོ།། མཁས་པས་དཀྱིལ་འཁོར་གྱི་ནང་དུ་བདུག་པ་དབུལ་བ་ནི་ཨ་ཀ་རུ་དང་། ཙན་དང་། དུ་རུས་ཀ་དང་། སྤྲི་ཀ་རྣམས་ཀྱི་བདུག་པ་ག་པུར་དང་གླ་རྩིས་བསྒོས་པ་བྱའོ།། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་བདུག་པ་ནི་གུ་གུལ་དང་། ས་ལ་ལི་ཀ་དང་། ཀུན་ཏུ་རུའི་བདུག་པ་དབུལ་བར་བྱའོ། ། དེ་ནས་རིག་སྔགས་འཆང་བས་གོས་གསར་པ་བགོས་ཏེ་གཙང་མར་བྱས་ནས་མཎྜལ་གྱི་ལས་སུ་བྱ་བའི་ཆོ་ག་དང་། ལྕགས་ཀྱུའི་རིག་སྔགས་བཟླས་བརྗོད་བྱ་བ་དང་། སློབ་མ་གཞུག་ཅིང་དཀྱིལ་འཁོར་གྱི་དམ་ཚིག་དང་། ཕྱག་རྒྱ་དང་། བའི་རྣམ་ལྔ་ལ་རེག་པར་བྱ་སྟེ། མཁས་པས་ཕྱག་རྒྱ་དང་གསང་སྔགས་བརྗོད་ཅིང་དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཆེན་མོ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། ། མཚམས་བཅིང་བ་དང་། ཕྱོགས་བཅིང་བ་དང་། སྤྱི་གཙུག་བཅིང་བ་དང་། འཇུག་པ་དང་། དམ་ཚིག་དང་། ཁྲུས་བྱ་བ་དང་། གོས་བགོ་བ་དང་། ཕྱག་འཚལ་བ་དང་། བསྐོར་བ་དང་། དེ་དག་ཐམས་ཅད་ལ་སྦྱར་བ་བྱའོ། ། སྦྱིན་སྲེག་དང་བཟླས་བརྗོད་ཀྱི་ཆོ་ག་ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་དང་། དགུག་པ་དང་། སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། དེ་བཞིན་དུ་ཡང་དག་པར་སྤྲུལ་པ་དང་། ལས་ཐམས་ཅད་ལ་རིག་སྔགས་འཆང་བས་ཐམས་ཅད་དུ་སྦྱར་ན་མྱུར་ཞིང་རྫོགས་པར་འཆང་ཞིང་། དེས་ན་གྲུབ་པ་བླ་ན་མེད་པར་འགྱུར་རོ།། བགྲང་འཕྲེང་དང་། ཁྲིག་མའི་གདུ་བུ་དང་། སྲད་བུ་སེ་རལ་ཁ་གཙང་མ་དང་། རྩཝ་དར་བྷ་དང་། ཡུངས་ཀར་དང་། ཆུ་དང་བསྲེ་བ་དང་། རྩཝ་དར་བྷའི་སྟན་ལ་མཆོད་ཕྱིར་ཐོགས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་ལས་བྱ་ཞིང་། པདྨ་དང་མཆོད་ཡོན་གྱིས་དཀྱིལ་འཁོར་ལ་དབུལ་བ་དང་། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་དུས་ཐས་ཅད་དུ་ངེས་པར་བྱའོ།། དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་དྲན་པར་བྱ་སྟེ། གྲུབ་པ་མཆོག་དང་། ལས་ཐམས་ཅད་སྒྲུབ་པ་དང་། གང་དང་གང་དགོས་པ་ལ་དྲན་པར་བྱའོ།། གསང་སྔགས་དེ་ཉིད་ཀྱིས་སླར་གཤེགས་སུ་གསོལ་ལོ།། གསང་སྔགས་གཞན་དང་བསྲེ་བར་མི་བྱ་སྟེ། ཕྱག་རྒྱ་དང་གསང་སྔགས་འདི་ནི་དཔའ་བོ་གཅིག་ཏུ་བཀླགས་པས་གྲུབ་པའི་མཆོག། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བྱིན་གྱིས་བརླབ་པ་སྟེ། ཡང་དག་པར་འགྲུབ་ཅིང་མཆོག་སྦྱིན་པར་བྱེད་པ་ཡིན་ནོ།། དོན་ཡོད་པའི་ལྕགས་ཀྱུའི་དཀྱིལ་འཁོར་དམ་པའི་དཀྱིལ་འཁོར་འདི་མཐོང་བ་ནི་སྡིག་པ་ཐམས་ཅད་རྣམ་པར་འདག་ཅིང་། སྒྲིབ་པ་དང་སྡིག་པ་ཐམས་ཅད་དང་། སྔོན་གྱི་སྒྲིབ་པ་མི་བཟད་པ་སྔར་བསགས་པ་རྣམས་རྣམ་པར་ཞིག་པར་འགྱུར་རོ།། འཇིག་རྟེན་པའི་གྲུབ་པ་བདེ་བ་དང་། འཇིག་རྟེན་ཕ་རོལ་ཏུ་འབྲས་བུ་ཆེན་པོ་བདེ་བ་དང་། ཤི་བའི་ནུས་བྱས་ནས་བདེ་བ་ཅན་དུ་སོང་སྟེ། པདྨའི་ནང་ནས་རྒྱལ་བའི་སྤྱན་སྔར་རྫུས་ཏེ་སྐྱེ་བ་དང་། ཁ་ཏོན་བྱེད་ན་ཚེ་རབས་དྲན་པར་འགྱུར་བ་དང་། གང་ཞིག་འཆད་པ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཐམས་ཅད་ཀྱི་སྒོ་ཕྱེ་སྟེ་འདུག་ཅིང་གང་འདོད་པ་དེར་འཇུག་པར་འགྱུར་རོ། ། རྒྱལ་བ་ཐམས་ཅད་ཀྱིས་རྣམ་པར་གཟིགས་ཤིང་སྤྱི་བོར་ཕྱག་བཞག་སྟེ། དབུགས་འབྱིན་པར་མཛད་ཅིང་དུས་ཀུན་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ།། འདི་ནི་སྐྱེ་བའི་ཐ་མ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཡིན་གྱི། གཞན་དུ་སྐྱེ་བར་མི་འགྱུར་རོ།། འཇིག་རྟེན་འདི་ན་དགའ་བར་འགྱུར་ཞིང་། བླ་མ་དང་། ཆོས་ཅན་དང་། ནོར་གྱིས་མཆོད་པ་དང་། སེམས་ཅན་ཀུན་གྱིས་མཆོད་པར་འོས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་བཞིན་དུ་འགྱུར་རོ། ། ནོར་དང་འབྲུ་འཕེལ་བ་དང་། གོས་དང་རྒྱན་གྱིས་བརྒྱན་པ་དང་། རྒྱལ་པོ་དང་བཙུན་མོར་བཅས་པ་ཐམས་ཅད་བྱ་བ་ཅི་ཡོད་ཅེས་བྲན་བཞིན་དུ་གནས་པར་འགྱུར་རོ། ། ལྕགས་ཀྱུའི་དཀྱིལ་འཁོར་དུ་ཞུགས་པ་ནི་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ།། འདི་ངན་འགྲོར་ཡང་འགྲོ་བར་མི་འགྱུར་ཞིང་། རྟག་ཏུ་བདེ་ཞིང་དགའ་བ་དང་།། སེམས་ཅན་ཐམས་ཅད་དགའ་བ་དང་། བྱམས་པར་འགྱུར་རོ།། ལྷ་ཐམས་ཅད་ཀྱིས་ལུས་ཅན་ཤིན་ཏུ་བསྲུངས་པར་འགྱུར་རོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱི་མཆོད་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་འཕེལ་བར་འགྱུར་ཞིང་ཉི་མ་བཞིན་དུ་གཟི་བརྗིད་འབར་བར་འགྱུར་རོ།། སྡུག་ཅིང་བཟང་བ་མཆོག་ཏུ་བལྟ་བར་འོས་པར་འགྱུར་རོ།། དཔལ་གྱིས་དུས་རྟག་ཏུ་འབར་ཞིང་ཤིན་ཏུ་རྒྱས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ག་དྷཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ནས་དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། ། བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ།། ལྕགས་ཀྱུའི་དཀྱིལ་འཁོར་དུ་གང་ཞིག་ཞུགས་པ་ཙམ་དང་། དཀྱིལ་འཁོར་དེ་ལྟ་བུ་ལ་མེ་ཏོག་གཅིག་དབུལ་བ་དང་། རིལ་བུ་གཅིག་ཙམ་གྱི་བདུག་པ་འབུལ་བའི་སེམས་ཅན་དེ་དག་ནི་གངྒཱའི་ཀླུང་བྱེ་མ་དགུ་བཅུ་རྩ་དགུ་པ་འབུམ་ཕྲག་བྱ་བ་ཁྲག་ཁྲིག་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་མེ་ཏོ།། སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་གངྒཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་སྣ་ཚོགས་ཀྱིས་མཆོད་པ་བྱས་པར་འགྱུར་རོ། ། བདུག་པ་མང་པོ་རྣམ་པར་བྱེ་བའི་སྤྲིན་ལས་ཙན་དན་སྦྲུལ་གྱི་སྙིང་པོ་དང་གོ་ཤིར་ཤའི་བདུག་པ་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་རིམ་པར་ཕྱེ་བ་རབ་ཏུ་འཁྲིགས་པར་འགྱུར་རོ། ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་རབ་ཏུ་སྦྱིན་པར་མཛད་དེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་འདི་ནི་མཆོག་ཏུ་གྲུབ་པ་བླ་ན་མེད་པ་ཡིན་ནོ།། དེ་དག་གིས་མེ་ཏོག་དང་བདུག་པས་དཀྱིལ་འཁོར་མཆོད་པ་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། སྒྲུབ་པ་ཆེན་པོ་འགྲུབ་པར་འགྱུར་རོ།། འཕགས་པ་སྤྱན་རག་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པ་མཛད་པར་འགྱུར་རོ། ། རྟག་ཏུ་མཐོང་བར་བཞེད་པར་འགྱུར་རོ།། རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། རྟག་ཏུ་དོན་ཡོད་པའི་ལྕགས་ཀྱུ་གྲུབ་པ་འགྲུབ་པར་འགྱུར་རོ། ། ཚིག་གཟུང་བར་བྱ་བར་འགྱུར་རོ།། རྟག་ཏུ་བཞིན་འཛུམ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་རྣམས་སྲུང་བ་དང་། སྦེད་པ་དང་། སྐྱོབ་པའི་ཕྱིར་རྗེས་སུ་འབྲང་བ་ཆེན་པོར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་པར་འགྱུར་རོ། ། དེའི་ས་ཕྱོགས་ཀྱང་མཆོད་རྟེན་སྙམ་དུ་སེམས་ཤིང་མཆོད་རྟེན་རིང་བསྲེལ་ཅན་དུ་འགྱུར་རོ།། སེམས་ཅན་གང་དག་དེ་ལ་ལྟ་བའི་ཕྱིར་སོང་བའི་སེམས་ཅན་དེ་དག་སྡིག་པ་དང་། སྒྲིབ་པ་དང་། དུག་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ།། འཇིགས་པ་དང་། རིམས་དང་། མྱ་ངན་ཐམས་ཅད་ལས་བྲལ་བར་འགྱུར་རོ།། ནད་དང་བྲལ་བར་འགྱུར་རོ།། རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། རྟག་ཏུ་འཇིག་རྟེན་ཐམས་ཅད་ཀྱི་བླ་མར་འགྱུར་རོ།། དགྲ་ཐམས་ཅད་ལས་ཕྱིར་རྒོལ་བ་ཐམས་ཅད་དང་། མི་མཛའ་བའི་འཇིགས་པ་ལས་ཐར་བར་འགྱུར་རོ།། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་ཡོངས་སུ་ཐར་པར་འགྱུར་རོ།། འདི་ནས་ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། ཐ་ན་རི་དགས་དང་བྱ་དག་གནས་ཏེ་ཕྱོགས་སུ་ཉེ་བར་སོང་བ་དེ་དག་སྒྲིབ་པ་ཐམས་ཅད་དང་། དེའི་སྔོན་གྱི་ཚེ་ལ་ཡོངས་སུ་བསགས་པ་དེ་དག་ལྷག་མ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། ། དེ་དག་ཐམས་ཅད་བདེ་འགྲོ་ལ་གཞོལ་བར་འགྱུར་རོ།། ངན་སོང་དང་ངན་འགྲོའི་འཇིགས་པ་མེད་པར་མཐའ་བྱང་ཆུབ་ལ་ཐུག་གི་བར་དུའོ། ། དེ་ནས་དོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་ག་བརྗོད་པར་བྱ་སྟེ། གནས་ཐམས་ཅད་དུ་བླ་ན་མེད་པ་འགྲུབ་པ་ནི་སྡིག་པ་ཐམས་ཅད་མོད་ལ་སྲེག་པར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་འཕྲོག་པ། དེ་བཞིན་དུ་ནད་ཐམས་ཅད་སེལ་བ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གང་དཀྱིལ་འཁོར་ཆེན་པོར་ཀུན་ཏུ་ལུང་བསྟན་པ། མི་འཇིགས་པ་སྦྱིན་པ། མཆོག་ཏུ་དཀོན་པ། ཡིད་ལ་རེ་བ་ཐམས་ཅད་འཕྲལ་དུ་ཡོངས་སུ་རྫོགས་པར་འགྱུར་བ། བཀྲ་ཤིས་ཐམས་ཅད་སྒྲུབ་པ། བསོད་ནམས་ཐམས་ཅད་སོགས་པ། མྱུར་དུ་ནོར་དང་འབྲུ་སྦྱིན་པར་མཛད་པ། སྒྲུབ་པ་ཡང་དག་པར་གྲུབ་པར་བྱ་བའི་ཕྱིར་གསང་སྔགས་འགྲུབ་པ། བཟླས་བརྗོད་འགྲུབ་པ། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྲུབ་པ། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་དེ་ཁོ་ན་ཉིད་རྣམ་པར་མཐོང་བ་ཞེས་བྱ་བའི་བསོད་ནམས་ཆེན་པོ་སྐྱེ་བར་འགྱུར་རོ། ། ནམ་བྱང་ཆུབ་ཡང་དག་པར་འཐོབ་ཀྱི་བར་དུ་དགེ་བའི་རྩ་བ་ཆེན་པོ་རབ་ཏུ་སྐྱེ་བར་འགྱུར་རོ།། དོན་ཡོད་པའི་ལྕགས་ཀྱུ་ཆོ་འཕྲུལ་ཆེན་པོའི་རས་ཀྱི་སྐུ་གཟུགས་ཆེན་པོ་མཐོང་བ་ལ་སོགས་པ་ནི་ཕྱིས་ངན་འགྲོའི་གནས་སུ་མི་འགྲོ་ཞིང་། སྡིག་པའི་ལས་ཀྱིས་མི་གོས་པ་དང་། སྔོན་གྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་རྣམ་པར་འཇིག་པ་དང་། སྡིག་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ལས་ཐར་པར་འགྱུར་བ་དང་། དམྱལ་བ་མི་བཟད་པ་རྣམས་ལས་ཐར་པར་འགྱུར་རོ།། ཚེ་རབས་ཀུན་ཏུ་བདེ་བ་དང་། ད་ལྟར་གྱི་འདི་ལ་མཆོག་ཏུ་དགོན་པའི་བདེ་བ་ལྷུན་གྱིས་གྲུབ་ཐོབ་པར་འགྱུར་རོ། ། བཀྲེན་པའང་ལོངས་སྤྱོད་དང་ཕྱུག་པོ་མཚུངས་པ་མེད་པ་མཆོག་མོད་ལ་ཐོབ་པར་འགྱུར་རོ།། ལྷའི་དཔལ་ཐོབ་པར་འགྱུར་རོ།། འཁོར་བཟང་པོ་བདོག་པར་འགྱུར་རོ། ། རྒྱལ་པོ་རྣམས་ཀྱིས་བླ་མར་བྱ་ཞིང་། རྟག་ཏུ་དུས་ཐམས་ཅད་དུ་མཆོད་པར་འོས་པར་འགྱུར་རོ།། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་།། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་རྣམས་རྟག་ཏུ་དབང་དུ་བྱ་སྟེ། འདུག་ཅིང་ཐམས་ཅད་བསྙེན་བཀུར་བྱེད་ཅིང་འདུག་པ་ནི་རས་ཀྱི་སྐུ་གཟུགས་ལ་མཆོད་པ་བླ་ན་མེད་པ་ཡིན་ནོ།། རས་གྲུ་བཞི་ཁྱོན་ཀུན་ཁྲུ་གང་ངམ། ཁྲུ་དོ་པ་ལ་ལེགས་པར་བཏགས་པ། རས་འཇམ་པོ་ཐག་རན་བཟང་པོ་གཉེན་པོ་ཤིན་ཏུ་དག་པར་བཀྲུས་པ་གཙང་མར་བྱས་པ་འམ། ཡང་ན་དར་ཡུག་གམ། ཡང་ན་མོན་དང་རམ། ཤུན་ཕྲགས་ལ་ཟླ་བ་ཡར་གྱི་ཚེས་བཅོ་ལྔ་ཚང་བའི་བར་དུ་རས་ཀྱི་སྐུ་གཟུགས་བླ་ན་མེད་པ་བྲི་བར་བྱའོ།། སྣོད་གཙང་མ་གསར་པའི་ནང་དུ་ཚོན་ལྷག་པ་པ་ཡིན་པ་བླུགས་ཏེ། རས་ཀྱི་སྐུ་གཟུགས་གསལ་བར་བྲི་བ་ནི་ཚོན་སྣ་ཚོགས་ཀྱིས་རྣམ་པར་དབྱེ་བར་བྱའོ། ། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགོན་པོ་བྲི་བ་ནི་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ། སྤྱན་གསུམ་པ། ཞལ་གསུམ་བ། མཆོག་ཏུ་བཟང་བ། ཞལ་དང་པོ་ནི་མཛེས་ཤིང་སྡུག་པ། དབུ་ལྕང་ལོ་དང་ཐོར་ཙུགས་ཀྱིས་བརྒྱན་པ། ཅོད་པན་ལ་འོད་དཔག་མེད་ཀྱིས་བརྒྱན་པ། དབུ་སྐྲ་འཁྱིལ་བར་བྱའོ།། མེ་ཏོག་གི་འབྲང་བབབཅིངས་པར་བྱའོ། ། འཕྲེང་བའི་གོང་དུ་འོད་དཔག་མད་བྱའོ།། ཅོད་པན་ལ་ཟླ་བ་ཕྱེད་པ་དང་འོད་འདོམ་གང་བ་བྱའོ།། ཀུན་ཏུ་ལྕགས་ཀྱུ་བྱའོ།། ཀུན་ཏུ་འབར་བའི་འཕྲེང་བ་བྱའོ།། ཕྱག་བཞི་ལ་ཕྱག་གཡོན་ན་པདྨའི་ལྕགས་ཀྱུ། གཡས་ན་མདུང་རྩེ་གསུམ་པའི་ལྕགས་ཀྱུ། གཡོན་གཅིག་ན་དོན་ཡོད་པའི་ཞགས་པའི་ཝཿ། གཡས་གཅིག་ན་རྡོ་རྗེ་ལྕགས་ཀྱུ་དབུགས་འབྱིན་པར་བྱའོ།། གདན་སེང་གེའི་པདྨོ་བྱའོ། ། གཡོན་དུ་ལྷ་མོ་སྒྲོལ་མའོ།། གཡས་སུ་དཀར་མོ་སྟེ། མེ་ཏོག་སྣ་ཚོགས་ཐོགས་པ། བཅོམ་ལྡན་འདས་ཀྱི་ཞལ་ལྟ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་ལ་བཞུགས་པ། འབར་བའི་ནང་ན་བཞུགས་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱབ་ཏུ་རིན་པོ་ཆེའི་ཤིང་ལྐུག་ཕྲན་དང་། ཡལ་ག་དང་ཆས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། ། ནེ་ཙོ་དང་། རི་སྐེགས་དང་། ཤང་ཤང་ཏེའུ་དང་། རྨ་བྱ་དང་། བྱ་ཀ་ལ་བིང་ཀ་རིན་པོ་ཆེའི་གསེབ་ན་རྒྱུ་བར་བྱའོ།། ཤིང་གི་གོང་སྤྱི་བོ་ལ་ཁང་བུ་བརྩེག་མ་དང་བཅས་པའི་གཞལ་མེད་ཁང་གི་ནང་དུ་དེ་བཞིན་གཤེགས་པ་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་བྱའོ། ། སྤྱན་རས་གཟིགས་དབང་ཕྱུག་གི་གཡོན་དུ་སྲིན་མོ་རལ་པ་གཅིག་མ་བྱའོ།། གཡས་སུ་ལག་ན་རྡོ་རྗེ་ཁྲོས་པའི་གད་མོ་འབྱིན་པའི་གཟུགས་མཆེ་བ་གཙིགས་པ། སྐྲ་གྱེན་དུ་བརྫེས་པ། ལྕང་ལོ་དང་ཅོད་པན་གྱིས་བརྒྱན་པ། རྡོ་རྗེ་ཐོགས་ཤིང་རྡོ་རྗེ་གསོར་བ། ནམ་མཁའ་ལ་བལྟ་བར་བྱའོ།། སྨད་དུ་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། རྒྱལ་པོ་ཆེན་པོ་བཞི་བྱའོ།། གོང་དུ་དབང་པོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལྷའི་བུ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ།། གཡས་བྱོག་སུ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་བཏུད་དེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ།། གཡོན་དུ་དགའ་བོ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་རྣམ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ། ། གཡས་ཀྱི་གནས་གཅིག་ཏུ་རིག་སྔགས་འཆང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་པུས་མོ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་མེ་ཏོག་སྣ་ཚོགས་ཀྱི་སྡོང་བུ་དང་། པོག་པོར་དང་། བགྲང་འཕྲེང་ལག་ན་ཐོགས་པ་བྱའོ།། ཕྱོགས་བཞི་ངོས་ཀུན་ཏུ་རིས་བསྐོར་བ་ལ་རི་དགས་ཀྱི་ཚོགས་སྣ་ཚོགས་ཀྱིས་གང་བ། ཤིང་སྣ་ཚོགས་མེ་ཏོག་དང་ལྕུག་མ་ཅན་བྱའོ། ། རྫིང་བུ་ཆུ་ཟག་པ་བྱའོ།། འབྲས་བུ་སྣ་ཚོགས་ཅན་གྱི་ཤིང་དང་ལྕུག་མ་བྱའོ།། གནས་སོ་སོར་དྲང་སྲོང་རྣམས་དང་། གྲུལ་བུམ་གྱི་ཤིང་བྱའོ།། ཚུལ་དེ་ལྟར་དོན་ཡོད་པའི་ལྕགས་ཀྱུ་རས་ལ་བྲིས་ཏེ་གནས་གཙང་མ་དབེན་པར་བཞག་ལ། རིག་སྔགས་འཆ་བས་འབད་པ་ཆེན་པོས་མཆོད་པར་བྱའོ།། ཨ་ཀ་རུ་དང་། དུ་རུས་ཀ་དང་། ཙན་དན་གྱི་བདུག་པ་དབུལ་བར་བྱའོ། ། ཅི་ནུས་པར་དོན་ཡོད་པའི་ལྕགས་ཀྱུའི་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ།། ཉི་མ་རེ་རེར་རས་ལ་སྐུ་གཟུགས་བྲིས་པ་མཐོང་བ་ཙམ་གྱིས་མོད་ལ་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་དང་། སྒྲིབ་པ་དང་། མནར་མེད་པར་གཞོལ་བ་དང་། དམ་པའི་ཆོས་སྤོང་བ་རྣམས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ།། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སྡུག་བསྔལ་གྱི་འཇིགས་པ་མི་བཟད་པ་དང་། ནད་ཐམས་ཅད་ཡོངས་སུ་ཟད་པ་དང་། རྣམ་པར་དག་པར་འགྱུར་རོ།། རྣམ་འཇིག་པར་འགྱུར་རོ།། དྲི་མ་དང་བྲལ་བར་འགྱུར་རོ།། སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར་རོ།། གཟུངས་གྲུབ་པ་ཆེན་པོ་སོ་སོར་ཐོབ་པར་འགྱུར་རོ།། མཐོང་བ་ཙམ་གྱི་མོད་ལ་དེ་མ་ཐག་ཏུ་འབྲས་བུ་ཆེན་པོ་རྙེད་པ་རྒྱ་ཆེན་པོར་འགྱུར་རོ།། ལན་འགའ་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། ལྷ་ཐམས་ཅད་ཀྱིས་རྒྱུན་དུ་བསྲུངས་ཤིང་རྗེས་སུ་བཟུང་བར་འགྱུར་རོ། ། རས་ཀྱི་སྐུ་གཟུགས་འདིའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བ་ཙམ་གྱིས་འཕག་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་མངོན་དུ་མཐོང་བ་དང་འདྲ་བར་རིག་པར་བྱའོ། ། གང་ཞིག་རས་ཀྱི་སྐུ་གཟུགས་འདི་ལ་ལེགས་པར་འགྱུར་བའི་ཚུལ་གྱིས་བྱ་བ་བྱེད་པ་དང་། མཆོད་པ་དང་བསྙེན་བཀུར་བྱེད་པ་དེ་ནི་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་དང་མཉམ་པའི་དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་མཆོད་པར་འགྱུར་རོ། ། དེ་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་ན་རབ་ཏུ་བཞུགས་པའི་དེ་བཞིན་གཤེས་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་གནས་ཐོབ་པར་འགྱུར་རོ། ། དགེ་བ་བསམ་པ་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རིག་སྔགས་འཆང་ཐམས་ཅད་གྲུབ་པར་བགྱི་བའི་ཕྱིར་དང་། སེམས་ཅན་གྱི་དོན་དང་། ཕན་པ་དང་། བདེ་བར་བགྱི་བའི་ཕྱིར་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བགྱི་བའི་ཕྱིར། དོན་ཡོད་པའི་ལྕགས་ཀྱུ་རིག་སྔགས་ཀྱི་རྒྱལ་པོ་རིམ་པར་ཕྱེ་བ་རྣམས་བསྟན་པ་ལགས་སོ།། བཅོམ་ལྡན་འདས་ཡང་བདག་ལ་མཆིས་པ་ནི་དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོའི་ལས་གྲུབ་པ་མཆོག་ཏུ་འགྱུར་བ་དང་། བསམ་པ་དང་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། མ་རུངས་པ། བརྩོན་པ་མེད་པ་དང་། བརྩེ་བའི་བསམ་པ་མེད་པ་ནི་གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཟག་འཇུག་པ། མ་རུངས་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རབ་ཏུ་དུལ་བར་མཛད་པ། བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་རབ་ཏུ་ཞི་བ་དང་ཕུང་བར་བྱེད་པ། སེམས་ཅན་མ་རུངས་པ་ཐམས་ཅད་སྐྲག་པར་བྱེད་པ། ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་འཆིང་བ་དང་། གཅོད་པ་དང་། རབ་ཏུ་འབིགས་པ་དང་། རྡུང་བ་དང་། གཏོར་བ་དང་། ལུས་རྣམ་པར་ཞིག་པར་བྱེད་པ་དེ་ནི། བཅོམ་ལྡན་འདས་འདིར་བདག་གིས་པདྨོ་རྒྱས་པའི་དཀྱིལ་འཁོར་དོན་ཡོད་པའི་ཞགྲ་པའི་སྙིང་པོ་ཆོ་ག་ཞིབ་མོའི་དཀྱིལ་འཁོར་གྱི་སྐབས་སུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་ནང་དུ་དོན་ཡོད་པའི་ཁྲོ་བའི་ལྗགས་ཀྱུ་བརྗོད་པར་བགྱི་སྟེ། དཀྱིལ་འཁོར་དང་ཆོ་ག་ཞིབ་མོ་ཐམས་ཅད་དུ་སྲུང་བར་བྱེད་པ། འཆོས་པར་བྱེད་པ། དམ་ཚིག་འཛིན་པ། གནས་ཐམས་ཅད་ལ་རྗེས་སུ་སྦྱོང་བ་སྟེ། དེ་ནི་སྒྲུབ་པར་བྱེད་པ། སྒྲུབ་པ་འགྲུབ་པར་བྱེད་པའི་མཆོག་དེ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སླད་དུ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོས་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བ་མཛོད་ཅིག་དང་། རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་འགྲུབ་པའི་སྙིང་པོ་དག་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་རྗེས་སུ་སྩལ་བར་བགྱིའོ།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཕྱག་རྒྱ་ཆེན་པོས་ཕྱག་རྒྱས་བཏབ་སྟེ་ངས་ཀྱང་བྱིན་གྱིས་བརླབས་སོ། ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཕྱག་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་ཀྱིས། སྨྲོས་ཤིག། གསང་བ་པ་ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་བ་དང་། རྡོ་རྗེའི་སྙིང་པོ་ཐམས་ཅད་དམ་ཚིག་ལ་གནས་པའི་ལྷ་དང་། ཀླུ་དཔག་ནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་པ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་སྨོས་ཤིག། སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་གོ་སྐབས་དང་མཆོག་གྲུབ་པར་བྱོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱིས་བཀའ་བསྒོ་ཞིང་དབུགས་ཕྱུང་བ་ཐོས་ནས་སྙིང་དགའ། སྨིན་མ་བསྐུམས། དཔྲལ་བ་ཕྱེད་ཁྲོས་པར་བྱས། གདོང་ཁྲོ་གཉེར་དུ་བྱས། མཆེ་བ་ནི་གཙིགས། སྤྱན་རས་གཟིགས་ཀྱི་ལུས་འཁོར་མང་པོའི་ནང་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། དོན་ཡོད་པའི་ཞགས་པ་ཁྲོ་བོའི་རྒྱལ་པོ་འདི་སྨྲས་པ། དུས་གསུམ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་རྡོ་རྗེ་འཆང་བ་དང་། དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ལ་ཕྱག་འཚལ་ལོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། ། ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ།། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། ཤཱ་ར་དྭ་ཏིའི་བུ་བློ་གྲོས་ཅན་ལ་ཕྱག་འཚལ་ལོ། ། དྲང་སྲོང་ཆེན་པོའི་ཚོགས་ལ་ཕྱག་འཚལ་ལོ།། རྒྱལ་ཚབ་ཏུ་དབང་བསྐུར་བ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ།། ཁམས་གསུམ་པའི་བདག་པོ་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱིས་བསྐོར་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། ཁྲོ་བོའི་རྒྱལ་རིག་སྔག་ཀྱི་རྒྱལ་པོ་ཆེན་པོའི་ཚོགས་ལ་ཕྱག་འཚལ་ལོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨོཾ་བི་ཀྲྀ་ཏ། བ་ད་ན་མ་ཧཱ་ཀྲོ་དྷ་རཱ་ཛཱ། བ་ལཾ་ཀ་ར། མ་ཧཱ་བྷོཥྚ། ཨཱཿཊ་ཧཱ་སཱ་ན། ཛྭ་ལ་ཛྭཱ་ལ། མ་ཧཱ་ཛྭ་ལཾ། མཱ་ལ་མ་ཧཱ་རོ་དྲ། རཱུ་པ་བྷ་ས~ཾ་ཀ་རན། ཧ་ན་ཧ་ན། སརྦ་དུཥྚ། ཡཀྵ་རཱཀྵ་སན། ད་ཧ་དྲཱ་ཧ། སརྦ་དུཥྚ། ནཱ་གཱ་ནཱན། པ་ཙ་པ་ཙ། སརྦ་དུཥྚ། བི་གྷྣ། བི་ནཱ་ཡ་ཀན། པཱ་ཏ་ཡ་པཱ་ཏ་ཡ། སརྦ་དུཥྚ་སཏྭཱ་ནཱཾ། བྷོ་བྷི་མཧཱ་ཀྲོ་དྷ་རཱ་ཛ། མ་ཎི་ཀ་ན་ཀ་བཛྲ། བཻ་ཌཱུཪྻ། ཨ་ལང་ཀྲྀ་ཏི་ཤ་རཱི་རན། བཛྲ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། མ་ཧཱ་པདྨ། ཨི་ཀུ་ཤ་བྷུ་ཛཱ་ཡ། མ་ཧཱ་པདྨ་ཨཱ་ས་ནཱ་ཡ། མ་ཧཱ་པདྨ་བི་ཀ་ཙ་གརྦྷ་ཡ། ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། བ་ལ་པ་རཱ་ཀྲ་མཱ་ཡ། ས་ཧ་སྲ། བི་དྱཱ་ཡ། སརྦ་བྷཱུ་ཏ། བྷ་ཡཾ་ཀ་རཱ་ཡ། སརྦ་དེ་བ་བྷ་བ་ན། ཀཱམ་བ་ཨུད་བྷ་བཱ་ཡ། མ་ཧཱ་བི་ཀྲྀ་ཏ། བ་ད་ནཱ་ཡ། ན་ར་སི་ཧ་མུ་ཥཱ་ཡ། དྷ་ར་དྷ་ར། བཛྲ་ཛཱ་ལ། དྷུ་རུ་དྷུ་རུ། མ་ཧཱ་ཙཎྜ། བེ་ག་དྷ་ར། ཙ་ར་ཙ་ར། ཙ་ཙ་ར། ཙ་ཙ་ར། ནི་ཤཱ་ཙ་ར། ཨཱི་ཤྭ་ར། བྷྲྀ་ཀུ་ཊཱི་མུ་ཁ། ཧཱུཾ་ཧཱུཾ་ཕཊ། ས་ར་ས་ར། པྲ་ས་པྲ་ས་ར། སརྦ་པཱ་པ། ཀིལྤི་ཥ་ཧ་ར། མཉྫ་མ་ཎི། ཏེ་ཛ་དྷ་ར། པདྨ་ཧསྟ། ཨོཾ་པདྨ་ཨཾ་ཀུ་ཤ། བྷུ་ཛེ། ཏ་རཱ་ཡ། མནྟྲ་མ་ཡ། བིཀྟཾ། ཤཱ་ས་ཡ། དུཥྚཱན། ནཱ་ཤ་ཡ། སརྦ་པཱ་པ་བ་རཎཱ། ཧཱུཾ་ཕཊ་སྭཱཧཱ། པཱ་ཤ་ཧསྟཱ་ཡ་སྭཱཧཱ། པདྨ་དྷ་ར་ཡ་སྭཱ་ཧཱ། ས་མཱ་ཤྭཱ་ས་ཀཱ་ཡ་སྭཱནྡྷ། ཨ་མོ་གྷ་བྷ་ར་དྷ་རཱ་ཡ་སྭཱཧཱ། ཀྲོ་དྷ་ར་ཛེ་བྷ་ཡཾ་ཀ་རཱ་ཡ་སྭཱ་ཧཱ། བྲཧྨ་བེ་ཥ་དྷ་རཱ་ཡ་སྭཱ་ཧཱ། ཏྲཻ་ལོ་ཀྱ་པཱུ་ཛ་ཏཱི་ཡ་སཱརྠ། ཡ་མ་བ་ནར་ཎ། ཀུ་བ་ར། ན་མཿཀྲྀ་ཏཱ་ཡ་སྭཱཧཱ། བཛྲ་དྷ་ར་པཱུ་ཛཱི་ཏཱ་ཡ་སྭཱཧཱ། མ་ཧཱ་ཀཱ་ལ་མ་ཏྲི་ག་ཎཱ། བན་དི་ཏ། པཱུ་ཛི་ཏྟཱ་ཡ་སཱཥྚ། དེ་བ་ག་ཎ། བན་དི་ཏཱ་ཡ་སྭཱཧཱ། ནཱ་ག་ཨ་ཀཪྵ་ཡ་སྭཱཧཱ། ཨོཾ་བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། སརྦ་མཎྜ་ལ་ཨ་དྷིཥྛི་ཏ་ས་མ་ཡ་སཱཧཱ། སརྦ་མུ་དྲཱ་ཨ་དྷིཥྛི་ཏ་སུ་དྲཱ་ཡ་སཱཧཱ། ཨོཾ་ཨ་མེ་གྷ་བ་ར་དེ། མ་ཧཱ་དཥྚྭཱ། ཨཾ་ཀུ་ཤ་བཛྲེ་ཧཱུཾ། མི་ཧཱ་པདྨ། ཨཱ་ཤྭ་ས་དྷ་ར། ན་མོ་སཱུ་ཏེ། ཨ་མོ་གྷ་ཨཾ་ཀུ་ཤ་ཧཱུཾ་ཕཊ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་ཆེན་པོའི་གཟུངས་འདི་སྨྲས་པ་དང་། ལྷའི་གནས་དང་བཅས་པ་དང་། རི་རབ་དང་བཅས་པའི་རྒྱ་མཚོ་གནས་དང་བཅས་པ་དང་། གཞལ་མེད་ཁང་རྣམས་ཀུན་ཏུ་འགུལ་ལོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ།། མ་རུངས་པའི་ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་དང་། བདུད་ལ་སོགས་པ་དང་། ལོག་འདྲེན་མ་རུངས་པ་དང་། གདོན་མ་རུངས་པ་རྣམས་ལ་སྦུབ་ཏུ་འགྱེལ་ལོ། ། མ་རུངས་པ་ཐམས་ཅད་ཀྱི་ཁྱིམ་ཀུན་ཏུ་ཚིག་སྟེ་འབར་བ། ཀུན་ཏུ་འབར། རབ་ཏུ་འབར། འབར་བ་གཅིག་ཏུ་གྱུར་ཅིང་བསྲེགས་པ་དང་། དྲ་ཞིང་འདྲེ་ལྡོག་སྟེ། ཚོར་བ་དྲག་པོ་མི་བཟད་པ་ཆེན་པོ་མྱོང་ངོ་།། ལྷ་ཐམས་ཅད་ཤིན་ཏུ་འཁྲུགས་ཤིང་སྐྲག་གོ།། བདུད་ཀྱི་རིགས་རྣམས་བྲེད་ནས་ཁས་བཏགས་སོ།། འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་ཀུན་ཏུ་འཁྲུགས་སོ། ། རྒྱ་མཚོ་ན་གནས་པའི་ཀླུ་དང་། རྒྱ་མཚོའི་ཀླུ་ཆེན་པོ་དགའ་བོ་དང་། བསྙེན་དགའ་བོ་དག་ཀྱང་ཀུན་ཏུ་འཁྲུགས་ཤིན་ཏུ་སྐྲག་སྟེ་སྙིང་འདར་རོ།། གཞན་ཡང་སའི་སྟེང་ན་ཀླུ་སྟོང་ཕྲག་བརྒྱ་གནས་པ་དང་། རྒྱ་མཚོ་རི་ཆུའི་ནང་གི་ཀླུ་གང་དག་དང་། རི་ལ་གནས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀུན་ཏུ་འཁྲུགས་ཤིང་སྐྲག་སྟེ་གཅིག་ཏུ་འབར་བར་གྱུར་ཅིང་གདུང་སོ། ། རྒྱལ་པོ་ཆེན་པོ་བཞི་རྣམས་གནས་ན་འདུག་ནའང་སྐྲག་གོ།། ནག་པོ་ཆེན་པོ་དང་། ཚོགས་ཆེན་པོའི་གཙོ་བོ་དང་། མ་མོའི་ཚོགས་ཀྱིས་བསྐོར་བ་དེ་དག་ཐམས་ཅད་སྐྲག་ཅིང་སྙིང་འདར་རོ། ། གནས་ལ་བརྟེན་པའི་བདུད་ཀྱི་གནས་རྣམས་འདར་རོ།། འབར་ཀུན་ཏུ་འབར་ཏེ་གནས་དང་བཅས་པར་སྲེག་གོ།། དེ་ནས་འཁོར་དེའི་ནང་གི་ལྷ་དང་ཀླུ་རྣམས་བཅོམ་ལྡན་འདས་ཀྱི་སྟེང་རོལ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་སྣ་ཚོགས་འཐོར་རོ། ། ལྷ་རྫས་ཀྱི་རྒྱན་སྡུད་པ་སྣ་ཚོགས་དང་ཆོས་གོས་ཀྱི་ཆར་པ་འབེབས་སོ།། མཆོད་པའི་ལས་བྱེད་ཅིང་ཙན་དན་གྱི་ཆུའི་ཆར་པས་ས་ལ་ཆབ་ཆག་འདེབས་སོ། ། ལྷ་རྫས་ཀྱི་གསེར་དང་དངུལ་གྱི་མེ་ཏོག་དང་། རིན་པོ་ཆེ་སྣ་བདུན་རྣམ་པ་སྣ་ཚོགས་ཀྱི་ཆར་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་འབར་ཞིང་རྡོ་རྗེ་གསོར་ཏེ། ཤིན་ཏུ་འགྱིང་བག་ཏུ་སེང་གེའི་འགྲོས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་སོང་སྟེ་ཉེ་བར་ཕྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་འཕྲེང་བ་བཅོམ་ལྡན་འདས་ཕྱག་ན་པདྨ་ལ་ཕུལ་ཏེ། ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་འཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འདི་དབུ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ལ་ཐུགས་རྩེ་བའི་སླད་དུ་ཐུགས་རྗེ་ཆེན་པོས་བཞེས་སུ་གསོལ། གང་གིས་བདག་ཡུན་རིང་པོར་ཕན་པ་དང་བདེ་བར་འགྱུར་བ་ལགས་སོ།། ཁྲོ་བོ་ཆེན་པོའི་ཡང་ཆེན་པོ་བཤད་ཅིང་གང་དྲན་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ།། གང་དག་བདུད་མ་རུངས་པ་དང་། གང་དག་ཀླུ་མ་རུངས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མ་རུངས་པ་དང་། ལོག་འདྲེན་མ་རུངས་པ་རྣམས་ཁྱིམ་དང་བཅས་ཏེ་ལུས་ཀུན་ཏུ་ཚིག་ཅིང་རབ་ཏུ་འབར་ནས་ལ་སྦུབ་ཏུ་འགྱེལ་ཅིང་སྲེག་གོ། ཤིལ་ཐུག་པ་དང་སྲོག་བསྐམས་པར་འགྱུར་བའི་དོན་ཡོད་པའི་ལྕགས་ཀྱུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ནི་དུས་ཐམས་ཅད་དུ་མགོའི་སྤྱི་བོར་བླང་བར་བགྱིའོ། ། བཅང་ངོ་།། བསྒོམ་མོ།། མཆོད་དོ།། རྒྱས་པར་བགྱིའོ།། རིག་སྔགས་འཆང་གང་གི་ལག་ན་ཁྲོ་བོའི་རྒྱལ་པོ་འཆང་བར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་ལགས་ན་ཐོགས་པ་འམ། ལུས་ལ་ཐོགས་པ་འམ། ལྟ་བ་འམ། དྲི་བ་འམ། ཐ་ན་ཁྲོ་བོའི་རྒྱལ་པོ་ཉན་པ་ཙམ་དེའང་བཅོམ་ལྡན་འདས་བདག་གིས་ཁུར་དུ་བསྐུར་བར་བགྱིའོ། ། སྤྱི་བོར་བླང་བར་བགྱིའོ།། བསྲུང་བར་བགྱིའོ།། ཡོངས་སུ་བསྐྱང་བར་བགྱིའོ།། བསམ་པ་དང་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། ། གྲུབ་པ་ཆེན་པོའི་ཆེན་པོ་རྗེས་སུ་སྩལ་བར་བགྱིའོ།། གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་འདྲེན་དང་། མ་རུངས་པ་ཐམས་ཅད་སོ་སོར་བསལ་བར་བགྱིའོ།། རྟ་ཏུ་རྗེས་སུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ།། རྟག་ཏུ་དུས་ཐམས་ཅད་དུ་མཐོང་བ་རྗེས་སུ་སྦལ་བར་བགྱིའོ།། རྟག་ཏུ་རྒྱུན་མི་འཆད་པར་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་ཅིང་ཕུན་སུམ་ཚོགས་པར་ཡོངས་སུ་བསྐྱང་བར་བགྱིའོ། ། ལུས་ལ་སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་བསྐྱེད་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་གྲོགས་བགྱིའོ།། དགྲ་ཐམས་ཅད་སོ་སོར་བསལ་བར་བགྱིའོ། ། ནོར་དང་། འབྲུ་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། སྤུད་པ་དང་། རྒྱན་རྗེས་སུ་སྩལ་བར་བགྱིའོ།། བུ་གཅིག་པ་འདྲ་བར་རྗེས་སུ་བསྐྱང་བར་བགྱིའོ།། དད་པ་དང་གུས་པས་དུས་ཀུན་ཏུ་མཆོག་ཏུ་མོས་པར་བགྱིའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཁས་བླངས་པ་མཆོག་ཏུ་བཟང་པོ་བྱས་པ་འདི་ལེགས་སོ་ལེགས་སོ་ཞེས་སྨྲས་ཏེ། ལག་པ་གཡས་པ་བརྐྱང་ནས་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་འཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བླངས་ཏེ། ལག་ན་རྡོ་རྗེ་ལ་རྗེས་སུ་བརྩེ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་། དཀྱིལ་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དཀྱིལ་འཁོར་གང་ཡིན་པ་འདིར་འདུག་ཅིང་དམ་ཚིག་ལ་གནས་པ་རྣམས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་འདུག་སྟེ། དེ་བཞིན་གཤེགས་པའི་དབུའི་གོང་དུ་གཏོར་རོ།། དེ་ནས་འཕྲེང་བ་དེ་ནམ་མཁའ་དེ་ལ་གཏོར་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུའི་སྟེང་དུ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་དེ་ཁང་བུ་བརྩེགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། འོད་འཚེར་བ། ཀ་བ་བཞི་དང་སྒོ་བཞི་ལེགས་པར་རྣམ་པར་འབྱེས་པ། གྲུ་བཞི་ལྷམ་པ། ཆུ་ཞེང་ཤིན་ཏུ་རྒྱ་ཆེ་བ། ཤིན་ཏུ་ནང་ཡངས་པ། མེ་ཏོག་ཀ་ད་ལྱ་དག་གིས་མཛེས་པ། གཞལ་མེད་ཁང་སྣ་ཚོགས་ཡོངས་སུ་གྱུར་ཏེ་གནས་སོ།། དེ་དག་བྱང་ཆུབ་སེམས་དཔའི་དབུའི་སྟེང་ཐད་ཀར་ཡང་དེ་བཞིན་དུ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་རིན་པོ་ཆེ་སྣ་ཚོགས་སྤྲས་པའི་ཁང་བུ་བརྩེགས་པའི་གཞལ་མེད་ཁང་དུ་ཤིན་ཏུ་གནས་སོ། ། དེ་ལག་ན་རྡོ་རྗེའི་དབུའི་སྟེང་གི་ཟད་ཀར་ཡང་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པར་ཤིན་ཏུ་གནས་སོ། ། དེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་ཐོག་ཐག་ཏུའང་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་ཀྱིས་སྤྲས་པ་མེ་ཏོག་ཀ་ཏ་ལྕིས་མཛེས་པར་བྱས་ཏེ་གནས་སོ། ། ཁང་བུ་བརྩེགས་པའི་ཉེ་འཁོར་ཀུན་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོའི་ལྷའི་བུ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ལག་ན་རྫ་ཡབ་ཐོགས་ནས་གཡོབ་ཅིང་འདུག་གོ། ། དེ་དག་ཀྱང་འཁོར་འདུས་པ་ཆེན་པོ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་སོ།། དཀྱིལ་འཁོར་གྱི་རིག་པའི་རྒྱལ་པོའི་ལྷ་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པའི་འཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁང་བུ་བརྩེགས་པའི་ནང་ན་འཁོད་པ་ནི། ཉི་མ་དང་ཟླ་བ་སྦ་བ་བཞིན་དང་། ནམ་མཁའ་ལ་ཟླ་བ་ཉ་བ་ན་རྒྱུ་སྐར་དང་སྐར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྦ་བ་བཞིན་དུ་སྤ་བར་གནས་སོ། ། མེ་ཏོག་དེ་དག་གི་ནང་ན་ལྷ་རྫས་ཀྱི་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་པདྨ་དང་། ཀུ་མུ་ད་དང་། པུཎྜ་རི་ཀ་དང་། མན་ད་ར་དང་། མཧཱ་མན་ད་ར་དང་། མེ་ཏོག་རོ་ཙ་དང་། མ་ཧཱ་རོ་ཙ་དང་། མེ་ཏོག་ས་ལ་དང་། ཏཱ་ལ་ཀ་དང་། མེ་ཏོག་ཏ་མ་ལ་དང་ཙམ་པ་ཀ་དང་། མེ་ཏོག་ཨ་དྷི་མུག་ཏ་ཀ་དང་། མེ་ཏོག་ཨ་ཤོ་ཀ་དང་། མེ་ཏོག་པ་ཏ་ལ་དང་། མེ་ཏོག་ནཱི་ལ་དང་། མ་ཧཱ་ནཱི་ལ་དང་། མེ་ཏོག་གན་དྷ་བྷཪྵ་ཀ་དང་། མེ་ཏོག་སུ་མ་ན་དང་། ཏ་ར་ཎ་དང་། ཀུ་ཡ་ཀའི་མེ་ཏོག་གི་ཆར་གྱི་རྒྱུན་ཕབ་བོ།། བཅོམ་ལྡན་འདས་ལ་མཆོད་པ་དང་། དཀྱིལ་འཁོར་ཆེན་པོ་དེ་ལ་མཆོད་པའི་ཕྱིར་དང་། ལྷ་རྫས་ཀྱི་ཆོས་གོས་སྤུད་པ་དང་རྒྱ་ཀྱི་ཆར་ཇི་སྲིད་དུ་ཆར་འབབ་ཅིང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་དོ།། དེ་ལྟར་ན་ཆོ་འཕྲུལ་ཆེ་བའི་ཆེ་བ་དག་སྣང་ངོ་།། རོལ་མོའི་སྒྲ་ཡན་ལག་ལྔ་པ་དག་ཀྱང་མ་བརྡུང་ནམ་མཁའ་ལ་སྒྲ་བྱུང་ངོ་། ། ། འཕགས་པ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ་བམ་པོ་ཉི་ཤུ་བཞི་པ།། ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་མཆོག་ཏུ་དཀོན་པའི་ཁྲོ་བོའི་རྒྱལ་པོ་འདི་སྨྲས་ཏེ། རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་གྲུབ་པར་བྱ་བའི་ཕྱིར་མ་རུངས་པ་ཐམས་ཅད་འཇོམས་པ། སྡིག་པ་ཐམས་ཅད་སྲེག་པ་བཤད་པ་ལེགས་སོ་ལེགས་སོ། ། འདི་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་རིག་སྔགས་འཆང་བ་རྣམས་ཀྱིས་ལན་ཅིག་དྲན་པ་ཙམ་གྱིས་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ།། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བའི་སྦྱིན་པར་འགྱུར། གནས་ཐམས་ཅད་དུ་གཏོགས་པའི་གྲུབ་པ་ཆེན་པོ་རབ་སྟོན་པར་འགྱུར། རིག་སྔགས་འཆང་བ་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ཆེན་པོ་ཐམས་ཅད་བྱེད་པར་འགྱུར། ཕྱི་མའི་ཚེ་ཕྱི་མའི་དུས་ན་འདི་ནི་འཇིག་རྟེན་ལས་འདས་པ་གཅིག་པུ་མཆོག་འགྲུབ་པར་འགྱུར་ཏེ། ལས་སྒྲུབ་པ་ཡང་དག་པར་འགྲུབ་པའི་ཕྱིར་རོ།། དེ་ནས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་ཞེས་བྱ་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནོད་སྦྱིན་ཆེན་པོ་སྟོང་ཕྲག་བརྒྱའི་བདག་པོ་སྟོབས་ཆེ་བ། དཔུང་ཆེ་བ། བརྟན་ཞིང་ཕ་རོལ་གནོན་པ་ཆེན་པོ་གང་གི་ལག་མཐིལ་གཅིག་གིས་རིའི་རྒྱལ་པོ་ལྷུན་པོ་ཆེན་པོ་སྲུལ་བར་བྱེད་པ། ལྷའི་གནས་གཞལ་མེད་ཁང་དང་བཅས་ཏེ་རྒྱ་མཚོ་ཆེན་པོ་ན་གནས་ཏེ་འཁོར་བྱེ་བ་ཕལ་པོ་ཆེ་དང་ལྡན་པ། དྲག་པོ་གཟི་བརྗིད་དྲག་པོ་སྟོབས་ཆེ་བ། ཕ་རོལ་གྱི་དཔུངས་འཇོམས་པར་བྱེད་པ་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཉེ་བར་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདྲ་ཀྱི་ཞབས་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཁྲོ་བོའི་རྒྱལ་པོ་ཆེན་པོའི་གཟུང་རིག་སྔགས་ཀྱི་རྒྱལ་པོ་ཤིན་ཏུ་མི་བཟད་པའི་གསང་སྔགས་བཤད་པས་ནི་བཅོམ་ལྡན་འདས་གཞལ་མེད་ཁང་དང་བཅས་པ་བསྲེགས་སོ། ། གནོད་སྦྱིན་དུ་མ་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་འཁོར་དང་བཅས་པ་འབར་བ་གཅིག་ཏུ་གྱུར་ཏེ་བསྲེགས་སོ། ། བཅོམ་ལྡན་འདས་བདག་ནི་ཞིག་སྟེ་ཚིག་ཅིང་ཞུ་བར་གྱུར་ཏོ།། བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བདག་ལ་སྐྱོབ་པ་སུ་ལགས།། དཔུང་གཉེན་དུ་འགྱུར་པ་སུ་ལགས། བཅོམ་ལྡན་འདས་བདག་ནི་སྲོག་རྣམ་པར་ཞིག་གོ།། དུས་ཀྱི་ཞགས་པས་བཅིངས་སོ།། བཅོམ་ལྡན་འདས་བདག་ལ་ཕན་གདགས་སུ་གསོལ། བདེ་བར་གཤེགས་པ་བདག་ལ་བསྐྱབ་ཏུ་གསོལ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། @གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྱོད་མ་འཇིགས་པར་ཁྲོ་བོའི་རྒྱལ་པོ་ལྕགས་ཀྱུའི་དཀྱིལ་འཁོར་གྱི་རྗེས་སུ་སོང་ཞིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་ཉེ་བར་སོང་ཞིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་ནི་ཁྱོད་ཀྱི་སྐྱབས་དང་། དཔུང་གཉེན་དང་། སྐྱོབས་པ་དང་། རྟེན་དུ་འགྱུར་ཏེ། གང་གིས་འཁོར་གྱི་ཚོགས་དང་བཅས་པའི་གནོད་སྦྱིན་སྟོང་ཕྲག་བརྒྱའི་སྲོག་དང་བྲལ་བར་མི་འགྱུར་བ་ཡིན་ནོ།། ཀྱེ་གནོད་སྦྱིན་ཆེན་པོ་མྱུར་བར་མྱུར་བར་སོང་སྟེ་སྐྱབས་སུ་འགྲོ་བར་བྱོས་ཤིག། དེ་ནས་ཁྲོས་པའི་གད་རྒྱངས་ཅན་གཙུག་པུད་འབར་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅོམ་ལྡན་འདས་ཀྱིས་དབུགས་ཕྱུང་བ་རྟོགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་སོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ངུ་ཞིང་བརྒྱལ་ནས་ལག་པ་བརྐྱང་སྟེ། ཞབས་ལ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་བསྐྱབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་བདག་བསྐྱབ་ཏུ་གསོལ། བདག་ལ་སྲོག་སྩལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་ནི་བསྲེགས་ཤིང་གཅིག་ཏུ་འབར་བར་གྱུར་ཏོ།། བཅོམ་ལྡན་འདས་གནོད་སྦྱིན་དུ་མ་སྟོང་ཕྲག་བརྒྱ་བྱེ་བ་འཁོར་དང་བཅས་པ་སྲོག་དང་འབྲལ་བར་འགྱུར་རོ།། ཤེས་པ་ནི་སྟོར། སྟོབས་དང་། བརྩོན་འགྲུས་དང་། སྤྲོ་བར་བྱེད་པ་ནི་ཉམས་ན། བཅོམ་ལྡན་འདས་བདག་གི་ལུས་སུ་ཞིག་གིས་གསོ་བར་བགྱིད། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉོན་ཅིག། ང་ཇི་སྲིད་སྟོན་གྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག། གནོད་སྦྱིན་གྱི་བདག་པོ་ཁྱོད་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་མང་པོ་ལ་རྣམ་པར་གཙེ་བར་བྱས། ཁྱོད་ཀྱིས་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་མང་པོ་ནི་ཟོས་ན། ཁྱོད་ཀྱིས་འཕགས་པའི་སྤྱན་མང་པོ་ནི་ཉམས་པར་བྱས། ཁྱོད་ཀྱིས་རིག་སྔགས་དང་། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་མང་པོའི་བར་ཆད་ནི་བྱས། གྲུབ་པ་རྣམས་ནི་མེད་པར་བྱས། མ་གྲུབ་པ་རྣམས་ཀྱང་མེད་པར་བྱས། སྐལ་བ་ཅན་མང་པོ་ནི་མེད་པར་བྱས། སྐལ་བ་མེད་པ་ནི་ཡོད་པར་བྱས། མི་འཚེ་བ་དང་། སྲོག་དང་། ལོངས་སྤྱོད་ཀྱི་བདེ་བ་ནི་མེད་པར་བྱས། འཚེ་བ་དང་སྲོག་རྣམ་པར་འཇིག་པ་ནི་འཕེལ་བར་བྱས། ཁྱོད་ཀྱིས་ལེགས་པར་བཤད་པ་ནི་ཡོངས་སུ་བོར། ཁྱོད་ཀྱིས་ཉེས་པར་བཤད་པ་དང་སེར་སྣ་ནི་མང་དུ་བྱས། རིག་སྔགས་འཆང་ཐམས་ཅད་དང་སེམས་ཅན་ཐམས་ཅད་ལ་ཁྱོད་ནག་པོ་དང་རྣམ་པར་འཇིག་པ་རབ་ཏུ་གནས། ཁྱོད་ཀྱིས་ངན་སེམས་ཐམས་ཅད་ནི་སྤེལ། ཁྱོད་ཀྱིས་དགེ་བའི་རྩ་བ་རྣམས་ནི་ནུབ་པར་བྱས། ལྷ་དང་བཅས་པའི་འཇིག་རྟེན་ན་ཁྱོད་ཤིན་ཏུ་མི་བཟང་པ་སྡིག་པ་ཅན་ཡིན། གཤིན་རྗེའི་འཇིག་རྟེན་གྱི་གནས་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་ནང་ན་ཁྱོད་གཅིག་པུ་ངན་སེམས་ཅན་བར་ཆད་བྱེད་པར་སྐྱེས་པ་ཡིན་ཏེ། རྒྱུ་དེས་ན་གནས་སྐབས་འདི་འདྲ་བ་ཐོབ་པ་ཡིན་པས། ཀྱེ་གནོད་སྦྱིན་གྱི་བདག་པོ་དམ་ཚིག་དང་། བསླབ་པ་དང་། སྡོམ་པ་ཁས་བླང་བ་དང་། དགེ་བའི་ཆོས་བྱོས་ཤིག། འོན་ཏང་ཁོ་བོ་ཁྱོད་ཀྱི་སྐྱབས་དང་དཔུང་གཉེན་དུ་འགྱུར་བར་བྱའོ། ། ཁྱོད་སྡུག་བསྔལ་བས་ཉམ་ཐག་པ་དང་། བཅིང་བ་མི་བཟད་པ་དང་། མེ་འབར་བ་མི་བཟད་པའི་འཇིགས་པ་ལས་ངས་ཡོངས་སུ་ཐར་པར་བྱའོ།། མཐོ་རིས་ཀྱི་ལམ་དུ་འཇུག་པར་བྱའོ།། དེ་ནས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་བཏུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེང་སླན་ཆད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཀྱི་བཀའ་ལུང་བཞིན་བགྱིས་ཏེ་དམ་ཚིག་ལ་གནས་པར་བགྱིའོ།། ཆོས་ཀྱི་རྗེས་སུ་སེམས་དཔའ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས་པ་ལ་གནས་པར་བགྱིའོ།། ཁྲོ་བོའི་རྒྱལ་པོ་འདི་དང་། རིག་སྔགས་ཀྱི་རྒྱལ་པོ་ལྕགས་ཀྱུའི་གཟུངས་དང་། ཆོ་ག་ཞིང་མོ་དང་། གང་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཡོངས་སུ་བསྐྱང་བར་བགྱིའོ།། དོན་ཡོད་པའི་ལྕགས་ཀྱུའི་གཟུངས་རིག་སྔགས་ཀྱི་རྒྱལ་པོ་འདི་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། བཟླས་བརྗོད་ཀྱི་ཆོ་ག་ཀུན་སྤྱོད་པ་དེ་ལ་ནི། བདག་གནོད་སྦྱིན་བརྒྱ་སྟོང་དུ་མ་རྣམས་ཀྱིས་འོག་དང་བླ་དང་། ཕྱོགས་བཞི་ཀུན་ཏུ་བསོད་ནམས་སུ་དམིག་ཏེ། བསྲུང་བ་དང་། སྦ་བ་དང་། བསྐྱབ་པར་བགྱིའོ།། ཡོངས་སུ་བསྐྱང་བར་བགྱིའོ།། ལུས་ལ་སྟོབས་དང་། སྤྲོ་བ་དང་། གཟི་བྱིན་མང་དུ་བསྐྱེད་པར་བགྱིའོ།། དེའི་ཡུལ་ཕྱོགས་སུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་དང་། མ་ལེགས་པ་དང་། ལོ་ཉེས་པ་དང་། མིངས་དང་། རིམས་དང་། གནོད་པ་དང་། འཁྲུག་པ་དང་། ཉམ་ཐག་པར་བྱེད་པའི་གདོན་དང་བཅས་པ་དང་། ནད་དང་། གཅོང་དང་། ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། རབ་ཏུ་བསལ་བར་བགྱིའོ།། རྐུན་པོ་དང་། ཟོལ་པོ་དང་། མི་རྒོད་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་རྣམས་བསལ་བར་བགྱིའོ།། དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སོ་སོར་བཟློག་པར་བགྱིའོ། ། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པ་བྱུང་བ་ཐམས་ཅད་སོ་སོར་བཟློག་པར་བགྱིའོ།། ཆར་ཆེས་པ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། སད་དང་། ཐན་པ་དང་། བྱི་བའི་འཇིགས་པ་རྣམས་སོ་སོར་བསལ་བར་བགྱིའོ།། དབེན་པ་དང་། ཉམས་དགའ་བ་དང་། ལོ་ལེགས་བ་དང་། འབྱོར་པ་སྦྱར་བར་བགྱིའོ།། སེམས་ཅན་མི་དགེ་བ་སྤྱོད་པ་ལས་བཟློག་པར་བགྱིའོ།། དགེ་བ་ལ་སྦྱོར་བར་བགྱིའོ།། སེམས་ཅན་དགེ་བ་སྤྱོད་པ་རྣམས་ཀྱི་གྲོགས་བདག་འཁོར་དང་བཅས་པས་བགྱིའོ། ། ཡང་དག་པར་དད་པས་རྗེས་སུ་འབྲང་བར་བསྒྲུབ་པར་བགྱིའོ།། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སེམས་ཅན་ཐམས་ཅད་བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། ། ཆོས་ལ་ཞུགས་པའི་ཡིད་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་གནས་པར་བགྱིའོ།། ཐམས་ཅད་དུ་བདག་མཆི་བར་བགྱིའོ།། ཇི་ལྟར་རང་གི་སྲོག་འདི་ཡོངས་སུ་བསྐྱང་བ་བཞིན་དུ། གཟུངས་དང་རིག་སྔགས་གྲུབ་པ་འདིའང་ཡོངས་སུ་བསྐྱང་བར་བགྱིའོ།། སྤྱི་བོས་བླང་བར་བགྱིའོ།། ཁུར་དུ་བསྐུར་བར་བགྱིའོ།། སྒྲུབ་པར་འགྲུབ་པ་ཆེན་པོ་སྩལ་བར་བགྱིའོ། ། བགེགས་དང་། ལོག་འདྲེན་ཐམས་ཅད་དང་། སེམས་ཅན་མ་རུངས་པ་དང་། གནོད་སྦྱིན་གྱི་ཆད་པསུ་སོ་སོར་གནོད་པ་སོ་སོར་བཟློག་པར་བགྱིའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་སྤྱན་རས་གཟིགས་དབང་ཕྱུག་གིས། ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་དེ་བཞིན་དུ་བྱ་བར་རིགས་སོ།། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བ་ཆེན་པོས་གཟུང་བར་བྱའོ།། རིག་སྔགས་འཆང་བ་ལ་བདག་ཉིད་ཀྱིས་བསྲུང་བ་དང་བཅས་པར་བྱའོ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་སྐྱབས་གསུམ་པ་ལ་གནས་ཤིང་། དཀྱིལ་འཁོར་ཆེན་པོའི་དམ་ཚིག་དང་། དེ་བཞིན་གཤེགས་པའི་བསླབ་པའི་དམ་ཚིག་འཛིན་པ་ལ་གནས་པར་གྱུར་ཏོ། ། རིགས་ཐམས་ཅད་ཀྱི་དམ་ཚིག་དང་ལྡན་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡོན་ཏན་གྱི་ཕུང་པོ་མཆོག་ཏུ་བཟང་བ་ལ་གནོད་སྦྱིན་གྱི་བདག་པོ་ཁས་ལེན་དུ་བཅུག་ཅིང་བཞག་པ་ལེགས་སོ། ལེགས་སོ།། ཁྲོ་བོའི་རྒྱལ་པོའི་ཆོ་ག་ཉེ་བར་སྤྱད་པ་དེ་སྨྲོས་ཤིག། རིག་སྔགས་འཆང་དེ་རྣམས་ཇི་ལྟར་མཆོག་འགྲུབ་པར་འགྱུར་བ་དང་། ལན་ཅིག་དྲན་པ་ཙམ་གྱིས་ཇི་ལྟ་ཇི་ལྟར་མྱུར་བ་མྱུར་བར་ལས་སྒྲུབ་པ་འགྲུབ་པར་འགྱུར་བ་དང་། ཇི་ལྟ་ཇི་ལྟར་དྲན་པ་ཙམ་གྱིས་ཇི་ལྟར་བསམས་པ་དང་ཡིད་ལ་རེབ་འབྱོར་པར་འགྱུར་བ་དང་། དོན་ཡོད་པའི་ལྕགས་ཀྱུ་ཁྲོ་བོའི་རྒྱལ་པོ་འདི་མྱུར་དུ་འགྲུབ་པར་འགྱུར་བ་དེ་ལྟར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རློབས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱིས་བཀའ་ལུང་སྩལ་པ་རྟོགས་ནས་ཉེ་བར་བཤད་པའི་ཆོ་ག་སྨྲས་པ། བཅོམ་ལྡན་འདས་རིག་སྔགས་འཆང་བ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡིན་པ་འམ། གཞན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཁྲོ་བོའི་རྒྱལ་པོ་འདི་སྒྲུབ་པར་འདོད་ན། དེས་ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་འབྲས་ཆན་དང་འོ་མ་ཟ་ཞིང་། ནང་པར་སྔར་ལངས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་མི་སྨྲ་བར་གཎྜཱི་བརྡུང་བའི་དུས་ལ་བབ་ཀྱི་བར་དུ་འབྲས་ཆན་ཁྱོར་བ་བཀང་སྟེ། གཏོར་མ་བརྒྱ་རྩ་བརྒྱད་དབུལ་བ་བྱས་ན། དེས་ཁྲོ་བོའི་རྒྱལ་པོ་སྒྲུབ་པའི་ཆོ་ག་དེ་དག་འགྲུབ་པར་འགྱུར་ཞིང་མཆོག་ཏུ་འགྲུབ་པར་འགྱུར་རོ། ། དེ་ལྟར་བསྒྲུབས་ནས། དེ་ནས་བཟླས་བརྗོད་གཅིག་དང་དྲན་པ་གཅིག་གིས་ཐམས་ཅད་འགྲུབ་པར་བྱས་ན། ཐམས་ཅད་དུ་བྱ་བ་ཐམས་ཅད་མཆོག་ཏུ་འགྲུབ་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་བ་ལས་བྱེད་པར་འདོད་ཅིང་། དོན་ཡོད་པའི་ཞགས་པའི་སྙིང་པོ་སྒྲུབ་པར་འདོད་ན། ཁྲོ་བོའི་རྒྱལ་པོ་ལན་ཅིག་དྲན་པར་བྱའོ།། དྲན་པ་ཙམ་གྱི་མོད་ལ་བགེགས་དང་ལོག་འདྲེན་ཐམས་ཅད་སྐྲག་པར་འགྱུར་ཞིང་། དཔག་ཚད་ཚུན་ཆད་དུ་རིག་སྔགས་འཆང་བའི་དྲུང་དུ་འོང་བར་མི་ནུས་ཏེ། རྒྱང་རིང་པོ་ན་འདུག་གོ།། འདི་ལན་ཅིག་དྲན་པ་ཙམ་གྱིས་བཟླས་བརྗོད་དང་། ཆོ་ག་དང་། སྒྲུབ་པ་བདེ་བར་འགྲུབ་ཅིང་དགོས་པ་སྒྲུབ་པ་ཐམས་ཅད་གྲུབ་པ་བླ་ན་མེད་པ་ཐོབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པར་མཛད་པར་འགྱུར་རོ།། དཔག་ཚད་ཚུན་ཆད་དུ་འབར་བའི་ལྕགས་ཀྱུ་ཆེན་པོ་འཕང་དུ་རི་ཆེན་པོ་ཙམ་འབྱུང་བར་འགྱུར་ཏེ། དཔག་ཚད་གསུམ་གྱི་ཚད་ཙམ་དང་། འོག་ཏུ་གཡང་སར་གྱུར་ཏེ། སུ་འང་འོང་བར་མི་ནུས་སོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་བཅས་པས་གནས་དེར་འོང་བར་མི་ནུས་ན།། མི་མ་ཡིན་པ་ཕལ་པ་དང་། བགེགས་དང་། ལོག་འདྲེན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་དོ།། རིག་སྔགས་འཆང་བ་འཇིགས་པ་མེད་པར་ཡང་དགོས་པ་ཐམས་ཅད་གྲུབ་པ་སྒྲུབ་པར་བྱེད་དོ། ། བགེགས་མེད་པར་ཐམས་ཅད་དུ་སྒྲུབ་པ་འགྲུབ་པ་འཐོབ་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་ལས་ཐམས་ཅད་བྱ་བར་འདོད་ཅིང་། གདོན་བསལ་བར་འདོད་ན་གུ་གུལ་དང་ཡུངས་ཀར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། གདོན་ལ་བདུག་པ་སྦྱིན་པར་བྱའོ།། ཡུངས་ཀར་གྱིས་བརྡེག་པར་བྱའོ།། ལན་ཅིག་དྲན་པར་བྱའོ།། ལག་པ་གཡས་པའི་མཛུབ་མོས་ཁྲོས་པས་བསྡིགས་པར་བྱའོ།། བདུག་པ་དང་། བརྡེག་པ་དང་། དྲན་པ་ལྷན་ཅིག་ཏུ་བྱས་ན་མོད་ལ་གདོན་ཐམས་ཅད་འཇིག་པར་འགྱུར་རོ།། ཅི་སྟེ་ནག་པོ་ཆེན་པོ་རང་ཉིད་དམ། ལྷ་མ་ཡིན་གྱི་དབང་པོ་འམ། སྒྲ་གཅན་ནམ། འཇིགས་བྱེད་ཀྱང་འཇིག་པར་བྱེད་ན། གདོན་གཞན་འོང་བར་ལྟ་ག་ལ་འགྱུར་ཏེ། མོད་ལ་གཅིག་ཏུ་འཇིགས་པར་འགྱུར་རོ།། འབྱུང་པོ་དང་གདོན་གྱིས་ཡོངས་སུ་ཟིན་པ་ཐམས་ཅད་ལ་དུར་ཁྲོད་ཀྱི་ཐལ་བ་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། སྤྱི་བོར་གཏོར་ཞིང་ལན་ཅིག་དྲན་པར་བྱས་ན། མོད་ལ་འབྱུང་པོ་དང་གདོན་འབྲོས་པར་འགྱུར་རོ།། ན་ལ་ད་དང་། ཨན་ད་ནི་དྲ་ཀ་བ་ཙ་དང་། གུ་གུལ་དང་ཧ་ས་དང་། བ་ལ་ཀ་དང་། མ་ཏུ་ལ་དང་། པདྨ་དང་། ཀུཥྨ་རྣམ་གཉིས་དང་། ར་ཛ་ནི་དང་། ཡུངས་ཀར་དང་། ཤིང་ཀུན་དང་། ན་ར་པདྨ་དང་། བི་ཤ་ར་དང་། ཙན་ཏྲི་ཀ་རྣམས་རའི་གཅིན་གྱིས་སྦྲུས་ཏེ། རིལ་བུ་ནས་ཀྱི་འཛེལ་མ་ཙམ་བྱས་ཏེ་གྲིབ་ལ་བསྐམས་ལ། ལྕགས་ཀྱུ་ལན་བདུན་བཟླས་པ་བྱས་ནས་ལས་ཐམས་ཅད་ལ་བདུག་པའི་རྒྱལ་པོ་མཆོག་གི་རིལ་བུ་གཅིག་བདུག་པ་བྱས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་དང་། ནགས་ཚལ་དང་། གཅོང་རོང་དང་བཅས་པ་རྣམས་འགུལ་ལོ།། རྒྱ་མཚོ་ཆེན་པོ་ནི་འཁྲུགས་སོ།། རི་རབ་ཆེན་པོ་ནི་གཡོས་སོ། ། སུམ་ཅུ་རྩ་གསུམ་གྱི་གནས་གཞལ་མེད་ཁང་དང་བཅས་པ་ནི་ཆེར་གཡོས་ཏེ་འགུལ་ལོ།། ལྷ་ཐམས་ཅད་སྐྲག་གོ།། ལྷ་མ་ཡིན་ཐམས་ཅད་ངུ་ཞིང་ཕྱོགས་ཕྱོགས་སུ་འབྲོས་སོ།། ས་ནི་གཡོས་སོ། ། ཀླུ་གང་དག་རྒྱ་མཚོ་ན་གནས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། བརྗེད་བྱེད་དང་། གསང་བ་པ་དང་། ཚངས་པའི་སྲིན་པོ་དང་། བགེགས་དང་། གདོན་མི་བཟད་པ་གཞན་མ་རུངས་པ་དེ་དག་ཐམས་ཅད་དྲི་ཚོར་བ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་ཏེ། དོགས་པར་མི་བྱའོ།། ལུས་རྣམ་པར་ཞིག་པར་འགྱུར། བཅོམ་སྟེ་རུས་པ་ལྷགས་པར་འགྱུར། འཆི་བདག་གི་ཞགས་པའི་ཁར་འགྲོ་བར་འགྱུར། དེས་རྣམ་པར་ཞིག་པར་འགྱུར་བ་དེ་ལ་དོགས་པར་མི་བྱའོ།། དུག་དང་བཅས་པ་ནི་མོད་ལ་དུག་མེད་པར་འགྱུར་རོ།། ཀླུ་འཇོག་པོ་དང་ནོར་རྒྱས་ཀྱིས་གལ་ཏེ་ཟིན་པ་འམ། སྦྲུལ་གྱིས་ཟིན་པ་ལ་བདུགས་པ་དང་བྱུགས་པ་ཙམ་གྱིས་ཐམས་ཅད་དུ་དུག་མེད་པར་འགྱུར་རོ།། གང་དག་འཇིག་རྟེན་ན་དུག་སྣ་ཚོགས་མི་བཟད་པ་ཡོད་པ་ལ་བདུག་པའི་དྲི། ཙམ་དང་། བསྐུས་པ་དང་། རིལ་བུ་ཙམ་གྱིས་མོད་ལ་དུག་ཐམ་ཅད་མེད་པར་གྱུར་ཏེ་ཐེ་ཙོམ་མི་བྱའོ།། འབྲས་དང་། ཕོ་ལ་མིག་དང་། ལུ་ཏ་དང་། ཤུ་བ་དང་། ཤ་བཀྲ་དང་། རྐང་ཤུ་དང་། མཛེ་དང་། འབྲུམ་བུ་དང་། ལྷོག་པ་རྣམ་པ་མང་པོ་དང་། ནད་མཆེད་པ་དང་། ལྦ་བའི་འཕྲེང་བ་དང་། ཁོང་འབྲས་དང་། རྐུབ་ན་བ་དང་། སྐན་དང་། འཁྲུ་བ་དང་། རྩིབ་ལོགས་ན་བ་དང་། སྙིང་ཁ་ན་པ་དང་། གྲེ་བ་འགགས་པ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། མིག་ན་བ་དང་། མགོ་བོ་ན་བ་དང་། གཞོགས་ཕྱེད་ན་བ་ལ་རིལ་བུ་བསྐུས་པ་ཙམ་དང་། ཆུ་དྲོན་འཐུངས་པ་ཙམ་དང་། བདུགས་པ་ཙམ་དང་། བསྣམས་པ་ཙམ་གྱིས་ཐམས་ཅད་དེ་མ་ཐག་ཏུ་རབ་ཏུ་ཞི་བར་འགྱུར་ཏེ། ཐམས་ཅད་ལ་རིལ་བུ་དམ་པ་ལན་ཅིག་བཟླས་བརྗོད་བྱས་ཏེ་བྱིན་ན་ཐམས་ཅད་དུ་དགོས་པ་ཐམས་ཅད་བྱེད་པ་བླ་ན་མེད་པ་ཡིན་ནོ། ། ཤིན་ཏུ་ཆར་ཆེ་བ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། རླུང་དང་། སེར་བ་དང་། འབྱུང་པོ་དང་། མ་མོའི་ཚོགས་དང་། མཚོའི་ཀླུ་དེ་དག་ཐམས་ཅད་དབང་དུ་འགྱུར་རོ། ། ཆར་དུས་སུ་འབེབས་སོ།། ལོ་ཏོག་དང་། འབྲས་བུ་དང་། མེ་ཏོག་ཡོད་པར་འགྱུར་རོ།། ཕྱིས་སེར་བ་མི་འབབ་བོ།། སད་དང་། རླུང་དང་། ཐན་པ་མི་འབྱུང་ངོ་། ། ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་བྱེད་ཅིང་བཀྲ་ཤིས་པ་ཐམས་ཅད་གྲུབ་པར་བྱེད་དོ།། རིམས་དྲག་པོ་མ་རུངས་པ་ཀུན་ཏུ་འཇུགས་པའི་རིམས་མི་བཟད་པ་དང་། འདུས་པ་མི་བཟད་པ་དྲག་པོའི་རིམས་དང་། རིམས་དྲག་པོའི་འཇིགས་པ་ཆེན་པོ་དང་། མེ་འབར་བ་ཤིན་ཏུ་ཆེ་བ་དང་། ཞག་བཞི་པའི་རིམས་མི་བཟད་པ་དང་། གྲང་བའི་རིམས་སྡུག་བསྔལ་ཆེ་བ་དང་། རིམས་གང་དག་འཆི་བའི་ཞགས་པ་འབར་བ་འཁྲུག་པ་དྲག་པོ་མི་བཟད་པ་དང་། ཟློས་པའི་རིམས་གསོ་དཀའ་བ་དང་། ཉིན་གཅིག་པའི་རིམས་དང་། ཉིན་གཉིས་པའི་རིམས་དང་། ཉིན་གསུམ་པའི་རིམ་དང་། དེ་བཞིན་དུ་རླུང་ལས་གྱུར་པ་དང་། 8ད་ཀན་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། མཆིལ་མ་ལས་གྱུར་པའི་རིམས་དང་། རིམས་རྙིང་པ་དང་། ཟུག་གཟེར་དང་། གཞང་འབྲུམ་དང་། གཅིན་སྒྲི་བ་མི་བཟད་པ་དང་། རིམས་ཐམས་ཅད་ལ་བདུགས་པ་ཙམ་གྱིས་ཐེ་ཙོམ་མེད་པར་རྣམ་པར་འཇིག་པར་འགྱུར་རོ།། ནམ་མཁའ་ལྡིང་གི་གདོན་དང་། གང་དག་མི་འམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། མི་མ་ཡིན་པའི་གདོན་དང་། གང་དག་གཞན་མིའི་གདོན་ཐམས་ཅད་བདུག་པས་བཏུགས་པ་དེས་མོད་ལ་ཐམས་ཅད་རྣམ་པར་བྲལ་བར་འགྱུར་རོ།། ལྕགས་ཀྱུའི་གས་བསྔགས་དམ་པ་ལན་ཅིག་དྲན་པར་བྱས་ན་སྐེམ་བྱེད་དང་། བསྐམས་པ་དང་། བརྗེད་བྱེད་དང་། གདོན་ར་ཟ་ཡག་ཤླཱ་དང་། བདག་ཉིད་ངན་པར་བྱང་བ་དང་། གྲིབ་གནོན་དང་། འཐབ་པ་དང་། རྩོད་པ་གང་དུ་སྐྱེ་བོ་ཞེ་སྡང་བ་རྣམས་འབྱུང་བ་དང་། གང་དུ་གནོད་པ་དང་། འཁྲུགས་པ་དང་། ཉོན་མོངས་པ་མང་པོ་རྣམས་ལ་ཡིད་དུ་འོང་བ་བདུགས་པ་ཙམ་གྱིས་ཐམས་ཅད་ལས་དེ་ཐར་པར་འགྱུར་རོ། ། རྒྱལ་པོ་ཁྲོས་པ་དང་། གང་ཞིག་རྐུན་པོ་དང་། མི་རྒོད་ཀྱི་ནང་དུ་སོང་ངམ། བཙོང་རོང་བགྲོད་དཀའ་བའི་ནང་དུ་སོང་ངམ། དོག་པ་མི་བཟད་པའི་ནང་དུ་ཆུད་པ་ལ་ལྕགས་ཀྱུ་ལན་ཅིག་དྲན་པ་དང་། བདུག་པ་མཆོག་གིས་བདུགས་ན་ཐམས་ཅད་དུ་རྟག་ཏུ་བདེ་བར་འགྲོ་བ་དང་། གང་དང་གང་དུ་འགྲོ་བ་ན་བདེ་བར་འགྱུར་རོ།། དེའི་ལུས་ལ་སེཾས་མི་ཚུགས། ཆུ་ཆེན་པོས་འཁྱེར་བར་མི་འགྱུར་རོ།། ལྕགས་ཀྱུའི་རིག་སྔགས་དྲན་པ་དང་། བདུག་པ་མཆོག་གིས་བདུགས་ན་ཐམ་ཅད་དུ་ཕ་རོལ་ཕྱིན་པ་དང་། བདེ་ཞིང་ལེགས་པ་ཤིན་ཏུ་རྒྱས་པར་འགྱུར་རོ། ། དེའི་ལུས་ལ་མཚོན་གྱིས་མི་ཚུགས། དུག་གིས་མ་ཡིན། གསང་སྔགས་མཆོག་ཏུ་དྲག་པོས་མ་ཡིན། དེ་ལ་བྱད་ཀྱིས་མི་ཚུགས། ནད་ཀྱིས་མ་ཡིན། ཉོན་མོངས་པ་དྲག་པོས་མ་ཡིན། གསང་སྔགས་དྲན་པ་ཙམ་དང་། བདུག་པས་བདག་བདུག་པ་ནི་ཐམས་ཅད་དུ་འཇིག་པ་ཐམས་ཅད་ལས་ཐར་པར་འགྱུར་ཏེ། འདི་ལ་དོགས་པ་མི་བྱའོ། ། དགྲ་དང་ཕྱིར་རྒོལ་བའི་མི་སེམས་ཅན་མ་རུངས་པ་མི་བཟད་པ་རྣམས་དང་། འཐབ་མོ་འགྱེད་ཅིང་གཡུལ་འགྱེད་པ་ན་བདག་ཉིད་བདུག་པས་གདུག་ཅིང་རིག་སྔགས་ལན་ཅིག་དྲན་པར་བྱས་ན་ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། ། མཐོང་བ་ཙམ་ལ་དོག་པར་མི་བྱའོ།། གང་ཞིག་རིག་སྔགས་འགྲུབ་པར་མི་འགྱུར་བ་དང་། གང་ཞིག་བགེགས་ཀྱིས་ཟིན་ཏེ་ཉམས་པ་དང་། བློ་ཞན་ཅིང་ལེ་ལོ་ཅན་ལ་བདུག་པ་འདི་སྦྱར་བར་བྱ་ཞིང་། གསང་སྔགས་ལན་ཅིག་བཟླས་བརྗོད་བྱས་ན་དེས་མཆོག་ཏུ་དཀོན་པ་འགྲུབ་པར་འགྱུར་རོ།། སྐལ་བ་མེད་པ་བདག་ཉིད་བདུག་པ་དང་། རིལ་བུ་མཆོག་གིས་བཀྲུ་བ་དང་། མིག་བསྐུ་བ་དང་། མཆོག་ཐིག་ལ་བྱས་ན་ཐམས་ཅད་དུ་སྐལ་བ་ཅན་དང་། དགའ་བ་དང་། དབང་ཕྱུག་མཚུངས་པ་མེད་པར་འགྱུར་རོ། ། ནོར་དང་འབྲུ་འཕེལ་ཞིང་རྒྱལ་པོ་དང་འདྲ་བར་འགྱུར་རོ།། ཐམས་ཅད་དུ་སྟོབས་ཐོགས་པ་མེད་པར་འགྱུར་རོ།། ཐམས་ཅད་དུ་མཆོག་འགྲུབ་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བའི་ཕྱིར་ཉིན་མཚན་དུ་རྗེས་སུ་འབྲང་ཞིང་གནས་པར་འགྱུར་རོ།། བསྲུང་བའི་ཕྱིར་རྒྱལ་པོ་ཆེན་པོ་བཞི་དཔུང་འཁོར་དང་བཅས་པ་རིག་སྔགས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། ། བདེ་བ་ཐམས་ཅད་ཀྱིས་ཚིམ་པ་ཐོབ་པར་འགྱུར་རོ།། གནས་གཅིག་ནས་རིལ་བུ་བདུན་བླངས་ལ་ཁྲོ་བོའི་ལྕགས་ཀྱུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། ། དེ་ནས་རིག་སྔགས་འཆང་བ་འམ། གཞན་གང་ཡང་རུང་བ་ནས། དགེ་སྦྱོང་དང་བྲམ་ཟེ་བཀྲེན་པ་སྡུག་འཕོངས་པའི་བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོའི་དོན་དུ་རིལ་བུ་གཅིག་གིས་ཁྲུས་བྱས། གཅིག་གིས་བདག་བདུག། གཅིག་གིས་གོས་བདུག། གཅིག་ནི་བའི་རྣམ་ལྔ་དང་སྦྱར་ཏེ་བཏུང་བར་བྱ། གཅིག་ནི་མགོའི་སྤྱི་བོར་གཞག། གཅིག་ནི་དཔུང་པ་གཡས་པར་གདགས། རིལ་བུ་གཅིག་ནི་རྐེད་པར་བཏགས་ན་ཐམས་ཅད་དུ་འབྱོར་པ་ཐོབ་པར་འགྱུར་ཞིང་། ཐམས་ཅད་དུ་མཆོག་བླ་ན་མེད་པ་འགྲུབ་པར་འགྱུར་རོ།། བསམ་པ་འགྲུབ་པར་འགྱུར། རྒུད་པ་ཐམས་ཅད་རྣམ་པར་ཞིག་པར་འགྱུར་རོ།། རྨ་དང་། ཉམ་ཆུང་བ་དང་། དེ་བཞིན་དུ་ཆག་གྲུགས་དང་། བགེགས་ཀྱིས་ཟིན་པ་དང་། གདོན་ར་ཟ་ཡག་ཤས་ཟིན་པ་དེ་དག་ཐམས་ཅད་རབ་ཏུ་སྦྱར་བ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་ཏེ་དོགས་པར་མི་བྱའོ། ། སྒྲིབ་པ་ཐམས་ཅད་རྣམ་པར་ཞིག་པར་འགྱུར་ཏེ། སྔོན་བསགས་པའི་སྒྲིབ་པ་ཐམས་ཅད་མོད་ལ་རྣམ་པར་ཞིག་བར་འགྱུར་ཏེ། གསང་སྔགས་བསྟེན་པ་དང་། གསང་སྔགས་དྲན་ཅིང་དྲན་པ་དང་། བདུག་པ་མཆོག་གིས་བདུག་པར་བྱས་པས་དོགས་པར་མི་བྱའོ།། མནར་མེད་པ་དང་། མི་བཟད་པའི་སྡིག་པ་དང་། དུག་དང་། སེམས་ཅན་མ་རུངས་པ་དང་། ལས་ངན་པ་དང་། ཕུང་བ་རྣམས་ཐམས་ཅད་མོད་ལ་མེད་པར་འགྱུར་རོ།། མེས་ཕྱེ་མ་ལེབ་བཞིན་རྟག་ཏུ་མྱུར་དུ། སྲེག་པར་འགྱུར་རོ།། གསང་སྔགས་ལན་ཅིག་དྲན་པར་བྱ་ཞིང་བདུག་པ་འདིས་བདུགས་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཞིག་པར་འགྱུར་རོ།། ཐམས་ཅད་དུ་སྦྱར་བ་ལ་དོག་པར་མི་བྱའོ།། འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་ཁྲོ་བོའི་ལྕགས་ཀྱུ་སྤྱི་གཙུག་འབར་བ་ཞེས་བྱ་བའི་བདུག་པའི་རྒྱལ་པོས་ཁྱིམ་དང་སྒོ་ཆེན་པོར་ནམ་ལངས་ཀ་དང་མུན་པ་སྲོས་ཁར་བདུག་ཅིང་གསང་སྔགས་ལན་ཅིག་དྲན་པར་བྱས་ན། ཁྱིམ་གྱི་ནང་དེར་གང་དག་མི་སྣང་བར་འདུག་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་དང་། གྲིབ་གནོན་མ་རུངས་པ་དང་། མི་མ་ཡིན་པ་ཐམས་ཅད་སྣང་བཞིན་དུ་ཕྱིར་འབྱུང་ཞིང་ངུས་ཏེ། ཀྱི་ཧུད་ཟེར་བའི་ས་འབྱིན་པར་འགྱུར་རོ།། ཁྱིམ་གང་ཡིན་པ་འགུལ་བ་དང་། ཁྱིམ་དང་རྟ་བབས་རྣམས་འབར་བར་འགྱུར་ཞིང་དམྱལ་བའི་སྲུང་མ་མི་བཟད་པ་ཐམས་ཅད་ཕྱོགས་བསླད་པར་འགྱུར་རོ། ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་མཐུ་བོ་ཆེ་ཐམས་ཅད་བདུག་པའི་དྲི་བླ་ན་མེད་པས་སྐྲག་པར་འགྱུར་རོ།། བསམ་པ་ངན་པ་གང་དག་གནས་པའི་ཁྱིམ་ཐམས་ཅད་འབར་བ་དང་། ལུས་བསྲེགས་པ་དང་། ཕྱོགས་དང་ཕྱོགས་མཚམས་འཁྲུལ་པ་དང་། བདུག་པའི་རྒྱལ་པོའི་མཐུས་འཇིགས་པ་མི་བཟད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གཡུལ་འགྱེད་པ་དང་། འཐབ་མོ་དང་། རྩོད་པ་དང་། འཐབ་ཅིང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་རྟག་ཏུ་རྒྱལ་བར་འགྱུར་རོ།། བདེ་ཞིང་ལེགས་པར་རྒྱལ་བ་འགྲུབ་པ་དང་། ཐམས་ཅད་དུ་དཔལ་ཐོབ་པར་འགྱུར་རོ། ། ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་རྣམས་ཀྱིས་བསྲུང་བའི་ཕྱིར་ཉིན་མཚན་དུ་རྗེས་སུ་འབྲང་བར་འགྱུར་རོ།། དེ་བཞིན་དུ་རྗེས་སུ་སྐྱོང་བ་དང་། དུས་ཐམས་ཅད་བླ་ན་མེད་པའི་གཟི་བྱིན་སྐྱེད་པར་བྱེད་དོ།། ཁྲོ་བོའི་རྒྱལ་པོའི་ལྕགས་ཀྱུ་བླ་ན་མེད་པ་འགྲུབ་པའི་ཐིག་ལེ་བརྗོད་པར་བྱའོ།། ཐིག་ལེ་སྐར་མ་ལྟ་བུ་ནི། ལྷ་ཡི་ཉི་མ་བཞིན་དུ་དཔའ། ། ཉི་མ་བྱེ་བའི་འོད་དང་མཚུངས།། བསོད་ནམས་གཟི་བརྗིད་དག་གིས་འབར།། མུན་ཁྲོད་སྒྲོན་ཆེན་འོད་བཞིན་དུ།། མུན་པའི་ནང་ན་སྣང་བར་འགྱུར།། ཚོགས་ཀྱི་དཀྱིལ་ན་མཛེས་པ་ནི། སྐར་མའི་ཚོགས་ལྡན་ཟླ་བ་བཞིན།། བསོད་ནམས་བྱེ་བ་སྟོང་ཕྲག་དང་།། དཔག་མེད་གཞལ་དུ་མེད་པ་ཡིས།། ལུས་འདི་དག་ནི་བརྒྱན་པར་འགྱུར།། མཁའ་ལ་རིན་ཆེན་མཆོད་སྡོང་ལྟར། ། མཚན་དང་དཔེ་བྱད་བཟང་པོས་བརྒྱན།། རིལ་བུ་བསྟེན་པ་བྱས་ན་ནི།། ལུས་ནི་བསོད་ནམས་ཚོགས་ཀྱིས་བསྐྱེད།། གང་ཞིག་ལུས་ནི་འབར་བ་དང་།། ཤིན་ཏུ་བཟང་པོ་ཁོ་ནར་འགྱུར།། འཇིག་རྟེན་མགོན་པོ་དུས་རྟག་ཏུ།། ཕྱག་ནི་སྤྱི་བོར་འཇོག་པར་མཛད།། རྟག་ཏུ་མཆོག་ནི་སྦྱིན་པ་དང་།། ཀུན་ཏུ་བླ་མེད་གྲུབ་པར་འགྱུར།། ཆོ་ག་ཞིབ་མོ་འགྲུབ་པ་དང་། གསང་སྔགས་འགྲུབ་ཅིང་ཕྱག་རྒྱ་དང་།། དཀྱིལ་འཁོར་འགྲུབ་ཅིང་དཀྱིལ་འཁོར་གྱི།། རིམ་པར་ཕྱེ་བ་འགྲུབ་འགྱུར་ཏེ།། ཀུན་ཏུ་འགྲུབ་པ་བླ་ན་མེད།། གིའུ་ཝང་དང་། གུར་ཀུམ་དང་། རུ་རྟ་ཆ་བསྐམས་ཏེ་སྦྱར་ལ་ཁྲོ་བོའི་ལྕགས་ཀྱུའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཚངས་པར་སྤྱོད་པ་མཉམ་པར་བཞག་པ། ཁྲུས་ལེགས་པར་བྱས་པ། གོས་གཙང་མ་བགོས་ཤིང་གཙང་མས་ཟླ་བ་ཡར་གྱི་ངོ་ཚེས་བཅུ་གསུམ་སྐར་མ་རྒྱལ་ལ་བབ་པའི་ཚེ་ཆུ་གཙང་མ་དང་ཞིབ་ཏུ་བཏགས་ལ་རྒྱ་ཤུག་གི་འབྲུ་ཙམ་བྱས་ཏེ་གྲིབ་མ་ལ་བསྐམས་པ་ལ། གང་གི་ཚེ་དགོས་པ་རྩོམ་པ་དེའི་ཚེ་ཁྲོ་བོའི་རྒྱལ་པོའི་ལྕགས་ཀྱུ་ལ་ལན་ཉི་ཤུ་རྩ་གཉིས་བཟླས་བརྗོད་བྱས་ཏེ་སྨིན་མཚམས་སུ་ཐིག་ལེ་བྱའོ། ། སྨིན་མཚམས་སུ་ཐིག་ལེ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་མཚན་ཉིད་བཞིན་དུ་ཐིག་ལེ་བྱས་ཏེ་བྱིན་གྱིས་བརླབས་པ་བྱས་པའི་མོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་མཚན་ཉིད་རྣམ་པར་མཛེས་པའི་ཐིག་ལེ་དང་མཉམ་པར་མཚུངས་པར་བརྒྱན་པར་འགྱུར་རོ། ། ཐམས་ཅད་དུ་མཆོད་པར་བྱ་བ་དང་། རྟག་ཏུ་བླ་མ་ལ་གུས་པས་དམ་ཚིག་མ་ཉམ་པ་དང་། རྒྱལ་པོ་དང་མཚུངས་པའི་བློན་པོ་དང་བཙུན་མོའི་ནང་དུ་སོང་ན་ཐམས་ཅད་དགའ་བར་འགྱུར་ཞིང་། ཐམས་ཅད་དུ་མཆོད་པར་འོས་པར་འགྱུར་རོ།། སེམས་ཅན་ཀུན་གུས་པ་དང་དགའ་བ་ཇི་ལྟར་འཇིག་རྟེན་འདྲེན་པ་ལ་བྱ་བ་བཞིན་བྱེད་དོ།། ནོར་དང་། འབྲུ་དང་། ལྷའི་དཔལ་ཐོབ་པར་འགྱུར་རོ།། ལྷ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་གྲགས་ཆེན་དང་། ཀླུ་རྣམས་ཀྱིས་རྟག་ཏུ་མཆོད་པར་འོས་པ་ཆེན་པོར་འགྱུར་རོ།། གནོད་སྦྱིན་དང་། དྲི་ཟ་དང་། གསང་བ་པ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཆེན་པོར་འགྱུར་རོ།། དབང་ཕྱུག་དང་། སྟོབས་དང་། བརྩོན་འགྲུས་དང་། ཚེ་འཕེལ་བར་འགྱུར་རོ།། ནད་མེད་པ་དང་། རིམས་ནད་མེད་པ་དང་། སྡིག་པ་ཐམས་ཅད་སྤངས་པ་དང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། ཉོན་མོངས་པའི་དྲི་མ་དང་། སྡིག་པ་དང་། དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དང་། དམག་གི་གཡུལ་འགྱེད་པའི་ནང་དུ་རྟག་ཏུ་ཐམས་ཅད་དུ་རྒྱལ་བ་སྦྱིན་པར་འགྱུར་རོ།། དགྲ་དང་ཕྱིར་རྒོལ་བ་རྣམས་ལས་གནས་ཐམས་ཅད་དུ་རྟག་ཏུ་ཀུན་ཏུ་རྒྱལ་བ་ཆེན་པོ་སྦྱིན་པར་འགྱུར་རོ། ཐིག་ལེ་དེ་ལྟ་བུ་བྱས་ཏེ་ཁྲོ་བོའི་ལྕགས་ཀྱུ་ལན་ཅིག་དྲན་པར་བྱས་ལ། ཡུངས་ཀར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ་ཕུག་གི་སྒོར་གཏོར་ན་ཕུག་ཐམས་ཅད་སྒོ་གདང་པར་འགྱུར་རོ།། ཇི་ལྟར་དགའ་བར་འཇུག་པར་འགྱུར་རོ། ། ལན་གསུམ་ཞུགས་ཀྱི་བར་དུ་སྒོ་གཏན་འཇུག་པའི་གནས་སུ་ཁྲོ་བོའི་ལྕགས་ཀྱུ་འབའ་ཞིག་བཟླས་བརྗོད་བྱས་ན། དེའི་ཚེ་ལྷའི་བུ་མོ་ཅན། ཐམས་ཅད་ཀྱིས་བརྒྱན་པ། བཟང་ཞིང་མཛེས་པ། བལྟ་བར་འོས་པ། མཆོག་ཏུ་མདོག་སྡུག་ཅིང་འཁྲིག་པ་དང་ལྡན་པ། དཔལ་གྱིས་ཤིན་ཏུ་དཔའ་ཞིང་འབར་བ། བཞིན་འཛུམ་པ་ལུས་ངོ་ཚ་ཚ་ལྟར་བྱེད་པ། འགྲོས་འགྱིང་བག་ཏུ་འོང་བར་འགྱུར་ཏེ། སྤྱི་བོ་ཡིད་ཙམ་བཏུད་ནས་གསེར་གྱི་སྣོད་རིན་པོ་ཆེས་བཀང་བ་ཐོགས་ཏེ་རིག་སྔགས་འཆང་ལ་འབུལ་བར་བྱེད་དོ།། རིག་སྔགས་འཆང་བས་ཅང་མི་སྨྲ་བར་བྱའོ། ། རིན་པོ་ཆེའི་སྣོད་ཀྱང་བླངས་པར་མི་བྱའོ།། གསང་སྔགས་འབའ་ཞིག་དྲན་པར་བྱ་ཞིང་ཡུངས་ཀར་གྱིས་གཞོན་ནུ་མ་ལ་བརྡེག་པར་བྱའོ།། ཅི་སྟེ་མི་སྡུག་པ་འབྱིན་ཅིང་བཞིན་བསྒྱུར་བ། ཁྲོ་བོའི་གཟུགས་མཆུ་འཕྱང་བ། མཆེ་བ་གཙིགས་པ། སྐྲ་རལ་པ་སེར་ལ་གྱེན་དུ་བརྫེས་ལ། རལ་པ་ཅོད་པན་གྱིས་བརྒྱན་པར་སྟོན་ན། རིག་སྔགས་འཆང་བས་སྐྲག་པར་མི་བྱའོ། ། ཁྲོ་བོའི་ལྕགས་ཀྱུ་འབའ་ཞིག་དྲན་པར་བྱའོ།། ཡང་ཡུངས་ཀར་གྱིས་མགོའི་སྤྱི་བོར་བརྡེག་ཅིང་ཁྲོས་པའི་གཟུགས་ཀྱིས་དྲན་པར་བྱས་ན། རོའི་ཚེ་དེ་ས་ལ་འགྱེལ་ཏེ་འདྲེ་ལྡོག་ཅིང་། ཀྱེ་རིག་སྔགས་འཆང་ཐུགས་རྗེ་ཅན་ཁྱོད་རིག་སྔགས་འཆང་ཁྱབ་འཇུག་གི་གཟུགས་ཅན་གུམ་མོ་གུམ་མོ་ཞེས་སྒྲ་འབྱིན་ཏོ།། དེ་ནས་རིག་སྔགས་འཆང་བས་རྗེས་སུ་བརྟག་ཏེ། གལ་ཏེ་ལ་ཆུ་དབུ་བར་འབྱུང་ན་རིག་སྔགས་འཆང་བས་དེ་བླངས་ལ་རྐང་པ་དང་བྱིན་པ་བསྐུས་ན་རླུང་གི་ཕུང་པོ་བདུན་པའི་རླུང་ལ་ཞོན་ཏེ་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། རིག་སྔགས་འཆང་བ་འཁོར་ལོ་སྒྱུར་བར་འགྱུར་ཞིང་། རིག་སྔགས་འཆང་བའི་འཁོར་བརྒྱ་ཕྲག་བྱེ་བ་དགུ་བཅུ་རྩ་དགུས་བསྐོར་བར་འགྱུར་རོ།། སྐད་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མཐར་སོང་ཞིང་སླར་ཡང་འོང་བར་འགྱུར་རོ། ། གལ་ཏེ་རེག་ན་ནི་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་འདྲ་ཞིང་སྒྲ་ཡིད་ཙམ་འཁྲིལ་ཞིང་འཁྱིལ་བ་རྣ་ཆག་དུ་བུ་དྲི་མ་མེད་ཅིང་སྤེན་ཏོག་འཕྱང་བ་དང་། མཁྲིག་མ་གདུ་བུས་བརྒྱན་པ། ལུས་པདྨ་འདྲ་ཞིང་དཀར་ཤམ་དུ་འགྱུར་རོ།། ཚ་བསྐལ་པ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཐུབ་པར་འགྱུར་རོ།། རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་སྟོང་ཕྲག་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་འཁོར་གྱིས་བསྐོར་བར་འགྱུར་རོ། ། གནས་ཐམས་ཅད་དུ་དཔོན་པོར་འགྱུར་རོ།། གལ་ཏེ་ཐིག་ལེ་བྱས་ཏེ་མི་སྣང་བར་གྱུར་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱིས་ཁྱིམ་གྱི་སྒོ་ཕྱེ་སྟེ་འདུག་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་འཁོར་དང་བཅས་པ་ཐམས་ཅད་བགྱི་བ་ཅིམཆི་ཞེས་དབང་དུ་འགྱུར་ཞིང་བཀའ་བཞིན་དུ་འདུག་གོ། ། མངགས་པའི་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ།། ཁྱིམ་ཐམས་ཅད་དུ་རེ་རེར་ཡང་དཔོན་པོ་དང་བཀའ་བཞིན་བྱེད་པའི་རྒྱལ་པོར་འགྱུར་རོ། ། གལ་ཏེ་འཚོགས་མར་ཐིག་ལེ་བྱས་ན་བརྒྱ་བྱིན་དང་། ལྷ་རྣམས་ཀྱི་དབང་པོ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་བདག་པོའི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་ཏེ། རིག་སྔགས་འཆང་བ་ལ་བྱ་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པར་འགྱུར་རོ།། ཤིན་ཏུ་མཐོང་བའི་ལྷའི་རིགས་ཀྱི་ལྷ་རྣམས་དང་ལྷན་ཅིག་ཏུ་རྩ་དགའ་ཀུན་ཏུ་སྤྱོད་པར་འགྱུར་རོ། ། ཚེ་ལྷའི་ལོ་སྟོང་ལེགས་པར་ཐུབ་པར་འགྱུར་རོ།། ལྟེ་བའི་གནས་སུ་ཐིག་ལེ་བྱས་ཏེ་ཀླུ་མཚོར་ཞུགས་པ་ཙམ་གྱིས་མོད་ལ་ཀླུའི་རྒྱལ་པོ་དཔུང་དང་གཡོག་ཏུ་བཅས། ཆུང་མ་དང་བུ་མོ་གཞོན་ནུ་མ་འམ། ཐམས་ཅད་མདུན་ན་འདུག་ཅིང་འདི་སྐད་སྨྲ་སྟེ། རིག་སྔགས་འཆང་བ་བཀའ་སྩོལ་ཅིག་དང་། ལས་བགྱི་བ་དང་། དགོས་པ་ཐམས་ཅད་བགྱི་ཞིང་ནམ་འཚོའི་བར་དུ་ཉེ་བར་གནས་པར་བགྱིའོ། ། ཡོ་བྱད་ཐམས་ཅད་ཀྱིས་མི་བྲལ་བར་བསྒྲུབ་པར་བགྱིའོ།། ཀླུའི་ལྷའི་ལོངས་སྤྱོད་མཆོག་ཏུ་ལོངས་སྤྱད་པས་རྩེ་བར་བགྱིའོ།། ལྷའི་ལོ་སྟོང་གི་བར་དུ་རྗེས་སུ་གནས་པར་བགྱིའོ། ། ནོར་ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ།། རིན་པོ་ཆེ་རྣམ་པ་སྣ་ཚོགས་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤང་ཀ་ཤི་ལ་དང་། བྱུ་རུ་དང་། ས་ལེ་སྦྲམ་དང་། གསེར་དང་། མུ་ཏིག་དང་། ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་དང་། པདྨ་རཱ་ག་དང་། བཻ་ཌཱུཪྻ་དང་། ཤིན་ཏུ་བཟང་པོ་རྣམས་སུ་སྩལ་བར་བགྱིའོ།། ལྷ་རྫས་ཀྱི་བཟའ་བ་མཆོག་དང་། ལྷ་རྫས་ཀྱི་ནོར་གྱི་ཕུང་པོས་བ་མཛོད་རྣམས་རབ་ཏུ་དགང་བར་བགྱིའོ། ། ཤིན་ཏུ་ཆར་ཆེས་པ་གཅད་པར་བགྱིའོ།། ཆར་དཀོན་པ་ན་ཆར་དབབ་པར་བགྱིའོ།། དུས་མ་ཡིན་པའི་ཆར་གཅད་པར་བགྱིའོ།། དུས་སུ་ཆར་དབབ་པ་དང་། དུས་སུ་ཆར་པའི་རྒྱུན་འབྱུང་བར་བགྱིའོ།། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་འབྲས་བུ་སྣ་ཚོགས་ཉེ་བར་བསྒྲུབ་པར་བགྱིའོ།། ནམ་འཚོའི་བར་དུ་གནས་ཏེ་བསྙེན་བཀུར་བགྱིའོ། ། རིག་སྔགས་འཆང་བའི་རྐང་པ་སྤྱི་བོས་བླང་བར་བགྱིའོ།། རིག་སྔགས་འཆང་བ་དེའི་ཚིག་དང་བསམ་པ་རྗེས་སུ་བསྐྱང་བར་བགྱིའོ།། དཔུང་པ་གཉིས་ཀྱི་བར་དུ་ཐིག་ལེ་བྱས་ན་གླང་པོ་ཆེ་སྟོང་གི་སྟོབས་ཡོད་པར་འགྱུར་ཏེ། ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་ཀྱི་སྟོབས་ཀྱིས་མི་ཐུབ་པར་འགྱུར་རོ།། འཐབ་ཅིང་དམག་གི་གཡུལ་འགྱེད་པ་ཐམས་ཅད་ཀྱི་ནང་དུ་ཕ་རོལ་གནོན་པའི་སྟོབ་ཐོགས་པ་མེད་དེ་རྒྱལ་བ་སྦྱིན་པར་འགྱུར་རོ། ། ལྷ་མ་ཡིན་ཀུན་ལས་ཀྱང་རྒྱལ་བར་འགྱུར་རོ།། ལྷ་ཐམས་ཅད་འདི་ལ་བསྲུང་བ་དང་། སྦ་བ་དང་། བསྐྱང་བའི་ཕྱིར་རྟག་ཏུ་ཞབས་འབྲིང་དུ་འབྲང་བར་འགྱུར་རོ། ། ཐབས་པ་དང་། རྩོད་པ་དང་། འགྱེད་པ་དང་། དངོགས་འབྱིན་པ་དང་། མཚང་འདྲུ་བ་དང་། གཡུལ་འགྱེད་པ་ཐམས་ཅད་དུ་རྒྱལ་བ་སྦྱིན་པར་འགྱུར་རོ།། ལྟོ་བར་ཐིག་ལེ་བྱས་ཏེ་ཁྲོ་བོའི་ལྕགས་ཀྱུའི་རིག་སྔགས་ལན་ཅིག་དྲན་པར་བྱས་ལ། ཡིད་ལ་ཇི་ལྟར་བསམས་པ་ཇི་བཞིན་བྱས་ན་ཅི་འདོད་པའི་ཁ་ཟས་ཐོབ་པར་འགྱུར་ཏེ། འཁོར་ཉི་ཤུ་དང་བཅས་པས་ཇི་ལྟར་འདོད་པ་ཐོབ་པར་འགྱུར་རོ།། སྐེར་ཐིག་ལེ་བྱས་ཏེ་ཁྲོ་བོའི་ལྕགས་ཀྱུ་སྐེར་ལན་ཅིག་བཟླས་བརྗོད་བྱེད་ཅིང་རྒྱལ་པོའི་ཕོ་བྲང་དུ་སོང་ན་ཇི་ཙམ་འདོད་པའི་གོས་དང་། སྡུད་པ་དང་། རྒྱན་ཐོབ་པར་འགྱུར་རོ།། རྟག་ཏུ་རྒྱལ་བོ་དང་བཙུན་མོའི་འཁོར་དང་བཅས་པས་མཆོད་པར་བྱ་བར་འོས་པའི་མཆོག་ཏུ་འགྱུར་རོ། ། དབང་ཕྱུག་ཆེན་པོའི་ཆེན་པོ་ཐོབ་པ་འགྲུབ་པར་འགྱུར་རོ།། ལག་མཐིལ་དུ་ཐིག་ལེ་བྱས་ཏེ་ལན་ཅིག་བཟླས་བརྗོད་བྱས་ན་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། ། གང་འདོད་པ་དེ་ཐམས་ཅད་སྦྱིན་ཞིང་བསྒོ་བ་དེ་ཐམས་ཅད་བྱེད་པར་འགྱུར་རོ།། ལག་པ་གཡས་པ་ལ་བསྐུས་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། གྲོང་ཁྱེར་གྱི་སྒོ་ལ་བརྡབས་ན་གྲོང་ཁྱེར་ན་གནས་པའི་གནོད་སྦྱིན་དང་སྲིན་པོ་ཐམས་ཅད་དབང་དུ་འགྱུར་ཏེ་མདུན་ན་གནས་ཤིང་། དེ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ།། གྲོང་དེ་ན་སྐྱེ་བོ་གང་དག་གནས་པ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་དབང་དུ་འགྱུར་ཏེ་མདུན་ན་གནས་ཤིང་། ཇི་སྲིད་གྲོང་ཁྱེར་དེར་འདུག་པར་འདོད་པས་དེ་སྲིད་དུ་ཐམས་ཅད་ཅི་བྱ་བ་ཐམས་ཅད་བྱེད་ཅིང་གནས་པ་དང་མདུན་ན་འདུག་པར་འགྱུར་རོ། ། ལག་པ་གཡོན་པ་ལ་བསྐུས་ཏེ་རྒྱལ་པོའི་སྒོ་ལ་བརྡབས་ན་ཇི་སྲིད་འདུག་པར་འདོད་ན་དེ་སྲིད་དུ་ཐམས་ཅད་དབང་དུ་གྱུར་པ་སྦྱིན་པར་འགྱུར་རོ།། ལག་པ་གཡས་པ་ལ་བསྐུ་ཞིང་ལན་ཅིག་བཟླས་བརྗོད་བྱ་སྟེ། ཕུག་གི་གསང་བའི་སྒོ་ལ་བརྡབ་པ་བྱས་ན་གསང་བའི་ཁྱིམ་ཐམས་ཅད་སྒོ་ཕྱེ་སྟེ་འདུག་ཅིང་། ཁྱིམ་ན་གནས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ཏེ་འདུག་གོ།། རྐང་པ་གཉིས་ལ་བསྐུ་ཞིང་གསང་སྔགས་ལན་ཅིག་དྲན་པར་བྱས་ཏེ་དུར་ཁྲོད་དུ་སོང་ན། དུར་ཁྲོད་ན་གནས་པའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་མདུན་ན་གནས་ཤིང་དབང་དུ་འགྱུར་བ་དང་། ཁྱིམ་གྱི་སྒོ་ཐམས་ཅད་ཕྱེ་བ་དང་། ཐམས་ཅད་བྱ་བ་ཅི་ཡོད་པ་བྱེད་པར་འགྱུར་རོ།། བརླ་གཉིས་ལ་བསྐུས་ཏེ་ནགས་ཚལ་གྱི་ནང་དུ་ཞུགས་ན་ཞུགས་པ་ཙམ་གྱིས་ཁྱིམ་ན་གནས་པ་ཐམས་ཅད་མདུན་ན་གནས་ཤིང་ཁྱིམ་གྱི་སྒོ་ཐམས་ཅད་ཕྱེ་སྟེ་འདུག་པར་འགྱུར་རོ། ། སྨན་གྱི་རྫས་ཐམས་ཅད་དང་། རྩཝ་དང་། ཤིང་གེལ་བའི་སྨན་དང་། རྩཝ་དང་། མགོ་ལྕོགས་ཀྱི་ནགས་ཚལ་གྱི་རང་གི་ངོ་བོ་ཐམས་ཅད་ཇི་ལྟར་འདོད་པ་བླངས་པ་བཞིན་དུ་མདུནན་འདུག་པར་འགྱུར་རོ། ། དཔལ་ལྷ་མོ་ཆེན་མོའི་ནུ་མའི་བར་དུ་བསྐུ་ཞིང་ཁྲོས་པས་གསང་སྔགས་ལན་ཅིག་བཟླས་བརྗོད་བྱས་ཤིང་། གུ་གུལ་ལ་བཟླས་བརྗོད་བྱས་ཏེ་བདུག་པ་དབུལ་ཞིང་མིག་མི་འཛུམས་པར་བལྟས་ན། དཔལ་ལྷ་མོ་ཆེན་མོ་བཀའ་སྩོལ་ཅིང་མཆོག་ཐམས་ཅད་སྦྱིན་པར་བྱེད་དོ།། ནོར་ཤིན་ཏུ་མང་རྙེད་པ་སྦྱིན་པར་མཛད་དོ། ། དཔལ་ལྷ་མོ་ཆེན་མོ་རྟག་ཏུ་ཁྱིམ་ན་གནས་པར་འགྱུར་རོ།། ཡོ་བྱད་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོང་བར་འགྱུར་རོ།། ནམ་འཚོའི་བར་དུ་བསྙེན་བཀུར་བྱེད་པར་འགྱུར་རོ། ། མིའི་འོ་མ་དང་ལྷན་ཅིག་ཏུ་བརྡར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ་མིག་ལ་བསྐུས་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ།། མཚན་མོའང་ཉིན་པར་བཞིན་དུ་མཐོང་བར་འགྱུར་རོ།། མཆུའི་ཐོར་ཏོ་ལ་ཐིག་ལེ་བྱ་ཞིང་ལན་ཅིག་བཟླས་བརྗོད་བྱས་ན་གང་ལ་སྨྲ་བ་དེ་དབང་དུ་འགྱུར་ཞིང་། གང་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ།། ཚིག་གཟུང་བར་བྱ་བར་འགྱུར་རོ། ། ཁ་ནས་ཨུཏྤ་ལའི་དྲི་མནམ་པར་འགྱུར་རོ།། གདོན་ལ་ཐིག་ལེ་བྱས་ན་ཟིན་པ་དང་མ་ཟིན་པ་འབབ་པར་འགྱུར་རོ།། གདོན་ཐམས་ཅད་ལ་ཐིག་ལེ་བྱ་ཞིང་ལན་ཅིག་གསང་སྔགས་དྲན་པར་བྱས་ན་མོད་ལ་ཚངས་པའི་སྲིན་པོ་ལ་སོགས་པའི་བར་དུ་ཐམས་ཅད་ངུ་ཞིང་འབྲོས་པར་འགྱུར་རོ། ། ཐིག་ལེ་ཙམ་དང་དྲན་པ་ཙམ་གྱིས་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ།། འཇིགས་པ་ཐམས་ཅད་ལ་ཐིག་ལེ་བྱས་ན་ཡོངས་སུ་ཐར་པར་འགྱུར་རོ། ། ཕྲག་པ་གཉིས་ལ་ཐིག་ལེ་བྱ་ཞིང་ཁྲོ་བོ་ལན་ཅིག་དྲན་པར་བྱས་ན་ཕྲག་པ་གཉིས་འབར་བར་འགྱུར་རོ།། མཚལ་དང་སྦྱར་ཏེ་དྲི་ཆབ་དང་བསྲེས་ནས་ལག་པ་དང་རྐང་པ་ལ་བསྐུ་ཞིང་གསང་སྔགས་ལན་བདུན་དྲན་པར་བྱས་ནས་པུ་ཞེས་བྱས་ན་མེ་འབར་བར་འགྱུར་ཏེ། ཇི་ཙམ་འདོད་ཀྱི་བར་དུ་འབར་བ་འབྱུང་བར་འགྱུར་རོ།། མཆུ་ལ་བསྐུ་ཞིང་བཟླས་བརྗོད་བྱས་ན་དབུགས་རྒྱུ་བ་རྣམས་མེ་འབར་བར་འབྱུང་བར་འགྱུར་རོ། ། ལུས་མཐའ་དག་བསྐུ་ཞིང་གསང་སྔགས་མང་དུ་བཟླས་བརྗོད་བྱས་ན་ལུས་མཐའ་དག་འབར་བར་འགྱུར་རོ།། ཆུ་དང་ཉུངས་ཀར་གྱིས་བསྐྲད་ནས་བུམ་པ་དང་བུམ་པ་ལ་ཞི་བའི་ཐིག་ལེ་བྱས་ཏེ། དྲི་ཆུས་སྟེང་དུ་གཏོར་བ་དང་བཅས་པ་བྱས་ན་ཕྱིར་ཡང་གནས་པར་འགྱུར་རོ།། རལ་གྲི་དང་། གཏུན་ཤིང་དང་། དགྲ་སྟ་དང་། འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་། ཐོ་བ་དང་། མདའ་བོ་ཆེ་དང་། མདུ་ལ་བསྐུ་ཞིང་རྗེས་སུ་དྲན་པར་བྱས་ན་སྐད་ཅིག་ཏུ་ཐམས་ཅད་འབར་བར་འགྱུར་རོ།། ལྷུང་བཟེད་ལ་བསྐུས་ན་འབར་བར་འགྱུར་རོ།། མགོ་ལ་བསྐུས་ན་སྒྲ་འབར་བར་འགྱུར་རོ།། དུང་ལ་བསྐུས་ཏེ་དེ་གནས་མཐོན་པོར་བུས་ན་སྒྲ་གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཁྲོ་བ་ཐམས་ཅད་དང་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། ངན་པ་དང་མ་རུངས་པ་ཐམས་ཅད་ཞི་བར་འགྱུར་རོ།། སྤྲིན་ལོགས་སུ་བུས་ན་རླུང་སྤྲིན་དང་སེར་བ་ཐམས་ཅད་ཞི་བར་འགྱུར་རོ། ། གྲོང་ཁྱེར་གྱི་སྒོ་བཞིར་བུས་ན་བྱུང་དང་། གནོད་པ་ཐམས་ཅད་དང་། ལོ་ཉེས་དང་། ནད་མ་རུང་བ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་དང་། མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ཞི་བར་འགྱུར་རོ།། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། ཡི་དགས་དང་། སྐམ་བྱེད་དང་། གྲིབ་གནོན་གྱི་འཇིག་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། ། རིམས་ཐམས་ཅད་ཞི་བར་འགྱུར་རོ།། ནད་ཐམས་ཅད་ཞི་བར་འགྱུར་རོ།། གསང་སྔགས་དང་། བྱད་དང་། སྡོད་གཏོང་དང་། དུག་གི་འཇིག་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། རྒྱལ་པོའི་སྒོར་བུས་ན་ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་ཐམས་ཅད་དང་། དགྲ་དང་ཕྱིར་རྒོལ་བའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་ལན་འགའ་ཡང་འབྱུང་བར་མི་འགྱུར་རོ། ། བ་ལང་འཆི་བ་དང་། ཕྱུགས་འཆི་བ་དང་། མི་འཆི་བ་དང་། རྟ་འཆི་བ་དང་། གླང་པོ་ཆེ་འཆི་བ་དང་། རྔ་མོ་འཆི་བ་དང་། བྱུར་དང་། ལོ་ཞེས་པ་དང་། ནད་དང་། མིག་ནད་དང་། ནད་ཐམས་ཅད་ཀྱི་འཇིགས་པ་ཆེན་པོ་འབྱུང་བ་ལ་ཁང་པའི་སྟེང་དུ་སྐད་དྲག་པོ་ལན་ཅིག་དུང་སྒྲ་འབུད་ཅིང་བཟླས་བརྗོད་བྱས་ན། བུས་པ་ཙམ་གྱིས་མོད་ལ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། ཆར་མི་འབབ་པའི་ཚེ་ཀླུའི་གནས་འཚོ་འགྲམ་དུ་བུས་ན་མོད་ལ་ཀླུའི་རྒྱལ་པོ་རྣམས་ཆར་བའི་རྒྱུན་གཏོང་བར་འགྱུར་རོ།། ཆར་ཆེས་པའི་ཚེ་སྤྲིན་ལོགས་སུ་བུས་ན་ཤིན་ཏུ་ཆར་ཆེ་བ་ཞི་བར་འགྱུར་རོ།། ལན་འགའ་ཡང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་འབྱུང་བར་མི་འགྱུར་རོ།། མཚམས་ཆེན་པོ་གཅད་ན་རི་མཐོན་པོའི་ཁར་བུས་ཏེ། ཇི་ཙམ་དུང་སྒྲ་ཐོས་པ་དེ་ཙམ་ཚུན་ཆད་མཚམས་ཆེན་པོ་བཅད་པར་བྱས་པར་འགྱུར་རོ།། དཀྱིལ་འཁོར་གྱི་མཚམས་གཅད་ན་བསྐོར་ཞིང་བུས་ན་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱས་པར་འགྱུར་རོ། ། དེ་ནས་ཁྲོ་བོའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་ག་སྒྲུབ་པ་བླ་ན་མེད་པ་ཐམས་ཅད་བྱ་བ་ལ། སེམས་ཅན་ཐམས་ཅད་ཞི་བར་བྱ་བ་ནི་ནས་དང་ཉུངས་ཀར་མར་དང་བསྲེས་ལ་ཤིང་ཨརྒའི་མེ་བུས་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་པ་ཙམ་གྱིས་དཔག་ཚད་ཀྱི་ནང་ཀུན་ཏུ་ཞི་བ་ཆེན་པོར་འགྱུར་རོ།། ཡམས་ཀྱི་ནད་ཀྱི་གནོད་པ་ཐམས་ཅད་དང་། འཐབ་བ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་ཚུན་ཆད་ཀུན་ཏུ་ཞི་བ་ཆེན་པོའི་ལས་བྱས་པར་འགྱུར་རོ།། རྒྱས་པ་བྱས་ན་ཡུངས་ཀར་དང་། འབྲས་སཱ་ལུ་དང་། ཁ་ར་དང་། སྦྲང་རྩི་དང་། མར་དང་བསྲེས་ཏེ་སྦྱིན་སྲེག་བྱ་བ་ནི་ལན་བདུན་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་ཀུན་ཏུ་རྒྱས་པ་ཆེན་པོར་འགྱུར་རོ།། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་ཚུན་ཆད་རྒྱས་པ་ཆེན་པོར་འགྱུར་རོ། ། ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དཔག་ཚད་བརྒྱ་སྟོང་ཀུན་ཏུ་རྒྱས་པ་ཆེན་པོར་འགྱུར་རོ།། ཤིང་དྲི་མི་ཞིམ་པའི་མེ་བུས་ཏེ། འབྲས་ཀྱི་ཕུབ་མ་དང་། ལན་ཚྭ་དང་། ཡུངས་ཀར་མར་དང་བསྲེས་ཏེ་ཤིང་ཚེར་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ཏེ་སྦྱིན་སྲེག་ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བྱས་ན་ཡིད་ལ་ཇི་ལྟར་སེམས་ཤིང་འདོད་པ་ཐམས་ཅད་དུ་མངོན་སྤྱོད་ཀྱི་ལས་རྣམས་བྱེད་པར་འགྱུར་རོ། ། གསང་སྔགས་སྒྲུབ་པར་འདོད་ན་འབྲས་ཡོས་དང་། ཉུངས་ཀར་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ཤིང་ཨརྐའི་ཡམ་སྲེག་ཤིང་གིས་མེ་སྦར་ཏེ་སྦྱིན་སྲེག་ལན་བདུན་བྱས་ན་རང་གི་ཁྲོ་བོའི་གསང་སྔགས་སྒྲུབ་པ་འགྲུབ་པར་འགྱུར་རོ།། ལན་བཅུ་བཞི་བྱས་ན་དོན་ཡོད་པའི་ལྕགས་ཀྱུ་གྲུབ་པར་འགྱུར་རོ། ། ཉི་ཤུ་རྩ་གཅིག་བཟླས་བརྗོད་དང་སྦྱིན་སྲེག་བྱས་ན་དོན་ཡོད་པའི་ཞགས་པའི་སྙིང་པོ་འགྲུབ་པར་འགྱུར་རོ།། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་སྦྱིན་སྲེག་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་སྤྱི་གྲུབ་པར་འགྱུར་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་རྣམས་སོ།། གཞན་ཡང་ཁྲོ་བོ་ཆེན་པོ་སྟོང་ཕྲག་བརྒྱ་མཆོག་ཏུ་གྲུབ་པ་ཆེན་པོར་འགྱུར་རོ།། ཏིལ་དང་། འབྲས་སོ་བ་དང་། ཞོ་དང་། སྦྲང་རྩི་དང་མར་རྣམས་སྦྱར་ཏེ་ཆང་བ་བདུན་སྦྱིན་སྲེག་བྱས་ན་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་རོ། ། ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ལྷའི་ཚོགས་དང་བཅས་པའང་འོང་ཞིང་རིག་སྔགས་འཆང་བ་ལ་བསྙེན་བཀུར་བྱེད་ཅིང་དབང་དུ་འགྱུར་རོ། ། ཉི་མ་དང་ཟླ་བ་དག་ཀྱང་འོང་བར་འགྱུར་ཞིང་རིག་སྔགས་འཆང་བའི་རྐང་པ་ལ་འདུད་པར་འགྱུར་རོ།། གནོད་སྦྱིན་དང་སྲིན་པོ་དབང་དུ་བྱས་ན་འབྲས་སཱ་ལུ་དང་། ཏིལ་དང་། ཡུངས་ཀར་དང་། གུ་གུལ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་བསྲེས་ཏེ་སྦྱིན་སྲེག་ལན་ཉི་ཤུ་རྩ་གཅིག་བྱས་ན་གནོད་སྦྱིན་དང་སྲིན་པོའི་ཚོགས་རྣམས་དབང་དུ་འགྱུར་རོ། ། ཀླུ་ཆར་འབེབས་པར་བྱ་ན་འབྲས་ཡོས་དང་། ཡུངས་ཀར་དང་། ནཱ་ཀ་པུཥྤ་དང་། ཞོ་དང་། སྦྲང་རྩི་རྣམས་པ་མར་དང་སྦྱར་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན། དེས་ན་ཀླུ་རྣམས་ཆར་པའི་རྒྱུན་ཆེན་པོ་འབེབས་པར་འགྱུར་ཏེ། ཇི་ཙམ་འདོད་པར་ཆར་པའི་རྒྱུན་གཏོང་ཞིང་འབེབས་སོ།། ཤིན་ཏུ་ཆར་ཆེ་བ་གཅོད་ན་དེ་ཉིད་ཀྱི་ཐལ་བ་ནམ་མཁའ་ལ་གཏོར་ན་ཤིན་ཏུ་ཆར་ཆེ་བ་གཅོད་པར་འགྱུར་རོ། ། ཕ་རོལ་གྱི་གཡུལ་བཟློག་པར་འདོད་ན་སྐེ་ཚེའི་འབྲུ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱའོ།། འཐབ་པ་དང་། རྩོད་པ་དང་། འགྱེད་ཅིང་མཚང་འདྲུ་བ་ཐམས་ཅད་ལ་པྲི་ཡང་ཀུའི་མེ་ཏོག་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། ། འཐབ་རྩོད་དང་འགྱེད་པ་རྣམས་ཀྱི་སྨྲ་བའི་ལན་ཐེབས་པར་འགྱུར་རོ།། ནད་ཐམས་ཅད་ཞི་བར་བྱ་བ་ལ་སྲན་མ་ཀུ་ལན་ཐ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ་སྤྲིན་སྲེག་ལན་ཉི་ཤུ་རྩ་གཅིག་བྱས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། ། བུད་མེད་དབང་དུ་བྱས་ན་སུ་མ་ནའི་མེ་ཏོག་གིས་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་བུད་མེད་ཐམས་ཅད་མཆོག་ཏུ་དབང་དུ་བྱེད་པའི་དམ་པ་ཡིན་ཞིང་ཐམས་ཅད་དུ་མཆོག་གྲུབ་པར་འགྱུར་རོ། ། དེ་ནས་སྡིག་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་ན་རིག་སྔགས་འཆང་བ་དེས་འབྲས་སཱ་ལུ་དང་། ཏིལ་དང་། ཡུངས་ཀར་དང་། པདྨའི་འདབ་མ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ། ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། འོན་ཏེ་ཚྭ་བོའི་རྒྱལ་པོ་སྒྲུབ་པར་འདོད་ན་སེང་ལྡེང་གི་ཕྱེ་མ་དང་། ཡུངས་ཀར་དང་། གུ་གུལ་རྣམས་མར་དང་སྦྱར་ཏེ་སྦྱིན་སྲེག་བྱས་ན་ཐམས་ཅད་དུ་ཁྲོ་བོའི་གསང་སྔགས་གྲུབ་པ་ཆེན་པོ་འགྲུབ་པར་འགྱུར་ཞིང་། ཁྲོ་བོའི་གསང་སྔགས་ཐམས་ཅད་སྤྱན་དྲངས་པར་འགྱུར་རོ།། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་ཆོས་རྒྱལ་པོ་བམ་པོ་ཉི་ཤུ་རྩ་ལྔ་པ་རྫོགས་སོ། ། ། དེ་ནས་ཧཱུཾ་ཞེས་བྱ་བ་དྲན་པས་ཁྲོ་བོའི་རྒྱལ་པོ་གཤེགས་པར་འགྱུར་རོ།། ལས་འགྲུབ་པ་སྟོན་པ་དང་། མཐོང་བ་སྦྱིན་པ་དང་། འདོད་པའི་མཆོག་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་རོ།། འོན་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཁྲོ་བོའི་རྒྱལ་པོ་སྤྱན་དྲང་བར་འདོད་ན། ཤིང་སུ་ར་བིས་མེ་སྦར་ལ། འབྲས་ཡོས་དང་། པདྨ་དང་། ཨུཏྤ་ལ་དང་། ཡུངས་ཀར་དང་། ཙན་དན་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ།། རིག་སྔག་འཆང་བས་ཁྲུས་ལེགས་པར་བྱ་ཞིང་གོས་གཙང་མ་བགོས་ཏེ་གཙང་བར་བྱའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཁྲོ་བོའི་རྒྱལ་པོའི་སྐུ་མདུན་ན་བཞུགས་ཤིང་རིག་སྔགས་འཆང་བ་ལ་དབུགས་འབྱིན་པར་མཛད་དོ། ། མཆོག་གང་ཅི་འདོད་ཅིང་གསོལ་བའི་མཆོག་དེ་ཐམས་ཅད་སྦྱིན་པར་མཛད་དོ།། ཕྱག་གཡས་པ་མགོ་བོའི་སྤྱི་བོར་འཇོག་པར་མཛད་དོ། ། གལ་ཏེ་སྐལ་བ་ཆུང་བ་ཞིག་སྟེ་མངོན་དུ་ཞལ་མི་མཐོང་ན་དེའི་ཚེ་རྨི་ལམ་དུ་བསྟན་ཏེ།། ཐམས་ཅད་བཀའ་སྩོལ་ཅིང་ཇི་ལྟར་འདོད་པའི་མཆོག་སྦྱིན་ཏེ། གསང་སྔགས་གྲུབ་པ་ཆེན་པོ་དང་། ཆོ་ག་ཞིབ་མོ་གྲུབ་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། རིམ་པར་ཕྱེ་བ་གྲུབ་པར་སྦྱིན་ནོ།། དམ་ཚིག་གྲུབ་པ་ཆེན་པོ་རབ་ཏུ་སྟོན་ཏོ།། དབང་ཕྱུག་ཐོབ་པར་བྱ་ན་འབྲས་སོ་བ་སཱུ་ར་ས་དང་། ཞོ་དང་། སྦྲང་རྩི་རྣམ་མར་དང་སྦྱར་ཏེ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དབང་ཕྱུག་སོ་སོར་ཐོབ་པར་འགྱུར་རོ།། གྲོང་ཐོབ་པར་བྱ་ན་ཏན་ཏུ་ལི་ཡ་ཁ་དང་། ཞོ་དང་། སྦྲང་རྩི་རྣམས་མར་དང་སྦྱར་ཏེ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གྲོང་ཐོབ་པར་འགྱུར་རོ།། ཡུལ་གྱི་བདག་པོར་བྱ་ན་འབྲས་སཱ་ལུ་དང་རས་བལ་གྱི་ས་བོན་རྣམས་མར་དང་བསྲེས་ཏེ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཡུལ་ཐོབ་པར་འགྱུར་རོ། ། མི་སྣང་བར་བྱ་ན་སྐེ་ཚེ་དང་ལན་ཚྭའི་སྦྱིན་སྲེག་བྱའོ།། ནམ་མཁའ་ལ་འགྲོ་བར་བྱ་ན་ཤ་ཏ་པད་ཏྲི་ཀའི་མེ་ཏོག་གི་སྦྱིན་སྲེག་བྱའོ།། སངས་རྒྱས་ཀྱི་སྐུ་མཐོང་བར་བྱ་ན་ཤིང་ལི་དང་། ཙན་དན་གྱི་ཕྱེ་མ་དང་། དུ་རུ་ཀ་རྣམས་ཏིལ་དང་སྦྱར་ཏེ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེ་བཞིན་གཤེགས་པའི་སྐུ་མང་པོ་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་དག་གིས་རིག་སྔགས་འཆང་བ་ལེགས་སོ་ལེགས་སོ་ཞེས་གསུང་ཞིང་དབུགས་འབྱིན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་མགོའི་སྤྱི་བོར་ཕྱག་འཇོག་ཅིང་མཆོག་གྲུབ་པ་ཆེན་པོ་སྩོལ་བར་མཛད་དོ། ། ཐམས་ཅད་དུ་མཆོད་པར་འོས་པ་ཆེན་པོར་འགྱུར་རོ།། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། ཚེ་རབས་དྲན་པར་འགྱུར་རོ། ། འཇིག་རྟེན་ཀུན་གྱི་བླ་མར་འགྱུར་རོ།། དགྲ་ཐམས་ཅད་གཞོམ་པར་འདོད་ན་འབྲས་མ་གྲུགས་པས་སྦྱིན་སྲེག་བྱའོ།། གཏེར་བསྐུལ་ན་དེ་ནས་དོན་ཡོད་པ་ཆེན་པོའི་སྤྱན་བརྗོད་པར་བྱ་ཏེ། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ཆེན་པོ་སྒྱུ་མའི་དངོས་གྲུབ་བླ་ན་མེད་པ། བཀླགས་པས་གྲུབ་པ། སོ་སོར་བསྟན་པའི་དངོས་གྲུབ་བླ་ན་མེད་པ། གྲུབ་པ་རིག་སྔགས་འཆང་གི་རྣམ་པར་འཕྲུལ་པ་སྟོན་པ་ལྷུར་ལེན་པ། བདེ་བ་སྐྱེད་པ་ལ་མཁས་པ་རྣམས་ཀྱི་རིག་སྔགས་འཆང་གི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཆོག་ཏུ་གསང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ། ངོགས་སུ་ཞུགས་པ་རྣམས་ཀྱི་རབ་ཏུ་སྒྲུབ་པ། དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་རྣམ་པར་སེལ་བ། དོན་གྱི་སྟེགས་མཆོག་ཏུ་གྲུབ་པ། མལ་ཆ་དང་སྟན་མེད་པ་རྣམས་ཀྱི་གོས། སེམས་ཅན་ཐམས་ཅད་ཀྱི་མཆོད་པར་བྱ་བ་ཆེན་པོ། ཐམས་ཅང་དུ་ལས་ཐམས་ཅད་ལེགས་པར་གྲུབ་པ། སྡིག་པ་དང་སྒྲིབ་པ་ཐམས་ཅད་འཕྲོག་པ། གདུག་པ་ཐམས་ཅད་འཇོམས་པ། རྒྱལ་པོ་མཉེས་པར་བྱེད་པ། རྣམ་པར་ཐར་པ་དང་དུལ་བའི་གྲོང་ཁྱེར་ཉིད་དེ་དགེ་བསྙེན་རྣམས་ཀྱི་མཆོག་ཏུ་སྐྱིད་པ། དགེ་བསྙེན་མ་རྣམས་ཀྱི་དགའ་བ་འཕེལ་བར་བྱེད་པ། རིག་པའི་རྒྱལ་པོའི་ཡོད་པ་ཡང་དུ་བྱུང་བའི་དེ་ཁོ་ན་ཉིད་སྒྲུབ་པ་གྲུབ་པ་རྣམས་གཙང་མ་གཙང་སྦྲར་སྤྱོད་པ། གོས་གཙང་མ་བགོས་ཏེ་བཟའ་བ་མཆོག་ཤིན་ཏུ་གསང་བ་དང་བག་ཡོད་ཅིང་བདེན་པར་སྨྲ་བ། དཀོན་མཆོག་གསུམ་ལ་མཆོག་ཏུ་དད་པ། བླ་མ་ལ་གུས་པ། རྟག་པར་རྒྱུན་དུ་བྱམས་པའི་སེམས་ལ་མཉམ་པར་བཞག་པ། སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་པ། སྦྱིན་པ་ལ་མངོན་པར་དགའ་བའི་ཡིད་ཅན། འབྱུང་པོ་ཐམས་ཅད་ལ་བརྩེ་བའི་སེམས་དང་བྱམས་པས་བླ་ན་མེད་པའི་སྒྲུབ་པ་འདི་བྱའོ། ། བསླབ་པ་དང་སྡོམ་པ་བླངས་པ། དོན་ཡོད་པ་ཆེན་པོའི་སྒྱུ་མ་བླ་ན་མེད་པ་ནི་འདིའོ།། གིའུ་ཝང་དང་། སྤྲིཀ་དང་། པུ་ཤེལ་ཅི་དང་། ཙན་དན་དང་། ལྡོང་རོས་དང་། ཤིང་ཀུན་དང་། སྤང་སྤོས་དང་། ན་ལ་ད་དང་། རུ་རྟ་དང་བཅས་པ་དང་། དེ་བཞིན་དུ་འབྲས་དགང་སྟེ། འདི་རྣམས་ཐམས་ཅད་ཆ་མཉམ་སྟེ་ཕྱེ་མར་བྱས་ནས་ཐམས་ཅད་ཞིབ་མོར་བཏགས་ལ། ག་པུར་དང་གླ་རྩིས་བསྒོས་ཏེ་སྙིགས་མ་འདི་དག་ཚ་བའི་ཏིལ་མར་གྱིས་བཙོས་པ། ཉེའུ་ཤིང་དང་། བིལ་བ་དང་། མེ་ཏོག་བརྒྱ་པ་དང་། པུཥྐ་ར་དང་། གནྡྷ་པྲི་ཡང་ཀུ་དང་། རྒྱ་སྤོས་དང་། ས་མུ་སྟ་དང་། པྲ་པུཎྜ་རཱི་ཀ་དང་། ཤིང་མངར་རྣམས་ཆུ་བྲེ་བདུན་གང་བར་སྦྱིན་པར་བྱ་སྟེ། དྲུག་ཆ་ལྷག་མར་ལུས་པ་དང་། སྙིགྲ་མ་བྲེ་གང་དང་། འོ་མའི་སྙིགས་མ་བོར་ཏེ་ཏིལ་མར་སྲང་གཉིས་ལ་རྟག་ཏུ་བཙོ་བར་བྱའོ། ། ལེགས་པར་གྲུབ་པའི་གསང་སྔགས་བཟླས་བརྗོད་བྱས་ལ་གཏོར་མ་དང་། དཀྱིལ་འཁོར་དུ་མེ་ཏོག་དང་། དྲི་བཟང་པོའི་བདུག་པ་དང་། ཏིལ་མར་བཙོ་བའི་ཆོ་ག་བཞིན་དུ་རབ་ཏུ་སྦྱར་ལ། གང་ལས་གྲུབ་པ་ཁྱད་པར་དུ་བསྐྱེད་ཅིང་བབས་པའི་ཏིལ་མར་བྱས་པ་བསྲུང་བའི་ཆོ་ག་བྱ་སྟེ། སྣོད་གཙང་མ་བཀང་ནས་སླར་ཡང་གསང་སྔགས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་བརྗོད་བྱས་ནས་གསང་བའི་གནས་སུ་གཞག་པར་བྱའོ། ། དེ་ནས་ལས་ཐམས་ཅད་བྱད་དུ་གཞུག་སྟེ། རིག་སྔགས་འཆང་ཁྲུས་ལེགས་པར་བྱས་པ། དྲིས་བསྒོས་པའི་ཏིལ་མར་རྟག་ཏུ་ལུས་ལ་བྱུགས་པ་འདིས་ལུས་དེ་མི་སྣང་ཞིང་དངོས་པོ་མེད་པར་སྟོན་པར་བྱེད་དོ།། ངག་ཐོས་ལ་ལེགས་པར་མི་བྱེད་དོ།། གང་གིས་ལུས་ཁྲུས་མ་བྱས་ཀྱི་བར་དེ་སྲིད་དུ་བག་ཉིད་མི་སྣང་སྟེ་ལུས་མི་མཐོང་ངོ་། ། དཔྲལ་བར་ཐིག་ལེ་བྱས་ནས་ཡན་ལག་དང་ཉིང་ལག་རྣམས་ལ་རེག་སྟེ། གསང་སྔགས་ལན་ཅིག་བཟླས་བརྗོད་བྱས་ན་ནམ་མཁའ་ལ་འགྲོ་བར་འགྱུར་ཏེ། སྐད་ཅིག་ལ་དགའ་བར་བྱེད་པ་དང་། ལྷ་དང་བཅས་པའི་རིག་སྔགས་འཆང་གི་དབང་པོ་མཁའ་ལ་སྤྱོད་པ་རྣམས་ཀྱིས་ལྷན་ཅིག་ཏུ་ཏིལ་མར་མགོ་ལ་བྱུགས་པས་མདོག་སྔོ་བ་དང་། སྒྲ་ཅུང་ཟད་ལེ་ཞིང་འཁྱིལ་བར་འགྱུར་རོ།། ཏིལ་མར་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་མངའ་བདག་ཏུ་འགྱུར་རོ།། རེག་པ་ཙམ་གྱིས་ཚེ་བསྐལ་པ་ཁྲི་ཐུབ་པར་འགྱུར་རོ། ། ལུས་པདྨ་དཀར་ཤམ་ལྟ་བུར་འགྱུར་རོ།། ལུས་རྡོ་རྗེ་ལྟར་བརྟན་པ་དང་། གནས་ཀྱི་སྒོ་ཐམས་ཅད་བྱེ་སྟེ་འདུག་གོ།། གང་དུ་འདོད་པར་འཇུག་པར་བྱེད་དོ། ། དཀྱིལ་འཁོར་སྒྲུབ་པའི་དུས་སུ་རིག་སྔགས་འཆང་ལ་ཐིག་ལེ་བྱས་ནས་ལག་ཏུ་རྡོ་རྗེ་དང་ནོར་བུ་བྱས་ན་ནམ་མཁའ་ལ་འཕུར་བར་འགྱུར་ཏེ། མོད་ལ་དཀྱིལ་འཁོར་གྲུབ་པ་སྟོན་པར་བྱེད་དོ། ། ཏིལ་མར་གྱིས་རྐང་པ་ལ་བྱུགས་ན་ནམ་མཁའ་ལ་འོང་བར་བྱེད་དོ།། ལུས་ལ་བྱུགས་ན་མི་སྣང་བར་སྟོན་པར་བྱེད་དོ།། མཚལ་དང་ཏིལ་མར་ལྷན་ཅིག་སྦྱར་ཏེ། ཡན་ལག་དང་ཉིང་ལག་ལ་ཐིག་ལེ་བྱས་ན་ལུས་འབར་བའི་སྙིང་པོ་མཐོང་བར་བྱེད་དོ།། འདི་དག་རིག་སྔགས་འཆང་གི་རྣམ་འཕྲུལ་སོ་སོར་བསྟན་པའོ།། ཡུངས་ཀར་ལ་བཟླས་ཏེ་ལན་ཅིག་བསྐུས་སམ། དཀྱིལ་འཁོར་གྱི་སྟེང་དུ་གཏོར་ན་དཀྱིལ་འཁོར་གཡོ་བར་འགྱུར་ཏེ། འཁོར་ལོ་བཞིན་དུ་སྐོར་བར་བྱེད་དོ།། གཏོར་མའི་སྣོད་གང་བ་རྣམས་དང་། བུམ་པ་གང་བ་རྣམས་སོར་མོ་བརྒྱད་ཀྱི་ཚད་དུ་ནམ་མཁའ་ལ་འཕགས་ཏེ་འདུག་གོ།། རང་ཉིད་སེ་གོལ་གྱི་སྒྲས་ཡོངས་སུ་འདོན་པར་བྱེད་ན་སླར་ཡང་སྣོད་ནམ་མཁའ་ལ་འཕགས་ཏེ་འདུག་པ་རང་རང་གི་གནས་སུ་གནས་པར་འགྱུར་རོ། ། འདི་རྣམས་དཀྱིལ་འཁོར་གྱི་དགོས་པ་བླ་ན་མེད་པའི་དངོས་གྲུབ་པོ།། དེ་ནས་སེང་གེའི་ཁྲག་དང་ཏིལ་མར་ལྷན་ཅིག་སྦྱར་ཏེ། བདག་ཉིད་ཀྱི་ལུས་ལ་བྱུགས་ན་མིའི་སེང་གེ་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་ཏེ། ཇི་སྲིད་ལུས་ཁྲུས་མ་བྱས་པ་དེ་སྲིད་དུ་མིའི་སེང་གེར་ཀུན་ཏུ་གནས་སོ།། གཞན་ཡང་ཇི་ལྟར་བསམས་པ་བཞིན་དུ་ནམ་མཁའ་ལ་འཕགས་ཏེ་འདུག་པ་དང་། མི་སྣང་བར་འགྱུར་བ་དང་། མེ་འབར་བ་སྟོན་པར་བྱེད་དོ།། ཕག་གི་ཁྲག་དང་སྦྱར་ན་ཕག་གི་གཟུགས་སུ་སྟོན་པར་བྱེད་དེ། ཤུགས་དང་སྟོབས་ཆེན་པོར་སྟོན་པར་བྱེད་དོ།། གླང་པོ་ཆེའི་ཁྲག་དང་སྦྱར་བས་ཚོགས་ཀྱི་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་པར་བྱེད་དོ།། རྟའི་ཁྲག་དང་སྔོན་པོ་ལྷན་ཅིག་སྦྱར་བ་ལུས་ལ་བྱུགས་པ་ཙམ་གྱིས་རྟ་མགྲིན་གྱི་གཟུགས་སུ་སྟོན་པར་བྱེད་དོ། ། ཇི་སྲིད་ཁྲུས་མ་བྱས་པ་དེ་སྲིད་དུ་མཐོང་བར་བྱེད་དོ།། བ་ལང་གི་མཁྲིས་པ་དང་ལྷན་ཅིག་སྦྱར་ན་ཁྱུ་མཆོག་ཆེན་པོ་ལ་ཞོན་པར་མཐོང་བར་འགྱུར་རོ། ། ཉའི་མཁྲིས་པ་དང་ལྷན་ཅིག་སྦྱར་ན་ཀླུའི་རྒྱལ་པོ་ཆུ་བདག་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་རོ།། སྦྲུལ་དམར་པོའི་ཁྲག་དང་བསྲེས་ནས་སྦྱར་ན་སྦྲུལ་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་རོ། ། རའི་ཁྲག་དང་བསྲེས་པས་ར་ཆེན་པོའི་གཟུགས་སུ་མཐོང་བར་འགྱུར་རོ།། པདྨའི་ལོ་མ་དང་། ཕྱེ་མ་དང་། རྩ་བ་དང་བཅས་པ་དང་། འདབ་མ་དང་། མེ་ཏོག་དང་། སྡོང་བུ་དང་བཅས་པ་ཏིལ་མར་གྱིས་ལྷན་ཅིག་སྦྱར་བས་ཡུངས་ཀར་ལ་བསྐུས་ཏེ་ལུས་ལ་བྱུགས་ལ་ཏིལ་མར་གྱི་ཐིག་ལེ་བྱའོ།། མཁས་པས་ཡན་ལག་དང་ཉིང་ལག་ལ་བྱུགས་པ་བྱས་ན་རྒྱལ་པོ་ཆེན་པོའི་ཆ་ལུགས་སུ་མཐོང་བར་འགྱུར་ཏེ། མ་མོའི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་བས་དགོས་པ་སྣ་ཚོགས་པ་དང་། རྒྱལ་པོའི་དགོས་པ་རྣམས་བྱེད་པར་འགྱུར་རོ།། ཡིདས་བསམས་པའི་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ།། ལྡོང་རོས་ཀྱི་མིག་སྨན་དང་ལྷན་ཅིག་བསྲེས་ནས་མིག་ལ་བྱུག་ན་འཁོར་ཆེན་པོའི་དབུས་སུ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་མཐོང་བར་འགྱུར་རོ། ། རིག་པའི་རྒྱལ་པོ་བཟླས་ཏེ་ཡུངས་ཀར་དེ་ནམ་མཁའ་ལ་གཏོར་ན་འབྲས་བུ་སྣ་ཚོགས་ཀྱི་ཆར་འབབ་པར་མཐོང་བར་འགྱུར་རོ། ། པདྨའི་སྟི་མོ་སྦྱོར་ན་པདྨ་ཆེན་པོའི་ཆར་འབྱུང་བར་འགྱུར་རོ།། ཨུཏྤལ་སྔོན་པོའི་ཁུ་བས་སྦྱར་ན་ཨུཏྤ་ལ་སྔོན་པོ་ཆེན་པོའི་ཆར་འབྱུང་བ་མཐོང་བར་འགྱུར་རོ། ། ཇི་ལྟར་མེ་ཏོག་གི་ཁུ་བས་སྦྱར་བ་དེ་ལྟ་དེ་ལྟར་མེ་ཏོག་གི་ཆར་ཆེན་པོ་འབྱུང་བར་འགྱུར་རོ།། ཇི་ལྟར་ཡིད་ལ་འདོད་པའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་སུ་མཐོང་བར་འདོད་པ་དེ་ལྟ་དེ་ལྟར་ལྷའི་ཏིལ་མར་སྙིང་དང་ལྷན་ཅིག་སྦྱར་ན་དེ་ལྟ་དེ་ལྟར་དེ་དང་དེ་ཉིད་ཀྱི་གཟུགས་སུ་མཐོང་བར་འགྱུར་རོ། ། གཞལ་ཡས་ཁང་ཡང་མཐོང་བར་འགྱུར་རོ།། ལག་པས་ནོར་བུ་གཅིག་བླངས་ཏེ་ཡིད་ལ་རྗེས་སུ་དྲན་པར་བྱས་ན་རྣམ་པ་སྣ་ཚོགས་པ་དུ་མའི་བདག་ཉིད་དུ་མཐོང་བར་འགྱུར་རོ།། གོས་དང་སྣ་ཚོགས་པ་རྣམས་སྟོན་པར་བྱེད་དོ།། ལག་པ་སྣོད་ལ་བཟུང་ན་སྣོད་སྣ་ཚོགས་པ་སྟོན་པར་བྱེད་དོ། ། ལག་པས་བུམ་པ་ལ་བཟུང་ན་བུམ་པ་བརྒྱ་སྟོང་ཕྲག་སྟོན་པར་བྱེད་དོ།། རྐང་པའི་མཐིལ་ལ་བསྐུས་ན་གང་དུ་རྡོ་བ་ལ་རྐང་པ་བཞག་པ་དེ་དང་དེ་ཉིད་དུ་རྐང་པའི་རྗེས་འཇོག་པར་བྱེད་དེ། མར་གསར་ལ་ཉེ་བར་འཇོག་པ་ཇི་ལྟ་བ་བཞིན་དུ། མར་གསར་མཉེན་པ་བཞིན་དུ་རྡོ་བའང་འདྲ་བར་འགྱུར་རོ། ། གཏུན་ཤིང་ལ་བྱུགས་ན་རྟགས་འབྱུང་བར་འགྱུར་རོ།། མ་མོའི་དཀྱིལ་འཁོར་གྱི་གནས་སུ་ཞུགས་ན་མ་མོའི་ལྷ་རྣམས་ཀྱི་སོ་སོ་ཐ་དད་པའི་རྡུལ་བཟུང་སྟེ། ཏིལ་མར་དང་ལྷན་ཅིག་སྦྱར་ནས་སོ་སོའི་གདོང་ལ་བྱུགས་ན་ལྷ་དེ་དང་དེ་ལྟ་བུའི་གཟུགས་སུ་སྟོན་པར་བྱེད་དོ། ། གཞན་ཡང་དགོས་པ་རྣམ་པ་སྣ་ཚོགས་པ་རྣམས་རང་གི་འདོད་པའི་བློས་ལས་བྱའོ།། དེ་ནས་བློ་འཕེལ་བར་བྱེད་པ་ནི་ཏིལ་མར་དང་འོ་མ་ལྷན་ཅིག་ཟོས་ན་བློ་དང་དྲན་པ་ཆེན་པོ་འཕེལ་བར་འགྱུར་རོ། ། ནུབ་གསུམ་གྱི་སྦྱོར་བས་ཚིགས་སུ་བཅད་པ་སྟོང་ཀློག་པར་བྱེད་ཅིང་འཛིན་པར་བྱེད་དེ།། ཞག་བདུན་གྱི་སྦྱོར་བས་བློ་གྲོས་རྒྱ་མཚོ་ཆེན་པོ་ལྟ་བུ་འཕེལ་བར་བྱེད་ཅིང་སོགས་པར་བྱེད་དོ།། ཞག་བཅུ་བཞིའི་སྦྱོར་བས་ཚེ་ལྷའི་ལོ་སྟོང་དུ་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་གི་སྦྱོར་བས་བཅུད་ལེན་སྒྲུབ་པའི་དངོས་གྲུབ་འབྱུང་བར་འགྱུར་ཏེ། གཉེར་མ་དང་སྐྲ་དཀར་སྤངས་པ་དང་། སྐྲ་ཅུང་ཟད་འཁྱིལ་བར་འགྱུར་རོ།། ལུས་འཇམ་ཞིང་མཉེན་པ་དང་པདྨའི་ཁ་དོག་དང་འདྲ་བར་འགྱུར་རོ། ། སྐྱེས་ནས་ལོ་བཅུ་ལོན་པ་དང་འདྲ་བར་གཟུགས་དང་ལང་ཚོ་དང་ལྡན་པར་འགྱུར་རོ།། གླང་པོ་ཆེ་སྟོང་ཕྲག་བཅུའི་སྟོབས་སུ་འགྱུར་རོ།། ཞག་ཉི་ཤུ་རྩ་བརྒྱད་ཀྱི་སྦྱོར་བས་གླང་པོ་ཆེ་ས་སྲུངས་ཀྱི་སྟོབས་སུ་འགྱུར་རོ། ། ཞག་སུམ་ཅུ་སོ་ལྔའི་སྦྱོར་བས་ནམ་མཁའ་ལྡིང་ཆེན་པོའི་སྟོབས་སུ་འགྱུར་རོ།། ཞག་བཞི་བཅུ་རྩ་གཉིས་སྦྱོར་བས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་འདྲ་བར་བརྩོན་འགྲུས་དང་སྟོབས་ཆེན་པོར་འགྱུར་རོ། ། ཞག་བཞི་བཅུ་རྩ་དགུའི་སྦྱོར་བས་རི་རབ་ལྷུན་པོ་ཆེན་པོའི་དཀྱིལ་འཁོར་དང་འདྲ་བར་འགྱུར་ཏེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་ཡོངས་སུ་བསྐོར་བ། མི་གཡོ་ཞིང་མི་བསྐུལ་བ། རེག་པར་བྱ་བ་མ་ཡིན་ཞིང་མི་མཐོང་བ། མི་མ་ཡིན་པ་རྣམས་ཀུན་ཏུ་སྤྱོད་པ། ལྷ་རྣམས་ཐམས་ཅད་ཀྱི་ཕྱག་བྱས་ཤིང་ཕྱག་བྱ་བའི་འོས་སུ་གྱུར་པ། དྲང་སྲོང་རྣམས་ཀྱིས་བསྟོད་པའི་འོས་སུ་གྱུར་པ། གནོད་སྦྱིན་དང་སྲིན་པོ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའི་འོས་སུ་གྱུར་པ། རིག་སྔགས་འཆང་བའི་དབང་པོ་ཐམས་ཅད་ཀྱིས་གསང་བའི་དམ་ཚིག་སྒྲུབ་པ། ལྷའི་དབང་པོ་རྣམས་ཀྱིས་ལྷན་ཅིག་འགྲན་པའི་འོས་སུ་གྱུར་པ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱིས་མངོན་དུ་སྨྲ་བའི་འོས་སུ་གྱུར་པ། ཀླུའི་དབང་པོ་ཐམས་ཅད་ཀྱིས་ཉེ་བར་བགྲོད་པར་བྱ་བ་སྟེ། དེ་ལྟར་དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བའི་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཏིལ་མར་གྱི་རྒྱལ་པོའི་རྣམ་པར་འཕྲུལ་པ་ཡོན་ཏན་ཆེན་པོ་རྨད་དུ་བྱུང་བ་བརྒྱ་སྟོང་ཕྲག་གིས་གང་བའོ། ། ཏིལ་མར་གྱི་རྒྱལ་པོའི་རིག་སྔགས་འཆང་འདིས་ཏིལ་མར་གྱི་རྒྱལ་པོ་རལ་གྲི་ལ་བྱུགས་ན་བྱུགས་པ་ཙམ་གྱིས་རལ་གྲི་འབར་བར་འགྱུར་རོ། ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རལ་གྲིའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། ། རྡོ་རྗེ་ལ་བྱུགས་ན་རྡོ་རྗེ་འབར་བར་འགྱུར་ཏེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ནམ་མཁའ་ལ་འགྲོ་ཞིང་། རྡོ་རྗེའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། ། འཁོར་ལོ་ལ་བྱུགས་ན་འཁོར་ལོ་འབར་བར་འགྱུར་ཏེ། རིག་སྔགས་འཆང་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། བལྟ་ན་སྡུག་པའི་འདོར་ལོའི་རིག་སྔས་འཆང་གི་འཁོར་ལོས་སྒྱུར་བར་མོད་ལ་འགྱུར་རོ། ། དགྲ་ཐམས་ཅད་རབ་ཏུ་འཇོམས་སོ།། མདུང་རྩེ་གསུམ་པ་ལ་བྱུགས་ན་འབར་བར་འགྱུར་ཏེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ནམ་མཁའ་ལ་གནས་པར་བྱེད་དོ། ། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་དབང་ཕྱུག་ཆེན་པོ་དང་འདྲ་བར་འགྱུར་རོ།། འབྲས་དང་། ཕོལ་མིག་དང་ལྷོག་པ་དང་། མེ་དཔལ་དང་། ཤུ་བ་དང་། མཛེ་དང་། རྐང་ཤུ་དང་། རྩའི་རྨ་དང་། མགུལ་པ་འགགས་པ་དང་། རྣ་བའི་རྩ་ནང་དང་། མཚན་པར་རྡོལ་པ་དང་། དམུ་ཆུ་དང་། སྨན་དང་། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་ཉིད་ལའང་མཁས་པས་ཆུ་དྲོན་མོ་འཐུངས་པ་ཙམ་དང་། བྱུགྲ་པ་ཙམ་གྱིས་ནད་ཐམས་ཅད་སེལ་ལོ།། ཏིལ་མར་གྱིས་ནད་ཐམས་ཅད་སེལ་བ་དེ་བཞིན་དུ་རྩིབ་ལོགས་ན་བ་དང་། ཚད་པ་དང་། སྙིང་ན་བ་དང་། མཆིན་པ་ན་བ་དང་། བཤང་བ་འཁྱིམ་པ་དང་། ཕོ་བའི་ནད་ཀྱི་ཉེས་པ་དེ་རྣམས་ཐམས་ཅད་འཐུངས་པ་ཙམ་གྱིས་རྣམ་པར་འཇིག་པར་ཐེ་ཙོམ་མེད་དོ། ། ཉམས་པ་དང་། ཟད་པ་དང་། དེ་བཞིན་དུ་རྒྱལ་པོའི་དཔལ་བཅོམ་པ་དང་། གསོས་སྤྱད་ངན་པ་རྣམས་བསྐུས་པ་ཙམ་མམ་ཟོས་པ་ཙམ་གྱིས་སྟོབས་དང་ལྡན་པར་འགྱུར་རོ། ། ལུས་རྣམས་རྒྱས་པ་དང་། མགུ་བ་དང་། སྤྲོ་བ་ཆེན་པོར་འགྱུར་རོ།། གདོན་རྣམ་པ་སྣ་ཚོགས་པར་གསུངས་པ་དང་། བརྗེད་བྱེད་མི་བཟད་པ་ལའང་རེག་པ་ཙམ་གྱིས་དེ་དག་ཐམས་ཅད་རྣམ་པར་འཇིག་པར་ཐེ་ཙོམ་མེད་དོ། ། བྱད་མི་བཟད་པ་དང་། སྡུག་བསྔལ་དང་། དུག་དང་། སྦྱར་དུག་ཉིད་ཀྱང་རེག་པ་ཙམ་གྱིས་རྣམ་པར་འཇིག་པར་འགྱུར་རོ།། བརྟན་པ་དང་གཡོ་བའི་དུག་གང་ཡིན་པ་དང་མཆེ་བ་འམ། སྦྲུལ་གོ་རྫས་དང་སྡིག་པའང་རུང་། སྲིན་བུ་དང་ཕྱེ་མ་ལེབ་གདུག་པ་འམ། ནོར་རྒྱས་ཀྱི་བུ་དང་འཇོག་པོ་འམ། སྦྲུལ་གྱིས་མཐོང་བའི་དུག་གམ། དབུགས་ཀྱི་དུག་མི་བཟད་པ་གང་ཡིན་པ་དང་། རེག་པའི་དུག་གང་ཡིན་པ་དང་། ཧཱ་ལཱ་ཧ་ལཱའི་གདུག་པ་གང་ཡིན་པ་དང་། གཞན་ད་ར་དའི་དུག་གང་ཡིན་པ་དང་། རྩ་བའི་དུག་གང་ཡིན་པ་དང་། སྡོང་པོའི་དུག་དང་། འདབ་མའི་དུག་དང་། མེ་ཏོག་གི་དུག་དང་། མདངས་ཀྱི་དུག་གང་ཡིན་པ་དང་། གཞན་དུག་རྣམ་པ་སྣ་ཚོགས་པ་དེ་རྣམས་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། ། ཏིལ་མར་རེག་པ་ཙམ་གྱིས་ལམ་མཆོག་དང་ལམ་གོལ་བར་སོང་བ་རྣམས་དང་། རྒྱལ་པོའི་སྒོ་དྲུང་དུ་སོང་བའང་རུང་། གསད་པར་འོས་པར་གྱུར་པ་གང་ཡིན་པ་དང་། བཅིངས་པར་གྱུར་པ་གང་ཡིན་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་གང་ཡིན་པ་དང་། གཞན་ཡང་དགྲའི་གཟེ་བ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་ཉིད་དང་། མི་མཛའ་བ་དང་། ཕྱིར་རྒོལ་བ་གང་ཡིན་པའང་ཏིལ་མར་འདི་མངོན་པར་སྦྱར་བས་སྐད་ཅིག་དེ་ལ་ཐམས་ཅད་འཇོམས་སོ།། རྒྱལ་པོ་ཁྲོས་པ་གང་ཡིན་པ་འཛུམ་བཞིན་དུ་བཀའ་སྩོལ་ཏོ། ། གཡུལ་འགྱེད་པའི་ནང་དུ་འམ་ཕན་ཚུན་འཐབ་བཞིན་པ་ཐམས་ཅད་ལ་ཏིལ་མར་རྒྱལ་པོ་བླ་ན་མེད་པས་རྟག་ཏུ་རྒྱལ་བ་སྟེར་རོ།། མཁས་པས་མིག་ལ་བྱུགས་ན། མི་ཐུབ་ཅིང་ཐམས་ཅད་དུ་འགྲོ་བར་འགྱུར་རོ།། གཞན་གྱིས་ཀྱང་དགོས་པ་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱ་སྟེ། དངོས་གྲུབ་ཀྱི་གནས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། ། དེ་ནས་ཁྲོ་བོ་ལྕགས་ཀྱུ་བླ་ན་མེད་པ། སྡིག་པ་ཐམས་ཅད་སེལ་བ། མོད་ལ་གདུག་པ་ཐམས་ཅད་འཇིག་པར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། མོད་ལ་ཐམས་ཅད་དུ་གྲུབ་པ་བླ་ན་མེད་པ། ནད་ཐམས་ཅད་ཞི་བ། དེ་ཁོ་ན་ཉིད་ཁྲོ་བོ་ལྕགས་ཀྱུ་བླ་ན་མེད་པའི་རས་རིས་ཀྱི་སྐུ་གཟུགས་བརྗོད་པར་བྱ་སྟེ། རས་རིས་ཀྱི་སྐུ་གཟུགས་བླ་ན་མེད་པ་འདི་མཐོང་བ་ཙམ་གྱིས་མོད་ལ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པ་དང་། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་བ་དང་། རིག་པའི་གནས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་མཐོང་བ་དང་། མཆོད་པ་དང་། རིམ་འགྲོ་བྱ་བ་དང་། ཞེ་སར་བྱ་བ་དང་། བླ་མར་བྱ་བ་དང་། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྤྱན་སྔར་བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་བ་དང་། རས་རིས་ཀྱི་སྐུ་གཟུགས་གང་ཡིན་པ་འདི་མཐོང་བ་ཙམ་གྱིས་མོད་ལ་མཐས་ཀླས་པ་ཙམ་དང་འདི་མཚུངས་པར་འགྱུར་ཏེ། འདི་དང་མཚུངས་པའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་བསྐྱེད་པར་འགྱུར། རོ།། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། རས་གྲུ་བཞི་པ་གྲུ་བཞིར་ཆ་མཉམ་པ། ཤིན་ཏུ་ཐགས་བཟང་བ། ཤིན་ཏུ་གསར་བ། ཤིན་ཏུ་འཇམ་པ། མཆོག་ཏུ་མཛེས་པ། ཁྲུ་གཉིས་པའི་ཚད་ཁ་ཚར་མ་བཅད་པ་སྒྲ་དང་བྲལ་བ་འམ། ཡང་ན་དར་གཙང་མ་གྲུ་བཞི་ཤིན་ཏུ་རྣམ་པར་འབྱེས་པ་ལ་རི་མོ་མཁན་གཅང་ཡ་སྨྱུང་བར་གནས་པས་ལྷག་མ་མ་ཡིན་པའི་ཚོན་སྣོད་གསར་པར་བཞག་ལ། ཚོན་སྣ་ཚོགས་རྣམ་པར་འབྱེས་པ་འཕགས་པ་དོན་ཡོད་ཞག་པའི་ཁྲོ་བོ་ལྕགས་ཀྱུ་བྲི་བར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཞི་པ། ཞལ་དང་པོ་ནི་ཞི་བ། སྤྱན་གསུམ་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། འོད་དཔག་མེད་ཅོད་པན་དུ་འཆང་བ། ཟླ་བས་ཉེ་བར་མཛེས་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཡས་པའི་ཞལ་དྲག་པོའི་གཟུགས་ཅན། འཇིགས་པར་བྱེད་པ། ཚེམས་ཀྱིས་མ་མཆུ་མནན་པ། དབུ་སྐྲ་གྱེན་དུ་བརྫེས་པའི་རལ་པའི་ཐོར་ཙུགས་ཀྱིས་བརྒྱན་པ། གཡོན་པ་དྲག་པོ་ཆེན་པོ་མཆེ་བ་གཙིགས་པ། ཞལ་རྣམ་པར་འགྱུར་བ། དབུ་སྐྲ་འཁྱིལ་ཞིང་གྱེན་དུ་བརྫེས་པའི་རལ་པ་ཀུན་ཏུ་བཅིངས་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། དྲག་ཏུ་བཞད་པའོ།། ཞི་བའི་ཞལ་རལ་པའི་ཅོད་པན་གྱིས་བརྒྱན་པའི་སྟེང་དུ་སྐུ་ཕྱེད་པའི་ཁྲོ་བོའི་རྒྱལ་པོ་འབར་བའི་སྙིང་པོར་ཆུད་པར་བྱ་སྟེ། སྐུ་ཨུཏྤ་ལ་སྔོན་པོའི་ཁ་དོག་ཅན། དབུ་སྐྲ་དམར་པོ་ཅུང་ཟད་འཁྱིལ་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཉིས་ཀྱི་གཅིག་གིས་རལ་གྲི་དང་། གཉིས་པས་ཐོ་བ་འབར་བ་ཅན་བྱའོ།། ཕྱག་གཉིས་གཅིག་གིས་པདྨ་འཆང་བ་སྟེ། པདྨའི་གེ་ས་རའཡང་བའི་སྙིང་པོ་ཅན་ནོ།། གཉིས་པས་ལྕགས་ཀྱུ་དང་མདུང་རྩེ་གསུམ་སྟེ། གཡས་པ་ནའོ།། གཡོན་པས་ཁྲོ་བོ་ཆེན་པོ་དྲག་པོ་དྲག་ཏུ་རྒོད་པའི་གཟུགས་ཅན། དོན་ཡོད་པའི་ཞགས་པ་འཛིན་པའོ།། གཡས་པ་དབུགས་འབྱིན་པའི་རིན་པོ་ཆེ་ཆེན་པོའི་ཆར་འབེབས་པ། ཕྱག་ཐམས་ཅད་འབར་བའི་སྙིང་པོ་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱ་སྟེ། པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བྱའོ།། རྒྱ་མཚོའི་སྙིང་པོར་རི་རབ་ལ་གནས་པ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་དཀྲིས་པ་བྱའོ།། ཉ་དང་། ཆུ་སྲིན་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་དཀྲིས་པ། པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་གཅལ་དུ་བཀྲམ་པ། ངང་པ་དང་། བཞད་དང་། ངུར་པ་དང་། ཤང་ཤང་ཏེའུས་ཁྱབ་པར་བྱའོ།། གཡས་ལོགས་སུ་ལྷ་མོ་སྒྲོལ་མ་དབུ་ཅུང་ཟད་འདུད་པ། ཐལ་མོ་སྦྱར་བ་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འཛེམ་བག་དང་བཅས་པའོ།། དཀར་ཤམ་ཆེན་མོ་ཐལ་མོ་སྦྱར་ཏེ་ཅུང་ཅ་འདུད་པ། རྒྱན་ཐམས་ཅད་ཀྱིས་རྣམ་པབར་བརྒྱན་པ། འཛེམ་བག་དང་བཅས་པ་བྱའོ།། སྲིན་མོ་ཆེན་མོ་རལ་པ་གཅིག་མ་ཁྲག་འཛག་པའི་ཐོད་པ་དང་། དྲག་མོ་དྲག་ཏུ་རྒོད་པ་བྱ་སྟེ། འབར་བའི་སྙིང་པོར་ཁྲོ་བོར་ལྕགས་ཀྱུ་ལ་ལྷ་བཞིན་པ། ལག་པ་བཞི་པ། ལག་ན་རལ་གྲི་དང་། དགྲ་སྟ་དང་། ཞགས་པ་དང་། རྡོ་རྗེ་ཐོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བྱའོ།། གཡོན་ཕྱོགས་སུ་གནོད་སྦྱིན་གྱི་དབང་པོ་བྱ་སྟེ། ཞལ་ཁྲོ་གཉེར་ཅན་དྲག་པོའོ།། དབུ་སྐྲ་གྱེན་དུ་བརྫེས་པ། འཇིགས་པར་བྱེད་པ། འབར་བའི་སྙིང་པོའི་པུས་མོ་གཡས་པ་བཙུགས་པ། རལ་གྲི་དང་དགྲ་སྟ་ཐོགས་པ། ཕྱག་གཉིས་ཐལ་མོ་སྦྱར་བ་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཁྲོ་བོའི་རྒྱལ་པོ་ལྕགས་ཀྱུ་ལ་ངེས་པར་བལྟ་བཞིན་པ། ཁོ་ར་ཁོར་ཡུག་ཏུ་འོད་འདོམ་གང་པ། འོད་ཟེར་སྣ་ཚོགས་འབར་བར་བྱའོ།། ལྕགས་ཀྱུ་དང་བཅས་པའི་ཁོ་ར་ཁོར་ཡུག་གི་སྟེང་དུ་ཚངས་པ་དང་། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་བྱ་སྟེ། མེ་ཏོག་སྣ་ཚོགས་ཀྱི་ཕུར་མ་ཐོགས་ཏེ་མཆོད་པ་བྱེད་བཞིན་པ་བྱའོ།། ཁྲོ་བོའི་རྒྱལ་པོ་དོན་ཡོད་ལྕགས་ཀྱུའི་རྒྱབ་ཏུ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་ཤིང་ལྗོན་པ་བྱ་སྟེ། ཡལ་ག་དང་། འདབ་མ་དང་། ལོ་མ་རྣམ་པར་བཀྲ་བ་བྱའོ།། ཁྲོ་བོའི་རྒྱལ་པོའི་ཞབས་ཀྱི་དྲུང་དུ་རིག་སྔགས་འཆང་བྱ་སྟེ། པུས་མོ་བཙུགས་པ། མེ་ཏོགས་སྣ་ཚོགས་ཐོགས་ཤིང་། ལག་ན་བགྲང་འཕྲེང་འཛིན་པ། ཁྲོ་བོའི་རྒྱལ་པོ་ལ་སྟེང་དུ་བལྟ་བཞིན་པ་བྱའོ།། ཞབས་གཉིས་པའི་དྲུང་གི་གནས་སུ་ཕོ་ཉམ་བྱ་སྟེ། ཟུར་མིག་ཅན། དྲག་མོ་ལག་ན་རལ་གྲི་ཐོགས་པ། རྣམ་པར་འགྱུར་བ། ཕྱག་ཐལ་མོ་སྦྱར་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བྱའོ།། རས་རིས་ཀྱི་སྐུ་གཟུགས་ཀྱི་བྱ་བ་ཡོངས་སུ་མཐར་ཕྱིན་ནས་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་གསང་བའི་གནས་སུ་གཞག་པར་བྱའོ།། དེའི་དྲུང་དུ་གཙང་མས་ཟས་མི་བཟའ་བར་དེའི་སྤྱན་མངར་ཁྲོ་བོ་ལྕགས་ཀྱུ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། མེ་ཏོག་དང་། བདུག་པ་དང་། མཆོད་ཡོན་དང་། ཞབས་བསིལ་ཇི་ལྟར་རྙེད་པ་དབུལ་བར་བྱའོ།། རས་རིས་ཀྱི་སྐུ་གཟུགས་སྒྲུབ་པའི་ཆོ་ག་འདིས་སྒྲུབ་པའི་ཆོ་ག་རྒྱས་པ་གཞན་ཡང་བྱའོ།། དེའི་འོག་ཏུ་རིག་སྔགས་འཆང་གིས་ཉི་མ་རེ་རེར་རས་རིས་ཀྱི་མདུན་དུ་གཙང་མས་ཟས་མི་ཟ་བར་དེའི་སྤྱན་སྔར་མེ་ཏོག་དང་བདུག་སྤོས་ཕུལ་ནས། ཁྲོ་བོའི་རྒྱལ་པོ་ལན་ཅིག་བཟླས་པར་བྱའོ།། དེ་ནས་ལས་ཐམས་ཅད་དང་དགོས་པ་ཐམས་ཅད་བྱའོ།། འདི་ནི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བཀླགས་པས་འགྲུབ་པ་སྟེ། རིག་སྔགས་འཆང་གིས་གསང་བ་མཆོག་གི་ལས་བསྒྲུབ་པ་བྱའོ། ། དེ་ནས་སྐུ་གཟུགས་མཐོང་བ་ཙམ་ལ་སོགས་པས་མཚམས་མེད་པ་ལྔ་དང་། མནར་མེད་པ་ལ་གཞོལ་བ་དང་། དམ་པའི་ཆོས་སྤངས་པ་རྣམས་འདི་མཐོང་བ་ཙམ་གྱིས་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། ། སྡིག་པ་ཐམས་ཅད་དང་། སྒྲིབ་པ་ཐམས་ཅད་དང་། སྔོན་གྱི་སྒྲིབ་པ་བསགས་པ་དང་བཅས་པ། བསྐལ་པ་བརྒྱར་བསགས་པའི་སྡིག་པ་དེ་དག་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། ། ནད་དང་འཇིག་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། སྡིག་པ་ཐམས་ཅད་དང་། དགྲ་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། མི་མཛའ་བ་རྣམ་པར་འཇིག་པར་འགྱུར་རོ།། རས་རིས་ཀྱི་སྐུ་གཟུགས་ཤིན་ཏུ་ཆུང་བ་བྱེད་པ་གང་ཡིན་པ་དེའང་ཕན་པ་བྱེད་པར་འགྱུར་ཏེ། མེ་ཏོག་གམ། བདུག་པ་འམ། དྲི་འམ་བྱུག་པ་འམ། དཀྱིལ་འཁོར་དང་བཅས་པ་བྱེད་པ་འམ། ཁྲུས་ཀྱི་བུམ་པ་གང་བ་བཀོད་པ་འམ། རྡུལ་སེལ་བར་བྱེད་པ་ཙམ་ཡང་རུང་སྟེ། རིག་སྔགས་འཆང་དེའི་རིག་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དེ་བཞིན་གཤེགས་པའི་དྲུང་དུ་དགེ་བའི་རྩ་བ་ཆེན་པོ་སྐྱེད་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ཡང་འགྱུར་རོ།། མཚམས་མེད་པ་ལྔ་རྣམ་པར་སྦྱང་ཤིང་བསྐལ་པའི་མཐར་ཐུག་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གཟིགས་འདོད་པར་འགྱུར་རོ། ། སྐྱེ་བ་བརྗེས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་ཏེ། པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། སྐྱེ་བའི་སྐྱེ་བ་དྲན་པར་ཡང་འགྱུར་རོ།། རྣམ་པར་གྲོལ་བའི་དཀྱིལ་འཁོར་གསང་བ་པདྨ་ཡང་བའི་དཀྱིལ་འཁོར། དོན་ཡོད་ཞགས་པའི་སྙིང་པོ།། དོན་ཡོད་པའི་ཁྲོ་བོའི་ལྕག་ཀྱུའི་གཟུངས་འདིའང་མཐའ་དག་ཡོངས་སུ་རྫོགས་པར་ཁ་ཏོན་དུ་གནས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རིགས་ཀྱི་དམ་ཚིག་གསང་བ་རྣམས་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ཐམས་ཅད་མངོན་སུམ་དུ་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་མཐོང་བར་འགྱུར་རོ།། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། ། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པར་ཡང་འགྱུར་རོ།། བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པར་འགྱུར་རོ།། འཇིག་རྟེན་ཐམ་ཅད་ཀྱི་བླ་མར་ཡང་འགྱུར་རོ། ། ཚིག་བཙན་པར་ཡང་འགྱུར་རོ།། འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ།། ཐམས་ཅད་དུ་མཆོད་པར་འོས་པར་ཡང་འགྱུར་རོ།། རིག་སྔགས་ཐམས་ཅད་གྲུབ་པར་འགྱུར་རོ།། ཡིད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་། དགོས་པ་ཐམས་ཅད་གྲུབ་པར་ཡང་འགྱུར་རོ།། ཐམས་ཅད་དུ་ཐོགས་པ་མེད་པ་མཁས་པའི་བློ་རུ་འགྱུར་རོ། ། དེ་ནས་ཁྲོ་བོའི་ལྕགས་ཀྱུའི་དཀྱིལ་འཁོར་ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་གསང་བའི་ཕྱག་རྒྱ་བླ་ན་མེད་པ་བཤད་པར་བགྱིའོ། ། ཁོར་ཡུག་ཏུ་ཐེམ་སྐས་བཞི་དང་ལྡན་པ། ས་དང་བ་བྱུང་བསྲེས་པའི་དཀྱིལ་འཁོར་གྲུ་བཞི་པ་བྱ་སྟེ། གཟིངས་ཀྱི་རྒྱུ་དང་ཚད་མཉམ་པ་ཤིན་ཏུ་ཚད་ལ་བབ་ཅིང་ལེགས་པར་རྣམ་པར་འབྱེས་པ། ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ། འཇམ་ཞིང་མཉེན་པ་དང་ལྡན་པའོ།། ཚོན་སྣ་ཚོགས་པྲ་རྣམ་པར་ཕྱེ་བ་དང་། དཀྱིལ་འཁོར་མཆོག་གི་ཐིག་བཏབ་ལ། སྣ་ཚོགས་ཚོན་རྩིས་རྣམ་པར་དབྱེ། སྒོ་བཞི་ཤིན་ཏུ་རྣམ་འབྱེས་པ།། ཁོར་ཡུག་ཐེམ་སྐས་བཞི་དང་ལྡན།། རྟ་བབ་བཞི་ཡིས་བརྒྱན་པ་སྟེ། ། དབུས་ཀྱི་དཀྱིལ་འཁོར་སྙིང་པོར་ཡང་།། ཤིན་ཏུ་རྣམ་འབྱེས་ཚད་ལ་བབ།། ཁྲུ་ཡི་ཚད་དུ་བྱ་བའོ།། དཀྱིལ་འཁོར་གྲུ་བཞི་མཉམ་པ་ཡི།། སྙིང་པོའི་དཀྱིལ་འཁོར་དབུས་སུ་ཡང་། ། མཁས་པས་ཤིན་ཏུ་རྣམ་འབྱེས་པའི།། པདྨ་འདབ་མ་བཅུ་གཉིས་བྱ།། ལྕགས་ཀྱུ་ཕྱོགས་དང་རྩེ་གསུམ་དང་།། གེ་སར་པདྨའི་ཁོར་ཡུག་ཏུ།། སྙིང་པོར་གྱུར་པའི་དབུ་མཆོག་ལ། ། ཁྲོ་བོ་ཞགས་པ་ཡང་བྱའོ།། དྲག་པོའི་གཟུགས་ཅན་འཇིགས་པར་བྱེད།། རལ་གྲི་དང་ནི་དགྲ་སྟའི་ཕྱག། རལ་པའི་ཅོད་པན་གྱིས་བརྒྱན་ཅིང་།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ལུས་ཕྱེད་པ་དང་། ཞགས་པས་ཀུན་ནས་དཀྲིས་པ།། མདུང་རྩེ་གསུམ་པ། ནམ་མཁའ་ལ་ཕྱིར་ཕྱོགས་པ། པདྨ་དང་བཅས་པ་བྱས་པ་ལ། གྲཱ་གྲཝར་འབར་བའི་གདོང་བྱའོ།། མདུང་རྩེ་གསུམ་དང་པདྨ་ལ་རབ་ཏུ་གནས་པ། དྲག་པོའི་ཞལ་འཇིགས་པར་བྱེད་པ་ཆེན་པོ་མཆེ་བ་རྣམ་པར་གཙིགས་པ། ཞལ་འཇིགས་སུ་རུང་བ་འབར་བའི་སྙིང་པོར་ཆུད་པའོ། ། ནང་གི་རི་མོ་ལ་ལྕགས་སྒྲོགས་དང་མདུང་རྩེ་གསུམ་པའི་གདོང་བྲི་བར་བྱ་སྟེ། འབར་བའི་སྙིང་པོ་དང་བཅས་པ། ཁ་དོག་སྣ་ཚོགས་པའི་ཚོན་རྩི་བྱའོ། ། རི་མོ་གཉིས་པའི་ནང་དུ་པདྨ་ཁ་ཕྱེད་བྱེ་བ་གེ་སར་འབར་བ་དང་བཅས་པའི་པདྨ་བྱའོ།། རི་མོ་གསུམ་པའི་ནང་དུ་འཁོར་ལོའི་རྣམ་པ་བྱའོ།། མུ་ཁྱུད་ཀྱི་ཕྱི་རོལ་ཏུ་ལག་པའི་ཕྱག་རྒྱ་རང་བྲི་བར་བྱ་སྟེ། མཚོན་ཆ་སྣ་ཚོགས་པ་འཛིན་པའོ།། རལ་གྲི་དང་། ཞགས་པ་དང་། མདུང་རྩེ་གསུམ་དང་། རྩ་བ་ལ་དང་། མདུང་རྩེ་གཉིས་དང་། དུང་དང་། ཏིདྱ་དང་། འཁོར་ལོ་དང་། རྩེ་གསུམ་ཁ་གདེངས་དང་། ཐོ་བ་དང་། མདུང་དང་། རལ་གྲི་དང་། ནོར་བུ་དང་། མདུང་རྩེ་གསུམ་དང་། མདའ་བོ་ཆེ་དང་། ལས་ཀྱི་རྡོ་རྗེ་དང་། རྩེ་ལྔ་དང་། བཪྴ་སྥུ་ལ་དང་། རྡོ་རྗེ་ཟུར་གསུམ་དང་། པདྨ་དང་། རྩེ་གསུམ་དག་ཁ་དོག་སྣ་ཚོགས་འབར་བ་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་བྲི་བར་བྱའོ།། ཁ་ཁྱེར་གྱི་རྣམ་པས་བརྒྱན་པ་ལ་ཁ་ཁྱེར་གྱི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གནས་སུ་མཚན་མ་སྣ་ཚོགས་བྲི་བར་བྱ་སྟེ། རིགས་ཆེན་པོ་བཞི་ཐུན་མོང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་བྲི་བར་བྱའོ།། ཤར་གྱི་གནས་སུ་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མའི་ཕྱག་རྒྱའང་བྲི་བར་བྱའོ། ། ལྷོར་པདྨ་ཡངས་པའི་མཚན་མ་དཀྱིལ་འཁོར་གྱི་ཕྱག་རྒྱའོ།། ནུབ་ཀྱི་གནས་ཀྱི་དཀྱིལ་འཁོར་དུ་ནོར་བུའི་རིགས་ཀྱི་མཚན་མའི་ཕྱག་རྒྱ་རྣམས་ཀྱང་བྲི་བར་བྱའོ། ། བྱང་དུ་རྡོ་རྗེའི་རིགས་ཀྱི་མཚན་མའི་ཕྱག་རྒྱའང་ཡང་དག་པར་བྲིའོ།། ཤར་གྱི་སྒོར་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་སྒོར་བྲི་བར་བྱའོ། ། ལྷོར་པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཁྲོ་བོ་རྣམས་སོ།། ནུབ་ཏུ་ནོར་བུའི་རིགས་ཀྱི་ཁྲོ་བོའོ།། བྱང་དུ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་བྲི་བར་བྱའོ།། ཁྲོ་བོ་ཐམས་ཅད་ཀྱི་གཟུགས་འབར་བའི་སྙིང་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་པ་བཞི་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ་བྱའོ།། རི་རབ་ལ་གནས་པ། སྐྱིལ་མོ་ཀྲུང་ཕྱེད་པ། ལུས་ཅུང་ཟད་བསྐུམ་པ་བྱའོ།། ཕྱིའི་རི་མོའི་དཀྱིལ་འཁོར་དུ་ནོར་བུ་དང་། རྡོ་རྗེ་དང་། མེ་ཏོག་དང་། མདུང་རྩེ་གསུམ་པ་དག་གོ།། ཁོར་ཡུག་ཏུ་ཁ་ཁྱེར་འབར་བས་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་བརྒྱན་པའོ།། ལྷབ་ལྷུབ་དང་། བ་དན་དང་། རྒྱལ་མཚན་དང་། ཚོན་སྣ་ལྔ་པའི་སྐུད་པས་ཀུན་ནས་དཀྱིལ་འཁོར་ལ་ཡང་དག་པར་བརྒྱན་པའོ།། རོ་བྲོ་བའི་མཆོག་དང་ལྡན་པའི་གཏོར་མས་གང་བའི་སྣོད་ཅི་འབྱོར་པ་དང་། གཏོར་མའི་ལས་ཀྱི་ཆོ་གས་འབྱོར་པ་དང་། རྗེས་སུ་མཐུན་པར་གཞག་པར་བྱའོ།། བུམ་པ་གང་བ་དང་། པོག་པོར་དང་། བུམ་བུ་དང་། བུམ་པ་དང་། གཏོར་མ་དཀར་པོས་བཀང་བ་དང་། འབྲས་བུ་རྣམ་པ་སྣ་ཚོགས་པ་ཉིད་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། མེ་ཏོག་ཀུན་ནས་གཅལ་དུ་དགྲམ་མོ།། འབྲས་ཡོས་དང་ཡུངས་ཀར་གྱིས་གཏོར་བར་བྱའོ།། སྙིང་པོའི་དཀྱིལ་འཁོར་གྱི་གྲཝར་མཆོད་ཡོན་དང་། ཞབས་བསིལ་གྱི་སྣོད་དང་། རིན་པོ་ཆེ་སྣ་བདུན་རབ་ཏུ་དགྲམ་མོ།། དྲིའི་ཆུས་བཀང་བའི་བུམ་པ་དང་། ལེགས་པར་བརྒྱན་པའི་བུམ་པ་བྱས་ནས། མཁས་པས་དང་བཟང་པོས་བཅིངས་ཏེ་དབུས་ཀྱི་དཀྱིལ་འཁོར་དུ་གཞག་པར་བྱའོ། ། སྒོ་བཞིར་དྲི་ཆབ་ཀྱིས་གང་བའི་བུམ་པ་དར་གྱིས་བཅིངས་པ་གཞག་པར་བྱའོ།། མཁས་པས་སྒོ་དང་སྒོ་རུ་ནི། བུ་རམ་དང་། ཤ་ལ་ར་དང་། སྦྲང་རྩིའི་རོ་དང་། གཏོར་མ་གཞག་པར་བྱའོ།། མདུང་རྩེ་གསུམ་ལ་ཞོ་དང་། འོ་མ་དང་། ཟན་དང་། མཆོག་གི་བཟའ་བ་མ་ཉམས་པས་ཤིན་ཏུ་མཛེས་པའི་གཏོར་མ་གཞག་བར་བྱའོ། ། དེ་བཞིན་དུ་འཁུར་བ་དང་། འཁུར་བ་ཟླུམ་པོ་ཉིད་དང་། སྣུམ་འཁུར་དང་། བེ་ཊི་མ་ཀ་དང་། ས་རཱའི་ལ་དུ་དང་། མུང་གེའི་ལ་དུ་དང་། ཧྭགས་དང་། ཁམྦྷ་ནི་བཟང་པོ་རྣམས་གཞག་པར་བྱའོ། ། གཏོར་མའི་ལས་ལ་ཁོར་ཡུག་ཏུ་མེ་ཏོག་བཟང་པོ་དགྲམ་ཞིང་འཕྲེང་བས་བརྒྱན་པར་བྱའོ།། འབྲུའི་རྣམ་པ་རྣམ་པ་སྣ་ཚོགས་པ་གཞག་པར་བྱའོ།། འབྲས་བུའི་ངོ་བོ་རྣམ་པ་སྣ་ཚོགས་པ་དང་། ནེའུ་གསིང་སྔོ་བསངས་དང་། ལོ་མ་མཛེས་པ་བཀྲམ་སྟེ་གཞག་པར་བྱའོ།། ཁོ་ར་ཡུག་ཏུ་མར་མེའི་འཕྲེང་བ་དང་། དེ་བཞིན་དུ་ཨ་ཀ་རུ་དང་། ཙན་དན་དང་སྤྲིཀྐ་དང་། ཏུ་རུཥྐ་དང་། དཔལ་གྱིས་དཀྲིས་པ་དང་། གུ་གུལ་དང་། ཀུན་ཏུ་རུ་དང་། སྦྲང་རྩི་དང་། ཧྭགས་སྦྱར་བའི་བདུག་པ་དང་སྟེ། བདུག་པ་འདི་དག་དབུལ་བར་བྱའོ། ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་བདུག་པ་འཐུལ་བའི་པོག་པོར་གཞག་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་ལ་བདུག་པ་དབུལ་བར་བྱའོ།། ཕྱོགས་བཅིང་བ་དང་དཀྱིལ་འཁོར་བཅིང་བ་བྱ་སྟེ། གཙུག་ཏོར་བཅིང་ཞིང་བདག་བསྲུང་བ་དང་གཞན་བསྲུང་བ་བྱའོ།། དེའི་འོག་ཏུ་འཇུག་པར་བྱའོ།། རིག་སྔགས་ཀྱི་དཀྱིལ་འཁོར་མཆོག་མཐོང་བ་དང་། ཕྱག་བྱ་ཞིང་བསྐོར་བ་ཉིད་དང་། དམ་ཚིག་ཀྱང་སྦྱིན་པར་བྱའོ།། རྟག་ཏུ་གསང་བའི་ལས་བྱས་ཏེ། དེ་ཁོ་ན་བཞིན་དུ་གསང་སྔགས་བཟླས་པའང་བྱའོ།། དཀྱིལ་འཁོར་གྱི་ཆོ་ག་ཚད་མ་ལས་དགོས་པ་འདི་དག་ཐམས་ཅད་བྱས་ནས། དེའི་འོག་ཏུ་རིག་སྔགས་འཆང་གིས་ལས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པའོ།། རྒྱལ་བ་རིགས་བཞིའི་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དུ་ཞུགས་པ་དེ་དག་ཐམས་ཅད་ནི་འགྲོ་བ་བཟང་པོར་སྐྱེ་བར་འགྱུར་རོ། ། དེ་བཞིན་དུ་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་སྤྱན་སྔར་པདྨ་ལས་རྫུས་ཏེ་སྐྱེ་བར་ཐེ་ཙོམ་མེད་དོ།། ལྷའི་གཟུགས་ཤིན་ཏུ་འཛེས་པ། རྒྱ་མ་ཐམས་ཅད་ཀྱི་རྣམ་པར་བརྒྱན་པ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མི་བྱའོ།། འཇིག་རྟེན་པའི་དཀྱིལ་འཁོར་གྱི་དངོས་གྲུབ་བླ་ན་མེད་པ་དང་། ཆོ་ག་ཞིབ་མོའི་དངོས་གྲུབ་དང་། ཕྱག་རྒྱའི་དངོས་གྲུབ་དང་། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་བླ་ན་མེད་པ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་སེལ་བ་དང་། མོད་ལ་གདུག་པ་ཐམས་ཅད་འཇིག་པ་དང་། དགྲ་ཐམས་ཅད་ཟློག་པ་དང་། མོད་ལ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། དགོས་པ་ཐམས་ཅད་དང་། ཐམས་ཅད་དུ་དངོས་གྲུབ་བླ་ན་མེད་པ་གང་ཡིན་པ་གྲུབ་པར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ཀྱི་མངའ་བདག་དང་རྟག་ཏུ་དགའ་བར་འགྱུར་རོ། ། རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། རྟག་ཏུ་རྒྱལ་པོ་དང་བློན་པོར་བཅས་པ་རྣམས་ཀྱིས་དུས་རྒྱུན་དུ་བླ་ན་མེད་པའི་མཆོད་པའི་གནས་སུ་འགྱུར་རོ།། གཞན་ཡང་ལྗོངས་ཐམས་ཅད་བལྟ་ཞིང་མཆོད་པས་རྗེས་སུ་འབྲང་བར་འགྱུར་རོ། ། དེ་བཞིན་ཉིད་དུ་འང་དགེ་སྦྱོངས་རྣམས་དང་། བྲམ་ཟེ་རྣམས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱང་དགའ་བར་འགྱུར་རོ།། རྟག་ཏུ་ཚིག་བཙན་པ་དང་། རྟག་ཏུ་ལྷ་རྣམས་ཀྱིས་མངོན་པ་བསྲུངས་པ་དང་། སྐབས་གསུམ་གྱི་དབང་པོ་དང་། རྡོ་རྗེ་འཆང་བ་ཉིད་དང་། རྡོ་རྗེ་སྙིང་པོ་བདག་ཉིད་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཞོན་ནུ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་ཉིད་དང་། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་རྣམས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། ཁྲོ་བོའི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང་བ་ལའང་དུས་རྟག་ཏུ་སྲུང་བ་དང་རྗེས་སུ་འབྲང་བར་འགྱུར་ཏེ་ཐེ་ཙོམ་མི་བྱའོ། ། ཡུན་རིང་དུ་འཚོ་བར་འགྱུར། རྟག་ཏུ་སྨྲ་བ་ཉུང་ཞིང་མཁས་པ་དང་། ཐམས་ཅད་དུ་དངོས་གྲུབ་ཐོབ་པར་འགྱུར་རོ།། དཀྱིལ་འཁོར་མཐོང་བ་དང་འཇུག་པ་ལ་དགའ་བར་འགྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་དགྱེས་པ་དང་བཅས་པས་བྱིན་གྱིས་རློབ་པར་འགྱུར་རོ།། སངས་རྒྱས་རྣམས་དང་། འཇིག་རྟེན་ལས་འདས་པ་དང་། དེ་བཞིན་གཤེགས་པས་དབུགས་འབྱིན་པར་འགྱུར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་པའི་སྲས་ཇི་ལྟ་བ་བཞིན་ནོ།། འདི་ནི་དེ་རྣམས་ཀྱི་མངལ་གྱི་གནས་སུ་སྐྱེ་བའི་ཐ་མ་ཡིན་ནོ།། རྟག། ཏུ་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མི་བྱའོ།། སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྲོ་བ་དང་། རྟག་ཏུ་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་ལ་མངོན་སུམ་དུ་ཆོས་ཉན་པར་ཐེ་ཙོམ་མེད་དོ། ། འདི་ནི་སྐྱེ་བའི་ཐ་མ་ཡིན་ཏེ། ཇི་སྲིད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཏུ་རྫོགས་པར་སངས་རྒྱས་པར་འགྱུར་རོ།། དགོས་པ་གཞན་རྣམ་པ་སྣ་ཚོགས་པ་དང་། ཁྲོ་བོ་ལྕགས་ཀྱུའི་ལས་བརྒྱ་ཕྲག་སྟོང་རྣམས་རང་གི་འདོད་པའི་བློས་བྱའོ། ། ཐམས་ཅད་དུ་ལན་ཅིག་བཟླས་བརྗོད་བྱས་ལ། ཐམས་ཅད་དུ་ལས་ཐམས་ཅད་བྱའོ།། བཀླགས་པས་འགྲུབ་པའི་ཆོ་གའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ། བཞིན་འཛུམ་པས་ཁྲོ་བོ་ཆེན་པོ་ལྕགས་ཀླུའི་གཟུངས་ཀྱི་ཀུན་ཏུ་སྣང་བཞིན་པའི་འོད་ཟེར་སྣ་ཚོགས་འབར་བའི་སྙིང་པོ་ལུས་ལས་ཕྱུང་ངོ་། ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་སོ།། འོད་ཟེར་གྱི་སྣང་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པའི་སྙིང་པོ་རབ་ཏུ་འབེབས་པར་འདོད་པའི་དོན་དང་། ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པའི་དོན་དང་། ལྷའི་དྲི་དང་མཐུན་པར་གསལ་བའི་དྲི་དང་། རྗེས་སུ་མཐུན་པའི་དྲི་རྣམ་པ་བཀྲ་བའི་ཆར་རྣམས་ཀྱིས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕབ་པོ།། རབ་ཏུ་དགྱེས་པའི་ཐུགས་ཀྱིས་ལྷའི་ཆུ་གསལ་ཞིང་རྒྱ་ཆེ་བ། དྲི་འཕྲོ་བས་རྣམ་པར་མཛེས་པའི་དཔྲལ་བའི་ཆུ་མུ་ཏིག་དང་མཉམ་ཞིང་མཚུངས་པ། ཛཱ་ཏིའི་འབྲས་བུ་དང་འདྲ་བར་རྣམ་པར་མཛེས་པའི་དཔྲལ་བའི་ལྷའི་ཆུས་ཡོངས་སུ་དབང་བསྐུར་ཏེ། ཐིགས་པ་ནམ་མཁའ་དང་མཉམ་པ་བཞུ་བའི་མིག་འབྲས་ལས་ལྷུང་བའི་ཆུ་སྐར་མ་ལས་རབ་ཏུ་ལྷུང་བའི་གོས། དེ་ལྟ་བུའི་དཔྲལ་བར་ཐིག་ལེ་འབར་བ་ཉི་མ་དང་སྨིག་རྒྱུ་རྣམ་པར་མཛེས་པའི་འོད་ཟེར་ས་ལ་ལྷུང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞབས་ཀྱི་དྲུང་དུ་ལྷུང་ངོ་།། པདྨའི་འདབ་མ་བརྒྱ་སྟོང་ཕྲག་ཁ་བྱེ་བ་ལྟར་རབ་ཏུ་འཛུམ་པས་རྣམ་པར་མཛེས་པ། པདྨའི་ཟེའུ་འབྲུ་ལྟར་མཉེན་པ་བྱུང་བར་གྱུར་ཏོ།། བཻ་ཌཱུཪྻའི་སྡོང་བུ་ཉི་མ་བརྒྱ་སྟོང་ཕྲག་པས་ལྷག་པའི་མཐུ་སྟོབས་དང་ལྡན་པའི་འོད་ཟེར་སྣང་བས་འབར་བཞིན་པ། བཅོམ་ལྡན་འདས་ལ་མི་གང་གི་ཚད་ལྟ་བུར་གནས་པར་འགྱུར་ཏོ། ། དེ་ནས་རིག་པ་འཛིན་པའི་དབང་པོ་ཆེན་པོ་རྡོ་རྗེ་འཆང་གིས་ཆུའི་ཐིགས་པ་འདབ་མ་མཉམ་པ། བཻ་ཌཱུཪྻ་མཆོག་ཏུ་མཛེས་ཤིང་འབྲར་བ་པདྨ་ལ་བྱེ་བ་དེ་མཐོང་ནས་ཐུགས་ངོ་མཚར་དཔཡ་མཚན་སྐྱེས་ཏེ། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། སེམས་དཔའ་ཆེན་པོ་ཤིན་ཏུ་ངོ་མཚར་བ་མཐོང་ལགས་སོ།། རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་མཐོང་ལགས་སོ།། སེམས་དཔའ་ཆེན་པོ་བདག་གིས་ལྟད་མོའི་མཆོག་མཐོང་ལགས་སོ། ། སེམས་དཔའ་དག་པ་ཆེན་པོ་ཁྱོད་ཀྱིས་བདག་གི་ལྟད་མོའི་ཐེ་ཙོམ་མེད་པར་མཛོད་ཅིག་ཅེས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ན་རྡོ་རྗེ་བདག་ལ་དོན་ཡོད་པ་པདྨ་དྲི་མ་མེད་པ་ཆུ་སྐྱེས་ཀྱི་ཞབས་ཀྱི་ལྕགས་ཀྱུ་ཞེས་བྱ་བ་དོན་ཡོད་ཞགས་པའི་སྙིང་པོ། ། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། ལྷ་རྣམས་ཡོད་དེ། དེ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་ཆེན་པོའི་དབུས་སུ་དེ་བཞིན་གཤེགས་པའི་སྤྱན་སྔར་ཡོངས་སུ་བསྒྲགས་པར་བགྱིའོ། ། དེའི་མཐུ་དང་རིག་སྔགས་ཀྱི་རྒྱལ་པོའི་མཐུ་སྟོབས་ཀྱི་རྫ་འཕྲུལ་གྱི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་འདི་མཐོང་ངོ་། ། དེའི་མཐུས་པདྨ་འདི་བྱུང་ངོ་།། རིག་སྔགས་ཀྱི་རྒྱལ་པོ་འདི་བདག་གི་དཔྲལ་བ་ནས་བྱུང་བས་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེ་ཞིང་ཆེ་བ་དང་ཡང་དག་པར་ལྡན་པར་གྱུར་ཏོ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས། ལན་གསུམ་བསྐོར་བ་བྱས་ཏེ་མཆོད་པ་བྱས་ནས་སོང་ངོ་།། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་བྱིས་པའི་ཆ་བྱད་བཟུང་ནས། བཅོམ་ལྡན་འདས་ལ་བསིལ་ཡབ་གཡོབ་པར་བྱེད་བཞིན་དུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རེས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་དཔའ་ཆེན་པོ་དོན་ཡོད་པ་པདྨ་དྲི་མ་མེད་པ་ཆུ་སྐྱེས་ཀྱི་ཞགས་པའི་སྙིང་པོ་ཞེས་བྱ་བ་དོན་ཡོད་པ་ཞགས་པའི་སྙིང་པོ། ། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། ལྷ་རྣམས་སྨྲོས་ཤིག། གང་གིས་སྨྲས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གསང་བའི་དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། ཕྱག་རྒྱ་དང་། གསང་སྔགས་འདི་རྣམ་པར་དབྱེ་བ་བྱས་པར་འགྱུར་རོ།། བསྒྲིབས་པ་མེད་པར་དཀྱིལ་འཁོར་མཐོང་བ་ཀུན་ཏུ་གནས་པར་བྱེད་དོ། ། ཆོ་ག་ཞིབ་མོ་ཐམས་ཅད་དང་། གསང་སྔགས་དང་། དམ་ཚིག་དང་། ཕྱག་རྒྱ་རྣམས་རྗེས་སུ་མཐུན་པར་ཕྱོགས་ཏེ་གནས་པར་བྱེད་དོ། ། དཀྱིལ་འཁོར་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་དང་། རིག་སྔགས་ཀྱི་རྒྱལ་པོའི་ལྷ་ཐམས་ཅད་མདུན་ན་ཉེ་བར་གནས་པར་བྱེད་དོ།། སྒྲུབ་པའི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་མཐོང་བར་འགྱུར་རོ། ། རིག་སྔགས་འཆང་ཕྱིས་ཀྱང་རྣམ་པ་གཞན་དུ་མི་འགྱུར་རོ།། ལས་ཐམས་ཅད་སྒྲུབ་པའི་ཆོ་ག་རྣམས་ལ་ལེགས་པར་སྒྲུབ་པའི་ཆོ་གར་ཡང་འགྱུར་རོ།། རྟག་ཏུ་རིག་སྔགས་འཆང་གིས་རྗེས་སུ་འབྲང་ཞིང་། ཕྱི་བཞིན་ཕྱི་བཞིན་ལྷན་ཅིག་རྗེས་སུ་འབྲང་བར་འགྱུར་རོ་ཞེས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས། སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་དོན་དུ་རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་གི་སྒྲུབ་པ་བཀླགས་པས་གྲུབ་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་ཆེན་པོའི་དབུས་སུ་བཞིན་འཛུམ་ཞིང་མིག་མི་འཛུམ་པས་རིག་སྔགས་ཀྱི་རྒྱལ་པོ་འདི་སྨྲས་སོ།། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རབ་འབྱམ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་རབ་འབྱམ་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ། ། འཕགས་པ་རྡོ་རྗེ་འཛིན་པ་རིགས་ཐམས་ཅད་ཀྱི་གསང་བ་དང་། རིག་སྔགས་འཆང་གི་དབང་པོ་རབ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་གྱི་གསང་བ་ཐམས་ཅད་དང་། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་སྒྲུབ་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན། རིག་སྔགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྒྱལ་པོའི་བདག་ཉིད་ཆེན་པོའི་རྣམ་པར་འཕྲུལ་པ་གྲུབ་པ་རྣམས་དང་ཕྱག་རྒྱ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ་ཨོཾ་བི་མ་ལེ། བི་མ་ལེ་གརྦྷ། བི་མ་ལ་ཨམྦུ་ཛ་པདྨེ་སཱུརྱ་བརྩ་སེ། ས་ཧ་སྲ་རསྨི་ཀི་ར་ཎི་མ་ཧཱ་རསྨི་ཛཱ་ལ་ཨ་བ་བྷ་ཥི་ཏེ། ཙ་ར་ཙ་ར། ཙ་ར་ཙ་ར། སཉྩར་པདྨོད་རི་པདྨ་གནྡྷེ། པདྨ་བྷུ་ཛེ། སུ་བི་མ་ལ་ཨམྦུ་ཛ་བི་མ་ལེ་མ་ཎི་ཀ་ན་ཀ་བཛྲ་བཻ་ཌཱུཪྻ་ཨིནྡྲ་ནཱི་ལ་མ་ར་ཀ་ཏ། པདྨ་རཱ་ག་བི་བི་དྷ་མ་ཧཱ་མ་ཎི་རཏྣ་ལོ་ཀྲྀ་ཏ་ཤ་རཱི་རེ། དྷ་ར་དྷ་ར། མ་ཧཱ་པདྨ་དྷཱ་ར། པ་ར་པ་ར་བ་ར་ཤུ་པཱ་ཤ་དྷཱ་ར། ས་ར་ས་མནྟ་བཻ་རོ་ཙ་ན། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་དྷིཥྛི་ཏེ། ཀུ་ལ་ས་མ་ཡ་བ་རི་པཱུ་ར་ཎི། བ་ར་བ་ར། བཛྲ་ཛྭ་ལ་མཱ་ལཱ་གརྦྷེ། བཛྲ་བཛྲེ་བཛྲ་ཨ་དྷིཥྛི་ཏ་པདྨེ་ཧཱུཾ་ཧཱུཾ། མ་ཎི་མ་ཎི་མ་ཧཱ་མ་ཎི་ཙིནྟཱ་མ་ཎི་བ་ཤ་བྷ་ར། ཧུ་རུ་སུ་རུ་པདྨ་པདྨ་གོ་རེ་པདྨ་པཱ་ཎི་བ་ར་དེ། ཨ་མོ་གྷ་བནྡེ། ཨོཾ་པདྨི་ནི་པདྨ་ཎི་བཛྲ་དྷནྟུ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་སཱ་ནཱ་མྱ་ས་མ་ཡ་ཨ་དྷིཥྛ་ཏེ། མཧཱ་བི་བུ་ལ་བྷུ་ཛེ། བྷ་ར་བྷ་ར་སམྦྷ་ར། བྷུ་རུ་བྷུ་རུ་བྷུ་རི་ཎི། བྷི་རི་བྷི་རི། ས་མནྟ་ཨ་བ་ལོ་ཀི་ཏ་བཱིརྱཱ་རཱ་ཛེ་པྲ་ས་ར་པྲ་ས་ར་སྠཱ་བི་མ་ལེ། སརྦ་བིདྱཱ་མཎྜ་ལ་དེ་བ་ཏཱ་ན་མསྠི་ཏེ། ཏ་ར་ཏ་ར། ཏཱ་ར་ཡ་ཏཱ་ར་ཡ། ས་མནྟ་པ་རི་པཱུ་ར་ཎི་སརྦ་བོ་དྷི་སཏྭཱ་ཨ་བྷི་ཥེ་ཙཱ་ནེ་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་ཨི་བྷི་ཥིཀྟི་ཨ་བྷི་ཥིཉྩ་ཡ་མཾ་སརྦ་བིདྱཱ་མནྡ་ལ་ཀུ་ལ་ས་མ་ཡ་བྷི་ཥེ་ཀཾཿསརྦ་ཏ་ཐཱ་ག་ཏ་པཱ་ཎི་བ་ར་དེ། པདྨ་གཽ་རེ་པདྨ་པྲ་བྷེ། པདྨ་བི་ཀ་ཙམྦུ་ཛ་གརྠེ། ཧཱུཾ་ཧཱུཾ། བཛྲེ་བཛྲེ། བཛྲེ་པདྨ་ཏ་ཐཱ་ག་ཏ་ཀུ་ལ་ཨ་དྷིཥྛ་ཏེ། ཨ་མོ་གྷ་བ་ར་དེ། སརྦ་སཱ་པ་རི་པཱུ་ར་ཎི་སརྦ་པཱ་པ་དུཿཁ་པྲ་ཤ་མ་ནི། ཨ་མོ་གྷ་ཧྲྀ་ད་ཡ་སིདྡྷི་སཱ་དྷཱ་ཡ་བི་མ་ལེ་ཧཱུཾ་ཕཊ། ཨོཾ་བ་ར་རེ་པདྨ་བྷུ་ཛེ་ན་མོ་སྟུ་ཏེ་པདྨ་སུ་ཏེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕག་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དོན་ཡོད་པ་དྲི་མ་མེད་པ་པདྨོའི་ཆུ་སྐྱེས་ཀྱི་པདྨའི་ལྕགས་ཀྱུ་དོན་ཡོད་ཞག་པའི་སྙིང་པོ་རིགས་ཀྱི་རྒྱལ་པོ་གཟུངས་ཆེན་པོ་ཀུན་ནས་རྣམ་པར་སྣང་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པའི་དེ་མ་ཐག་གི་འོག་ཏུ་པདྨ་ཟེའུ་འབྲུ་དང་བཅས་པའི་གེ་སར་གསལ་བར་རྣམ་པར་བྱེ་སྟེ། དཔེར་ན་གྲོང་ཁྱེར་གྱི་ཕྱོགས་གཅིག་གི་སྒོ་བྱེ་ནས་རྒྱལ་མོ་བྱུང་བ་བཞིན་དུ། ལྷའི་གཟུགས་བལྟ་ན་སྡུག་པ། འོད་མཐའ་ཡས་པ། ཕྱག་བཞི་པ། རྒྱན་གྱིས་རྣམ་པར་བརྒྱན་པ། ཕྱག་ན་པདྨ། དོན་ཡོད་ཞགས་པའི་ངོ་བོ་ཞགས་པའི་ཕྱག་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་ཆེན་པོའི་ཕྱག་དང་། མདུང་རྩེ་གསུམ་པའི་ཕྱག། སྤྱན་གསུམ་པ། ཞལ་གསུམ་པ། ཟླ་བའི་ཅོད་པན་འཆང་བ། ཞི་བ། ཞི་ཞིང་འཛུམས་པའི་ཞལ། སྐུ་ལ་འོད་ཟེར་སྣ་ཚོགས་འབར་བའི་སྙིང་པོ། པདྨ་དང་སེང་གེའི་གདན་ལ་བཞུགས་པ། པདྨ་ལ་བྱེ་བའི་སྙིང་པོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། མགོ་བོས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་མིག་མི་འཛུམ་པར་བལྟ་ཞིང་འཁོད་དོ།། དེ་ནས་བཅོམ་ལྡན་འདྲ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། དོན་ཡོད་པ་པདྨ་དྲི་མ་མེད་པ་ཆུ་སྐྱེས་ཀྱི་ཞགས་པའི་ལྕགས་ཀྱུ་རིག་སྔགས་ཀྱི་རྒྱལ་མོ་བུད་མེད་ཀྱི་གཟུགས་འཛིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་དག་པ་ཆེན་པོ་ཁྱོད་ཅིའི་ཕྱིར་མིག་མི་འཛུམ་པར་བལྟ། མཆོག་ཅི་དོན་དུ་གཉེར་བཞིན་དུ་འཁོད་ཅེས་སོ།། རིག་སྔགས་ཀྱི་རྒྱལ་མོས་གསོལ་པ། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས། བ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་ཀྱི་སྤྱིའི་ཕྱག་རྒྱ་དང་། སྔགས་དང་། དམ་ཚིག་གསང་བའི་རྗེས་སུ་འཇུག་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིག་སྔགས་རྒྱལ་མོ་ཉོན་ཅིག། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་དམ་ཚིག་གི་དཀྱིལ་འཁོར་དང་ཕྱག་རྒྱའི་གསང་བར་ལུང་བསྟན་ཅིང་། ཁྱོད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཏུ་ལུང་བསྟན་ནོ། ། ངས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དང་། དཀྱིལ་འཁོར་དང་། ཕྱག་རྒྱའི་དམ་ཚིག་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་ལུང་བསྟན་ནོ། ། ཏུརྞྞ་དང་། དཀར་ཤམ་དང་། སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། པདྨ་རིགས་མཛེས་མ་དང་། ལྷ་མོ་ཆེན་མོ་ཀི་ལཱི་ཀི་ལཱི་དང་། རྡོ་རྗེ་ཕོ་ཉ་མོ་དང་། དྲི་མེད་བྱེད་མ་དང་། པདྨའི་སྤྱན་མ་དང་། རྡོ་རྗེ་ལུ་གུ་རྒྱུད་མ་དང་། རྡོ་རྗེ་ཁྲོ་གཉེར་ཅན་མ་དང་། ལྷ་མོ་པདྨ་རབ་སྣང་མ་དང་། པདྨ་སྤྱོད་བྱེད་མ་དང་། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་དོན་ཡོད་པའི་ཕྱག་དང་། ལོངས་སྤྱོད་ལྡན་མ་དང་། དཔལ་མོ་དང་། འཇིགས་མ་དང་། དཔེ་མེད་མ་དང་། དབྱངས་ཅན་མ་དང་། རལ་གཅིག་མ་སྤྱན་སྟོང་པ། ཕྱག་སྟོང་པ། དབུ་སྟོང་པ། དོན་ཡོད་པའི་པདྨ་དང་། རིན་ཆེན་ལྷ་མོ་དང་། རིན་ཆེན་འབྱུང་གནས་དང་། འཇིག་རྟེན་དབང་ཕྱུག་ཉིད་དང་། རིག་པའི་དབང་ཕྱུག་ཉིད་དང་། ལྷ་མོ་ཆེན་མོ་ཕྱག་རྒྱའི་དབང་ཕྱུག་དང་། རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་མོ་དང་། ཧུ་ཧྲ་བཟླས་པའི་སྦྱིན་སྲེག་དང་། ཞི་བའི་ལས་དང་། ལྷ་མོ་རིགས་མཛེས་མ་དང་། རིག་སྔགས་འཆང་ཆེན་པོ་རྡོ་རྗེ་མཛེས་མ་ཉིད་དང་། ཕྱག་ན་འ་ལོ་གྲུབ་པ་དང་། དེ་བཞིན་དུ་རལ་གྲི་བཟང་པོའི་རིག་པ་འཛིན་པ་དང་། ཁྲོ་བོ་ཉིད་དང་། ཁྲོ་བོའི་རྒྱལ་པོ་དང་། དུས་ཀྱི་མཚན་མོ་དང་། ཞལ་རྣམ་པར་འགྱུར་ས་དང་། མཆེ་བ་གཙིགས་མ་དང་། སེར་སྐྱ་མ་ཉིད་དང་། རང་གསལ་མ་དང་། ཕྱག་ན་རིན་ཆེན་མ་ཉིད་དང་། སའི་དཀྱིལ་འཁོར་གྱི་ལྷ་མོ་དང་། དེ་བཞིན་དུ་རྫས་ཡོངས་སུ་འཛིན་པའི་ལྷ་མོ་དང་། མཆོད་ཡོན་དང་། ཞབས་བསིལ་དང་གཏོར་མ་ཉིད་ཀྱི་ལྷ་དང་། ཨ་གྲི་ཎི་དང་། མེ་ཏོག་དང་། བདུག་པ་དང་། འཕྲེང་བ་དང་། བྱུག་པའི་ལྷ་དང་། ཐམས་ཅད་དུ་རྗེས་སུ་སོང་བའི་ལྷ་མོ་ཁྱོད་དང་། གསང་སྔགས་ཐམས་ཅད་ལ་དབང་སྒྱུར་མ་དང་། བུད་མེད་ཀྱི་གཟུགས་འཛིན་པའི་རིག་སྔགས་ཀྱི་རྒྱལ་པོའི་མཆོག་སྒྲོལ་བར་བྱེད་པ་དང་། བདག་གི་གསང་སྔགས་ཐམས་ཅད་འཛིན་པའི་རིག་སྔགས་ཀྱི་རྒྱལ་མོའི་མཆོག་མ་དང་། རིག་སྔགས་འཆང་གི་དབང་མོ་དང་། རིགས་ཀྱི་གསང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་པོ་ངེས་པར་སྦྱིན་པ། འཇིག་རྟེན་དབང་ཕྱུག་སྐྱེས་པ་ཉིད་དུ་དཔྲལ་བའི་སྨིན་མའི་བར་དུ་ལྷའི་ཆུའི་དངུལ་ལས་ངེས་པར་སྐྱེས་ཤིང་བྱུང་བ། སྐར་མའི་རྣམ་པ་དང་མཚུངས་པ། སྣ་ཚོགས་པའི་གཟུགས་ཅན་དུ་གྱུར་པའོ།། ཞེས་ལས་སྣ་ཚོགས་དང་། དབྱངས་ཅན་གང་ཡིན་པ་འདི་འཆང་བར་བྱེད་དོ། ། 9དེ་བཞིན་གཤེགས་པས་ལུང་བསྟན་པ་དང་དུ་བླངས་ནས་གསུངས་སོ།། རིག་སྔགས་ཐམས་ཅད་ཀྱི་དངོས་གྲུབ་མཉམ་པར་སྐྱོབ་པ་ཐོབ་པ་དང་། དེ་བཞིན་དུ་ཆོག་ཞིབ་མོའི་སྒྲུབ་པ་དང་། ཕྱག་རྒྱ་དང་། གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་རྣམ་པ་སྣ་ཚོགས་པ་དང་། དོན་ཡོད་པའི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ།། དོན་ཡོད་པའི་འབྲས་བུ་མཐོང་བ་དང་། བཀླགས་པས་གྲུབ་པའི་རྒྱུ་མཚན་གཞན་དང་། ཐམས་ཅད་དུ་རིགས་སྤྱིའི་དཀྱིལ་འཁོར་དང་། ཕྱག་རྒྱའི་དངོས་གྲུབ་ཀྱི་ཕྱིར་དང་། སྤྱིའི་དཀྱིལ་འཁོར་དང་། ཕྱག་རྒྱའི་དམ་ཚིག་ཉིད་ཀྱང་འདི་དྲན་པ་ཙམ་ཀྱིས་ཐམས་ཅད་ཐོབ་པར་བྱེད་དོ། ། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། ལྷ་དེ་དག་ཐམས་ཅད་ཀྱང་དྲན་པ་ཙམ་གྱིས་རྗེས་སུ་འབྲང་བར་འགྱུར་བར་ཐེ་ཙོམ་མེད་དོ། ། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་དང་ལྷ་རྣམས་དམ་ཚིག་ལ་ཀུན་ཏུ་གནས་པར་བྱེད་དོ།། དེ་ལྟ་བས་ན་འབད་པ་ཐམས་ཅད་ཀྱིས་ཟུང་ཞིག། དེ་བཞིན་དུ་ཐུབ་པ་རྣམ་པར་སྣང་མཛད་དང་། ཤཱཀྱའི་རྒྱལ་པོས་རིག་སྔགས་ཀྱི་རྒྱལ་པོར་ལུང་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མིང་ཀུན་ཏུ་གཟིགས་ཤིང་ཐམས་ཅད་རྗེས་སུ་འགྲོ་བ་སྟེ། དེའི་ཕྱིར་སྤྱན་རས་གཟིགས་པདྨ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་པོ་བླ་ན་མེད་པ། རྡོ་རྗེའི་དངོས་གྲུབ་དངོས་གྲུབ་ཆེན་པོ། པདྨའི་རིགས་ཀྱི་དངོས་གྲུབ་བླ་ན་མེད་པ། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་གྲུབ་པ། དཀྱིལ་འཁོར་ཆེན་པོའི་རིགས་དང་ནོར་བུ་ཆེན་པོའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་སྒྲུབ་པ་གྲུབ་པ། དོན་ཡོད་པའི་སྙིང་པོ་འདི་དཀྱིལ་འཁོར་ཐམས་ཅད་དུ་མཆོག་གི་དངོས་གྲུབ། མཆོག་གི་དང་པོ་རྡོ་རྗེའི་རིགས་སུ་བསྟན་པ། རྡོ་རྗེ་རྩེ་མོ་ཆེན་པོའི་ལྷ་དང་། དེ་བཞིན་དུ་རྡོ་རྗེ་ས་འོག་གི་དངོས་གྲུབ་ཀྱི་ཕྱིར་རྡོ་རྗེ་འཕྲེང་བ་རིམ་པར་ཕྱེ་བའི་གྲངས་དང་། རྡོ་རྗེ་མཆུའི་མཆོག་གི་དངོས་གྲུབ་རྣམས་ལ་སྤྱན་རས་གཟིགས་པདྨ་དང་། པདྨ་མཛེས་པ་དང་། དེ་བཞིན་དུའང་མིང་སྨོས་པ་ཙམ་གྱིས་མོད་ལ་རྗེས་སུ་འབྲང་ཞིང་འོང་བར་བྱེད་དོ།། དེ་བཞིན་དུ་རྡོ་རྗེ་ཡང་པོ་དང་། རྡོ་རྗེ་འཛིན་པ་དང་། ལག་ན་རྡོ་རྗེ་དང་། དབང་ཕྱུག་ཆེན་པོ་རྣམས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། དེ་ལྟ་བས་ན་རྟག་ཏུ་ཤེས་པས་རིག་སྔགས་སྨྲ་བ་དང་། མིང་གང་གི་མཆོག་འཛིན་པ་ལ་དེ་བཞིན་གཤེགས་པས་རྟག་ཏུ་རྣམ་པར་གཟིགས་པར་འགྱུར་རོ། ། དེ་བཞིན་ཉིད་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཐུབ་པ་རྣམ་པར་སྣང་མཛད་ཀྱིས་རྟག་ཏུ་ལུང་སྟོན་པར་འགྱུར་བར་ཐེ་ཚོམ་མེད་དོ།། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་འདི་ལུང་བསྟན་མ་ཐག་ཏུ་ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ།། གཡོས། རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག། འུར་འུར། རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཚམ་མོ།། ལྷའི་མེ་ཏོག་གི་ཆར་བབ་སྟེ། འདི་ལྟ་སྟེ། ཟླ་བ་མདོག་མཛེས་དང་། དྲི་མེད་མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་སྔོན་པོ་དང་། ཨུཏྤལ་དམར་པོ་དང་། མྱ་ངན་ཚང་དང་། སྱ་ནར་དང་། དུནྡྷ་ག་དང་། གནྡྷ་ག་བཱ་རཱི་ཀ་དང་། ཀོནྟ་དང་། ཨ་དྷི་མུཀྟ་ཀ་དང་། པཱ་ལཱ་ཤ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཙམ་པ་ཀ་དང་། སཽ་གནྡྷི་ཀ་དང་། སནྣ་བཱ་རི་ཎ་དང་། ནཱ་ག་པུཥྤ་དང་། སྣ་མ་དང་། པཱུ་ཐི་ཀ་དང་། ན་བ་མཱ་ལི་ཀ་དང་། ཏ་ར་ཎ་དང་། མ་རུ་བ་ཀ་དང་། ཀུ་བྱ་ཀའི་མེ་ཏོག་གི་ཆར་འབབ་པའི་དོན་དང་། ཚོན་རྩི་སྣ་ཚོགས་པས་བཅོས་པའི་ལྷའི་གོས་ཀྱི་འཆར་འབབ་པའི་དོན་དང་། རིན་པོ་ཆེ་སྣ་བདུན་གྱི་ལྷའི་བརྒྱན་དང་། ལྷབ་ལྷུབ་དང་། རྒྱན་ཆའི་ཆར་འབབ་པའི་དོན་དང་། ལྷའི་གསེར་གྱི་མེ་ཏོག་གི་ཆར་འབབ་པའི་དོན་དང་། ལྷའི་དྲི་ཙན་དན་དང་། ཏ་མཱ་ལ་དང་། ག་པུར་དང་། གྲ་རྩི་དང་། གུར་ཀུམ་དང་། ལྷའི་གོས་དང་། དྲི་བཟང་པོས་བསྒོས་པའི་ཕྱེ་མའི་ཆར་འབབ་པའི་དོན་དང་། ལྷའི་དྲི་ཆབ་ཀྱི་ཆར་འབབ་པའི་དོན་དང་། མ་དཀྲོལ་བར་ནམ་མཁའི་མཐིལ་དུ་རོལ་མོའི་སྒྲ་འབྱུང་བ་དང་། སུམ་ཅུ་རྩ་གཉིས་པའི་རིས་ཀྱི་ལྷའི་བུ་མེ་ཏོག་སྣ་ཚོགས་འཐོར་བར་བྱེད་པ་དང་། གོས་དང་། རིན་པོ་ཆེ་སྣ་ཚོགས་འཐོར་བར་བྱེད་པ་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ལྷའི་མུ་ཏིག་གི་དོ་ཤལ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྒྱན་ཟླ་གམ་ཅན་དང་། མུ་ཏིག་དམར་པོ་དང་། ཀ་ཤི་ཀའི་གོས་སྣ་ཚོགས་པ་འཐོར་བར་བྱེད་པར་གྱུར་ཏོ། ། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ལ་སོགས་པ་ལྷའི་བུ་འབུམ་ཕྲག་དགུ་བཅུ་རྩ་དགུས་ལྷའི་གཞལ་ཡས་ཁང་རྣམ་པ་སྣ་ཚོགས་པ་དང་། ལྷའི་གོས་དང་། མེ་ཏོག་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་རྣམས་དང་། རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་གདུགས་སྣ་ཚོགས་པ་རྣམས་ནམ་མཁའི་མཐིལ་དུ་ཀུན་ཏུ་གཏོར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། རིག་སྔགས་ཀྱི་རྒྱལ་པོའི་འཁོར་ལ་མཆོད་པའི་སྤྲིན་ཆེན་པོར་གྱུར་ཏེ་མཆོད་པ་ཆེན་པོ་བྱེད་པར་གྱུར་ཏོ།། རྫུ་འཕྲུལ་ཆེན་པོའི་ཆོ་འཕྲུལ་ཆེན་པོ་མཐོང་བར་གྱུར་ཏོ། ། དངོས་གྲུབ་ཆེན་པོའི་མཚན་མ་བྱུང་བར་གྱུར་པ་རྣམས་ཡང་དག་པར་མཐོང་ངོ་།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཐོང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའིདཀྱིལ་འཁོར་རྣམས་ཀུན་ཏུ་ཡང་དག་པར་བྱའོ།། ལྷའི་གཞལ་ཡས་ཁང་སྣ་ཚོགས་པ་བྱུང་བར་གྱུར་པ་མཐོང་ངོ་། ། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་ནས་ལྷགས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཞབས་གཉིས་ལ་མགོ་མོས་ཕྱག་འཚལ་ཏེ་རྡོ་རྗེ་གསོར་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་ནས་བཞིན་འཛུམ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེ་ཞིང་ཆེ་བ་ཡང་དག་པར་སྣང་བ་དང་། མཆོད་པའི་སྤྲིན་གྱི་ཆར་ཆེ་ཞིང་ཆེ་བ་རབ་ཏུ་འབབ་པ་དང་། བཅོམ་ལྡན་འདས་དངོས་གྲུབ་ཀྱི་མཚན་མ་ཆེ་ཞིང་ཆེ་བ་སྣང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པའི་འཁོར་ཆེན་པོ་འདུས་པར་གྱུར་པའི་རིག་སྔགས་ཀྱི་རྒྱལ་པོ་སྐྱེས་པར་མཐོང་བར་སྣང་བ་དང་། ཆོ་འབྲུལ་ཆེ་ཞིང་ཆེ་བ་སྣང་བ་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱག་གི་རིག་སྔགས་ཆེན་པོ་འབྱུང་བར་སྣང་བ་ནི། བཅོམ་ལྡན་འདས་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་ཅིའི་མཐུས་སྔོན་གྱི་མཚན་མ་ཡང་དག་པར་སྣང་བ་ལགས། འདི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་གང་ཞིག་ཡང་དག་པར་སྣང་བ་ལགས། བཅོམ་ལྡན་འདས་བདག་གི་སེམས་ལ་ཐེ་ཙོམ་དེ་སྐྱེས་པར་གྱུར་པས། དེ་ངེས་པར་བསྟན་དུ་གསོལ། ཞུ་བ་ལུང་སྟོན་པར་འགྱུར་བ་གང་གིས་བདག་གི་དོག་པ་རྣམ་པར་སེལ་བ་དང་། སོམ་ཉི་རྣམ་པར་སེལ་བར་བྱེད་པས་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་རུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། གནོད་སྦྱིན་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་ངེས་པར་བསྟན་པར་བྱ་བ་ཉོན་ཅིག། ལག་ན་རྡོ་རྗེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའོ། ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་རྣམ་པར་འཕྲུལ་པའོ།། ལག་ན་རྡོ་རྗེ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུས་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣང་བར་བྱེད་དོ། ། དོན་ཡོད་པ་རྣམ་པར་འཕྲུལ་པ་ཀུན་ཏུ་སྣང་བའི་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་དང་། གསང་སྔག་དང་། གཟུངས་དང་། རིགས་སྔགས་ཀྱི་རྒྱལ་པོའི་རྣམ་པར་འཕྲུལ་པ་དང་། རིག་སྔགས་ཀུན་ཏུ་སྣང་བ་དང་། རིག་སྔགས་ཀྱི་རྒྱལ་པོ་རྣམ་པར་སྣང་བར་བྱེད་དོ།། དེའི་མཐུས་སྣང་བ་འདི་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་འདི་སྣང་ངོ་།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་མཐོང་བ་དང་། མིང་བཟུང་བ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱི་རྡུལ་ཕྲ་རབ་དང་མནམ་པ་མངོན་སུམ་དུ་མཐོང་བ་དང་། མཚན་བཟུང་བའི་དགེ་བའི་རྩ་བ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པ་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། རིག་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་བྱེ་བ་དང་། སྙིང་པོའི་མཐུ་སབ་ཏུ་འཇུག་པར་འགྱུར་རོ། ། དམ་ཚིག་གི་དཀྱིལ་འཁོར་གསང་བར་རབ་ཏུ་ཞུགས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་ཞིབ་མོའི་རྗེས་སུ་འཇུག་པར་འགྱུར་རོ། ། རིག་སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་པ་དེ་རྣམས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྙིང་པོ་དང་། ཕྱག་རྒྱ་དང་། གསང་བའི་དཀྱིལ་འཁོར་གྱི་དམ་ཚིག་དང་། གསང་སྔགས་ཆེན་པོ་རིམ་པར་ཕྱེ་བའི་སྒྲུབ་པ་ལ་རྗེས་སུ་འཇུག་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་ཕྱིར་སྟེ། འདི་ལྟ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་སྙིང་པོ་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་གསང་བ་ལ་རབ་ཏུ་ཞུགས་ཤིང་དབང་སྒྱུར་བའི་རྗེས་སུ་ཞུགས་པ་ནི་རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོར་གྱུར་པ་གཅིག་པུའོ། ། འདི་ལྟ་སྟེ། འོ་མ་དང་ཆུ་ཡང་དག་པར་འབྱུང་བ་བཞིན་ནོ།། སྙིང་པོ་གཅིག་པུ་འདི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱའི་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོའི་རྗེས་སུ་ཞུགས་པའོ།། དེས་ན་ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་འདི་ཀུན་ནས་རྗེས་སུ་འཇུག་པ་ཞེས་བྱའོ།། ལག་ན་རྡོ་རྗེ་རྒྱུ་དེ་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་རིག་སྔགས་ཀྱི་རྒྱལ་པོ་འདིའི་མིང་ལན་ཅིག་བཟུང་བ་ཙམ་གྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དྲུང་དུ་གསང་བ་ཐམས་ཅད་ཀྱི་སྙིང་པོ་དང་། གཟུངས་དང་། གསང་སྔགས་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་རབ་ཏུ་སྟོན་པ་དང་། མཚན་བཟུང་བར་བྱས་པར་འགྱུར་རོ།། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། ། དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་། བྱང་ཆུབ་སེམས་དཔས་ལེགས་སོ་ཞེས་བྱ་བ་སྩོལ་བར་འགྱུར་རོ།། དོན་ཡོད་པ་ཡངས་པ་ཆེན་པོའི་དངོས་གྲུབ་རབ་ཏུ་སྩོལ་བར་འགྱུར་རོ།། མཆོག་ཏུ་གྲུབ་པ་ཆེན་པོར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་སོ་སོར་རྙེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་། རིག་སྔགས་ཀྱི་སྙིང་པོ་དང་། ཏིང་ངེ་འཛིན་དང་། རྫུ་འཕྲུལ་གྱི་ཡུལ་དང་། བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྗེས་སུ་སོང་བར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྔ་ཐམས་ཅད་ཀྱི་རྗེས་སུ་སྦྱོར་ཞིང་དམ་ཚིག་གི་རྗེས་སུ་འཇུག་པར་འགྱུར་རོ། ། ལག་ན་རྡོ་རྗེ་དེ་བཞིན་དུ་རིག་སྔགས་ཀྱི་རྒྱལ་པོའི་མཐུ་ཆེན་པོའི་རྣམ་པར་འཕྲུལ་པ། དེ་བཞིན་གཤེགས་པ་བཅཝ་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའོ།། ལག་ན་རྡོ་རྗེ་དེ་བས་ན་དེ་རྣམས་རིག་སྔགས་ཀྱི་རྒྱལ་པོའི་མཐུ་ཆེན་པོའོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་མེ་ཏོག་གམ། བདུག་པ་འམ། དྲི་དང་། བྱུག་པ་དང་། རོལ་མོ་གཅིག་གིས་མཆོད་པ་དང་། ལན་ཅིག་ཙམ་གྱིས་ཀྱང་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེས་པ་དེ་རྣམས་ཀྱི་སྙིང་པོ་གསང་བ་དང་། མཆོད་པ་རྣམས་བྱས་པ་དང་། མཉེས་པར་བྱས་པ་དང་། ཀློག་པར་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམཅ་ཀྱི་རིག་ཀྱི་གསང་བའི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔག་དང་། གཟུངས་དང་། རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་མཆོད་པ་བྱས་པར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཙམ་གྱིས་གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་པར་འདྲེན་པ་དང་། བདུད་ཀྱི་རིགས་ཀྱི་ལྷ་དེ་རྣམས་ཐམས་ཅད་ཕྱོགས་དང་ཕྱོགས་མཚན་རྣམས་སུ་འབྲོས་པར་བྱེད་དོ།། ཡམས་ཐམས་ཅད་དང་། ཉེ་བར་འ་བ་ཐམས་ཅད་དང་། ནད་འགྲོ་བ་ཐམས་ཅད་དང་། གདོན་ཐམས་ཅད་དང་། ནད་ཐམས་ཅད་དང་། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་དང་། གཏམ་ངན་གྱི་འཇིགས་པ་རྣམས་རབ་ཏུ་ཞི་བར་བྱེད་པའོ། ། གདུག་པ་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། མི་མཛའ་བ་རྣམ་རབ་ཏུ་ཞི་བར་བྱེད་དོ།། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་དོ། ། མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་དང་། སྒྲིབ་པ་དང་། ཉོན་མོངས་པ་རྣམས་རྣམ་པར་གྲོལ་བར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། ལྷ་རྣམས་ཐམས་ཅད་ཀྱིས་ཀྱང་ཀུན་ཏུ་སྲུང་བར་འགྱུར་རོ།། ལག་ན་རྡོ་རྗེ་རིག་སྔགས་འཆང་གི་དབང་པོ་རྗེས་སུ་འབྲང་བར་འགྱུར་ཞིང་། སྲུང་བ་དང་། སྒྲུབ་པ་དང་། སྲེད་པར་བྱེད་དོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་བཞིའང་དཔུང་དང་བཅས། འཁོར་དང་བཅས་པྲ་ཀུན་ནས་ཕྱོགས་བཞིར་སྲུང་པར་བྱེད་དོ། ། ཐམས་ཅད་དུ་ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། ཕྱག་རྒྱའི་དངོས་གྲུབ་མཆོག་སྦྱིན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཆེན་པོ་སྦྱིན་པར་འགྱུར་རོ། ། པདྨ་ཡངས་པའི་དཀྱིལ་འཁོར་འདི་དང་། དོན་ཡོད་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་གསང་བ་དོན་ཡོད་པའི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་ཐམས་ཅད་ཀྱང་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ།། བཀྲ་ཤིས་དང་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། ། གཤེད་བྱེད་དང་། བྱང་སྟེམས་དང་། གསང་སྔགས་དང་། རོ་ལངས་དང་། སེམས་བསྒྱུར་བ་དང་། སྲོད་གཏོང་གི་སྦྱོར་བ་དང་། མཁའ་འགྲོ་མ་རྣམས་ཐམས་ཅད་འབྱེར་བར་བྱེད་དོ།། དུག་དང་། སྦྱར་དུག་དང་། ཕྱེ་མའི་སྦྱོར་བ་རྣམས་ཐམས་ཅད་འབྱེར་བར་བྱེད་དོ།། རིམས་རྣམས་ཐམས་ཅད་འབྱེར་བར་འགྱུར་རོ།། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། མཚན་གཅིག་པ་དང་། ཉིན་གཅིག་པ་དང་། གྲང་བའི་རིམས་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། མགོ་ཟེར་དང་། ཕོལ་མིག་དང་། གཡན་པ་དང་། མིག་ནད་དང་། གཞོག་བྱེད་ན་བ་དང་། མ་རོ་ཙ་ཀ་དང་། མཚན་མར་རྡོལ་པ་དང་། པོ་བའི་ནད་དང་། བཤང་བ་འཁྱིལ་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། རྩིབ་ལོགས་ན་པ་དང་། མཆིན་པ་ན་བ་དང་། ཚད་པ་དང་། གཅིན་ནད་དང་། གསུད་པ་དང་། ལྟོ་བ་ན་བ་དང་། ལག་པ་ན་པ་དང་། རྐང་པ་ན་པ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་དེ་དག་ཐམས་ཅད་དྲན་པ་ཙམ་གྱིས་རྣམ་པར་འཇིག་པར་བྱེད་དོ།། ཤ་བཀྲ་དང་། མཛེ་དང་། འབྲས་དང་། བོལ་མིག་དང་། ལྷོག་པ་དང་། རྐང་ཤུ་དང་། མེ་དཔལ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོ་དང་། རྨ་དང་། མགྲིན་པ་འགགས་པ་དེ་དག་ཐམས་ཅད་བྱབས་པ་ཙམ་གྱིས་རྣམ་པར་འཇིག་པར་བྱེད་དོ།། ཕྱིས་ཀྱང་ནམ་ཡང་ཚུགས་པར་མི་འགྱུར་རོ།། འདི་དེ་ལྟར་གོ་སྐབས་ཡངས་ལ་རྒྱ་ཆེ་བ་ཡིན་ནོ། ། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པ་པདྨ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་ཞགས་པ་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་རྡོ་རྗེ་གསང་བའི་སྙིང་པོ་དམ་ཚིག་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་བཔ་ཞེས་བྱའོ།། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞུས་པའི་དགེ་མཚན་དང་། བཀྲ་ཤིས་པ་གསང་བ་བྱིན་གྱིས་རློབ་པ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་འཕྲུལ་པ་ཐོས་ནས། ཚིམ་པ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཆོག་སྦྱིན་པར་བྱེད་པ་འདི་ནི་ཤིན་ཏུ་དཀོན་ནོ། ། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་དགེ་བའི་རྩ་བ་ཐམས་ཅད་དང་། བསོད་ནམས་ཀྱི་ཚོག་ཐམས་ཅད་དང་། གསང་བའི་དཀྱིལ་འཁོར་གྱི་དམ་ཚིག་གི་དངོས་གྲུབ་བླ་ན་མེད་པ་ཐམས་ཅད་ཡང་དག་པར་རྫོགས་པར་བྱེད་པའི་རིག་སྔགས་ཀྱི་རྒྱལ་པོ་མཆོག་ཏུ་དཀོན་ཏེ། དེ་བཞིན་གཤེགས་པ་དང་མཉམ་པར་བལྟ་བར་བགྱིའོ། ། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཉམ་པའོ།། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་འཕགས་པ་སྤྱན་ས་གཟིགས་དབང་ཕྱུག་གི་དཔྲལ་བའི་བར་ནས་ངེས་པར་བྱུང་བ་ནི། རིག་པ་འཛིན་པ་དེ་དག་ཐམས་ཅད་ལ་ཕན་པའི་དོན་དང་། དངོས་གྲུབ་མཐོང་བའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་གྲུབ་པའི་ཆེད་དུ་འགྱུར་རོ། ། དགེ་བའི་རྩ་བ་མཆོག་ཏུ་ཉེ་བར་བསགས་པར་འགྱུར་བ་ལས་གཞན་མ་ཡིན་ནོ།། རིག་སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དགེ་བའི་རྩ་བའི་ཚོགས་གཞལ་དུ་མེད་པ་དང་། ཚད་མེད་པ་དང་། གྲངས་མེད་པ་ཉེ་བར་བསགས་པར་འགྱུར་གྱི། གཞན་དུ་མ་ཡིན་ནོ།། བཅོམ་ལྡན་འདས་ཉིན་མཚན་དུའང་རིག་སྔགས་ཀྱི་རྒྱལ་པོ་འདི་དྲན་པར་བགྱི་བ་སྐད་ཅིག་ཀྱང་མི་བརྗེད་པར་བགྱིའོ། ། བཅོམ་ལྡན་འདས་ཅི་སྟེ་སླར་ཡང་སྔ་དྲོའམ། ཉིན་མོ་འམ། མཚན་མོ་འམ། ཟླ་བ་འམ། སོར་ཡང་རུང་སྟེ། རིག་སྔགས་ཀྱི་རྒྱལ་པོ་འདི་བརྗེད་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བརྗེད་པར་འགྱུར། ། ཡོངས་སུ་དོར་བར་འགྱུར། བསོད་ནམས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་དོར་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་དེ་དེ་བཞིན་ནོ།། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་དེ་བཞིན་ཏེ། རིག་སྔགས་ཀྱི་རྒྱལ་པོ་འདི་ལག་ཏུ་སོན་པར་འགྱུར་བའི་སེམས་ཅན་དེ་ནི་དགེ་བའི་རྩ་བ་ཆུང་ངུ་སྐྱེད་པ་མ་ཡིན་ནོ།། ལག་ན་རྡོ་རྗེ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་རྩ་དགུའི་དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་མ་མཐོང་བ་དང་། བསྙེན་བཀུར་མ་བྱས་པ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། དམ་ཚིག་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། རིག་སྔགས་ཀྱི་ཆོ་ག་ཞིབ་མོའི་རྒྱལ་པོ་མ་ཐོས་ཤིང་མ་ཞུགས་པ་གང་ཡིན་པ་དེས་ནི། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་དེའི་ལག་ཏུ་ཕྱིན་པར་མི་འགྱུར་རོ། ། མི་ཐོས་ཤིང་མི་མཐོང་ལ། མིང་གི་སྒྲ་གྲགས་པ་ཙམ་དུའང་མི་འགྱུར་རོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་གང་གི་ལག་ཏུ་སོན་པར་འགྱུར་བ་དེས་ནི། ལག་ན་ཨ་རྡོ་རྗེ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེའི་ལག་ཏུ་སོན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དྲུང་དུ་རིགས་ཀྱི་དམ་ཚིག་གི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། སྙིང་པོ་དང་། གསང་བའི་ཆོ་ག་ཞིབ་མོ་ཐམས་ཅད་ལག་ཏུ་སོན་པར་འགྱུར་རོ། ། གནས་ཐམས་ཅད་དུ་སོང་ཞིང་རྗེས་སུ་ཞུགས་པར་འགྱུར་རོ།། ཐམས་ཅད་རྗེས་སུ་སོ་བཞིང་དམ་ཚིག་ཤེས་པར་འགྱུར་རོ།། རིག་སྔགས་ཐམས་ཅད་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཕྱག་རྒྱ་ཡང་དག་པར་སྤྱོད་པར་འགྱུར་རོ།། རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་དང་། གཙོ་བོ་དང་། ཐུ་བོར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་དྲུང་ན་སྲས་ཀྱི་གཙོ་བོར་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་པར་འགྱུར་རོ། ། དགེ་བའི་རྩ་བ་ཉེ་བར་སྟོན་པ་དང་བསོད་ནམས་ཀྱི་ཚོགས་ཡོངས་སུ་འཛིན་པར་འགྱུར་རོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་གང་གི་ལག་ཏུ་སོན་ཅིང་ཐོབ་པར་འགྱུར་བའི་སེམས་ཅན་གང་ཡིན་པ་དེ་ནི་དེའི་ཡོན་ཏན་དང་ཕན་ཡོན་གཞལ་དུ་མེད་པ་ཐོབ་པར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་པོ་འདི་གང་གིས་ལག་ཏུ་སོན་པར་འགྱུར་བ་དེ། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་སོ་སོར་རྙེད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རིག་སྔགས་ཀྱི་རྒྱལ་པོ་འདི་སྨྲས་ནས། རང་གི་གཟུགས་ཀྱི་བདག་ཉིད་ཀྱི་དངོས་པོ་པདྨའི་ཟེའུ་འབྲུའི་དབུས་སུ་རིག་སྔགས་ཀྱི་རྒྱལ་པོ་འཕགས་པར་བལྟས་ནས། དོན་ཡོད་པ་ཡིད་བཞིན་ནོར་བུའི་འོད་ཅེས་བྱ་བ་ནོར་བུ་རིན་པོ་ཆེ་ཆེན་པོ་རིག་སྔགས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ལ་ཕུལ་བར་གྱུར་ཏོ།། ཨོཾ་ཨ་མོ་གྷ་ཙིནྟཱ་མ་ཎི་བ་ར་ད་པདྨེ་ཛྭ་ལ་ཛྭ་ལ་ན་བྷཱུ་ཛེ་ཧཱུཾ། འདི་ནི་དོན་ཡོད་པ་པདྨ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་ཞགས་པའི་རྩ་བའི་སྙིང་པོའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཕུལ་བའི་དོ་མ་ཐག། དེ་ནས་རིག་སྔགས་ཀྱི་རྒྱག་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་བཅོམ་ལྡན་འདས་ལ་སྤྱན་མི་འཛུམ་པར་བལྟ་ཞིང་འཁོད་དོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དོན་ཡོད་པ་ཡིད་བཞིན་ནོར་བུའི་འོད་རིག་སྔགས་ཀྱི་རྒྱལ་པོ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལའང་རིག་སྔགས་ཀྱི་རྒྱལ་པོས་སྤྱི་བོ་ནས་དབང་བསྐུར་རོ། ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་འདིས་དབང་བསྐུར་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་དང་། ནཀྴ་དང་། འབྲོག་དཀོན་པར་བཅས་པ་རྣམས་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ།། ཕྱོགས་བཅུ་ཀུན་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་ཏོ།། དེས་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ནམ་མཁའི་དབྱིངས་སུ་རྫུ་འཕྲུལ་གྱི་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་མཆོག་ཏུ་རྙེད་པར་དཀའ་བའི་མངོན་པར་དབང་བསྐུར་བའི་རྒྱལ་པོ་འདིས་མངོན་པར་དབང་བསྐུར་བ་ནི་ལེགས་སོ་ལེགས་སོ།། དུས་གསུམ་དུ་གཤེག་པའི་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱིས་ཀྱང་དེ་བཞིན་དུ་རིག་པའི་རྒྱལ་པོ་འདི་དབང་བསྐུར་རོ། ། ངེད་ཐམས་ཅད་ཀྱིས་ཀྱང་ཚིག་གཅིག་ཏུ་མཐུན་པས་དོན་ཡོད་པ་ཡིད་བཞིན་ནོར་བུའི་འོད་ལ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོས་མངོན་པར་དབང་བསྐུར་རོ། ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱང་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་ནས། དེ་རྣམས་ཐམས་ཅད་ལ་རིག་པའི་རྒྱལ་པོའི་སྤྱི་བོའི་གཙུག་ནས་མངོན་པར་དབང་བསྐུར་རོ། ། འདི་ནི་མངོན་པར་དབང་བསྐུར་བའི་ཕྱག་རྒྱ་མངོན་པར་དབང་བསྐུར་བ་དང་ལྡན་པའོ།། ཨོཾ་ཨ་མོ་གྷ་བཻ་རོ་ཙ་ན་མ་ཧཱ་སུ་དྲཱ་མ་ཎི་པདྡྷ་ཛྭཱ་ལ་པྲ་པདྷཱ་ཡ་ཧཱུ~ཾ། ཕྱག་རྒྱ་ཆེན་པོས་མངོན་པར་དབང་བསྐུར་མ་ཐག་ཏུ་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏོ། ། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ནས་མི་སྣང་བར་འགྱུར་ཏོ།། དེ་ནས་རིག་པའི་རྒྱལ་པོ་དེ་དེ་བཞིན་གཤེག་པ་ཐམ་ཅད་ཀྱི་བྱ་དབང་བསྐུར་བར་རིག་ནས། བཅོམ་ལྡན་འདས་ལ་གཡས་སུ་བསྐོར་བ་གསུམ་བྱས་ནས་ཐལ་མོ་སྦྱར་བ་བཏུད་དེ་ཕྱག་བྱས་ནས་སྤྱན་སྔར་འདུག་སྟེ་སེམས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རིག་སྔགས་འཆང་དེའི་རིག་པའི་རྒྱལ་པོ་སེམས་པར་གཟིགས་ནས། ཇི་ལྟར་ད་ལྟར་ཡིད་ལ་བྱེད་པ་ཡང་དག་པར་རབ་ཏུ་གསལ་བར་མཛད་དོ།། ཨོཾ་ཨ་མོ་གྷ་མཎྜ་ལ་པདྨ་ཨ་བྷི་ཥ་ཀཾ་མ་ཎི་བཛྲ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཧཱུཾ། རིག་པའི་རྒྱལ་པོ་དེས་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རིགས་ཐུན་མོང་བའི་དམ་ཚིག་རྡོ་རྗེ་ཆེན་པོའི་ཚུལ་གྱིས་ས་གཞི་བྱིན་གྱིས་བརླབས་སོ། ། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་དང་། ནོར་བུའི་རིགས་རྣམ་པར་ཐར་པ་ཆེན་པོའི་དཀྱིལ་འཁོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆེར་འཁྲིགས་པའི་དཀྱིལ་འཁོར་དུ་བརྟགས་པ་མཐོང་ངོ་། ། རང་རང་གི་དགེ་བའི་རྩ་བས་རིག་པའི་རྒྱལ་པོའི་དཀྱིལ་འཁོར་བའི་ལྷ་ཐམས་ཅད་མཐོང་ངོ་། ། རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེ་ཞིང་ཆེ་བ་དག་བྱུང་ངོ་།། དོན་ཡོད་པའི་རྣམ་པར་འཕྲུལ་པ་ཆེན་པོ་ཤིན་ཏུ་ངོ་མཚར་བ་དག་མཐོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཀྱིལ་འཁོར་ཆེན་པོའི་རྣམ་པར་འཕྲུལ་པ་འདི་ལྟ་བུ་མཐོང་ནས། དོན་ཡོད་པའི་མཆོད་པའི་ནོར་བུའི་རྡོ་རྗེ་བྱིན་གྱིས་རློབ་པ་དེ་བཞིན་གཤེགས་པའི་མངོན་པར་དབང་བསྐུར་བ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དང་ལྡན་པའོ། ། ཨོཾ་ཨ་མོ་གྷུ་པཱུ་ཛ་མ་ཎི་པདྨ་བཛྲེ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ་ས་མནྟ་པྲཱ་ས་ཧཱུཾ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པ་མཆོད་པའི་ནོར་བུའི་སྙིང་པོ་བྱིན་མ་ཐག་ཏུ་མཆོད་པ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་པ་དུ་མ་རབ་ཏུ་བྱུང་སྟེ། ཇི་ལྟར་རང་རང་གི་ཆོ་ག་ཇི་ལྟ་བ་བཞིན་དུ་མཆོད་པ་ཆེན་པོ་རྣམས་རབ་ཏུ་བྱུང་ངོ་། ། ལྷ་རྫས་རྣམ་པ་སྣ་ཚོགས་པ་རྣམ་པར་བཀྲ་བ་ཡངས་པ་རྒྱ་ཆེན་པོ་གོ་སྐབས་ཀུན་ཏུ་གནས་པར་གྱུར་ཏོ།། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཆེ་ཞིང་ཆེ་བའི་བྱིན་གྱི་རླབས་ཀྱི་བཀོད་པ་རིག་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་དག་པར་མཐོང་ངོ་། ། དེ་ནས་རིག་པའི་རྒྱལ་པོ་དོན་ཡོད་པ་པདྨ་དྲི་མ་མེད་པས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལས་རིང་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་དུ་ཕྱོགས་ནས་སྟན་ལ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ། ཏིང་ངེ་འཛིན་གྱི་སྟོབས་བྱིན་གྱིས་རློབ་པའི་ཁྱད་པར་ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་དང་། གཟུངས་དང་། ཆོ་ག་ཞིབ་མོའི་མཐུ་སྟོབས་པདྨ་ཡངས་པ་ཆེན་པོའི་གསང་བ་དོན་ཡོད་ཞགས་པའི་རྣམ་པར་འཕྲུལ་པ། རིག་པའི་རྒྱལ་པོའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གྲུབ་པ། དམ་ཚིག་དང་རྗེས་སུ་འཐུན་པ། མཐུ་སྟོབས་དང་འོན་ས་འབྱུང་བ་ལ་ཕན་པ། དེ་བཞིན་གཤེས་པ་ཐམས་ཅད་ཀྱི་སྙིང་པོའི་རྣམ་པར་འཕྲུལ་པ་ཡིད་ཀྱི་ཤིང་རྟ་རེ་བ་ཐམས་ཅད་ཀྱི་མཆོག་རབ་ཏུ་སྦྱིན་པ་ལ་ལྟོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་རྗེས་སུ་སྦྱིན་ཏེ། རིག་པའི་རྒྱལ་པོ་འདི་ཕྱི་མའི་དུས་ཕྱི་མའི་ཚེ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ།། རིག་པའི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ཀྱི་སྣང་བ་བྱེད་པར་འགྱུར་རོ། ། སྐྱབས་དང་། དཔུང་གཉེན་དང་། འཁྲས་དང་། ཡིད་ཀྱི་ཤིང་རྟ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ།། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། དགྲ་ཐམས་ཅད་རབ་ཏུ་འདུལ་བར་བྱེད་དོ། ། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྣམ་པར་འཇིག་པར་བྱེད་དོ།། ཆར་ཚས་པ་རབ་ཏུ་ཞི་བར་བྱེད་དོ།། ཆར་མེད་ན་ཆར་འབབས་སོ།། རླུང་དང་། སད་དང་། སེར་བ་ཟློག་པར་བྱེད་དོ།། མུ་གེའི་དགོན་པ་རབ་ཏུ་ཞི་བར་བྱེད་དོ།། ནད་ཐམས་ཅད་ཟློག་པར་བྱེད་དོ།། གདུག་པ་ཐམས་རབ་ཏུ་ཞི་བར་བྱེད་དོ།། ཚེ་དང་ནད་མེད་པ་འཕེལ་བར་བྱེད་དོ།། བསོད་ནམས་སྦྱིན་པ་དང་། དབང་ཕྱུག་སྦྱིན་པ་དང་། ནོར་སྦྱིན་པ་དང་། འབྲུ་འཕེལ་བར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་གཟུངས་ཀྱི་སྙིང་པོའི་ཡོ་བྱད་དང་། ཆོ་ག་བཀླགས་པས་འགྲུབ་པའི་དངོས་གྲུབ་གསུངས་སོ།། དེ་ནས་སྙིང་པོ་འདི་བཀླགས་པས་འགྲུབ་པར་འགྱུར་ཏེ། རིག་པའི་རྒྱལ་པོ་བཀླགས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འགུགས་པར་འགྱུར་རོ། ། སྟོང་ཕྲག་བརྒྱ་བཟླས་པས་པདྨོ་ཡངས་པའི་དཀྱིལ་འཁོར་དང་། གཞལ་མེད་ཁང་གི་རྒྱན་མཐའ་དག་དང་། རིག་པའི་རྒྱལ་པོ་དང་བཅས་པའི་ལྷ་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞལ་མེད་ཁང་དང་། དཀྱིལ་འཁོར་དང་། གཞལ་མེད་ཁང་མཐའ་དག་མཐོང་ངོ་། ། དེ་ལ་ལྷ་རྣམས་རབ་ཏུ་འཇུག་པར་བྱེད་དོ།། དམ་ཚིག་ཤེས་པར་ཡང་འགྱུར་རོ།། རིག་སྔགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བར་ཡང་འགྱུར་རོ།། ཕྱག་རྒྱ་རིམ་པར་ཕྱེ་བ་དང་རྗེས་སུ་མཐུན་པར་ཡང་འགྱུར་རོ། ། དང་པོ་རྨི་ལམ་མཐོང་བ་ཙམ་གྱིས་འགྲོའོ།། གཉིས་པར་རྨི་ལམ་མཐོང་བ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་མཐོང་ངོ་།། དེ་བཞིན་གཤེས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་རང་གི་རྒྱན་དང་དཀྱིལ་འཁོར་དུ་བརྟགས་པ་མཐོང་ངོ་།། གཞལ་ཡས་ཁང་རྒྱ་ཆེན་པོ་དང་བཅས་པའང་མཐོང་ངོ་། ། དེར་ཡང་རབ་ཏུ་འཇུག་པར་བྱེད་དེ་དམ་ཚིག་ཀྱང་འཛིན་པར་བྱེད་དོ།། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། མངོན་པར་དབང་བསྐུར་བའང་སོ་སོར་ཐོབ་བོ།། རིག་སྔགས་དང་བཅས་པའི་དངོས་གྲུབ་རབ་ཏུ་ཐོབ་བོ། ། གསུམ་པར་རྨི་ལམ་མཐོང་ན་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་མཐོང་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་བཅས་པ་རང་གི་རྒྱན་དང་དཀྱིལ་འཁོར་དུ་བརྟགས་པ་དང་། གཞལ་མེད་ཁང་རྒྱ་ཆེན་པོ་དང་བཅས་པ་མཐོང་ངོ་།། དེ་ལའང་རྡོ་རྗེ་འཆང་རབ་ཏུ་འཇུག་པར་བྱེད་དོ། ། དམ་ཚིག་གི་ཕྱག་རྒྱ་སྦྱིན་པར་བྱེད་དོ།། མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་བྱེད་དོ།། རིག་སྔགས་ཐམས་ཅད་དང་། དོན་ཡོད་པའི་རིམ་པར་ཕྱེ་བའི་དངོས་གྲུབ་ཆེན་པོ་དང་། མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་བྱེད་དོ།། རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཆེན་པོ་དང་དམ་ཚིག་ཐམས་ཅད་སོ་སོར་ཐོབ་བོ།། བཞི་པར་རྨི་ལམ་མཐོང་བ་ན་ནོར་བུའི་རིགས་ཆེན་པོའི་དཀྱིལ་འཁོར་དང་། ཕྱག་རྒྱའི་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དང་། རང་གི་རྒྱན་དང་། དཀྱིལ་འཁོར་མཐོང་ངོ་།། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། ལྷའི་ཚོགས་དང་། དཀྱིལ་འཁོར་དུ་གནས་པའི་ལྷ་དང་། རིག་པའི་རྒྱལ་པོའང་མཐོང་སྟེ། དེ་ལའང་རབ་ཏུ་འཇུག་པར་བྱེད་དོ།། ཕྱག་རྒྱ་དང་། དམ་ཚིག་དང་། ཆོ་ག་དང་བཅས་པ་རྗེས་སུ་ཐོབ་སྟེ། མངོན་པར་དབང་བསྐུར་བའང་རབ་ཏུ་ཐོབ་པོ།། དངོས་གྲུབ་ཆེན་པོ་དང་མཆོག་སྦྱིན་པའང་སོ་སོར་ཐོབ་ཅིང་ཐམས་ཅད་དུ་མངོན་པར་དབང་བསྐུར་བར་ཡང་འགྱུར་རོ།། ལྔ་པར་རྨི་ལམ་མཐོང་བ་ན་རྣམ་པར་ཐར་པའི་དཀྱིལ་འཁོར་དུ་བརྟགས་པ་དང་། དོན་ཡོད་ཞགས་པའི་དཀྱིལ་འཁོར་དུ་བརྟགས་པ་དང་། པོ་ཊ་ལ་ཀའི་རིའི་གཞལ་མེད་ཁང་དང་བཅས་པ་མཐོང་ངོ་།། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། ལྷ་དང་བཅས་པ་དང་། རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཐོང་སྟེ། དེ་ལའང་འཕགས་བསྤྱན་རས་གཟིགས་དབང་ཕྱུག་རང་ཉིད་སེམས་ཅན་དེ་ལ་རབ་ཏུ་འཇུག་པར་བྱེད་དོ། ། དམ་ཚིག་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། གཟུངས་ཀྱི་དངོས་གྲུབ་སོ་སོར་ཐོབ་བོ།། རང་ཉིད་ཀྱང་དོན་ཡོད་པའི་རིག་སྔགས་ཀྱི་དབང་གིས་མངོན་པར་དབང་བསྐུར་ཏེ་མངོན་པར་དབང་བསྐུར་བར་བྱེད་དོ། ། ཆོ་ག་ཞིབ་མོ་ཐམས་ཅད་དང་དངོས་གྲུབ་ཀྱང་རྗེས་སུ་སྩོལ་བར་བྱེད་དོ།། མཆོག་ཐམས་ཅད་རབ་ཏུ་སྦྱིན་པ་སོ་སོར་ཐོབ་པོ།། དྲུག་པར་རྨི་ལམ་མཐོང་བ་ན་དཀྱིལ་འཁོར་ཆེན་པོ་མཐོང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པ་མཐོང་ངོ་།། གཞལ་མེད་ཁང་དང་བཅས་པའི་བྱང་ཆུབ་སེམས་དཔའི་ཚོགས་དང་གྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མཐོང་སྟེ། དེ་ལའང་རབ་ཏུ་འཇུག་པར་བྱེད་དོ།། ཕྱག་རྒྱ་དང་། གསང་སྔགས་དང་། དམ་ཚིག་དང་། མངོན་པར་དབང་བསྐུར་བ་སོ་སོར་ཐོབ་སྟེ། རིག་སྔགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྦྱིན་པ་སོ་སོར་ཐོབ་པོ།། བདུན་པར་རྨི་ལམ་ཆེན་པོ་མཐོང་བས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་རྡོ་རྗེའི་གདན་ལ་བཞུགས་པ་མཐོང་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བདུད་འདུལ་བ་མཐོང་ངོ་།། དེ་ལའང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། རང་ཉིད་ཀྱི་ཕྱག་གིས་བཟུང་ནས་རབ་ཏུ་འཇུག་པར་བྱེད་དོ།། རང་ཉིད་མངོན་པར་དབང་བསྐུར་ཞིང་མངོན་པར་དབང་བསྐུར་བར་བྱེད་དོ། ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་དམ་ཚིག་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་དངོས་གྲུབ་ཀྱི་མཆོག་སྦྱིན་པ་རྗེས་སུ་སྩོལ་བར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་སྟོན་པར་བྱེད་དོ། ། ནད་སྣ་ཚོགས་པ་དང་ལྡན་པའི་འཇིག་རྟེན་པ་ཐམས་ཅད་རིག་སྔགས་འཆང་གི་རྒྱལ་པོ་གཅིག་པུར་འགྱུར་རོ།། སྐྱེ་བ་བརྗེ་བ་འཆི་འཕོ་བའི་དུས་སུ་དྲན་པ་ཉེ་བར་གནས་ཤིང་དུས་བྱེད་པར་འགྱུར་རོ། ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བའི་སྐལ་བ་དང་བཅས་པར་འགྱུར་རོ།། དོན་ཡོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་སྐྱེ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་མཆོད་པར་བྱེད་དོ།། ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་མཐོང་ནས་ཉེ་བར་སྟོན་པར་བྱེད་དོ།། ཐམས་ཅད་དུའང་དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་ཉེ་བར་སྟོན་པར་བྱེད་དོ། ། ཐམས་ཅད་དུའང་རང་གི་གསང་བ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཉེ་བར་སྟོན་པར་བྱེད་དོ།། བསྐལ་པ་བརྒྱ་སྟོང་ཕྲག་གི་བར་དུའང་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་བྱེད་དོ། ། དེ་བཞིན་གཤེགས་པའི་ཁྱུ་མཆོག་ཐམས་ཅད་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཏིང་ངེ་འཛིན་དང་། གསང་བའི་དམ་ཚིག་དང་། དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་དང་། གསང་སྔགས་དང་། གཟུངས་སྔགས་རྣམས་ལ་མངོན་དུ་ཕྱོགས་པར་འགྱུར་རོ།། སྐྱེ་བ་སྐྱེ་བར་ཡང་རང་གི་བསོད་ནམས་ཀྱི་ལས་ཀྱི་ཚོགས་དགེ་བའི་རྩ་བ་རྗེས་སུ་དྲན་པར་འགྱུར་རོ། ། ཐམས་ཅད་དུ་གནས་ཐམས་ཅད་དུ་ཡོངས་སུ་དག་པའི་ལས་ཀྱི་སྒྲུབ་ཐབས་ཀྱི་ཆོ་གའི་དངོས་གྲུབ་ཏུ་འགྱུར་རོ།། ཞེས་པ་རྩ་བའི་སྙིང་པོའི་དངོས་གྲུབ་བླ་ནི་མེད་པ་བཀླགས་པས་འགྲུབ་པའོ། ། དེ་ནས་འདིའི་ཡོ་བྱད་དང་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་དངོས་གྲུབ་ཏུ་འགྱུར་རོ།། སྡིག་པ་ཐམས་ཅད་ངེས་པར་སྲེག་པ་ལ་བརྒྱ་རྩ་བརྒྱད་བཟླས་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། ། གང་དང་གང་གི་ལས་ཀྱི་སྒྲིབ་པ་རྣམས་རྗེས་སུ་བཅིངས་པར་འགྱུར་རོ།། དེའང་ཉི་མ་བདུན་གྱིས་རང་གི་ལུས་དེའང་རང་གི་གཟུགས་ཀྱིས་ངེས་པར་འགྲོ་སྟེ་མདུན་དུ་ཉེ་བར་འདུག་སྟེ་སྦྱིན་པར་བྱེད་པ་དང་། སྔོན་གྱི་སྒྲིབ་པ་ཉེ་བར་བསགས་པ་འདི་དང་། སྡིག་པ་ཐམས་ཅད་ཡོངས་སུ་ཟད་པ་ཉིད་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། བདག་ཞུམ་པ་དང་། འཁྲུག་པ་མཐའ་དག་བཟླས་པ་ཙམ་གྱིས་ཡང་དག་པར་སྨྲ་བར་བྱེད་ཅིང་མི་སྣང་བར་བྱེད་དོ།། རིམས་ཐམས་ཅད་ལ་སྲུད་པ་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ཏེ། བརྒྱ་རྩ་བརྒྱད་བཟླས་པས་རིམས་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ།། ནད་ཐམས་ཅད་ལ་བྱབས་པས་ཡོངས་སུ་གྲོལ་བར་བྱེད་དོ།། མཚོན་ཆས་སམ། རྨ་བྱའི་སྒྲོས་སམ། མདས་ཀྱང་རུང་སྟེ་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ།། གདོན་ཐམས་ཅད་ལ་ཚོན་སྐུད་སྣ་ལྔའི་སྐུད་པ་ལ་འདུད་པ་ལན་ཉི་ཤུ་རྩ་གཅིག་བྱས་ཏེ། བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱས་ཏེ་གདོན་གྱིས་ཟིན་པ་དེའི་མགུལ་པར་བཅིང་ཏེ་ལན་བདུན་དུ་བྱབ་པར་བྱའོ། ། གུ་གུལ་གྱི་བདུག་པ་སྦྱིན་པར་བྱ། བཟླས་བརྗོད་ལན་བདུན་བྱ་བཞིན་པ་དང་བཅས་པས་གང་དང་གང་གི་གདོན་གྱིས་ཟིན་པར་གྱུར་པ་དེའང་རང་གི་ལུས་ཀྱིས་ངེས་པར་འགྲོ་བ་སྟེ། རིག་སྔགས་འཆང་གི་མདུན་དུ་ཉེ་བར་འདུག་ནས་ཐམས་ཅད་སྨྲ་བར་བྱེད་དོ།། རང་གིས་དྲིས་པ་དེ་ཐམས་ཅད་སྨྲ་བར་བྱེད་དོ།། བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། ། འཐབ་པ་དང་། འཐབ་རྩོད་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ།། གཞན་ཡང་བསམ་གཏན་དང་སྦྱིན་སྲེག་གིས་ཡོངས་སུ་གྲོལ་ལོ། ། ཁར་མུར་ཏེ་རྒྱལ་པོའི་ཁབ་ཏུ་ཞུགས་ན་རྒྱལ་པོ་འཁོར་དང་བཅས་པ་དབང་དུ་གྱུར་ནས་གནས་སོ།། དུག་འཐུངས་པས་ཆུ་ལ་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱ་སྟེ་དུག་མེད་པར་འགྱུར་རོ།། དུག་གི་ཟོས་པ་ལ་ཁྱབ་པར་བྱ་སྟེ་དུག་མེད་པར་འགྱུར་རོ།། དུག་དང་། བྱད་སྟེམས་དང་། གསང་སྔགས་དང་། བྱེ་མའི་སྦྱོར་བ་ཐམས་ཅད་ལ་དྲི་དང་བསྲོས་པའི་བུམ་པ་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་པ་བྱས་ལ་བཀྲུ་བར་བྱ་སྟེ། བཀྲུས་པ་ཙམ་གྱིས་མོད་ལ་ཐམས་ཅད་ཉམས་པར་བྱེད་དོ།། གང་ཡང་ལུས་ཟད་པ་དང་། ཉམས་པ་དང་། བསྐམས་པ་དང་། རྒྱལ་པོའི་དཔལ་མེད་པ་དང་། ལུས་ཡོངས་སུ་གདུངས་པ་ལ་རིག་སྔགས་འཆང་དེས་མ་རེག་པས་དྲིའི་ཆུས་ཡོངས་སུ་གང་བའི་བུམ་པ་དགུ་ཡུངས་ཀར་གྱིས་གཏོར་ཏེ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་བརྗོད་བྱའོ།། དེ་ནས་ཨཱནྟ་ར་སཔྤ་དང་། བཱི་ཀ་དང་། ཨཱ་ཊ་དང་། བི་ལ་བ་དང་། ཤུ་ཏི་དང་། ཉེའུ་ཤིང་དང་། ཨེ་ཀས་ཐཱ་ན་དང་། མོ་ལོ་ཀྱ་དང་། ལུས་ཀྱི་མར་གྱིས་བསྐུ་མཉེ་བྱས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་ཨཱ་ཊ་བྱུག་པར་བྱའོ། ། གཟུགས་བརྙན་བྱ་སྟེ་གོང་བུ་དེ་མཚོན་ཆས་དུམ་བུ་བརྒྱད་དུ་བྱ་སྟེ། སྣོད་ཡོངས་སུ་གང་པ་བཞི་མཚམས་བཞིར་འཕང་བར་བྱ་ཞིང་། སྣོད་གང་པ་བཞི་མཚམ་བཞིར་འཕང་བར་བྱའོ། ། དེ་ནས་སྙིང་པོས་ལན་བརྒྱ་རྩ་བརྒྱད་དུ་བྱབ་པར་བྱའོ།། དེ་ནས་ནེའུ་གསིང་སྔོན་པོ་གང་དུ་རུ་རྒྱུན་འབབ་པར་དྲིའི་ཆུའི་བུམ་པས་ཁྲུས་བྱས་ཞིང་གོས་དཀར་པོ་དགུས་གཡོགས་པར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་། དཀོན་མཆོག་གསུམ་ལ་མཆོད་པ་བྱའོ།། ཇི་ལྟར་འབྱོར་པའི་བྲམ་ཟེའི་སྟོན་མོ་ཡོན་དང་བཅས་པ་བྱའོ།། དེ་ནས་རང་ཉིད་བྱམས་པ་དང་ལྡན་པར་བྱའོ།། ཇི་ལྟར་འབྱོར་པ་གྱ་ནོམ་པ་གྱ་ནོམ་པས་དཀར་བའི་ཟས་ཀྱི་བཟའ་བ་དང་བཏུང་བས་ཚིམ་པར་བྱའོ།། དེ་ནས་དཔལ་མེད་པ་ཐམས་ཅད་དང་། ནད་ཐམ་ཅད་དང་། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཀྱིས་མི་རེག་པ་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲིབ་གནོན་དང་། བརྗེད་བྱེད་དང་། གཟའ་དང་། ལོག་འདྲེན་གྱིས་ཟིན་པ་ལས་ཡོངས་སུ་གྲོལ་ལོ།། བཟའ་ཉེས་དང་། འགོམ་ཉེས་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ།། ལུས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐམས་ཅད་དུ་འཇིགས་པ་འཇིགས་པར་བྱེད་པའི་འཇིགས་པ་མེད་པར་འགྱུར་རོ།། སྡིག་པ་དང་། སྒྲིབས་པ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། ། རིང་དུ་འཚོ་བར་འགྱུར་རོ།། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྐྱེ་བ་བརྗེས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟག་ཏུའང་དགོངས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དང་ལྷ་ཐམས་ཅད་ཀྱིས་ཇི་སྲིད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་འཛིན་པར་འགྱུར་རོ། ། མིག་ནབས་ལ་ཨཱ་ཤའི་ཆུ་དང་། ཤིང་མངར་གྱི་ཆུ་དང་། དྲི་མ་མེད་པའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱར་བར་བྱ་སྟེ་མིག་ནད་འཕྲལ་དུ་ཞི་བར་བྱེད་དོ།། མགོ་བོའི་ཟུག་རྔུ་དང་གཞོགས་ཕྱེད་ན་བ་ལ་མར་དང་ཏིལ་མར་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་འཇམ་པར་བསྲོས་པས་སྔན་ཤུ་ཏི་ལ་བསྒོས་ནས་མགོ་ལ་བསྐུ་མཉེ་བྱས་ན། མགོ་བོའི་ནང་ཐམས་ཅད་དང་གཞོགས་བྱེད་ན་པའི་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་མོ། ། སོའི་ཟུག་རྡུལ་མེ་ཏོག་སྐ་མ་དང་སོ་ཤིང་ལ་ལན་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ནས་བཟའ་བར་བྱས་ན་སོའི་དྲུན་ཏུ་ཡོངས་སུ་གྲོལ་ལོ།། རྣ་བའི་ཟུག་རྡུལ་ཤུ་ཏི་དང་ཏིལ་མར་ལ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་བཀང་བར་བྱ་སྟེ། རྣ་བའི་ཟུག་རྔུ་ཐམས་ཅད་ཡོངས་སུ་གྲོལ་ལོ།། ཁ་ན་བ་ལ་སྨན་མ་ཤཱུ་རོའོ་ཆུ་དང་མར་ལ་བརྒྱ་རྩ་བརྒྱད་བཟླས་ནས་འཇམ་པར་བསྲོས་པ་བཏུང་བར་བྱ་སྟེ། ཁའི་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ།། ལྟོ་བའི་ཟུག་རྡུལ་ལན་ཚྭ་དང་ཆུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་བཏུང་བར་བྱ་སྟེ། ལྟོ་བའི་ཟུག་རྫུ་ཡོངས་སུ་གྲོལ་ལོ། ། སྙིང་གི་ཟུག་རྔུ་ལ་སོ་སོ་རྩ་ལམ་དང་། གོ་སྙོད་དང་། པུ་སྐ་རའི་རྩ་བ་རྣམས་བཞི་འགྱུར་གྱི་ཆུས་སུམ་ཆ་ལྷག་མར་ལུས་ཀྱི་བར་དུ་བསྐོལ་བར་བྱས་ནས་བཏུང་བར་བྱའོ།། ལན་བརྒྱད་བཟླས་པས་སྙིང་གི་ཟུག་རྔུ་དང་། གཞོགས་ན་བ་དང་། མཆིན་པ་ན་བ་དང་། མཚན་པར་རྡོལ་བ་དང་། གསུང་པ་དང་། སྨྱུག་བྲོ་བ་དང་། གཅིན་ནད་རྣམས་ཏེ། དེ་བཞིན་དུ་ནང་ཐམས་ཅད་འཕྲལ་དུ་སེལ་བར་འཇིག་རྟེན་གྱི་མགོན་པོས་འདི་གསུངས་སོ། ། རྒྱལ་པོའི་འཇིགས་པས་འཇིགས་པ་རྣམས་ཀྱིས་ཡུངས་ཀར་ལ་ཡོངས་སུ་བཟླས་ནས་རྒྱལ་པོ་རྣམ་ཀྱི་སྒོར་གཏོར་བར་བྱ་སྟེ། རྒྱལ་པོའི་འཇིགས་པའི་འཇིགས་པ་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་ཏེ། ཐམས་ཅད་དུའང་རྒྱལ་བ་སྟེར་བར་འགྱུར་རོ།། ན་ལེ་ཤམ་ལ་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཏེ་ནཱ་ལེ་ཤམ་ཀྱི་འབྲས་བུ་ལའི་རྩེ་སོར་བཅུག་སྟེ་བཅངས་ན་གང་སྨྲས་པ་དེ་དབང་དུ་འགྱུར་རོ། ། གང་བླངས་པ་དེ་སོ་སོར་རྙེད་དོ།། གནས་ཐམས་ཅད་དུ་འགྲོ་བ་རྣམས་རྒྱལ་བའི་མཆོག་ཆེན་པོ་སྦྱིན་པར་འགྱུར་རོ། ། ཀླུའི་ཆར་འབེབས་པ་ལ་བལ་པོ་སེའུའི་ལྕུག་མ་བྱ་སྟེ་གང་དུ་འདོད་པ་དེར་ཀླུའི་ཆར་འབེབས་སོ།། ཀླུའི་མཚོར་སོང་ནས་མཚན་མོ་བདུན་དུ་ཞོ་དང་། སྦྲང་རྩི་དང་། མར་དང་། ཡུངས་ཀར་གྱི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་དུ་བྱས་ན་གཏེར་ཆེན་པོ་རྙེད་པར་འགྱུར་རོ།། དབང་ཕྱུག་ཐོབ་པ་ལ་འབྲས་ཡོས་དང་། ཡུངས་ཀར་དང་། མར་དང་བསྲེས་པས་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་དུ་བྱས་ན་དབང་ཕྱུག་ཆེན་པོ་སོ་སོར་ཐོབ་པར་འགྱུར་རོ། ། དགྲ་འཇོམས་པ་ལ་སཱ་ལུའི་ཕུབ་མ་དང་། ལན་ཚ་དང་། ཆ་བའི་ཏིལ་མར་དང་བསྲེས་པས་ལན་སྟོང་རྩ་བརྒྱད་དུ་སྦྱིན་སྲེག་བྱས་ན་དགྲ་རྣམས་ཐམས་ཅད་མེད་པར་འགྱུར་རོ། ། དགྲ་རྣམས་ཐམས་ཅད་རབ་ཏུ་འདུལ་བར་འགྱུར་རོ།། སྨོད་པར་འདོད་པས་དེ་ཉིད་ཀྱི་ཐལ་བ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་དགྲའི་སྒོར་གཏོར་བར་བྱ་སྟེ། མཚན་མོ་གཅིག་ཏུ་མི་གནས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འབྲོས་པར་བྱེད་དོ། ། འཁྲུག་པའི་གཡུལ་ངོར་འཇུག་པར་འདོད་པས་ཡུངས་ཀར་ལ་ལན་སྟོང་ཕྲག་བརྒྱད་དུ་ཡོངས་སུ་བཟླས་ཏེ་འཁྲུག་པའི་གཡུལ་ངོའི་དབུས་སུ་གཏོར་བར་བྱ་སྟེ། ཐམས་ཅད་དུ་རྨུགས་པ་དང་། རེངས་པ་དང་། རྨོངས་པར་འགྱུར་ཏེ། ཐམས་ཅད་དུ་རྒྱལ་བ་སྟེར་བར་འགྱུར་ཞིང་། ཐམས་ཅད་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འབྲོས་པར་བྱེད་དོ། ། གནས་ན་གནས་པ་ཐམས་ཅད་ཀྱིའང་རྒྱལ་བསྟེར་བར་འགྱུར་རོ།། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པར་འགྱུར་རོ། ། ལྡོང་རོས་ལ་ལན་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ཏེ། མིག་གི་མིག་སྨན་དུ་བྱས་ན་མི་སྣང་བར་འགྱུར་ཏེ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཀྱིས་མི་མཐོང་བར་འགྱུར་རོ། ། གི་ཧཾ་ལ་ལན་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ཏེ་ཐིག་ལེ་བྱས་ན་བུ་ག་ཐམས་ཅད་དུ་རབ་ཏུ་འཇུག་པར་བྱེད་ཅིང་། བུ་གའི་སྒོ་ཐམས་ཅད་བྱེ་སྟེ་སྒོར་གནས་པར་བྱེད་དོ།། གང་དུ་འདོད་པ་དེར་འཇུག་པར་བྱེད་དོ། ། གི་ཧཾ་གི་སྙིང་ཁར་ཐིག་ལེ་བྱས་ན་གང་དུ་འཇུག་པར་བྱེད་པ་དེ་དང་དེ་ཉིད་དུ་མཆོད་པ་ཆེན་པོར་འགྱུར་ཏེ། ནོར་ཆེ་བ་དང་འབྲུ་འཕེལ་བ་འཐོབ་པོ།། ལག་པ་གཉིས་ལ་བྱུགས་པས་གང་ལ་རེག་པ་དེ་དབང་དུ་འགྱུར་ཏེ། གང་བླངས་པ་དེ་ཐམས་ཅད་སོ་སོར་རྙེད་དོ།། རྒྱལ་པོ་དབང་དུ་བྱེད་པར་འདོད་པས་ལག་པ་གཡས་པ་ལ་གི་ཧཾ་གིས་བྱུགས་ནས་ལན་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཏེ། རྒྱལ་པོའི་སྒོ་ལ་ཐལ་ལྕག་སྦྱིན་པར་བྱ་སྟེ། རྒྱལ་པོ་དང་། བཙུན་མོ་སྲས་དང་། འཁོར་དང་བཅས་པ་བདག་ཉིད་དང་ནོར་གྱིས་ཀྱང་དབང་དུ་འགྱུར་རོ།། བུད་མེད་དབང་དུ་བྱེད་པ་ལ་མེ་ཏོག་དང་འབྲས་བུ་ལ་ལན་སྟོང་ཕྲག་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ། ཡང་ན་མངག་པར་བྱ་སྟེ་འཕྲལ་ཉིད་དུ་དབང་དུ་བྱེད་པར་འགྱུར་རོ།། གང་དུ་འདོད་པ་དེ་དང་དེ་ཉིད་དུ་འགྲོའོ།། སླར་ཡང་འོང་ངོ་།། ཡང་ན་མིང་སྨོས་པས་ནམ་མཁའ་ལ་འབང་བར་བྱ་སྟེ། གང་གི་མིང་སྨོས་པ་དེ་འགུགས་པར་འགྱུར་ཞིང་མཚན་མོ་འོང་བར་བྱེད་དོ།། མཐུ་སྟོབས་ཀྱིས་སླར་ཡང་ཕྱིར་ལྡོག་སྟེ་འགྲོའོ།། སྐྱེ་བ་དབང་དུ་བྱེད་པ་ལ་ཛཱ་ཏི་དང་སྣ་མའི་མེ་ཏོག་ལ་ལན་བདུན་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱའོ།། ཡང་ན་མངག་པར་བྱ་སྟེ་རེག་པ་ཙམ་གྱིས་བདག་ཉིད་དང་ནོར་གྱིས་ཀྱང་དབང་དུ་བྱེད་པར་འགྱུར་རོ།། གང་སྨྲས་པ་དང་གང་བླངས་པ་དེ་ཐམས་ཅད་བྱེད་དོ། ། འབངས་དང་ཅི་བསྒོ་བ་བྱེད་པར་འགྱུར་རོ།། གཞོན་ནུ་མ་དབང་དུ་བྱེད་པ་ལ་འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱ་བ་འམ་མངག་པར་བྱ་སྟེ་བཟུང་བ་ཙམ་གྱི་དབང་དུ་འགྱུར་རོ། ། གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་ཞིང་ཇི་སྲིད་འཚོ་བར་ཉེ་བར་གནས་པར་འགྱུར་རོ།། རྗེའུ་རིགས་དབང་དུ་བྱེད་པ་ལ་བ་ཤ་ཀའི་མེ་ཏོག་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱ་སྟེ་དབང་དུ་གྱུར་ནས་ཉེ་བར་གནས་སོ། ། བྲམ་ཟེ་དབང་དུ་བྱེད་པས་ཞོ་དང་འོ་མའི་བཟའ་བ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ། བྲམ་ཟེ་དབང་དུ་བྱེད་པ་གྲུབ་པོ། ། རྒྱལ་རིགས་དབང་དུ་བྱེད་པ་ལ་བུ་རམ་དང་འོ་མ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་དབང་དུ་འགྱུར་རོ།། དམངས་རིགས་དབང་དུ་བྱེད་པ་ལ་གང་དང་གང་གི་བཟའ་བ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱ་སྟེ་ཟོས་པ་ཙམ་གྱིས་མོད་ལ་དབང་དུ་འགྱུར་རོ། ། རང་གི་འདོད་པའི་བྱ་བ་གཞན་རྣམ་པ་སྣ་ཚོགས་པ་བྱ་བ་རྣམས་ནི་བཀླགས་པས་གྲུབ་པར་འགྱུར་རོ། ། དོན་ཡོད་པ་པདྨའི་ཆུ་སྐྱེས་ཀྱི་རྩ་བའི་སྙིང་པོའི་ཡོ་བྱད་དང་ཆོ་གའི་སྒྲུབ་བབས་སོ།། ། དེ་ནས་དོན་ཡོད་པའི་ཕྱག་རྒྱ་དབང་བསྐུར་བའི་གཟུངས་ཀྱི་ཡོ་བྱད་དང་ཆོ་གར་འགྱུར་ཏེ། གཟུངས་འདི་རིག་སྔགས་འཆང་གིས་དྲན་པ་ཙམ་དང་། བཀླགས་པ་ཙམ་དང་། ཕྱག་རྒྱ་བཟུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་གསང་བའི་ཕྱག་རྒྱ་དང་དབང་བསྐུར་བའི་ཕྱག་རྒྱ་དྲན་པར་འགྱུར་རོ། ། རིག་པའི་རྒྱལ་པོའི་གཟུངས་སྟོང་ཕྲག་བཟླས་པ་འདིས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། ། རིག་སྔགས་འཆང་དེས་ཀྱང་དང་པོར་རྨི་ལམ་གྱི་ནང་དུ་མཐོང་ངོ་།། དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་རྣམ་པར་སྣང་མཛད་ཡིད་བཞིན་ནོར་བུའི་ཕྱག་རྒྱའི་དབང་བསྐུར་བུ་མངོན་པར་དབང་བསྐུར་བར་བྱེད་དོ། ། དེའང་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་དབང་བསྐུར་བ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ལ་རབ་ཏུ་འཇུག་པར་བྱེད་དོ།། དེ་བཞིན་གཤེགས་པ་རང་རང་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་དབང་བསྐུར་བ་རྗེས་སུ་སྦྱིན་པར་འགྱུར་རོ། ། ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པར་མཛད་དོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སྒོ་རྣམས་བྱེ་བར་གྱུར་པའི་སྒོར་མཐོང་ངོ་། ། གང་དུ་འདོད་པ་དེར་འཇུག་གོ།། དེས་ཀྱང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རིག་སྔགས་འཆང་དེ་ཇི་སྲིད་འཚོའི་བར་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། ། རྟག་ཏུ་མཐོང་བ་དང་ལྡན་པར་གནས་སོ།། སྟོང་ཕྲག་གཉིས་པ་བཟླས་པས་གཉིས་པར་རྨི་ལམ་མཐོང་བར་བལྟའོ། ། པདྨའི་རིགས་ཀྱི་དཀྱིལ་འཁོར་གང་ལའང་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་། གཟུངས་དང་། གཞལ་མེད་ཁང་མཐའ་དག་ཡོངས་སུ་རྫོགས་པར་མཐོང་ངོ་།། དེར་ཡང་དུས་གསུམ་དུ་གཤེགས་པའི་གཞལ་མེད་ཁང་ཐམས་ཅད་མཐོང་ངོ་། ། དེ་བཞིན་གཤེགས་པའི་གཞལ་མེད་ཁང་མཐོང་ངོ་།། དེ་ལའང་དེ་བཞིན་གཤེགས་པ་པདྨའི་རིགས་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའི་དབང་བསྐུར་བས་མངོན་པར་དབང་བསྐུར་བར་འགྱུར་རོ། ། རང་རང་གི་དེ་བཞིན་གཤེགས་པའི་གསང་བའི་ཕྱག་རྒྱས་མངོན་པར་དབང་བསྐུར་བ་དང་དཀྱིལ་འཁོར་རྣམས་སྟོན་པར་མཛད་དོ། ། རིག་སྔགས་འཆང་རང་ཉིད་ལའང་མངོན་པར་དབང་བསྐུར་བར་བྱེད་དོ།། ལེགས་སོ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད་དོ།། པདྨོ་ཡངས་པའི་དཀྱིལ་འཁོར་ཐམས་ཅད་དུའང་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་ཕྱག་རྒྱས་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་འགྱུར་ཞིང་ཡོངས་སུ་འཛིན་པར་ཡང་འགྱུར་རོ། ། སྟོང་ཕྲག་གསུམ་པ་བཟླས་པས་རྨི་ལམ་ཆེན་པོ་གསུམ་པ་བསྟན་པ་མཐོང་སྟེ། གཞལ་མེད་ཁང་མཐའ་དག་རབ་ཏུ་གནས་པའི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་དང་། མངོན་པར་དབང་བསྐུར་བ་རྗེས་སུ་སྩོལ་བར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་དུས་གསུམ་དུ་གཤེགས་ཤིང་རབ་ཏུ་བཞུགས་པའི་དེ་བཞིན་གཤེགས་པའི་ཡིད་བཞིན་གྱི་ནོར་བུ་རྡོ་རྗེ་བྱིན་གྱིས་རློབ་པའི་མངོན་པར་དབང་བསྐུར་བ་དང་ཕྱག་རྒྱའང་མཐོང་ངོ་། ། དེའང་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་རིག་སྔགས་འཆང་ལ་རྡོ་རྗེའི་ཕྱག་རྒྱས་མངོན་པར་དབང་བསྐུར་བ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་བསྐུར་བས་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་མཛད་དོ།། རང་རང་རྣམས་ཀྱང་རྡོ་རྗེའི་ཕྱག་རྒྱས་མངོན་པར་དབང་བསྐུར་པ་རྗེས་སུ་སྩོལ་བར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་དམ་ཚིག་ལ་རབ་ཏུ་འཇུག་པར་མཛད་དོ།། རྡོ་རྗེ་བྱིན་གྱིས་བརླབས་པའི་མངོན་པར་དབང་བསྐུར་བ་ལེགས་སོ་ལགས་སོ་ཞེ་བྱ། བའི་སྒྲ་རྗོད་པར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་རིགས་ཡང་དག་པར་བྱིན་གྱིས་རློབ་པའི་དངོས་གྲུབ་ཉེ་བར་སྟོན་པར་མཛད་དོ།། ཐམས་ཅད་དུ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། ། སྟོང་ཕྲག་བཞི་པ་བཟླས་པས་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་དབང་བསྐུར་བ་ཐོབ་བོ།། དེ་ལའང་ནོར་བུའི་རིགས་ཆེན་པོའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་དབང་བསྐུར་བ་ཐོབ་པོ། ། རྨི་ལམ་སྟོན་པ་དེའང་དུས་གསུམ་པའི་དེ་བཞིན་གཤེགས་པ་ནོར་བུའི་ཕྱག་རྒྱའི་དབང་བསྐུར་བའི་དཀྱིལ་འཁོར་རྣམས་མཐོང་ངོ་།། དུས་གསུམ་པའི་དེ་བཞིན་གཤེག་པ་དེ་རྣམས་ཐམས་ཅད་ཀྱང་རིག་སྔགས་འཆང་དེ་ལ་ནོར་བུའི་རིགས་ཀྱི་དམ་ཚིག་གསང་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། མངོན་པར་དབང་བསྐུར་བས་ཡང་མངོན་པར་དབང་བསྐུར་བར་བྱེད་དོ། ། རང་རང་རྣམས་ཀྱང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ནོར་བུ་གསང་བའི་ཕྱག་རྒྱས་དབང་བསྐུར་བ་གཙུག་གི་ནོར་བུ་བྱིན་གྱིས་རློབ་པ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་བྱེད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་ནོར་བུའི་དཀྱིལ་འཁོར་རྣམས་ཉེ་བར་སྟོན་པར་མཛད་དོ།། ཡིད་བཞིན་གྱི་ནོར་བུའི་དངོས་གྲུབ་ཀྱི་དམ་ཚིག་གིས་དབང་བསྐུར་བ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་བྱའོ།། ལེགས་སོ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད་ཅིང་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། དེ་བཞིན་གཤེག་པ་དེ་རྣམས་ཀྱང་ཇི་སྲིད་སངས་རྒྱས་ཀྱི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པར་ཡང་དག་པར་དགོངས་པར་འགྱུར་རོ། ། ཡིད་བཞིན་གྱི་ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་གསང་བའི་སྙིང་པོའི་མཆོག་ཏུ་འགྱུར་རོ།། བཟླས་པ་ལྔ་པས་རྨི་ལམ་ཆེན་པོའི་ཕྱག་རྒྱ་སྟོན་པར་བྱེད་བ་ནི། དཀྱིལ་འཁོར་ཆེན་པོ་མཐའ་དག་རྫོགས་པར་ཕྱིར་མི་ལྡོག་པའི་གནས་ཀྱི་མངོན་པར་དབང་བསྐུར་བར་མཐོང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པ་ཆེན་པོའི་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བར་མཛད་དོ། ། དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོས་མངོན་པར་དབང་བསྐུར་བར་འགྱུར་རོ།། བཟླས་པ་དྲུག་པས་རྨི་ལམ་ཡང་དག་པར་སྟོན་པ་ནི། དེ་བཞིན་གཤེས་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། རྡོ་རྗེའི་གདན་བྱིན་གྱིས་རློབ་པས་བྱིན་གྱིས་བརླབས་ཏེ་མངོན་པར་དབང་བསྐུར་བར་འགྱུར་རོ།། དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུག་པ་མཐོང་སྟེ་སེང་གེའི་གདན་ལ་བཞུགས་པའོ། ། དེ་བཞིན་གཤེགས་པ་དེ་རྣམས་ཀྱང་རང་རང་གི་རིག་སྔགས་འཆང་ཕྱིར་མི་ལྡོག་པར་མངོན་པར་དབང་བསྐུར་བར་མཛད་དོ།། ལེགས་སོ་ལེགས་སོ་ཞེས་བྱ་བའི་གསུང་བརྗོད་པར་མཛད་དོ། ། དགོངས་པ་ཆེར་བརྟན་པས་དགོངས་པར་འགྱུར་རོ།། ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ལ་མཐའ་ཐུག་གི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་རོ།། ། བཟླས་པ་བདུན་པས་རྨི་ལམ་ཆེན་པོ་སྟོན་པས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། བདུད་འདུལ་བ་དང་། དམ་པའི་ཆོས་ཀྱི་ཆར་འབེབས་པ་དང་། ཆོས་ཀྱི་སྒྲོན་མེ་སྤོར་བ་དང་། ཆོས་ཀྱི་རྒྱལ་མཚན་སྒྲེང་བ་དང་། དམ་པའི་ཆོས་ཀྱི་དུང་འབུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱ་ཆེན་པོས་མངོན་པར་དབང་བསྐུར་བར་མཐོང་ངོ་།། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་ཕྱག་རྒྱས་མངོན་པར་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། བདུད་འདུལ་བ་དང་། ཕྱག་རྒྱས་དབང་བསྐུར་བས་མངོན་པར་དབང་བསྐུར་བར་མཛད་དོ།། ལེགས་སོ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་མཛད་དོ། ། ཕྱག་རྒྱ་ཆེན་པོ་དང་། དཀྱིལ་འཁོར་དང་། ཀུན་ནས་གསང་བ་དང་། རྣམ་པར་ཐར་པའི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་དང་། མངོན་པར་དབང་བསྐུར་བར་མཛད་དོ།། དེ་བཞིན་དུ་བཀླགས་པ་དང་བཟླས་པ་ཙམ་གྱིས་ཆོ་ག་དང་ལས་ཀྱི་འབྲས་བུ་སྟོན་པར་མཛད་དོ།། དོན་ཡོད་པའི་ནོར་བུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུངས་ཀྱི་རྣམ་པར་འཕྲུལ་པའི་ཆོ་ག་འདིའང་རྣམ་པར་སྤྱོད་པར་འགྱུར་རོ། ། འདི་བཀླགས་པ་དང་དྲན་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་རྗེས་སུ་འཇུག་པར་འགྱུར་རོ། ། ཐམས་ཅད་དུ་གནས་ལ་གནས་པའི་དམ་ཚིག་ཤེས་པར་འགྱུར་རོ།། བཟླས་པ་ཙམ་གྱིས་མོད་ལ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་ནས་སྨོས་ནས་མངོན་སུམ་དུ་སྟོན་པར་མཛད་དོ། ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྟོན་པར་མཛད་པར་འགྱུར་རོ།། མཚན་སྨོས་ནས་འཛིན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་འཛིན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོག་ཏུ་འགྱུར་རོ།། སྡིག་པ་དང་། སྒྲིབ་པ་དང་། གདུག་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་ལ་སོགས་པ་སྔོན་གྱི་སྡིག་པ་དང་། སྒྲིབ་པ་རྣམ་པར་འཇོམས་པར་བྱེད་དོ།། བཀླགས་པ་ཙམ་དང་། ལན་ཅིག་བཟླས་པ་ཙམ་གྱིས་དེ་ཐམས་ཅད་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ།། སེམས་ཅན་གྱི་སྡིག་པའི་ཆོས་གང་ཅུང་ཟད་ཀུན་ཏུ་སྤྱད་པ་དང་། མཚམས་མེད་པ་ལྔ་བྱེད་པ་མནར་མེད་པ་ལ་མཆོག་ཏུ་གཞོལ་བའི་སེམས་ཅན་དེའི་མདུན་དུ་ལན་གསུམ་དུ་དབྱངས་གསངས་བསྟོད་པས་བརྗོད་ཅིང་དྲན་པར་བྱ་སྟེ། དེའི་སྒྲ་ཐོས་པ་ཙམ་གྱིས་མོད་ལ་སྡིག་པ་དང་། སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པར་སོང་བ་ཐམས་ཅད་དང་། མནར་མེད་པ་ལ་མཆོག་ཏུ་གཞོལ་བ་རྣམས་ཡོངས་སུ་དག་པར་འགྱུར་རོ།། སེམས་ཅན་དེའང་སྡིག་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། ཡང་ན་སྡིག་པ་ཅན་གྱི་སེམས་ཅན་ཤི་བར་གྱུར་པས་བསོད་ནམས་ཀྱི་དོན་དུ་བསོད་ནམས་འདོད་པས། སེམས་ཅན་དེའི་དོན་དུ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་སྟེ། སེམས་ཅན་དེའི་དོན་དུ་རོ་བསྲེགས་པའམ། མ་ཆད་པ་འམ། སྦས་པ་འམ། རུས་པའི་ཀེང་རུས་སམ། དུར་ཁྲོད་ཀྱི་དབུས་སུ་དེའི་སྟེང་དུ་གདབ་ཅིང་དེར་གཏོར་བར་བྱའོ། ། གཏོར་བ་ཙམ་གྱིས་མོད་ལ་སེམས་ཅན་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེ་ཉིད་དུ་སེམས་ཅན་དེའི་ལུས་ལ་བྱང་ཆུབ་ཆེན་པོའི་ཡན་ལག་གི་ཆུའི་དྲིའི་མཆོག་བསྒོས་པར་འགྱུར་རོ།། འཕྲལ་ཉིད་དུ་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་གྱི་ལུས་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་རོ།། དེར་ཡང་ངན་འགྲོ་རྣམས་ལས་འཕོས་པར་འགྱུར་ཞིང་། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། འདི་ལ་སོམ་ཉིད་ང་ཡིད་གཉིས་བསྐྱེད་པར་མི་བྱའོ།། གང་གི་ཚེ་ནང་དྲག་པོས་ཐེབས་པར་གྱུར་པ་དེའི་ཚེ། རིག་སྔགས་འཆང་གིས་རྣ་བར་བཟླས་བརྗོད་བརྒྱ་རྩ་བརྒྱད་སྦྱིན་པར་བྱ་སྟེ། དེའང་ནང་ཡུན་རིང་པོ་ལས་གྲོལ་ཏེ་རང་གི་གནས་སུ་འགྱུར་རོ།། ནད་ཀྱི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། སྤྱི་བོའི་གཙུག་ཏུ་ཕྱག་རྒྱས་བཏབ་སྟེ་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བྱ་སྟེ་འཕྲལ་ཉིད་དུ་ཡོངས་སུ་གྲོལ་ལོ།། གལ་ཏེ་ནག་པོ་ཆེན་པོས་རང་གི་ཕྱག་རྒྱས་བཏབ་ན་དེ་ལྟར་དེ་ཉིད་ལ་བལྟས་པས་ཕྱག་རྒྱ་ཐམས་ཅད་འབྱེད་པར་འགྱུར་རོ། ། གལ་ཏེ་ཡུན་རིང་དུ་མ་གྲོལ་ན་གང་གིས་ཕྱག་རྒྱས་བཏབ་པར་གྱུར་པ་དེའི་མིག་གཉིས་པོ་དག་འབྱིན་པར་འགྱུར་རོ།། གདོན་གྱིས་ཟིན་པ་ཐམས་ཅད་ལ་ཚོན་སྐུད་སྣ་ལྔའི་སྐུད་པ་ལ་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ནས་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་བཅིང་བར་བྱ་སྟེ། གདོན་དང་བརྗེད་བྱེད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། ནད་ཐམས་ཅད་ལ་སྐུད་པ་དཀར་པོས་བཅིང་བར་བྱ་སྟེ་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། ། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་དུ་འགྲོ་བ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་ཁ་ཏོན་དུ་བཟུང་ན་ཐམས་ཅད་དུ་སྨྲ་བའི་མཆོག་ཏུ་འགྱུར་རོ། ། ན་ལེ་ཤམ་དང་། ནྱ་སྤོས་དང་། རུ་རྟ་དང་། ཡུང་པ་གཉིས་དང་། རོའི་མིག་སྨན་ལ་སྔགས་སྟོང་རྩ་བརྒྱད་དུ་བཟླས་ལ་ཕྱེ་མ་ཞིབ་མོར་བྱས་ཏེ། མིག་སྨན་དང་མཉམ་པར་སྦྱར་ནས་གདོན་གྱིས་ཟིན་པ་རྣམས་ཀྱི་མིག་ལ་བསྐུས་ན་བསྐུས་པ་ཙམ་གྱིས་མོད་ལ་གདོན་ཐམས་ཅད་ཡོངས་སུ་གྲོལ་ལོ།། གལ་ཏེ་ཡུན་རིང་པོར་མ་གྲོལ་ན་གདོན་གྱི་མིག་གཉིས་འབྱིན་པར་འགྱུར་རོ། ། རིམས་ཉིན་བཞི་པ་ལ་མིག་གཉིས་ལ་བསྐུ་བར་བྱའོ།། གལ་ཏེ་ཡུན་རིང་དུ་མ་གྲོལ་ན་མགོ་བོ་ཚལ་བ་བདུན་དུ་འགས་པར་འགྱུར་རོ།། ལུས་ལ་མེ་འབར་བར་འགྱུར་རོ།། རིམས་ཐམས་ཅད་ལ་བསྐུས་པ་ཙམ་གྱིས་ཡོངས་སུ་གྲོལ་ལོ། ། གལ་ཏེ་ཡུན་རིང་དུ་མ་གྲོལ་ན་མགོ་བོ་དུམ་བུ་བདུན་དུ་འགས་པར་འགྱུར་རོ།། དུག་གིས་ཟོས་པའི་མིག་ལ་བསྐུ་བར་བྱ་ཞིང་མངག་གཞུག་པར་བྱའོ།། དུག་འཐུངས་པ་ལ་བསྐུས་ན་དུག་མེད་པར་འགྱུར་རོ།། ཤི་བའི་མིག་ལ་བསྐུས་ན་ལྡང་བར་འགྱུར་ཏེ། དེ་སྨྲ་བར་བྱེད་དོ།། ཆུ་དང་ཡུངས་ཀར་བརྡེགས་ན་སླར་ཡང་འགྱེལ་བར་བྱེད་དོ།། མགོ་བོའི་ཐུག་རྔུ་དང་གཞོན་བྱེད་ན་པ་རྣམས་ཀྱི་མིག་ལ་བསྐུས་ཏེ་ཕྱག་རྒྱ་ཐམས་ཅད་འཇིག་པར་བྱེད་དོ། ། རྒྱལ་པོ་ཁྲོས་པ་གང་གིས་སྐྱེ་བོ་གནས་ནས་འབྱིན་པ་དང་། དེ་བཞིན་དུ་མཚོན་ཆ་མང་པོ་འབབ་པ་དང་། ཕྱིར་རྒོལ་བ་དང་། དགྲ་བོ་ཉིད་ལའང་འདིས་བསྐུས་པའི་མིག་གིས་བལྟས་ན་ཐམས་ཅད་དགའ་བར་འགྱུར་རོ། ། དེ་རྣམས་ཐམས་ཅད་རྟག་ཏུ་དབང་དུ་གྱུར་ནས་གནས་ཏེ་འདི་ལ་ཐེ་ཚོམ་མི་བྱའོ།། དོན་ཡོད་པའི་ཕྱག་རྒྱའི་དབང་བསྐུར་བའི་སྙིང་པོ་དང་གཟུངས་ཀྱི་ཆོ་གའི་སྒྲུབ་ཐབས་སོ། ། ། དེ་ནས་དོན་ཡོད་པའི་དཀྱིལ་འཁོར་ཆེན་པོ་པདྨའི་དབང་བསྐུར་བའི་ནོར་བུའི་གཟུངས་ཀྱི་སྙིང་པོ་ལཡོ་བྱད་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རིགས་ཐུན་མོང་བར་རྗེས་སུ་འཇུག་པར་འགྱུར་རོ། ། སྟོབ་རྩ་བརྒྱད་བཟླས་པས་མི་འབམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་པ་དྨ་ཆེན་པོའི་དབང་བསྐུར་བ་ཡིང་བཞིན་གྱི་ནོར་བུའི་བཛྲ་། པས་སྤྱི་བོར་མངོན་པར་དབང་བསྐུར་བར་འགྱུར་རོ།། དེ་ནས་དུས་གསུམ་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བཟླས་པ་ཙམ་གྱིས་མོད་ལ་དེའི་རྨི་ལམ་མཐོང་བ་ཉེ་བར་སྟོན་པར་བྱེད་དོ།། དཀྱིལ་འཁོར་ཆེན་པོ་ཡངས་པའི་རྣམ་པར་འཕྲུལ་པ་ཡང་དག་པར་མཐོང་བ་དང་ཆོ་འཕྲུལ་སྟོན་པར་བྱེད་དོ།། གཞལ་ཡས་ཁང་དང་བཅས། རྣམ་པར་འཕྲུལ་པ་དང་བཅས། ལྷའི་ཚོགས་དང་བཅས་པའི་རིག་པའི་རྒྱལ་པོའི་དཀྱིལ་འཁོར་བའི་ལྷ་རྣམས་ཉེ་བར་སྟོན་པར་བྱེད་དོ། ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དང་། པདྨའི་རིགས་ཀྱི་དཀྱིལ་འཁོར་དང་། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དང་། དོན་ཡོད་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་དེ་རྣམས་ཐམས་ཅད་ཀྱང་སོ་སོ་སོ་སོའི་དཀྱིལ་འཁོར་དུ་དབང་བསྐུར་བས་མངོན་པར་དབང་བསྐུར་རོ། ། རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཐའ་དག་ཉེ་བར་སྟོན་པར་བྱེད་དེ། ཇི་སྲིད་དུ་བྱང་ཆུབ་ཀྱི་སྙིང་པོ་གཤེགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བའི་བར་གྱི་དཀྱིལ་འཁོར་ཉེ་བར་སྟོན་པར་བྱེད་དོ།། དུས་གསུམ་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་དེ་རྣམས་ཀྱི་སོ་སོ་སོ་སོའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་མཛད་དོ། ། དཀྱིལ་འཁོར་གྱི་མཆོག་ཐམས་ཅད་དུ་མངོན་པར་དབང་བསྐུར་བས་མངོན་པར་དབང་འགྱུར་ར་མཛད་དོ།། དེ་ནས་རིག་སྔགས་འཆང་དེ་དེ་ལྟ་བུའི་རྨི་ལམ་ཆེན་པོ་མཐོང་ནས། དགའ་བ་ཆེན་པོ་རྒྱས་པར་འགྱུར་རོ།། དགའ་བ་དང་རབ་ཏུ་མགུ་བའི་སྙིང་དེས་ཀྱང་དོན་ཡོད་པ་པདྨ་དྲི་མ་མེད་པའི་མངོན་པར་དབང་བསྐུར་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ།། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཀྱང་རིག་སྔགས་འཆང་དེ་ལ་ལེགས་སོ་ལེགས་སོ་ཞེས་རྗོད་པར་མཛད་དེ། རིག་སྔགས་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་རིགས་ཐུན་མོང་བའི་དམ་ཚིག་གིས་མངོན་པར་དབང་བསྐུར་བས་ཁྱོད་མངོན་པར་དབང་བསྐུར་རོ། ། གྲུབ་པ་ཐོབ་པ་དེ་རྣམས་རིག་སྔགས་འཆང་ཆེན་པོ་དང་དཀྱིལ་འཁོར་གྱི་གསང་བའི་རྗེས་སུ་འཇུག་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོར་འགྱུར་རོ་ཞེས་སོ་སོར་སད་དོ། ། དེ་ནས་རིག་སྔགས་འཆང་གིས་བཟླས་པ་དང་བཀླགས་པ་ཙམ་གྱིས་དེ་མ་ཐག་པར་རྒྱ་ཆེན་པོའི་ཡོན་ཏན་གསལ་བ་དེ་ལྟ་བུ་སྐྱེ་བར་འགྱུར་རོ།། སླར་ཡང་འདིའི་གོང་ནས་གོང་དུ་རྣམ་པར་འཕྲུལ་པ་སྟོན་པར་བྱེད་དོ། ། རིག་སྔགས་འཆང་གང་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་གང་ཡང་རུང་བར་གྱུར་ཀྱང་རུང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མར་གྱུར་ཀྱང་རུང་སྟེ། དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བར་བྱེད་པར་འདོད་པ་དེས། གཟུངས་ཀྱི་སྙིང་པོ་འདིའི་བགྲང་འཕྲེང་ངམ། ཅོད་པན་ནམ། དར་དབྱངས་སམ། དབུ་རྒྱན་ལ་ལན་སྟོང་རྩ་བརྒྱད་དུ་ཡོངས་སུ་བཟླས་ཏེ་དེ་བཞིན་གཤེགས་པའི་དབུ་ལ་བཅིངས་ནས། སྤྱན་རས་གཟིགས་དབང་ཕྱུག་གིས་མངོན་པར་དབང་བསྐུར་ཏེ། རིག་སྔགས་འཆང་དེའམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་གསང་བའི་དཀྱིལ་འཁོར་ཆེན་པོ་རེ་རེའི་དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་@#་པ་ཨ་རྣམས་ཀྱིས་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ནོར་བུ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དབུ་རྒྱན་འོད་ཟེར་སྣ་ཚོགས་བརྒྱ་སྟོང་ཕྲག་འབར་བས་ཡང་དག་པར་བརྒྱན་པའི་དབུ་རྒྱན་ཆེན་པོ་དང་། དར་དབྱངས་ཀྱིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དབང་བསྐུར་བར་འགྱུར་ཞིང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་བཅས་པ་མངོན་པར་དབང་བསྐུར་བར་འགྱུར་རོ།། དེ་ལྟར་རྒྱ་ཆེ་ཞིང་ཡངས་པ་ཆེ་བའི་གཞལ་མེད་ཁང་འདི་མཆོད་པ་དང་བསྙེན་བཀུར་བ་ཉེ་བར་གནས་པར་འགྱུར་རོ།། གང་གིས་དུས་གསུམ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབང་བསྐུར་བ་དང་། མཆོད་པ་དང་། བསྙེན་བཀུར་བ་ཆེན་པོ་བྱས་པར་འགྱུར་རོ།། སྙིང་པོ་འདི་བཟླས་པ་ཙམ་གྱིས་རིག་སྔགས་འཆང་གི་སྡིག་པ་དང་། སྒྲིབ་པ་དང་། གདུག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། རྣམ་པར་ཉམས་པར་བྱེད། རྣམ་པར་ཞིག་པར་བྱེད། ལུས་དང་། ངག་དང་། ཡིད་ཡོངས་སུ་དག་པར་འགྱུར་རོ།། ཉོན་མོངས་པ་དང་སྒྲིབ་པ་དང་བྲལ་ཞིང་ངེས་པར་གྲོལ་བར་འགྱུར་རོ།། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སོགས་པར་འགྱུར་རོ། ། དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། དངོས་གྲུབ་ཆེན་པོའི་མཆོག་ཏུ་འགྱུར་རོ།། ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ།། མཆོད་པ་དང་། བསྙེན་བཀུར་བ་དང་། ཚིག་བཙུན་པར་འགྱུར་རོ།། སྡིག་པ་ཐུན་ཚགས་དང་བྲལ་བར་འགྱུར་རོ།། ལུས་ལ་དྲི་བཟང་པོ་འབྱུང་བར་འགྱུར་རོ།། རྟག་ཏུ་དེ་དྲན་པས་ལ་ནས་ཨུཏྤ་ལའི་དྲི་འབྱིན་ནོ།། ལུས་ཙན་དན་གྱི་དྲིས་བསྒོས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་མཆོག་ཏུ་བྱམས་པ་དང་མཆོད་པའི་འོས་སུ་འགྱུར་རོ།། ཐམས་ཅད་དུ་དངོས་གྲུབ་ཆེན་པོའི་མཆོག་ཏུ་འགྱུར་རོ།། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རབ་ཏུ་འདུལ་བར་འགྱུར་རོ། ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་ཐམས་ཅད་མཐོང་བ་ཙམ་གྱིས་རིང་དུ་འབྲོས་པར་འགྱུར་རོ།། ཇི་སྲིད་འཚོ་བའི་བར་དུ་ཉེ་བར་གནས་པར་འགྱུར་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་སྦྱིན་པར་འགྱུར་རོ།། རྟག་ཏུའང་མཐོང་བར་འབྱུང་བར་འགྱུར་རོ།། རིག་པའི་རྒྱལ་པོའང་རྟག་པར་རྒྱུན་དུ་རྗེས་སུ་འབྲང་བར་འགྱུར་རོ།། དུས་རྒྱུན་དུ་རྟག་ཏུ་མཐོང་བ་རྗེས་སུ་འབྲང་བར་འགྱུར་རོ། ། རྟག་ཏུ་རྗེས་སུ་འབྲང་བ་དང་དངོས་གྲུབ་ཏུ་འགྱུར་རོ།། ཐམས་ཅད་དུ་དཀྱིལ་འཁོར་གྱི་སློབ་དཔོན་གྱི་མངོན་པར་དབང་བསྐུར་བར་འགྱུར་རོ།། ཐམས་ཅད་དུ་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། ། དོན་ཡོད་པ་པདྨའི་དཀྱིལ་འཁོར་གྱི་དབང་བསྐུར་བའི་གཟུངས་སོ།། ། དེ་ནས་དོན་ཡོད་པའི་ནོར་བུའི་མཆོད་པའི་སྤྲིན་གྱི་ཉེ་བར་སྤྱོད་པའི་ཆོ་གར་འགྱུར་ཏེ། དྲན་པ་དང་། བཀླགས་བ་དང་། བཟླས་པ་ཙམ་གྱིས་གཞལ་མེད་ཁང་ཆེན་པོ་རྒྱ་ཆེ་བ་ཡངས་པའི་མཐུ་སྟོབས་ཡངས་པ་འབྱུང་བར་འགྱུར་རོ།། མཐུ་སྟོབས་ཆེན་པོའི་ཡོན་ཏན་འབྱུང་ཞིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབ་པར་འགྱུར་རོ།། བསོད་ནམས་ཀྱི་ཕུང་པོའི་ཚོགས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་འབྱུང་བར་འགྱུར་རོ།། རིག་པའི་རྒྱ་པོ་འདི་དྲན་པ་ཙམ་དང་བཟླས་པ་ཙམ་གྱི་མོད་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོར་མཆོད་པའི་སྤྲིན་གྱི་ཆང་ཆེན་པོ་འབབ་པར་འགྱུར་རོ། འདི་ལྟ་སྟེ། པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་དང་། མན་ཏཱ་ར་བ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མཉྫུ་ཥ་ཀ་དང་། ཟླ་བ་མཛེས་པ་དང་། དྲི་མ་མེད་པ་སྟེ། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་ཆར་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། སྐམ་ལས་སྐྱེས་པའི་མེ་ཏོག་སཱ་ལ་དང་། ཏ་མཱ་ལ་དང་། ཙམ་པ་ཀ་དང་། མྱ་ངན་འཆང་དང་། ཨ་ཏི་མུཀྟ་ཀ། དང་། སྱ་ནར་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཀ་དམ་པ་དང་། དོང་ཀ་དང་། སིན་དྷུ་བཱ་རི་ཀའི་མེ་ཏོག་དང་། སྣ་མའི་མེ་ཏོག་དང་། ཡཱུ་ཐི་ཀ་དང་། མཱ་ལི་ཀ་སར་པ་དང་། ཏ་ར་ཎ་དང་། ཀུ་པྱ་ཀ་དང་། མ་རུ་བ་ཀའི་མེ་ཏོག་གི་ཆར་འབབ་པར་འགྱུར་རོ།། ལྷ་རྫས་སྣ་ཚོགས་པ་རྣམས་དང་། ཀུ་མུ་དའི་རིགས་རྣམས་དང་། གཟུགས་དང་། ཁ་དོག་སྣ་ཚོགས་པ་དང་། རི་དང་། ཆུ་དང་། དཀོན་དུང་དང་། ཐིབས་པོ་དང་། ཆུ་རླབས་དང་། ནགས་དང་། ནགས་འདབ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། ལྟེ་ཀ་དང་། རྫིང་བུ་དང་། ཨ་སཱ་ཧི་ཏ་དང་། ཕུག་དང་། དགོན་པར་འབབ་པའི་ས་ལས་སྐྱེས་པའི་ཆ་ཏོག་དང་། དྲི་མ་མེད་པའི་ལྷ་རྫས་དང་། ལྷ་རྫས་ཀྱི་དྲི་བཟང་དང་། ཡིད་དུ་འོང་བའི་གཟུགས་དང་། ཁ་དོག་དང་། ཤིན་ཏུ་གཞོན་ཤ་ཆགས་པ་དང་། རབ་ཏུ་སིམ་པར་བྱེད་པའི་རེག་པ་ལས་སྐྱེས་པའི་ཆར་འབབ་པར་བྱེད་དོ། ། མེ་ཏོག་ཆེན་པོ་དང་མེ་ཏོག་སྐྱེས་པ་རྣམས་ཀྱི་ཕུང་པོ་ཆེན་པོ་གཅལ་དུ་བཀྲམ་པ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་དུ་འབྱུང་བར་འགྱུར་རོ།། དེ་བཞིན་དུ་དྲན་པ་དང་བསམས་པ་ཙམ་གྱིས་མེ་ཏོག་གི་མཆོད་པ་ཆེན་པོ་བྱེད་དོ། ། འདི་ལྟ་སྟེ། དྲན་པ་དང་བསམས་པ་ཙམ་གྱིས་གོས་དང་རྒྱན་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བའི་མཆོད་པའི་སྤྲིན་ཆེན་པོ་ཕྱོགས་བཅུ་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པར་འབྱུང་བར་འགྱུར་རོ། ། འདི་ལྟ་སྟེ། དོ་ཤལ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། གསེར་སྐུད་དང་། མུ་ཏིག་གི་དྲ་བ་དང་། རྐེད་ཆིངས་དང་། ཉིས་སྐོར་དང་། སུམ་སྐོར་དང་། སྐར་མའི་འཕྲེང་བ་དང་། གཙུག་ཏོར་འཆིང་བ་དང་། ཟླ་བ་ཕྱེད་པ་ཅན་དང་། གསེར་ཕྱེད་པ་ཅན་དང་། གདུ་བུ་རྒྱན་ཅན་ཟླ་བ་ཕྱེད་པ་དང་། ཤང་ཤང་ཏེའུ་ཅན་དང་། དབུ་རྒྱན་དང་། ཅོད་པན་གྱི་དྲ་བ་དང་། གསེར་གྱི་དྲ་བ་དང་། ཨོཾ་བི་ཀ་དང་། ཀཎྜ་པ་ལི་ཀ་དང་། པྲ་ཙ་ཀ་དང་། ཏཱམྤའི་སྐུད་པ་དང་། མཆོད་ཕྱིར་ཐོགས་དང་། ཀསྤའི་འབྲང་བ་དང་། གསེར་གྱི་འཕྲེང་བ་དང་། རིན་པོ་ཆེས་སྨྲས་པའི་འཕྲེང་བ་དང་། རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་དང་། རྣ་བ་གང་བ་དང་། གཙུག་ཏོར་འཆིང་བ་དང་། ཡོངས་སུ་བཀྲི་བ་དང་། གཙུག་གི་ནོར་བུའི་ཆར་རབ་ཏུ་འབབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་དུ་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་རྣམས་ཀྱི་མཆོད་པའི་སྤྲིན་ཆེན་པོར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་རྣམས་ཀྱི་མཆོད་པའི་སྤྲིན་ཆེན་པོར་གྱུར་ནས། རང་རང་གི་གཞལ་མེད་ཁང་གི་འབྱོར་པར་རབ་ཏུ་འགྱུར་རོ།། ཆར་དང་ཚོན་སྣ་ཚོགས་སུ་བཅོས་པའི་ཕྱོགས་བྲལ་གྱི་གོས་སྣ་ཚོགས་པའི་མཆོད་པའི་སྤྲིན་དུ་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་དང་རྗེས་སུ་འཐུན་པའི་རི་མོས་གོས་དང་། རི་མོའི་གཞལ་མེད་ཁང་གི་མཆོད་པའི་སྤྲིན་གྱི་ཆར་འབེབས་སོ།། འདི་ལྟ་སྟེ། ཡུལ་ཀ་ཤི་ཀའི་གོས་ཚོན་སྣ་ཚོགས་སུ་བཙོས་པ་དང་། གོས་ཀྱི་གཞལ་མེད་ཁང་དང་། དར་གོས་རྣམས་ཀྱི་ཆར་འབེབས་སོ། ། འདི་ལྟ་སྟེ། ཉི་མའི་འོད་དང་། ཟླ་བ་དང་། སེང་གེ་སྐྱེས་དང་། དར་ཐོད་དང་། ཀ་ཤི་ཀ་དང་། ཀོ་ས་ལ་པའི་མིའི་དབང་པོ་དང་། ཉི་མ་དང་། ཟླ་བའི་སྣང་བ་དང་། པདྨོ་དང་། ཨུཏྤ་ལ་ཅན་གྱི་ཁ་དོག་དང་། ཀོ་དྲི་ཀཱ་དང་། གསེར་གྱི་གདུ་བུ་དང་། མུ་ཏིག་གི་འབྲས་བུ་དང་། ཀླུའི་གོ་ཆ་དང་། རྣམ་པར་སྣང་བ་དང་། ལྷའི་རྒྱན་དང་། མེ་ཏོག་སྣ་མ་དང་། ཀོ་ཤ་དང་། ཙམ་པ་ཀ་དང་། ཁ་དོག་ཅན་དང་དར་ཐོད་ཅན་དང་། ཀནྟ་རའི་ཚོགས་དང་། ཟླ་བའི་རྒྱན་ཅན་དང་། དོང་ཀའི་མེ་ཏོག་ཅན་དང་། པདྨ་དཀར་པོ་ཅན་ཞེས་བྱ་བ་དང་། བ་མ་ལཾ་ཀ་དང་། ཀོ་ཤཱ་ཏ་ཀི་དང་། རྫོགས་པར་འཕེལ་བར་བྱེད་པ་ཅན་དང་། སྔོན་གྱི་ཡུལ་དང་གླིང་དང་ལྡན་པ་ཀུན་ནས་འོད་གསལ་བ་དང་། གདུ་བུ་རིང་པོ་དང་། དགའ་བ་འཁྱིལ་བ་དང་། རྒྱན་སྐོར་བ་དང་། སྣ་མའི་མེ་ཏོག་གི་ཁ་དོག་ཅན་དང་། ཀན་རའི་འདབ་མ་ཅན་དང་། དཀྵི་ཎཱ་ཀཾ་དང་། ཀཉྩི་ནཱ་སའི་ཁ་དོག་ཅན་ནམ་བསྐོར་བ་དང་། གསེར་མདོག་དང་། རིན་པོ་ཆེའི་མདོག་དང་། ཟླ་བའི་ཁ་དོག་གི་ལག་པ་དང་། མེའི་ཁ་དོག་ཅན་དང་། བཻ་ཌཱུཪྻའི་ཁ་དོག་ཅན་དང་། ནམ་མཁའི་ཁ་དོག་ཅན་དང་། ཀ་ནགྣི་ཤུ་ཀཾ་དང་། ཀུན་ནས་འཁྱིལ་ཞིང་ཡིད་བདེ་བའི་བ་སྤུ་རྣམ་པར་སྣང་ཞིང་རྣམ་པར་གསལ་བ་ཅན་དང་། ཀུན་ནས་འོད་གསལ་ཞིང་དྲི་མ་མེད་པའི་རིག་སྔགས་འཆང་གི་གཅོད་པན་ཅན་ཡང་ངོ་ཞེས་སོ། ། གོས་རྣམ་པ་སྣ་ཚོགས་པ་གཞལ་དུ་མེད་པའི་ཆར་འབེབས་ཏེ། བཅོམ་ལྡན་འདས་རྣམས་གཞལ་དུ་མེད་པའི་མཆོད་པའི་སྤྲིན་དང་བཅས་པའི་ཆར་འབེབས་སོ།། དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་གསང་བའི་དཀྱིལ་འཁོར་དུ་གནས་པའི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། རྡོ་རྗེ་འཆང་དང་། རིག་སྔགས་འཆང་གི་དབང་པོ་རིག་སྔགས་འཆང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མཆོད་པའི་སྤྲིན་དུ་འགྱུར་རོ། ། དེ་ལྟར་རིག་སྔགས་དྲན་པ་ཙམ་གྱིས་དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་མཆོད་པར་འགྱུར་རོ།། དྲི་སྣ་ཚོགས་པའི་ཆུ་གཞལ་དུ་མེད་པ་དང་། དྲིའི་བྱེ་མ་གཞལ་དུ་མེད་པ་དང་། བདུག་པ་གཞལ་དུ་མེད་པའི་མཆོད་པར་འགྱུར་རོ།། འདི་ལྟ་སྟེ། ཙན་དན་གོ་ཤཱིཪྵ་དང་ཏ་མ་ལའི་འདབ་མ་དང་། ཙན་དན་དང་། ཙན་དན་དམར་པོ་དང་། པདྨ་ཅན་དང་། དྲི་ཞིམ་པ་དང་། ས་ར་ལཾ་དང་། གུར་ཀུན་དང་། གོས་དང་། ལྡན་པ་དང་། དྲི་དང་ལྡན་པ་དང་། པུ་ཤེལ་ཅི་དང་། རྒྱ་སྤོས་དང་། ཏུ་རུ་ཀ་དང་། སྦྲིཀྐ་དང་། བོ་ལ་དང་། སྲ་རྩི་ལོག་དང་། ན་མེ་རུ་དང་། ཤྲཱི་བཥྚ་ཀ་དང་། པོག་དང་། སལླ་ཀི་དང་། གུ་གུལ་གྱི་བདུག་པ་དང་། ཧྭགས་དང་། སྦྲང་རྩི་དང་། ལྔ་བསྐོར་བ་དང་། ཀ་ཛོ་ཀ་དང་། བལླི་ཀའི་ཤིང་དང་། བལླི་ཀ་དང་། ག་པུར་དང་། གླ་རྩི་དང་། རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བའི་བདུག་པ་གཞན་སྦྱར་བ་རྣམས་དང་། དྲིའི་ཆུའི་རྣམ་པ་རྣམས་དང་། རྣམ་པ་སྣ་ཚོགས་པས་བསྒོས་པའི་ཕྱེ་མ་དང་ལྡན་པ་འབྱུང་བར་འགྱུར་རོ།། ། དེ་བཞིན་གཤེགས་པ་མཆོད་པའི་སྤྲིན་གྱི་ཆར་འབེབས་སོ།། སྒྲོན་མའི་ཤིང་སྣ་ཚོགས་པ་སྦར་བ་གཞལ་དུ་མེད་པས་སྣང་བར་བྱེད་བཞིན་པ་འབར་བར་བྱེད་དོ།། ཕྱོགས་བཅུ་རྣམས་སུ་ཀུན་ནས་སྒྲོན་མའི་ཤིང་གདྷཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དང་མཉམ་པའི་སྒྲོན་མའི་ཤིང་རབ་ཏུ་འབྱུང་ངོ་། ། འདི་ལྟ་སྟེ། ཏུ་རུ་ཀའི་ཏིལ་མར་དང་། ཙམ་པ་ཀའི་ཏིལ་མར་དང་། ཨུཏྤ་ལའི་ཏིལ་མར་དང་། སྣ་མའི་ཏིལ་མར་དང་། བཱཪྵི་ཀའི་ཏིལ་མར་དང་། ཀོནྟའི་ཏིལ་མར་དང་། ཨ་ཏི་མུཀྟ་ཀའི་ཏིལ་མར་དང་། པ་ལ་ཤའི་ཏིལ་མར་དང་། ཙན་དན་གྱི་ཏིལ་མར་དང་། ཛཱ་ཏིའི་འབྲས་བུའི་ཏིལ་མར་དང་། བལླའི་ཏིལ་མར་དང་། ཨ་ཤོ་གནྡྷ་ལ་སོགས་པའི་ཏིལ་མར་ལ་སྒྲོན་མེ་རབ་ཏུ་བྱེད་དེ། དེ་བཞིན་གཤེགས་པ་མཆོད་པའི་སྤྲིན་དུ་འགྱུར་རོ།། འདི་ལྟ་སྟེ། རོ་བརྒྱ་པའི་ཁ་ཟས་རྣམ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་དང་དུས་སུ་ཉེ་བར་བཞུགས་པ་རྣམས་ཀྱི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་རོ། ། འདི་ལྟ་སྟེ། རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པའི་གཟུགས་དང་། རྣམ་པ་དང་། ཞིམ་ཞིང་མངའ་བ། མྱང་བར་འོས་པ། དགའ་བར་བྱ་བ། ཡིད་དགའ་བ། ཙེ་ཡ་ཛྱ་དང་། ཚིམ་པར་འོས་པ་དང་། དྲིའི་རིགས་ལྷ་རྫས་རྣམ་པ་སྣ་ཚོགས་པས་དུས་གསུམ་དུ་གཤེགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་གྱི་ཚོགས་དང་བཅས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་བཅས་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་དང་བཅས་པ་རྣམས་ཀུན་ཏུ་ཚིམ་པར་བྱེད་པའི་འབྲས་བུ་རྣམ་པ་སྣ་ཚོགས་པ་དང་། རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པ་དང་། སྦྲང་རྩི་མངར་བའི་རོ་མྱོང་བ་དང་ལྡན་པ་བཅོམ་ལྡན་འདས་འཁོར་གྱི་ཚོགས་དང་བཅས་པའི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱེད་པའི་མཆོད་པའི་སྤྲིན་ཆེན་པོར་འགྱུར་རོ།། འདི་ལྟ་སྟེ། ལྷ་རྫས་ཀྱི་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་པ་དགའ་བར་འོས་པའི་རོལ་མོ་ཕེག་རྡིབ་པ་རྣམས་དང་། འདི་ལྟ་སྟེ། དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པའི་མི་འམ་ཅི་དང་དྲི་ཟའི་གླུ་དབྱངས་རྣམ་པ་སྣ་ཚོགས་པ་དང་བཅས་པ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང་། ལྷའི་བུ་མོ་དང་། ཆུ་ལས་བྱུང་བའི་བུ་མོ་རྣམས་ཀྱིས་རྣམ་པ་ཐ་དད་རྣམ་པ་སྣ་ཚོགས་པའི་གསང་སྔགས་ཀྱི་གླུ་དབྱངས་ཀྱི་རོལ་མོའི་སྒྲ་རབ་ཏུ་འཁྲོལ་བཞིན་པ་རྣམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་དུས་གསུམ་པའི་རོལ་མོ་ཆེན་པོའི་མཆོད་པའི་སྤྲིན་དུ་འགྱུར་རོ། ། རྣམ་པ་སྣ་ཚོགས་པར་མཛེས་པའི་བསྟོད་པའི་རྣམ་པས་རོལ་མོའི་ཆོ་ག་ཞིབ་མོ་ཇི་ལྟ་བ་བཞིན་དུ་གསང་བའི་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་དང་རྗེས་སུ་འཐུན་པས་ཡང་དག་པར་བསྟོད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་རིག་སྔགས་ཀྱི་ལྷ་དང་། དཀྱིལ་འཁོར་གྱི་ལྷས་རྗེས་སུ་འཛིན་པར་འགྱུར་རོ།། ཡང་དག་པར་བསྟོད་པ་རྣམས་ཀྱང་མཚན་སྨོས་པས་ཡང་དག་པར་བསྟོད་པ་བྱས་པར་འགྱུར་རོ།། དེ་བཞིན་དུ་ཡངས་པ་དང་ལྡན་པའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་ཐམས་ཅད་སྦྱིན་པ་པོ། ། ཐམས་ཅད་དུ་མཆོད་པའི་སྤྲིན་དུ་གྱུར་པ། བླ་ན་མེད་པ་དཔག་བསམ་གྱི་ཤིང་ལྟ་བུའོ།། སྣ་ཚོགས་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་པས་རིག་སྔགས་འཆང་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་མཆོག་གི་དངོས་གྲུབ་སྟེར་བར་བྱེད་པའོ། ། སེམས་ཅན་ཐམས་ཅད་ཀྱི་མ་དང་པར་གྱུར་པའོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་གྱུར་པའོ།། གསང་སྔག་འཛིན་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་དང་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། ། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པའོ།། ནད་ཐམས་ཅད་སེལ་བར་བྱེད་པའོ། ། སྡུག་བསྔལ་མི་བཟད་པ་གཏུག་པ་ཐམས་ཅད་འཇོམས་པར་བྱེད་པའོ།། བཀྲ་ཤིས་པ་དང་ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་སྐུལ་བར་བྱེད་པའོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་འབྱིན་པར་བྱེད་པའོ།། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་འདྲེན་པར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་སྟོན་པར་བྱེད་པའོ། ། ཀླུ་ཐམས་ཅད་འགུགས་པར་བྱེད་པའོ།། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་ཟློག་པར་བྱེད་དོ། ། སེམས་ཅན་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་སྦྱིན་པར་བྱེད་པའོ།། དབུགས་མ་ཕྱིན་པ་རྣམས་ཀྱི་དབུགས་འབྱིན་པར་བྱེད་པའོ།། མ་གྲོལ་བ་རྣམས་གྲོལ་བར་བྱེད་པའོ།། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སོ། ། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་ནོ།། མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་པའོ།། འཁྲས་མེད་པ་རྣམས་ཀྱི་འཁྲ་སའོ།། བསྙེན་གནས་མ་བྱས་པ་རྣམས་ལ་བསྙེན་གནས་སྦྱིན་པའོ།། ། གཙང་སྦྲ་མ་བྱས་པ་རྣམ་ལ་གཙང་སྦྲར་སྤྱོད་པའོ།། མི་ཚངས་པར་སྤྱོད་པའི་གནས་ལ་ཞེན་པ་རྣམས་ལ་ཚངས་པར་སྤྱོད་པའི་གནས་སྦྱིན་པའོ།། ཐུབ་པའི་བརྟུལ་ཞུགས་མ་བྱས་པ་རྣམས་ལ་ཐུབ་པའི་བརྟུལ་ཞུགས་སྦྱིན་པའོ། ། ཆོས་མ་ཡིན་པ་ལ་སྤྱོད་པ་རྣམས་ཆོས་ལ་སྦྱོར་བའོ།། མི་དགེ་བའི་ལས་ཀྱི་ལམ་ལ་སྤྱོད་པ་རྣམས་དགེ་བའི་ཆོས་ལ་སྦྱོར་བའོ།། འཇིགས་པས་ཉམ་ཐག་པ་རྣམས་ལ་མི་འཇིགས་པ་སྦྱིན་པའོ།། དབུལ་པོ་རྣམས་ལ་ནོར་སྦྱིན་པའོ།། འབྲུ་དང་བཟའ་བ་དང་བྲལ་བ་རྣམས་ལ་འབྲུ་འཕེལ་བ་ཆེན་པོ་སྦྱིན་པའོ།། མུ་གེས་ཉམ་ཐག་པ་རྣམས་ལ་སྐྱ་རྒྱལ་གྱི་ཚོགས་པ་ལ་ངེས་པར་སྦྱོར་བར་བྱེད་པའོ།། ལོམ་ཉམས་པ་རྣམས་ཀྱི་ལམ་སྟོན་པར་བྱེད་པའོ། ། དུས་མ་ཡིན་པར་འཆི་བར་འགྱུར་བ་རྣམས་ཀྱི་དུས་མ་ཡིན་པའི་འཆི་བ་སོ་སོར་འགོག་པའོ།། ལོང་བ་རྣམས་ཀྱི་མིག་སྦྱིན་པར་བྱེད་པའོ།། འོན་པ་རྣམས་ཀྱི་རྣ་བ་སྦྱིན་པར་བྱེད་པའོ། ། སྣ་ཉམས་པ་རྣམས་ཀྱི་སྣ་རྣམ་པར་སྦྱོང་བར་བྱེད་པའོ།། རེག་པ་མེད་པ་རྣམས་ཀྱི་བདེ་བའི་རེག་པ་ལ་ངེས་པར་སྦྱོར་བར་བྱེད་པའོ།། ལོངས་སྤྱོད་ཀྱི་ཉམ་ཐག་པ་རྣམས་ཀྱི་ལོངས་སྤྱོད་སྦྱིན་པར་བྱེད་པའོ། ། དྲན་པ་ཉམས་པ་རྣམས་ཀྱི་དྲན་པ་ཡོངས་སུ་སྦྱོང་བར་བྱེད་པའོ།། བསམ་པ་ཉམས་པ་རྣམས་ཀྱི་བསམ་པ་ཡོངས་སུ་དག་པར་བྱེད་པའོ།། ཚུལ་ཁྲིམས་ཉམས་པ་རྣམས་ཀྱི་ཚུལ་ཁྲིམས་སྦྱིན་པའོ། ། སྦྱིན་པ་ལས་རྒྱབ་ཀྱིས་ཕྱོགས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ།། བརྩོན་འགྲུས་ཉམས་པ་རྣམས་ལ་སྟོབས་དང་བརྩོན་འགྲུས་ཀྱི་མཆོག་སྦྱིན་པའོ།། བཟོད་པ་དང་བྲལ་བ་རྣམས་ལ་བཟོད་པ་དང་ཞི་བ་སྦྱིན་པའོ། ། བསམ་གཏན་ཉམས་པ་རྣམས་ལ་བསམ་གཏན་དང་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པའོ།། ཤེས་རབ་ཉམས་པ་རྣམས་ལ་ཤེས་རབ་ཀུན་ཏུ་སྣང་བ་དང་། བློ་གསལ་བ་དང་།། ཤེས་རབ་ཆེན་པོའི་སྣང་བ་ཡོངས་སུ་རྫོགས་པར་བྱེད་དོ།། དམ་ཚིག་མི་ཤེས་པ་རྣམས་ལ་དམ་ཚིག་སྦྱིན་པའོ།། ཕྱག་རྒྱ་དང་བྲལ་བ་རྣམས་ཀྱི་ཕྱག་རྒྱ་ཡོངས་སུ་སྦྱོང་བར་བྱེད་པའོ།། རིག་སྔགས་དང་གསང་སྔགས་མི་མཁས་པ་རྣམས་ལ་རིག་སྔགས་དང་གསང་སྔགས་རབ་ཏུ་སྦྱིན་པའོ། ། མུ་སྟེགས་རྣམས་ལ་མུ་སྟེག་སྨྲ་བ་དང་། འཇུག་ངོགས་བཟང་པོ་དང་། ལམ་རབ་ཏུ་སྒྲུབ་པར་བྱེད་པའོ།། སངས་རྒྱས་ཀྱི་བྱང་ཆུབ་ལས་རྒྱབ་ཀྱིས་ཕྱོགས་པ་རྣམས་ལ་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོའི་མཆོག་སྦྱིན་པའོ། ། འཁོར་བ་ལས་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་པའོ།། མུན་པས་ལོང་པར་བྱེད་ཅིང་བསྒྲིབས་པ་རྣམས་ལ་མྱོས་པའི་མུན་པ་སེལ་བ་སྦྱིན་པར་བྱེད་པའོ། ། སྒྲིབ་པར་བྱ་བ་རྣམས་ཀྱི་སྒྲིབ་པ་དང་བྲལ་བར་བྱེད་པའོ།། མཚམས་མེད་པ་ལྔའི་འགྲོ་བ་རྣམས་ཀྱི་མཚམས་མེད་པ་ལྔ་སྦྱོང་བར་བྱེད་པའོ།། ངག་ཉམས་པ་རྣམས་ཀྱི་ངག་རྣམ་པར་དག་པར་བྱེད་པའོ། ། མ་གྲུབ་པ་རྣམས་ལ་མཆོག་གི་དངོས་གྲུབ་སྦྱིན་པའོ།། ཐུན་ཚགས་དང་བཅས་པ་རྣམས་ཀྱི་ཐུན་ཚགས་དང་བྲལ་ཞིང་ཡོངས་སུ་དག་པར་བྱེད་པའོ།། ངན་པ་རྣམས་ལ་མཆོག་སྦྱིན་པའོ།། མྱ་ངན་ལས་མ་འདས་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་མཆོག་གོ། བརྡ་མི་ཕྲད་པ་རྣམས་ལ་བརྡ་སྤྲོད་པར་བྱེད་པའོ།། ཀུན་ནས་འཁྲུགས་པ་རྣམས་ཀྱི་སེམས་གནས་པའི་མཆོག་གོ།། མཆོག་མེད་པ་རྣམས་ལ་མཆོག་སྦྱིན་པའོ། ། རྨི་ལམ་ངན་པ་མཐོང་བ་རྣམས་ལ་རྨི་ལམ་ཆེན་པོའི་མཆོག་སྟོན་པའོ།། བཀྲེས་པ་རྣམས་ལ་ཁ་ཟས་ཀྱི་མཆོག་སྦྱིན་པའོ།། སྐོམ་པ་རྣམས་བཏུང་བ་ཆེན་པོའི་རོ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་པའོ། ། གཅེར་བུ་རྣམས་ཀྱིས་གོས་དང་བགོ་བ་སོ་སོར་ཐོབ་ཅིང་གྲུབ་པའོ།། མཛེ་ཅན་རྣམས་ཀྱི་མཛེ་དང་བྲལ་བར་བྱེད་པའོ།། ཤ་བཀྲ་ཅན་རྣམས་ཀྱི་ཤ་བཀྲ་ཡོངས་སུ་སྦྱོང་བར་བྱེད་པའོ། ། རིམས་ཀྱིས་བཏབ་པ་རྣམས་ཀྱི་རིམས་དང་བྲལ་བར་བྱེད་པའོ།། གདོན་གྱིས་ཟིན་པ་རྣམས་ཀྱི་གདོན་དང་། གཤེད་བྱེད་དང་། གདུལ་དཀའ་བ་རྣམས་འདུལ་བར་བྱེད་པའོ།། དགྲ་བོ་ཕྱིན་ཅི་ལོག་པ་རྣམས་ཀྱི་དགྲ་རྣམས་དང་བྲལ་བར་བྱེད་པའོ། ། དབུལ་པོ་རྣམས་ལ་ནོར་སྦྱིན་པར་འགྱུར་རོ།། བུ་བཟའ་ས་རྣམས་ཀྱི་བུ་བཟའ་ཆེར་འཕེལ་བར་འགྱུར་རོ།། མུན་པས་ལོང་བར་བྱས་པ་ཐམས་ཅད་ཀྱི་སྒྲོན་མའི་ཤིང་དང་ཉི་མའི་འོད་ཟེར་སྟོང་གིས་ཀུན་ཏུ་སྣང་བའོ། ། རྒྱལ་པོས་བཅོམ་པ་རྣམས་ལ་ལོངས་སྤྱོད་རྒྱ་ཆེན་པོ་ཆེར་བྱིན་པའོ།། ལོན་པ་རྣམས་གཅིག་ཏུ་བྱེད་པའོ།། སེར་སྣ་ཅན་རྣམས་ཀྱི་སེར་སྣ་ཤིན་ཏུ་འཇོམས་པའོ། ། འདོད་ཆགས་ལ་ཆགས་པ་རྣམས་ཀྱི་འདོད་ཆགས་རབ་ཏུ་འཇོམས་པའོ།། རྨོངས་པ་ཆུང་བ་མ་ཡིན་པ་རྣམས་ཀྱི་རྨོངས་པ་དང་བྲལ་བར་འགྱུར་རོ།། མི་དགེ་བའི་ལམ་གྱིས་རབ་ཏུ་ཉམས་པ་རྣམས་ཀྱིས་དགེ་བའི་ལམ་གྱི་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་རོ། ། གཞན་གྱི་དབང་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་འཇིགས་པ་མེད་པར་འགྱུར་ཞིང་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་རོ།། ། ལོག་པར་ལྟུང་བ་རྣམས་ཀྱིས་ཤེས་རབ་དང་། བློ་དང་། ཤེས་བཞིན་དང་། བརྐམ་པ་རྣམས་ཀྱི་བློ་བསྙེན་པར་མི་འགྱུར་རོ།། སངས་རྒྱས་མ་མཐོང་བ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འདོད་པར་འརྒྱས་ཆོས་ཐོས་པ་དང་བྲལ་བ་རྣམས་ཀྱིས་ཆོས་ཆེན་པོའི་རོ་རྒྱ་ཆེན་པོ་ཐོས་པར་འགྱུར་རོ། ། དགེ་བདུན་ལ་བསྙེན་བཀུར་བྱེད་པ་དང་བྲལ་བ་རྣམས་ཀྱིས་ལྷ་དང་ཉན་ཐོས་ཀྱི་དགེ་འདུན་ལ་བསྙེན་བཀུར་བྱེད་པར་འགྱུར་རོ།། དབང་པོ་ཉམས་པ་རྣམས་ཀྱི་དབང་པོ་ཡོངས་སུ་རྫོགས་པར་འགྱུར་རོ།། ཡན་ལག་རྣམ་པར་ཉམས་པའི་སེམས་ཅན་རྣམས་ཀྱི་སོ་སོའི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་མཐོང་བ་དང་བྲལ་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་མཐོང་བར་འགྱུར་རོ། ། ལྷས་ཡོངས་སུ་སྤངས་པ་རྣམས་ཀྱི་ལྷའི་ཚོགས་ཐམས་ཅད་ཀྱིས་ཡང་དག་པའི་འཛིན་པར་འགྱུར་རོ།། ཉོན་མོང་པ་དང་སྒྲིབ་པས་དཀྲིས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། ཕྱག་ན་རྡོ་རྗེ་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ་ནི་དེ་ལྟར་རྫུ་འཕྲུལ་ཆེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་པའི་སྤྲིན། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་པའི་སྤྲིན་གྱི་ཆར་འབེབས་པ། སངས་རྒྱས་ཀྱི་ཞིང་གི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པར་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་རྣམས་ཀྱི་དཔག་བསམ་གྱི་ཤིང་ཆེན་པོའི་མཆོད་པའི་སྤྲིན་གྱི་ཆར་འབེབས་པར་བྱེད་པའི་མཆོད་པའི་སྤྲིན་འབྱུང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་རིག་སྔགས་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྒྲུབ་པར་བྱེད་པ། རྨད་དུ་བྱུང་བའི་དངོས་གྲུབ་ཡང་དག་པར་སྟོན་པར་བྱེད་པའོ།། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་། རིག་པའི་རྒྱལ་པོའི་ལྷ་རྣམས་དང་། གསང་སྔགས་ཀྱི་ལྷ་ཐམས་ཅད་སྤྱན་འདྲེན་ཞིང་འགུགས་པར་བྱེད་པའོ། ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ།། འདི་ནི་ཐམས་ཅད་དུ་གསང་བའི་སྒོ་སྟོན་པར་བྱེད་པའོ།། ལག་ན་རྡོ་རྗེ་དོན་ཡོད་པའི་མཆོད་པའི་སྙིང་པོའི་གཟུངས་འདི་ནི་དུས་མ་ཡིན་པའི་ཆར་དང་། མུ་གེ་དང་། དུས་ཀྱི་ཆུ་རྣམ་པར་ཉམས་པ་ལ་སོ་སོར་སྐྱེད་པའོ།། དེ་ནས་རིག་སྔགས་འཆང་གཙང་མས་ཁྲུས་བྱས་གོས་གཙང་མ་བགོས་ཏེ། ཡིད་རྩེ་གཅིག་ཏུ་བྱས་ནས་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བ་དང་བྱམས་པའི་སེམས་བསྒོམ་པར་བྱའོ།། མཆོད་རྟེན་གྱི་ཡན་ལག་དང་ཉེ་བ་འམ། ཁང་སྟོང་ངམ། རི་བོ་འམ། ནགས་ཐིབས་པོ་འམ། དགོན་པ་འམ། སྐྱེད་མོས་ཚལ་ལམ། དགེ་འདུན་གྱི་ཀུན་དགའ་ར་བ་འམ། ཆུ་ཀླུང་ངམ། མཚེའུ་འམ། རྫིང་བུ་འམ། ཀླུ་གནས་པའི་མཚོ་འམ། ལྷའི་གནས་སམ། རྒྱལ་པོའི་ཕོ་བྲང་ཡང་རུང་སྟེ། དེར་རིག་སྔགས་འཆང་གཙང་མར་གནས་པས་ས་གཞི་ཡོངས་སུ་བརྟགས་པ་ཆ་མཉམ་པ་མཛེས་པར་ཁྲུ་གཉིས་ཀྱི་ཚད་ཀྱི་དཀྱིལ་འཁོར་བྱས་ལ། ས་དང་བ་བྱུང་དུ་ལྡན་པས་གྲུ་བཞི་པར་ཆ་གཞལ་ཏེ་ལེགས་པར་བྱི་དོར་བྱས་ལ་ཤིན་ཏུ་འཇམ་པར་བྱའོ། ། དེར་དེའི་སྟེང་དུ་ཙན་དན་དང་དྲིའི་ཆུས་བྱུག་པར་བྱའོ།། གུར་ཀུམ་གྱིས་རྣམ་པ་སྣ་ཚོགས་པའི་མཚན་མ་དང་ཕྱག་རྒྱ་རྣམས་རི་མོར་བྲིའོ།། དེ་ལ་དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོ་ཀླུ་མགོ་བོ་དགུ་པ་སྐྱིལ་མོ་ཀྲུང་གིས་འདུག་པ་བྲིའོ། ། གྲཝ་བཞིའི་ནང་དུ་ཆུད་པར་དོན་ཡོད་ཞགས་པ་བྲིའོ།། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཁོར་ཡུག་ཏུ་ཇི་ལྟར་ཐོབ་པའི་ཕྱག་རྒྱ་དང་གསང་སྔགས་རྣམས་བྲི་བར་བྱའོ། ། སྒོ་བཞི་རྣམ་པར་དབྱེ་བར་བྱ་སྟེ། ཇི་ལྟར་འབྱོར་པའི་གཏོར་མ་སྣ་ཚོགས་པའི་རོའི་གཏོར་མ་དཀར་པོ་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། གང་བའི་བུམ་པ་དང་། གཏོར་མ་དང་བདུག་པའི་པོག་པོར་གྱིས་ཉེ་བར་མཛེས་པར་བྱའོ། ། རིག་སྔགས་འཆང་གིས་ཆེས་མངོན་དུ་དོན་ཡོད་ཞགས་པ་ལན་བདུན་བཟླས་པར་བྱའོ།། ཁྲོ་བོའི་རྒྱལ་པོ་ལ་ཡན་ཅིག་བཟླས་པས་མངོན་པར་དབང་བསྐུར་བར་བྱའོ།། དོན་ཡོད་པའི་ལྕགས་ཀྱུ་དང་ཁྲོ་བོ་ལྕགས་ཀྱུ་དུས་གཅིག་ཏུ་བརྗོད་དོ།། རིག་སྔགས་ཀྱི་རྒྱལ་པོ་ལན་གསུམ་དུ་བརྗོད་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་བཟླས་པའི་ཆོ་ག་བྱའོ། ། དོན་ཡོད་པའི་མཆོད་པ་ནོར་བུའི་སྙིང་པོ་ལན་སྟོང་རྩ་བརྒྱད་དུ་བཟླས་བརྗོད་བྱའོ།། ནཱ་ག་གེ་སར་དང་། ན་ལ་དི་ན་དང་། རྒྱ་སྤོས་དང་། གུར་ཀུམ་དང་། ཙན་དན་དང་། ཡུངས་ཀར་དང་། ཁི་ཁ་ར་མཉམ་པར་སྦྱར་བའི་བདུག་པ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། ཀླུའི་དཀྱིལ་འཁོར་དུ་བདུག་པ་དབུལ་བར་བྱའོ།། ཀླུའི་ལྟེ་བའི་སྟེང་དུ་བདུག་སྤོས་ཀྱི་པོག་པོར་གང་བ་གཞག་པར་བྱའོ།། ལན་སྟོང་རྩ་བརྒྱད་དུ་བཟླས་པའི་མོ་ཉིད་ལ་ཀླུའི་ཞགས་པ་ཆེན་པོ་ལས་ཆར་གྱི་རྒྱུན་ཆེན་པོ་འབྱིན་ཏེ་ཇི་སྲིད་འདོད་པའི་བར་དུ་ཆར་འབེབས་སོ། ། ཀླུའི་རྒྱལ་པོའི་མིང་ནས་བཟུང་སྟེ་བཟླས་པར་བྱའོ།། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། ནོར་རྒྱས་ཀྱི་བུ་དང་། འཛག་པོ་དང་། ཧུ་ལུ་དང་། ཨུ་ལམ་བུ་ལ་དང་། ཆུ་ལྷ་དང་། ཡིད་ལྡན་དང་། ཨེ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་ཀུན་ནས་འཁོར་བའི་གདུགས་ཏེ། ཀླུའི་རྒྱལ་པོ་རྣམས་ལས་གཅིག་སྨོས་པར་བྱ་སྟེ། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་བདེན་པར་དམ་བཅས་པས་རྣམ་པར་བཞག་པོའི་མོདོ་ཉིད་ལ་ཆར་གྱི་རྒྱུན་འབྱིན་པར་བྱེད་དེ། ཇི་སྲིད་འདོད་ཀྱི་བར་དུ་ཀུན་ནས་སྦྱོར་བས་ཆར་སྟོང་ཕྲག་འབེབས་སོ། ། ཡང་ན་ཡུངས་ཀར་ལ་སྟོང་རྩ་བརྒྱད་དུ་བཟླས་པས་ཀླུའི་རྒྱལ་པོའི་སྙིང་ཁའི་སྟེང་དུ་སྦྱིན་སྲེག་བྱའོ།། སྦྱིན་སྲེག་བྱས་པ་ཙམ་གྱིས་མོད་ལ་འཕྲལ་ཉིད་དུ་སྟོང་ཕྲག་དུ་མར་ཨ་བི་རཱ་ཡཾ་ཆར་གྱི་རྒྱུན་འབྱིན་པར་བྱེད་དོ། ། སྤར་མོ་གང་གིས་ཉིན་མཚན་གཅིག་ཏུ་རྒྱུན་མི་འཆད་པར་ཆར་འབེབས་སོ།། སྤར་མོ་གསུམ་གྱིས་ཉིན་མཚན་གསུམ་དུ་ཆར་འབེབས་སོ། ། སྤར་མོ་བདུན་གྱིས་ཉིན་མཚན་བདུན་དུ་ཆར་གྱི་རྒྱུན་ཆེན་པོ་ཀླུའི་རྒྱལ་པོས་འབྱིན་པར་བྱེད་དོ།། ཡང་དག་པ་ཁོ་ནར་ཆར་གྱི་རྒྱུན་ལྟུང་ངོ་།། ཡང་ན་ཀླུའི་རས་རིས་བྱ་སྟེ། ཁྲུ་གང་གི་ཚད་ལ་ཀུན་ནས་གྲུ་བཞི་པའི་ཚད་ཀྱི་རས་ལ་རི་མོར་བྱའོ། ། དེའི་དབུས་སུ་རིག་པའི་རྒྱལ་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ། སྐྱིལ་མོ་ཀྲུང་གིས་འདུག་པ། ཕྱག་བཞི་པ། རལ་གྲི་དང་རྩེ་གསུམ་པ་དང་། ཞགས་པ་དང་། པདྨ་ཐོགས་པར་བྱའོ།། ཞལ་ཁྲོ་གཉེར་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རལ་པའི་ཅོད་པན་གྱིས་སྤྱད་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། རལ་བ་ཟླ་བ་ཕྱེད་པས་ཉེ་བར་མཛེས་པ། འོད་འདོམ་གང་བས་ཡང་དག་པར་བརྒྱན་པ། ཆུ་དང་བཅས་པའི་པདྨའི་གདན་བྱའོ།། ཀླུའི་རྒྱལ་པོ་དེ་དག་པུས་མོ་གཡས་དང་གཡོན་པ་བཙུགས་པ་བྱའོ།། ཀླུའི་གདེངས་ཀ་དང་བཅས་པ། ཐལ་མོ་འཆང་བས་སྐྱབས་སུ་འགྲོ་བར་བྱེད་པ་བྱའོ།། དེ་ནས་རིག་སྔགས་འཆང་དེས་རས་རིས་དེ་ལ་མངོན་དུ་ཕྱོགས་ཏེ་སྨྲ་བ་བཅད་ནས་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་སྟོང་རྩ་བརྒྱད་དུ་བཟླས་པར་བྱ་སྟེ། ཡུངས་ཀར་ལ་ལན་སྟོང་རྩ་བརྒྱད་དུ་བཟླས་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བསྣུན་པར་བྱའོ།། སྟོང་རྩ་བརྒྱད་རྫོགས་པ་དང་ཆར་གྱི་རྒྱུན་ཆེན་པོ་འབབ་པར་བྱེད་དོ།། གལ་ཏེ་ལོ་སྟོང་དུ་ཆར་མི་འབབ་པར་འགྱུར་བ་ལས་འཕྲལ་ཉིད་དུ་ལྷས་ཆར་འབེབས་པར་བྱེད་པར་ཐེ་ཙོམ་མེད་དོ། ། རླུང་དང་། སད་དང་། སེར་བའི་དུས་སུ་དེའི་རས་རིས་ཁང་པའི་སྟེང་དུ་གཞག་སྟེ། རླུང་དང་། སད་དང་། སེར་བ་ཐམས་ཅད་ཕྱིར་ཞིང་མི་འབྱུང་ངོ་།། ཕྱོགས་གང་དུ་རས་རིས་རྣམ་པར་ལྟ་བར་བྱེད་པ་དེའི་ཕྱོགས་ཀྱི་གནས་སུ་རླུང་དང་། སད་དང་། སེར་བ་མི་འབབ་སྟེ། རི་འམ་དགོན་དུང་འཁྲིགས་པར་ཡང་མི་འབབ་བོ།། ། ཡང་ན་རིག་སྔགས་འཆང་གིས་རས་རིས་དེ་གཟུངས་ནས་ཀླུའི་གནས་ཀྱི་མཚོར་སོང་ནས་གནས་ཀྱི་མཚོ་དེར་གཞག་པར་བྱའོ།། དོན་ཡོད་ཞགས་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་སྟོང་རྩ་བརྒྱད་དུ་ཆུ་ལ་བཟླས་ཏེ་གནས་པའི་མཚོར་འཕང་བར་བྱའོ། ། འཕངས་པ་ཙམ་གྱིས་མོད་ལ་གནས་དེར་གནས་པའི་ཀླུ་ཁྱེའུའི་གཟུགས་ཀྱིས་ལུས་ཕྱེད་གནས་དེ་གནས་འཐོན་ཏེ། རས་རིས་དེ་ལ་ཕྱག་འཚལ་བར་བྱེད་དོ།། རིག་སྔགས་འཆང་བ་ལ་སྨྲས་པ། རིག་སྔགས་འཆང་གིས་བཀའ་བསྒོ་བ་ཅི་ཡིན་པ་བདག་གིས་བགྱིའོ་ཞེས་སོ།། རིག་སྔགས་འཆང་གིས་སྨྲ་བར་བྱ་སྟེ། ཀླུ་ཆེན་པོ་འཛམ་བུའི་གླིང་ཀུན་ཏུ་ལྟ་བར་གྱིས་ཤིག། ཁྱེའུ་དེའང་ཕྱོགས་བཞི་ཀུན་ཏུ་རྣམ་པར་ལྟ་བར་བྱེད་དོ། ། ཇི་ལྟ་ཇི་ལྟར་མཚན་མ་མཐོང་བ་དེ་ལྟ་དེ་ལྟར་རིག་སྔགས་འཆང་ལ་མཚན་མ་སྨྲ་བར་འགྱུར་ཏེ། ལེགས་པར་བྱས་པ་འམ། ཉེས་པར་བྱས་པ་དེ་ཐམས་ཅད་སྨྲ་བར་བྱེད་དོ།། @དེ་ནས་རིག་སྔགས་འཆང་གིས་བརྗོད་པར་བྱ་སྟེ། ཀླུ་ཆེན་པོ་ཆར་ཕོབ་ལ་ཚིམ་པར་གྱིས་ཤིག། འཛམ་བུ་གླིང་བའི་རྩཝ་དང་། ནག་ཀྱི་བདག་པོ་དང་། རི་དང་། ཚང་ཚིང་དང་། དགོན་པ་དང་། ཞིང་དང་། ཀུན་དགའ་ར་བ་རྣམས་ཐམས་ཅད་དུ་ཆར་གྱི་རྒྱུན་འབྱིན་པར་གྱིས་ཤིག། ལྷའི་ཆུས་ཀུན་ནས་ཆར་ཕོབ་ཅིག། སེམས་ཅན་ཐམས་ཅད་ཀྱི་ལྷའི་ཆུའི་ཆར་གྱི་རྒྱུན་ཆེན་པོ་ཕོབ་ཅིག། ཀླུའི་ཁྱེའུ་ལ་སྨྲས་པ། ཀྱེ་བཅུད་ལེན་མཆོག་ཏུ་གྱ་ནོམ་པའི་རིག་སྔགས་ཀྱི་གའི་བྱིན་ཅིག་ཅེས། རིག་སྔགས་འཆང་གིས་བརྗོད་པར་བྱའོ།། ཀླུའི་ཁྱེའུ་བདུད་རྩི་བཅུད་ཀྱི་ལེན་གྱི་མཆོག་ཟུང་ཞིག་ཅེས་སོ།། དེ་ནས་ཀླུའི་ཁྱེའུ་དེ་རིག་སྔགས་འཆང་ལ་མངོན་དུ་ཕྱོགས་ཏེ་ཐལ་མོ་སྦྱར་ནས་ཉེ་བར་འདུག་གོ། རིག་སྔགས་འཆང་གིས་ཀླུ་ཆེན་པོ་ཉོན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པར་བྱ། འཕགས་པའི་བདེན་པ་བཞི་པོ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་པར་བྱའོ།། དོན་ཡོད་ཞགས་པའི་མདོའང་བསྟན་པར་བྱའོ། ། གང་གི་ཚེ་རིག་སྔགས་འཆང་དེ་ལྟ་བུའི་དེ་བཞིན་གཤེགས་པའི་ཆོས་སྟོན་བཞིན་པ་ན། ཀླུའི་ལུས་ལ་བདུག་པ་འཁྲིགས་པའི་སྤྲིན་ཆེན་པོ་ངེས་པར་འཐོན་ཏེ་ནམ་མཁའི་དཀྱིལ་དུ་གཡོག་པར་བྱེད་ཅིང་གནས་སོ། ། ཆོས་སྟོན་པའི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཆར་གྱི་རྒྱུན་ཆེན་པོ་འབབ་པར་བྱེད་དེ། སའི་མཚོ་དེར་ཆར་པ་འབབ་པ་མ་ཡིན་ནོ།། རིག་སྔགས་འཆང་དང་རས་རིས་ཀྱི་སྟེང་དུ་ཀླུའི་ཁྱེའུ་དེ་རས་རིས་དེ་ལ་མཆོད་པ་བྱེད་དེ། རིག་སྔགས་འཆང་དེ་ལ་ཡོན་དང་བཅས་པས་ཆོས་ལ་མཆོད་པ་འབུལ་བར་བྱེད་དོ།། རིག་སྔགས་འཆང་གིས་སྨྲས་པ། རིག་སྔགས་འཆང་གི་སར་ཁྱོད་ཞུགས་ཤིག་དེ་རྣམས་འདི་སྐད་ཅེས་རིག་སྔགས་འཆང་རང་གི་ཁྱིམ་གྱིས་མཆོག་གོ། ། རིག་སྔགས་འཆང་གིས་སྨྲ་བར་བྱ་སྟེ། གལ་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་འཁོར་དང་བཅས་པ་ཡང་དག་པར་ལེན་པར་བྱེད་ན། དེའི་ཚེ་ང་ཁྱོད་ཀྱི་གནས་མཆོག་ཏུ་འཇུག་པར་བྱའོ། ། གལ་ཏེ་མི་བྱེད་ན་འཇུག་པར་མི་བྱའོ་ཞེས་སོ།། དེ་ནས་ཁྱེའུ་དེ་གལ་ཏེ་བྱེད་ན་དགེ་བ་སྟོན་པ་མཐོང་བ་དེའི་ཚེ་རང་གི་གཟུགས་ཀྱིས་གནས་པར་བྱེད་དེ། ལྷ་རྫས། ཀྱི་རྣ་རྒྱན་དྲི་མ་མེད་པ་གཡོ་བ། སྒྲའི་ཅོད་པན་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ།། གལ་ཏེ་མི་བྱེད་ན་ཁྱེའུ་དེའི་གཟུགས་མི་སྣང་བར་འགྱུར་ཏེ་སླར་ཡང་མི་མཐོང་ངོ་།། ཡང་ན་རྫུ་འཕྲུལ་ཆེན་པོ་ཅན་གྱི་ཀླུའི་རྒྱལ་པོ་མཐོང་བར་འདོད་པའི་རིག་སྔགས་འཆང་དེས་ཟངས་ཀྱི་འདབ་མ་ལ་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་དེའི་སྟེང་དུ་བྲི་བར་བྱ་སྟེ་སྦྲང་རྩིས་བྱུག་པར་བྱའོ། ། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ཏེ་གཏོར་བར་བྱ་སྟེ་གནས་པའི་མཚོ་དེར་འཕང་བར་བྱའོ། ། གུ་གུལ་ཞོ་གཅིག་གི་ཚད་ཀྱིས་མཆོད་ནས་བདུག་པ་སྦྱིན་པར་བྱའོ།། ཇི་སྲིད་དུ་གུ་གུལ་ཕྱེད་ཀྱི་ཆ་ཤས་ཀྱི་ལྷ་མ་ལས་ཀྱི་བར་དུ་བསྲེག་པར་བྱའོ། ། སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ལ་ཀླུའི་རྒྱལ་པོ་རྒྱ་མཚོ་བྲམ་ཟེའི་གཟུགས་ཀྱིས་ཀླུའི་མཚོར་ཉེ་བར་འདུག་སྟེ། རིག་སྔགས་འཆང་ལ་ཤིས་པརྗོད་པར་བྱེད་དོ།། རིག་སྔགས་འཆང་གིས་ཀྱང་ནད་མེད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ།། ཀྱེ་ཆོས་ཀྱི་དོན་གྱི་ཚིག་ཉོན་ཅིག། ཆོས་དང་འཇིག་རྟེན་མང་པོའང་སྐྱོངས་ཤིག་ཅེས་སོ།། བྲམ་ཟེ་དེའང་དགའ་སྟེ། རིག་སྔགས་འཆང་ཅི་འདོད་པའི་དོན་གང་ཡིན་པའི་དོན་དེ་སྨྲོས་ཤིག་དང་། ཐམས་ཅད་སྨྲ་བར་འགྱུར་རོ་ཞེས་རྗོད་པར་བྱེད་དོ།། དེ་ནས་དེ་བཞིན་གཤེགས་པ་ཆེན་པོ་བདུན་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་བདུན་དང་། ཉན་ཐོས་ཆེན་པོ་བཞིའི་མཚན་ནས་སྨོས་པར་བྱའོ།། དེ་ནས་བྲམ་ཟེ་དེ་རྣམ་པ་དེ་ལྟ་བུའི་ཚིག་གི་སྒྲ་ཐོས་ནས་ཡིད་རབ་ཏུ་དགའ་སྟེ་སྙིང་མགུ་བ་ཆེན་པོར་འགྱུར་ནས། རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པར་བྱེད་དེ། ལེགས་སོ་ལེགས་སོ་ཞེས་སྒྲ་འབྱིན་པར་བྱེད་དོ།། མཚན་ཤིན་ཏུ་བསྔགས་པ་གང་ཡིན་པ་དེ་ཁྱོད་ཀྱིས་ཡོངས་སུ་འཛིན་པ་དང་། ལེགས་པར་ཡོད་སུ་གྲགས་པའི་མཚན་ཤིན་ཏུ་མཉན་པར་འོས་པ་མཆོག་ཏུ་རྙེད་པར་དཀའ་བ་སྟེ། མཚན་ཁྱོད་ཀྱིས་ཡོངས་སུ་བསྒྲགས་པ་མཆོག་ཏུ་རྙེད་པར་དཀའ་བ་ཉིད་རིག་སྔགས་འཆང་གང་གིས་འདི་ལྟ་བུའི་སེམས་ཅན་དེ་རིན་པོཔོཆེ་དོན་ཡོད་པ་ཆེན་པོའི་རྣམ་པར་འཕྲུལ་པའི་མཚན་འཛིན་པར་བྱེད་པ་སེམས་ཅན་རྣམས་ཀྱི་མཆོག་ཐོས་པར་བྱེད་དོ་ཞེས་སོ། ། དེ་ནས་བྲམ་ཟེ་དེ་བྲམ་ཟེའི་གཟུགས་ཀྱི་ཆ་བྱད་དེ་མི་སྣང་བར་བྱས་ནས། ཀླུའི་རྒྱལ་པོ་རྒྱ་མཚོའི་གཟུགས་ཀྱི་ཆ་བྱད་དང་རྟགས་ཀྱིས་ཇི་ལྟ་བ་བཞིན་དུ། རིག་སྔགས་འཆང་གི་མདུན་དུ་འདུག་སྟེ་སྨྲ་བར་ཡང་བྱེད་དོ།། རིག་སྔགས་འཆང་མཆོག་ཇི་ལྟར་མངོན་པར་འདོད་པ་སྨོས་ཤིག། ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གི་ཇི་ལྟར་མངོན་པར་འདོད་པའི་མཆོག་ཐམ་བརྗོད་པ་དེ་སྟེར་བར་འགྱུར་རོ།། ཡང་ན་མཆོག་ཏུ་འཇུག་པར་བྱེད་དོ།། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དབང་དུ་གྱུར་ནས་ཉེ་བར་གནས་སོ། ། ལས་ཐམས་ཅད་བཀའ་བསྒོ་བ་ཙམ་གྱིས་བྱེད་པར་འགྱུར་ཏེ། འདི་ལ་དོགས་པ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། སྦྱར་བ་ཙམ་གྱིས་མོད་ལ་བྱ་བ་འདི་རྣམས་ཐམས་ཅད་འགྲུབ་པར་འགྱུར་རོ། ། དེ་ནས་རས་རིས་བླངས་ཏེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏག་པར་བྱས་ནས། ཞིང་དང་ཀུན་དགའ་ར་བ་ཐམས་ཅད་ལ་གཡས་ཕྱོགས་སུ་བསྐོར་བར་བྱ་སྟེ། རླུང་དང་། ཚད་བ་དང་། སད་དང་། སེར་བ་དང་། སྦྲང་བུ་དང་། སྦྲང་བུ་མཆུ་རིངས་དང་། ཆ་ག་པ་དང་། བྱི་བ་དང་། ནེའུ་ལེ་དང་། ཁྱི་དང་། ལྕེ་སྤྱང་དང་། གྲོག་སྲུར་དང་། སྦྲུལ་གོ་ཎ་ས་དང་། སྡིག་པ་དང་། སྦྲང་པུ་ཏྲཾ་མ་བུ་ག་དང་། སྦྲང་བུ་ཏྲི་ལ་ཊ་དང་། སྦྲུལ་གདུག་པ་དང་། དུག་གི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། འཕྲལ་ཉིད་དུ་ཡོངས་སུ་གྲོལ་བར་འགྱུར་རོ།། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་རྣམས་ལེགས་པར་ཡོངས་སུ་སྨིན་པར་འགྱུར་རོ།། རོ་བཟང་བ་དང་ལེགས་པར་སྨིན་པར་འགྱུར་རོ།། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་ཀླུའི་ཆར་འབེབས་པའི་ཆོ་གའོ།། ། དེ་ནས་འཐབ་མོ་དང་། རྐྱོད་པ་དང་། བྱེད་པ་དང་། ཕ་རོལ་གྱི་དམག་ཚོགས་དང་། འབྲོག་མགོན་པའི་འཇིགས་པ་རབ་ཏུ་ཞི་བར་འདོད་པའི་རིག་སྔགས་འཆང་དེས་རིག་པའི་རྒྱལ་པོ་འབའ་ཞིག་རས་ལ་བྲི་བར་བྱ་སྟེ། དཔལ་ལྷ་མོའི་གཟུགས་དང་། ཁ་དོག་དང་། རྟག་དང་། དབྱིབས་དང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་དཔག་མེད་ཀྱི་ཅོད་པན་འཆང་བའི་རྒྱལ་པོ་ཆེན་པོ་བཞི་བྲི་བར་བྱའོ།། ཚོན་སྣ་ཚོགས་པ་རྣམ་པར་བཀྲ་བའི་རྒྱལ་མཚན་གྱི་མཆོག་གདགས་པར་བྱའོ།། ཀླུའི་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་བྱའོ།། དོན་ཡོད་པའི་ཞགས་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་འདིའང་བརྗོད་པར་བྱ་ཞིང་འཇུག་པར་བྱ་སྟེ། དང་པོར་རྒྱལ་མཚན་གྱི་མཆོག་མཐོང་བ་ཙམ་གྱིས་མོད་ལ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱི་ནད་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། ནད་ཐམས་ཅད་ཡོངས་སུ་གྲོལ་ལོ།། ཉེས་པར་བྱས་པ་དང་སྡིག་པ་ཐམས་ཅད་ཡོངས་སུ་གྲོལ་ལོ།། དུག་དང་། བྱང་སྙེམས་དང་། ཕྱེ་མའི་སྦྱོར་བའི་དུག་དང་། དུག་གི་འཇིགས་པ་ཐམས་ཅད་ཡོངས་སུ་གྲོལ་ལོ།། དགྲའི་འཇིགས་པ་ཐམས་ཅད་ཡོངས་སུ་གྲོལ་ལོ།། སྡིག་པ་ཐམས་ཅད་ཡོངས་སུ་གྲོལ་ལོ།། རྒྱལ་མཚན་གྱི་མཆོག་ལ་བཏགས་པ་མཐོང་ནས་མཐོང་བ་ཙམ་གྱིས་མོད་ཁོ་ན་ལ་སྔོན་གྱི་སྡིག་པ་དང་། སྒྲིབ་པ་དང་། མཚམས་མེད་པ་ལྔའི་འགྲོ་བ་རྣམས་ལས་ཡོངས་སུ་གྲོལ་བར་འགྱུར་ཏེ། འདི་ལ་ཐེ་ཙོམ་དང་། ཡིད་གཉིས་བསྐྱེད་པར་མི་བྱའོ།། དང་པོར་གྲོང་ཁྱེར་གྱི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་མཚན་གྱི་མཆོག་འདི་ཞུགས་པ་ཙམ་གྱིས་མོད་ལ་མི་ངས་དང་། མུ་ག་དང་། ཡམས་ཀྱི་ནད་དང་། འབྲོག་དགོན་པའི་ཉེ་བར་འཚེ་བ་དང་། འགོ་བའི་ནང་དང་། འཁྲུག་པ་ཐམས་ཅད་དང་། གདོན་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲིབ་གནོན་དང་། བརྗེད་བྱེད་ཐམས་ཅད་དང་། ལོག་པར་འདྲེན་པའི་འཇིག་པ་མི་བཟད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། ། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། ། ཆོམ་རྐུན་དང་། གཡོན་ཅན་དང་། རྐུན་མོའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། ། ཡུལ་དང་། གྲོང་དང་། དགོན་པ་པ་དང་། ནགས་ཚང་ཚིང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་རྣམས་ཐམས་ཅད་དུའང་བདེ་བ་བྱེད་པར་འགྱུར་རོ།། ལོ་ལེགས་པ་དང་། དགའ་བར་འོས་པ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚེ་བ་མེད་པ་དང་། ནད་མེད་པར་འགྱུར་རོ།། སེམས་ཅན་དེ་རྣམས་ཐམས་ཅད་དུའང་ཕན་ཚུན་དུ་དགའ་བ་དང་། རབ་ཏུ་མགུ་བ་ཆེན་པོས་ཕན་ཚུན་བྱམས་པའི་སེམས་སུ་འགྱུར་རོ།། དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་འདི་ཡིད་རྩེ་གཅིག་པས་ཚེས་བཅོ་ལྔའི་ཉ་ལ་ཉིན་མཚན་ཐོག་ཐག་ཏུ་སྨྱུང་བར་གནས་པས་གཙང་མ་གོས་གཙང་མ་བགོ་བར་བྱའོ།། བ་བྱུང་ལྔའི་ཉེ་རེག་གིས་གཙང་སྦྲ་དང་། ཁྲུས་དང་། དྲིའི་ཆུས་ཙམ་གྱིས་རྗེས་སུ་མཐུན་པའི་བྱུག་པ་བྱས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་ནས་རིག་པོའི་རྒྱལ་པོ་ལ་མངོན་དུ་ཕྱོགས་ནས་བཟླས་བརྗོད་བྱའོ།། མཚན་ཐོག་ཐག་ཏུ་མཆོད་པ་ཆེན་པོ་རྒྱུན་མི་འཆང་བར་བསྒྲུབ་པར་བྱའོ། ། དྲིའི་ཏིལ་མར་གྱི་མར་མེ་དབུལ་བར་བྱ་ཞིང་། བགྲང་འཕྲེང་དཔག་ཏུ་མེད་པ་བྱས་པའི་བཟླས་བརྗོད་དབུལ་བར་བྱའོ།། ལན་རེ་རེ་བཟླས་པས་ལན་བརྒྱ་སྟོང་ཕྲག་ཡོངས་སུ་བཟླས་པར་འགྱུར་རོ། ། ཇི་སྲིད་དུ་རིག་པའི་རྒྱལ་པོའི་བྲིས་སྐུ་འབར་བར་བྱེད་དེ། འདི་ལྟ་སྟེ། འོད་ཟེར་སྣ་ཚོགས་པ་འབྱིན་པར་བྱེད་དོ།། རིག་སྔགས་འཆང་དགའ་བར་བྱེད་ཅིང་སྤྱི་བོའི་གཙུག་ནས་འབར་བར་བྱེད་དོ། ། ནམ་མཁའ་ནས་རིག་སྔགས་འཆང་ཁྱོད་ཀྱིས་བཟླས་བརྗོད་ཀྱི་ཆོ་ག་མཆོག་ཏུ་བྱས་པ་ལེགས་སོ་ལེགས་སོ་ཞེས་སྒྲ་འབྱིན་པར་བྱེད་དོ།། འདི་ནི་རིག་སྔགས་འཆང་རྣམས་ཀྱི་མཆོག་གི་བཟླས་པའི་ཆོ་ག་སྟེ། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་པར་གྲུབ་པོ།། ཁྱོད་ཀྱིས་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་ཀྱི་དངོས་གྲུབ་ཀྱང་གྲུབ་བོ། ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱའི་རིམ་པར་ཕྱེ་བ་དང་། ཐུན་མོང་གི་སྙིང་པོ་དང་། གཟུངས་སྨྲས་པ། རིག་པ་འཛིན་པའི་མཆོག་དེ་ཐམས་ཅད་རྗེས་སུ་མཐུན་པར་སྩོལ་བར་འགྱུར་རོ།། འདི་ལྟ་སྟེ། གསང་སྔགས་ཀྱི་དངོས་གྲུབ་བམ། གཟུངས་ཀྱི་དངོས་གྲུབ་བམ། ཆོ་ག་ཞིབ་མོའི་དངོས་གྲུབ་བམ། རིགས་ཐུན་མོང་བའི་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པའི་དངོས་གྲུབ་བམ། ཕྱག་རྒྱའི་དམ་ཚིག་གི་དངོས་གྲུབ་བམ། ནམ་མཁའ་ལ་འགྲོ་བ་འམ། མི་སྣང་བ་འམ། གཟུགས་སྣ་ཚོགས་སུ་བསྒྱུར་བ་འམ། མིག་འཕྲུལ་ལམ། རྫུ་འཕྲུལ་སྟོན་པ་འམ། ཀླུའི་གཞལ་མེད་ཁང་ངམ། ལྷའི་གཞལ་མེད་ཁང་ངམ། གནོད་སྦྱིན་གྱི་གཞལ་མེད་ཁང་ངམ། དྲི་ཟའི་གཞལ་མེད་ཁང་ངམ། ལྷ་མ་ཡིན་གྱི་གཞལ་མེད་ཁང་ངམ། ནམ་མཁའ་ལྡིང་གི་གཞལ་མེད་ཁང་ངམ། མི་འམ་ཅིའི་གཞལ་མེད་ཁང་ངམ། ལྟོ་འཕྱེ་ཆེན་པོའི་གཞལ་མེད་ཁང་ངམ། ཉི་མའི་གཞལ་མེད་ཁང་ངམ། ཟླ་བའི་གཞལ་མེད་ཁང་ངམ། སྐར་མའི་ཚོགས་ཀྱི་གཞལ་མེད་ཁང་ངམ། རྒྱུ་སྐར་གྱི་གཞལ་མེད་ཁང་ངམ། སྲིན་པོའི་གཞལ་མེད་ཁང་ངམ། འདོད་པའི་གཟུགས་ཀྱི་གཞལ་མེད་ཁང་ཡང་རུང་སྟེ། དེ་ཐམས་ཅད་རྗེས་སུ་འཛིན་ནོ།། འདི་ནི་ཁྱོད་ཀྱིས་བྱ། བ་ཐམས་ཅད་བཀླགས་པས་འགྲུབ་ཅིང་བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ།། ཀྱེ་རིག་སྔགས་འཆང་བྱ་བ་རྣམ་པ་སྣ་ཚོགས་པ་དེ་རྣམས་རྗེས་སུ་འཛིན་ནོ།། འདི་ལྟ་སྟེ། ནོར་སྒྱུར་བ་སྨྲ་བ་དང་། ཞིང་སྨྲ་བ་དང་། ནོར་བུ་སྨྲ་བ་དང་། ཞགས་པའི་དངོས་གྲུབ་དང་། མིག་སྨན་སྒྲུབ་པ་དང་། ཐིག་ལེ་སྒྲུབ་པ་དང་། དབང་ཕྱུག་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་ཉིད་དང་། སྟོབས་ཆེ་བ་ཉིད་དང་། ལོངས་སྤྱོད་ལ་དམིགས་པ་དང་། ཡུལ་གྱི་བདག་པོ་ཉིད་དང་། དབང་ཕྱུག་དང་། ནོར་འཕེལ་བ་དང་། གཏེར་གཡོ་བ་དང་། ཉོ་ཚོང་གི་གྲོགས་བྱེད་པ་དང་། འགུགས་པ་དང་། ཁུང་དུ་འཇུག་པ་དང་། རི་ལ་འཇུག་པ་དང་། ནགས་སུ་འཇུག་པ་དང་། མེ་ལ་འཇུག་པ་དང་། ས་འོག་ཏུ་འཇུག་པ་དང་། ཀླུའི་ཆར་འབེབས་པ་དང་། ཆར་གྱི་རྒྱུན་དང་། སེར་བའི་རྒྱུན་དང་། སེར་བ་འབེབས་པ་དང་། གྲོང་ལྟ་བ་དང་། གཡུལ་དུ་འཇུག་པ་དང་། རིག་སྔགས་འཆང་ཉིད་དང་། སངས་རྒྱས་ཀྱི་ཞིང་མཐོང་བ་ཉིད་དང་། ལྡོང་རོས་ཀྱི་མིག་སྨན་སྒྲུབ་པ་དང་། རལ་གྲི་སྒྲུབ་པ་དང་། རྡོ་རྗེ་སྒྲུབ་པ་དང་། རྩེ་གསུམ་སྒྲུབ་པ་དང་། འཁོར་ལོ་སྒྲུབ་པ་དང་། དུང་སྒྲུབ་པ་དང་། གཏུན་ཤིང་སྒྲུབ་པ་དང་། དགྲ་སྟ་སྒྲུབ་པ་དང་། མདའ་བོ་ཆེ་སྒྲུབ་པ་དང་། ཐོ་བ་སྒྲུབ་པ་དང་། དྲིལ་བུ་སྒྲུབ་པ་དང་། རྫས་སྒྲུབ་པ་དང་། སྨན་སྒྲུབ་པ་དང་། བཅུད་ཀྱི་ལེན་སྒྲུབ་པ་དང་། རོ་ལངས་སློང་བར་བྱེད་པ་དང་། རང་གི་གནས་འབེབས་པ་དང་། གོས་འབེབས་པ་དང་། རིམས་འབེབས་པ་དང་། ཤི་བ་སློང་བར་བྱེད་པ་དང་། གདོན་ཐམས་ཅད་འབེབས་པ་དང་། ཐོད་པ་འབེབས་པ་དང་། བུམ་པ་འབེབས་པ་དང་། བུམ་བུ་འབེབས་པ་དང་། ལྟེང་ཀ་འབེབས་པ་དང་། དྲིལ་བུ་འབེབས་པ་དང་། ཐོ་བ་འབེབས་པ་དང་། རལ་གྲི་འབེབས་པ་དང་། མེ་ལོང་འབེབས་པ་དང་། པདྨ་འབེབས་པ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་འབེབས་པ་དང་། མཛེས་པར་བྱེད་པ་དང་། གར་བྱེད་པ་དེ་རྣམས་ཐམས་ཅད་བཀླགས་པས་གྲུབ་པ་དང་བཟླས་པས་འགྲུབ་པས་རིག་སྔགས་འཆང་རྗེས་སུ་འཛིན་ཏེ། དོན་མཐའ་ཡས་ཤིང་དོན་མཐའ་ཡས་པ་དེ་རྣམས་ཐམས་ཅད་གྲུབ་པའི་ཆེད་དུ་གྱིས་ཤིག་ཅེས་སོ།། དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། རིག་སྔགས་འཆང་ཁྱོད་དགེ་བ་འགྲུབ་ཅིང་རིག་པ་སྟེ། རིག་སྔགས་འཆང་འགྲུབ་པ་ཁྱོད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལ་འདྲ་པའི་བྱ་བ་བྱེད་པར་འགྱུར་རོ།། རིག་སྔགས་འཆང་ཁྱོད་ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོའོ།། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱོད་ཕྱིར་མི་ལྡོག་པར་ལུང་བསྟན་ནོ།། འདི་ནི་སྐྱེ་བ་ཐ་མ་སྟེ། མངལ་གྱི་དྲི་མས་མ་གོས་པར་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། སྐྱེ་བའི་སྐྱེ་བ་དྲན་པར་ཡང་འགྱུར་རོ། ། ཁྱོད་དགེ་བའི་རྩ་བ་ཐམས་ཅད་ལ་མངོན་པར་ཕྱོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། གཟུངས་ཀྱི་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ལ་ཇི་སྲིད་བྱང་ཆུབ་ལ་མཐའ་ཐུག་པའི་བར་དུ་མངོན་པར་ཕྱོགས་པར་འགྱུར་རོ།། དེ་བཞིན་དུ་སྒྲས་ལུང་སྟོན་པར་བྱེད་པ་སྨྲས་ནས་མི་སྣང་བར་འགྱུར་རོ།། དེ་ནས་རིག་པའི་རྒྱལ་པོའི་རས་རིས་དེའི་སྨིན་མའི་བར་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་རྣམ་པར་བཀྲ་ཞིང་བཀྲ་བ་འབྱིན་པར་བྱེད་དེ། དེ་མ་ཐག་ཏུ་ཀུན་ནས་སྣང་བར་བྱེད་དོ།། ཀུན་ནས་སྣང་བར་བྱས་ནས་ཀྱང་རིག་སྔགས་འཆང་གི་ལུས་ལ་བབ་སྟེ་མི་སྣང་བར་འགྱུར་རོ། ། མི་སྣང་བར་གྱུར་པའི་དེ་མ་ཐག་ཏུ་རིག་སྔགས་འཆང་དེས་ཏིང་ངེ་འཛིན་སྟོང་ཕྲག་བརྒྱ་ཐོབ་པར་འགྱུར་རོ།། འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་དང་། ཀུན་ནས་སྒོའི་ཏིང་ངེ་འཛིན་དང་། ཀུན་ནས་འོད་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་དང་། འོད་ཡངས་པའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་དང་། དོན་ཡོད་པ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་དང་། དོན་ཡོད་པ་མཆོད་པའི་ནོར་བུའི་ཏིང་ངེ་འཛིན་དང་། དོན་ཡོད་པ་ནོར་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དངོས་གྲུབ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་རིམ་པར་ཕྱེ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་གསང་བའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་གཟུངས་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་གཟིགས་པའི་ནོར་བུའི་རྒྱལ་པོའི་ཏིང་ངེ་འཛིན་དང་། དུས་ཀྱི་རྗེས་སུ་འབྲང་བའི་ཏིང་ངེ་འཛིན་དང་། པདྨ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། པདྨ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞགས་པ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་བའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུ་སྐར་ཀུན་ཏུ་གཟིགས་པ་ཞེས་པའི་ཏིང་ངེ་འཛིན་དང་། དངོས་གྲུབ་ཀྱི་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ནོར་བུའི་གཟི་བརྗིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་ཕྱུག་གི་མཐུ་སྟོབས་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་ཀུན་ནས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་ཡང་དག་པར་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གསལ་བར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཀུན་ཏུ་གཟིགས་པའི་པདྨ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་པར་ཆར་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དངོས་གྲུབ་ཡངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ཀུན་ཏུ་རྣམ་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྕེའི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུ་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡངས་པར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་འགུགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་མངོན་པར་བཀྲམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་འཕྲུལ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུང་རྣམ་པར་དག་ཅིང་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡན་ལག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ།། མདོར་བསྡུ་ན་ཏིང་ངེ་འཛིན་འདི་རྣམས་བཀླགས་པ་ཙམ་དང་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་སྒྲུབ་པའི་དངོས་གྲུབ་སོ་སོར་ཐོབ་བོ། ། གང་ཞིག་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་ཏིང་ངེ་འཛིན་དང་། གསང་སྔགས་དང་། རྣམ་པར་འཕྲུལ་པ་རྣམས་སོ་སོར་ཐོབ་བོ། ། ཏིང་ངེ་འཛིན་གཞན་དེ་རྣམས་ནི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་དངོས་གྲུབ་སོ་སོར་ཐོབ་བོ།། ལག་ན་རྡོ་རྗེ་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གཞན་ཡང་བཀླགས་པས་གྲུབ་པ་དང་བཟླས་པ་ཙམ་ལ་སོ་སོར་ཐོབ་པོ། ། གང་གིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། ཕྱག་རྒྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཐུན་མོང་བར་གྱུར་པ་མཐོང་བའི་དངོས་གྲུབ་སོ་སོར་ཐོབ་པོ། ། ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དུས་གསུམ་པའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་གྱི་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་དང་། སྤྱི་གཙུག་ཀུན་ཏུ་གཟིགས་པར་འགྱུར་རོ།། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་གང་ཡིན་པ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་རྒྱལ་མཚན་གྱི་མཆོག་ཏུ་ཀུན་ཏུ་གནས་སོ། ། གང་གིས་སྐྱེ་བ་བརྗེས་པའི་མོད་དང་བསྒོམ་པའི་མོད་ལ་རྒྱལ་མཚན་གྱི་མཆོག་དང་ལྡན་པའི་སྒོ་མཆོག་ཏུ་གནས་སོ། ། འདི་ལྟ་སྟེ། དོན་ཡོད་པའི་ཡེ་ཤེས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་གཙང་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་ཀུན་ཏུ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་འབར་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ནོར་བུ་རིན་པོ་ཆེ་ཆེན་པོའི་ཆར་འབེབས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པ་དྲི་མ་མེད་པའི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པ་ཟབ་མོའི་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་དངོས་གྲུབ་ཀྱི་ཞགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ནོར་བུའི་འོད་ཀྱི་སྣང་བ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། འདི་རྣམས་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་རྣམས་སོ་སོར་ཐོབ་ཅིང་། ཏིང་ངེ་འཛིན་གཞན་འཇིག་རྟེན་ལས་འདས་པ་བརྒྱ་སྟོང་ཕྲག་བཀླགས་པ་དང་བཟླས་པ་ཙམ་གྱི་གྲུབ་པར་འགྱུར་རོ། ། རིག་པའི་རྒྱལ་པོའི་གཟུངས་ཀྱི་སྙིང་པོ་འདི་ཡོན་ཏན་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། རྫུ་འཕྲུལ་དང་རྣམ་བར་འཕྲུལ་པ་ཆེ་བ་སྟེ། དོན་ཡོད་པ་ལྕགས་ཀྱུའི་ཆོ་ག་ཞིབ་མོ་དང་། དོན་ཡོད་པ་ནོར་བུའི་མཆོད་པ་ཞེས་བྱ་བའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་ཞགས་པའི་སྙིང་པོའི་གཟུངས་གསུས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་རྗེས་སུ་འབྲང་བ། དགེ་བའི་རྩ་བ་ཐམས་ཅད་སྐྱེ་བར་བྱེད་པ། སྡིག་པ་དང་སྒྲིབ་པ་ཐམས་རྣམ་པར་སྦྱོང་བར་བྱེད་པ། གཟུངས་ཀྱི་ཚིག་གི་སྙིང་པོ་གང་ཞིག་བཀླགས་པ་ཙམ་དང་བཟླས་པ་ཙམ་གྱིས་འདི་རྣམས་བྱེད་པའི་དངོས་གྲུབ་སོ་སོར་ཐོབ་པོ། ། སྒྲུབ་པ་འདི་རྣམས་ཐམས་ཅད་ནི་ལས་ཀྱི་རྣམ་འཕྲུལ་དུ་འགྱུར་བ་མ་ཡིན་ནོ།། དེ་ནས་རིག་སྔགས་འཆང་དེ་སྨྱུང་བར་གནས་ཏེ་བཟླས་པ་གཅིག་དང་བཀླགས་པའི་དངོས་གྲུབ་ཀྱིས་དེ་ལྟ་བུའི་རྒྱས་ཤིང་གསལ་བ་ཐོབ་པོ། ། དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱང་སོ་སོར་ཐོབ་སྟེ། དོན་རྒྱ་ཆེ་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། གཟུངས་ཀྱི་དངོས་གྲུབ་ཆེན་པོ་སོ་སོར་ཐོབ་བོ། ། བཀོད་པ་ཡངས་པ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་གསང་བ་སོ་སོར་ཐོབ་པོ།། དཔག་བསམ་གྱི་ཤིང་ཡང་དག་པར་གང་བའི་ཆར་འབེབས་པ་དང་། གཟུངས་ཀྱི་རྣམ་པར་འཕྲུལ་པའི་བཀོད་པ་སོ་སོར་ཐོབ་པོ། ། ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱ་མཚོ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པ་དང་། ཀུན་ནས་ཀུན་ཏུ་གཟིགས་པའི་རྒྱལ་མཚན་གྱི་གཟུངས་ཀྱི་གསང་བའི་ཆར་འབེབས་པའི་དངོས་གྲུབ་སོ་སོར་ཐོབ་པོ། ། ཀུན་ནས་གསེར་གྱི་རྒྱལ་མཚན་གྱི་ཆར་འབེབས་པའི་གཟུངས་ཀྱི་བཀོད་པ་རྣམ་པར་བསྟས་པ་དང་། དོན་ཡོད་པའི་བཀོད་པ་རབ་འབྱམས་ཀྱི་དངོས་གྲུབ་རབ་ཏུ་ཐོབ་པོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་ལྟ་བའི་རྒྱལ་མཚན་གྱི་གཟུངས་ཀྱི་རྣམ་པར་འཕྲུལ་པ་སོ་སོར་ཐོབ་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དང་། དཀྱིལ་འཁོར་རྣམ་པར་ལྟ་བའི་དངོས་གྲུབ་སོ་སོར་ཐོབ་པོ།། རྣམ་པར་ཐར་པའི་དཀྱིལ་འཁོར་ཡངས་པ་ཐམས་ཅད་སོ་སོར་ཐོབ་པོ།། ཕན་ཡོན་ཆེན་པོ་དང་རྣམ་པར་འཕྲུལ་པ་ཆེན་པོ་བྱིན་གྱིས་བརླབ་པ་འདི་རྣམས་སོ་སོར་ཐོབ་བོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རློབ་པས་བྱིན་གྱིས་བརླབས་པས་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་གང་བཀླགས་པ་ཙམ་གྱིས་ཡོན་ཏན་དང་ཕན་ཡོན་རྗེས་སུ་བསྔགས་པ་དང་། རྣམ་པར་འཕྲུལ་པ་ཆེན་པོ་སོ་སོར་ཐོབ་པོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་མཆོག་ཏུ་དགའ་བ་སྐྱེས་ཤིང་མཆོག་ཏུ་ཀྱི་བུང་ཞེས་བྱེད་པ་སྐྱེས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པའི་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་གང་ཡིན་པ་འདི་མཆོག་ཏུ་རྙེད་པར་དཀའ་འོ། ། ཡིད་བཞིན་གྱི་མོ་བུར་གྱུར་པའི་སྙིང་པོའི་གཟུངས་གང་ཡིན་པ་ནི་མཆོག་ཏུ་རྙེད་པར་དཀའ་འོ།། མཐུ་ཆེན་པོ་དང་། ཕན་ཡོན་ཆེན་པོ་དང་། ཡོན་ཏན་ཆེན་པོ་སྐྱེས་པ་དང་མཐུན་པ་རྣམ་པར་འཕྲུལ་པ་དང་ཆོ་འཕྲུལ་ཆེ་བར་བལྟ་བར་བྱའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་འང་རུང་སྟེ། ལན་གཅིག་བཟླས་པ་དང་། དྲན་པ་ཙམ་དང་། བཀླགས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ།། བཅོམ་ལྡན་འདས་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དེ་ཅི་ལགས། བཅོམ་ལྡན་འདས་འཇིག་རྟེན་པ་རྣམས་གྲུབ་པར་འགྱུར་བ་ཅི་ལགས། འཇིག་རྟེན་ལས་འདས་པའི་ལམ་ཡོངས་སུ་དག་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྟག་ཏུ་མཆོག་སྩོལ་བ་དེ་ཅི་ལགས། བཅོམ་ལྡན་འདས་བདག་ལ་དེའི་སྐབས་དབྱེ་བར་མཛད་དུ་གསོལ། དེ་ལྟ་བུ་ཕན་ཡོན་ཕུལ་དུ་བྱུང་བ་ནི་བཅོམ་ལྡན་འདས་མཆོག་ཏུ་ངོ་མཚར་བར་གྱུར་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེ་མཆོག་ཏུ་རྙེད་པར་དཀའ་བའི་དྲི་བ་དྲིས་པ་དེ་ངས་ཇི་ལྟ་བ་བཞིན་དུ་ད་ལྟ་བཤད་པར་བྱ་ཡི་ཉོན་ཅིག། ལག་ན་རྡོ་རྗེ་འདི་ནི་བཀླགས་པ་ཙམ་གྱིས་མོད་དང་བརྗོད་པ་ཙམ་གྱིས་མོད་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་དགའ་བ་དང་བཅས་པས་ཕྱག་གཡས་པ་སྤྱི་བོར་འཇོག་པར་བྱེད་དོ། ། མངོན་གསུམ་དུ་རང་གི་གཟུགས་ཀྱི་མདུན་ན་ཉེ་བར་གནས་ཏེ། དབུགས་འབྱིན་པར་ཡང་བྱེད་དོ།། དེ་ཇི་ལྟར་ཞེ་ན། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་བཞིན་གྱིས་ལུས་ཡོངས་སུ་དག་པ་བཟུང་བའི་གཟུངས་ཀྱི་སྙིང་པོའོ།། འདི་ནི་དོན་ཡོད་པའི་རང་བཞིན་གྱི་སྙིང་པོའོ། ། འདི་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་གཟུངས་ཀྱི་རྣམ་པར་འཕྲུལ་པའོ།། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་མཐོང་བའོ།། འདི་ནི་བཅུ་གཅིག་ཞལ་མཐོང་བའོ། ། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྣ་ཚོགས་པའི་གཟུགས་མཐོང་བའོ།། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྤྲིན་མཐོང་བའོ།། འདི་ནི་མགྲིན་པ་མངོན་པོ་དང་སྲེད་མེད་ཀྱི་བུའི་གཟུགས་མཐོང་བའོ།། འདི་ནི་འཇིག་རྟེན་གསུམ་མཐོང་བའོ།། འདི་ནི་རྟ་མགྲིན་མཐོང་བའོ།། འདི་ནི་པདྨོ་ཡངས་པའི་གསང་བའི་དཀྱིལ་འཁོར་མཐོང་བའོ། ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་གྱི་རྣམ་པར་འཕྲུལ་པའོ།། འདི་ནི་རྡོ་རྗེའི་སྙིང་པོ་ཆེན་པོ་མཐོང་བའོ།། འདི་ནི་མགོའི་སྙིང་པོ་ཆེན་པོའོ།། འདི་ནི་སྣ་ཚོག་པའི་གཟུགས་ཀྱི་རང་བཞིན་མཐོང་བའོ། ། འདི་ནི་དོན་ཡོད་པའི་གཟུགས་དང་དངོས་གྲུབ་ཀྱི་རྣམ་པར་འཕྲུལ་པའོ།། འདི་ནི་དེས་ཐམས་ཅད་དུ་འགུགས་པས་ན་ཞགས་པར་བརྗོད་པར་བྱའོ།། དོན་ཡོད་པ་ཡིད་བཞིན་གྱི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངསུ་བརྗོད་པར་བྱ་སྟེ། དོན་ཡོད་ཞགས་པའི་སྙིང་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དམ་པར་གྱུར་པའི་ངོ་བོ་ཉིད་ཀྱི་སྐུ་གཞན་དུ་གྱུར་པ་མཐོང་བ་མཚུངས་པ་སྟེ། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་དག་མཐོང་བ་དང་མཚུངས་པར་འགྱུར་རོ།། བཀླགས་པ་དང་བརྗོད་པ་ཙམ་གྱིས་མོད་ལ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པུར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་དག་པའི་སྐུ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་པ་དང་མཉམ་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་སྐུར་ཡང་འགྱུར་རོ།། དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པར་ལུང་སྟོན་ཅིང་། བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པར་མཐོང་བར་འགྱུར་རོ།། ལྷ་ཐམས་ཅད་ཀྱིས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ།། བདུད་ལ་སོསྲ་པ་དང་། གདུག་པའི་རྨི་ལམ་དང་། ལོག་པར་འདྲེན་པ་ཐམས་ཅད་ཙའི་བཅད་པར་བྱས་པར་འགྱུར་རོ།། བཅིང་བ་ལྔས་བཅིངས་ཤིང་གཟིར་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། བརྗེད་བྱེད་དང་། ཚངས་པའི་སྲིན་པོ་རྣམས་ཐམས་ཅད་རིང་དུ་འབྲོས་པར་འགྱུར་རོ།། རིམས་ཐམས་ཅད་དང་། ནད་ཐམས་ཅད་དང་། འབྲས་དང་། ཕོལ་མིག་དང་། བརྩོག་ཤུ་དང་། ལྷོག་པ་དང་། མཚན་པར་རྡོལ་པ་དང་། གཡན་པ་དང་། མཛེ་དང་། རྐང་ཤུ་ཐམས་ཅད་རྣམ་པར་ཉམ་པ་བྱེད་དོ།། ལུས་ཀྱི་གཟེར་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། ། ཇི་ལྟར་ཤེལ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པར་འགྱུར་རོ།། ཚིག་བཙན་པར་ཡང་འགྱུར་རོ།། གསང་སྔགས་དང་ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཏུའང་འགྱུར་རོ། ། འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ།། རྒྱལ་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་གིས་ཆེར་མཆོད་པར་བྱ་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འོས་པ་གཅིག་པུར་འགྱུར་རོ།། ནོར་དང་འབྲུ་འཕེལ་བར་ཡང་འགྱུར་རོ།། བསམ་པ་དང་ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། ། ཆོམ་རྐུན་དང་། གཡོ་ཅན་དང་། རྐུན་པོས་རྣམ་པར་སྐྲག་པ་དང་། གཅན་གཟན་ཁྲོ་བོ་དང་། གཡང་ས་དང་། ཁྱིམ་རྡིབ་པ་དང་། གསོད་པ་དང་། འཆིང་བ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་རྣམས་ཐམས་ཅད་འབྱུང་བར་མི་འགྱུར་རོ།། མེ་དང་ཆུས་དུས་བྱེད་པ་དང་། རླུང་དང་། ཚད་པ་དང་། སད་དང་། སེར་བ་རྣམས་ཀྱིས་མི་ཚུགས་སོ།། དགྲ་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་རོ།། ཐམས་ཅད་བྱམས་པའི་ཡིད་དུ་འགྱུར་རོ།། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་དབང་དུ་འགྱུར་བར་བྱེད་དོ།། འདི་ནི་བཀླགས་པ་ཙམ་གྱིས་འཇིག་རྟེན་པ་རྣམས་ཀྱི་ཡོན་ཏན་ཆེན་པོ་སྐྱེ་བ་དང་རྣམ་པར་འཕྲུལ་པར་འགྱུར་རོ།། དེ་འཆི་འཕོ་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། རིགས་ཀྱི་བུ་ཚུར་ཤོག། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་དང་། ཁྱོད་ཀྱིས་ལམ་ཡོངས་སུ་དག་པར་བྱས་པའོ།། འཆི་བའི་དུས་སུ་གྱུར་པ་ན་བསམས་པ་ཉིད་ཀྱིས་མོད་ལ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། ཚེ་རབས་དྲན་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་འོད་དཔག་མེད་མངོན་སུམ་དུ་མཐོང་བ་ཙམ་གྱིས་ཕྱིར་མི་ལྡོག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ།། རྣམ་པར་ཐར་པའི་དཀྱིལ་འཁོར་དང་། པདྨོ་ཡངས་པའི་གསང་བ་མཐའ་དག་རྫོགས་པ་དང་། དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་མངོན་དུ་འགྱུར་ཞིང་ཁ་ཏོན་དུ་ཀུན་ཏུ་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྗེས་སུ་དྲན་པར་བྱེད་དོ།། ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཚུངས་པར་ལྷན་ཅིག་ལུང་སྟོན་པ་སོ་སོར་ཐོབ་སྟེ། ནམ་དུའང་ཕྱིར་ཞིང་རྣམ་པར་གྲོལ་བར་འགྱུར་བ་དང་། ཇི་སྲིད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པའི་བར་དང་། ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ལུས་སུ་གྱུར་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཕན་ཡོན་དང་རྣམ་པར་འཕྲུལ་པ་བཀླག་པས་གྲུབ་པར་འགྱུར་རོ། ། དེ་ནས་བཟླས་པ་ཙམ་གྱིས་དངོས་གྲུབ་བཤད་པར་བྱ་སྟེ། སྔ་དྲོ་གཅིག་བཟླས་པ་ཙམ་གྱིས་མོད་ལ་མཚམས་མེད་པ་ལྔའི་སྡིག་པ་དང་། མནར་མེད་པའི་མཐར་གཏུགས་པའི་སྡིག་པ་དང་། རི་རབ་ལྷུན་པོ་ཆེན་པོ་བདུན་གྱི་ཚད་ཙམ་པ་སྤུའི་ཁོང་བུ་རེ་རེར་སྒྲིབ་པ་བསགས་པ་དང་། བསྐལ་པ་སྟོང་ཕྲག་ཏུ་བསགས་པའི་སྔོན་གྱི་སྡིག་པ་དང་སྒྲིབ་པ་དེ་རྣམས་ཐམས་ཅད་སྔ་དྲོ་གཅིག་བཟླས་པ་ཙམ་གྱིས་སྡིག་པ་དང་ལས་ཀྱི་སྒྲིབ་པ་རྣམ་པར་ཉམས་པར་བྱེད་དེ། ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ།། དམྱལ་བའི་འགྲོ་བ་ཆེན་པོ་བཅུ་དྲུག་ཏུ་གཞོལ་བ་དེ་རྣམས་ཐམས་ཅད་སྐད་ཅིག་གཅིག་གིས་ཡོངས་སུ་གྲོལ་ལོ། ། སྨྱུར་བར་གནས་པ་གཅིག་གིས་བཟླས་པས་དུས་གསུམ་པའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཀུན་ཏུ་བཟང་པོ་ཆེན་པོ་ཉིད་ཐོབ་པོ། ། གང་ཡང་དེ་བཞིན་གཤེགས་པའི་རིགས་དང་། པདྨོ་ཡངས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། དོན་ཡོད་ཞགས་པའི་སྙིང་པོ་ཐམས་ཅད་དུ་དངོས་སུ་རྗེས་སུ་འཇུག་པར་བྱེད་དོ།། ཐམས་ཅད་དུ་དམ་ཚིག་ཆེན་པོ་ཡང་དག་པར་འཛིན་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་དངོས་སུ་མཐོང་བ་སྦྱིན་པར་བྱེད་དོ།། དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་རང་གི་གཟུགས་ཀྱིས་དངོས་སུ་མཐོང་བར་ཉེ་བར་གནས་པར་བྱེད་དོ། ། དཀྱིལ་འཁོར་བའི་ལྷ་ཐམས་ཅད་དངོས་སུ་རྗེས་སུ་འབྲང་ཞིང་གནས་ཏེ། རྟག་ཏུ་རྣམ་པར་བལྟ་བར་འགྱུར་ཞིང་ཆེར་བཅིངས་པར་འགྱུར་རོ། ། རིག་པའི་རྒྱལ་པོ་མམ་ཅད་ཀྱང་རྟག་ཏུ་རྗེས་སུ་འབྲང་ཞིང་དངོས་སུ་མཐོང་བར་གནས་པར་བྱེད་དོ།། བརྒྱ་སྟོང་ཕྲག་བཟླས་པ་ཙམ་གྱིས་ལྕེ་རྡོ་རྗེ་ལྟར་བརྟན་པར་འགྱུར་ཞིང་། རྡོ་རྗེའི་སྙིང་པོ་དང་མཉམ་ཞིང་མཚུངས་པ་དང་། པདྨའི་འདབ་མ་ལྟ་བུའི་ཁ་དོག་དང་འདྲ་བར་འགྱུར་ཏེ། ཕྱིར་ཞིང་དེའི་ལུས་ལ་རེག་པ་ངན་པ་འབྱུང་བར་མི་འགྱུར་རོ།། ཕྱིར་ཞི་བ་ལུས་འཕོ་བའང་མི་ནུས་ཤིང་། ཡོངས་སུ་དག་ཅིང་དྲི་མ་མེད་པའི་ལུས་སུ་འགྱུར་རོ།། ལུས་པདྨ་དཀར་པོའི་ཁ་དོག་དང་མཚུངས་པར་ཡང་འགྱུར་རོ།། གདུག་པ་ཐམས་ཅད་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། བགེགས་དང་། ལོག་པར་འདྲེན་པ་རྣམས་དང་། ཀླུ་མ་རུངས་པ་མི་བཟད་པ་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་ལུས་དང་ཕུང་པོ་ལ་ཟ་བར་མི་འགྱུར་རོ། ། ལུས་པདྨ་དཀར་པོའི་ཁ་དོག་དང་མཚུངས་པར་འགྱུར་ཏེ། ལྷ་རྣམས་ལྷན་ཅིག་ཏུ་རྗེས་སུ་རྒྱུ་བར་བྱེད་དོ།། ཁ་ནས་ལྷ་རྫས་ཀྱི་ཨུཏྤལ་སྔོན་པོའི་དྲི་འབྱུང་བར་འགྱུར་རོ།། ལུས་ལ་ལྷ་རྫས་ཀྱི་ཙན་དན་གྱི་དྲིས་བསྒོས་པར་འགྱུར་རོ།། རྐང་པ་དང་ལག་པ་གཞོན་ཤ་ཅན་དུ་འགྱུར་རོ།། མིག་གིས་ལེགས་པར་མཐོང་བར་འགྱུར་རོ།། བཞིན་གྱི་དཀྱིལ་འཁོར་ཡོངས་སུ་རྒྱས་པར་འགྱུར་རོ། ། སྙན་པ་ཐོས་པར་ཡང་འགྱུར་ཞིང་ལྷ་རྫས་ཀྱི་དྲིས་ཚོར་བར་ཡང་འགྱུར་རོ།། བཟང་པོ་ལ་རེག་པའི་ལུས་སུའང་འགྱུར་རོ།། སྐྲ་བུང་བ་དང་མཚུངས་པར་ལི་ཞིང་འཁྱིལ་བའི་སྒྲར་འགྱུར་རོ། ། ནམ་ཡང་ཕྱིར་ཞིང་ལུས་ཀྱི་ནང་གི་རླུང་གི་ལས་དང་དྲིས་ངན་པས་བསྒོས་པར་མི་འགྱུར་རོ།། དྲི་མ་ཐམས་ཅད་བསལ་བར་འགྱུར་རོ།། འཇམ་པ་དང་། སྙན་པ་དང་། མཉེན་པའི་ངག་ཏུའང་འགྱུར་རོ།། ལྷའི་ང་རོ་དང་། ང་རོ་བཟང་བ་དང་། ང་རོ་ཟབ་པ་སྙན་ཅིང་མཉེན་པ་དང་། མི་འམ་ཅིའི་སྒྲ་ལྟ་བུ་དང་། ཀ་ལ་བིང་ཀའི་སྒྲ་དབྱངས་སུ་འགྱུར་རོ།། མཛེས་པར་འགྲོ་བ་དང་ཟབ་པར་འགྲོ་བར་ཡང་འགྱུར་རོ། ། ལག་མཐིལ་ཤིན་ཏུ་འཇམ་པ་དང་། སོར་མོ་རིང་བ་དང་། ལག་པའི་རི་མོ་ཤིན་ཏུ་རྣམ་པར་བཀྲ་བར་ཡང་འགྱུར་རོ།། སེང་གེའི་འགྲོས་དང་རྩལ་གྱིས་འགྲོ་བར་འགྱུར་རོ། ། ཐམས་ཅད་དུ་ཐོགས་པ་མེད་པའི་འགྲོས་སུ་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་གཅིག་པུར་མཆོད་པའི་འོས་སུའང་འགྱུར་རོ།། དཔལ་རྣམ་ཐོས་སྲས་རྗེས་སུ་འཐུན་པར་རྗེས་སུ་འབྲང་བར་འགྱུར་རོ། ། ཚིག་མི་མཐུན་པའང་རྗེས་སུ་མཐུན་པར་འགྱུར་རོ།། ཐམས་ཅད་དུ་ངག་རྣམ་པར་དག་པར་ཡང་འགྱུར་རོ།། འཇིག་རྟེན་པའི་བཟླས་པའི་དངོས་གྲུབ་པོ།། འཇིག་རྟེན་ལས་འདས་པ་ནི་སྐྱེ་བ་བརྗེས་ནས། བགྲ་པ་གསེར་གྱི་ཁ་དོག་ལྟ་བུ་དང་། བསམས་པ་ཉིད་ཀྱིས་མོད་ལ་སྐྱེ་བར་འགྱུར་ཏེ། འོད་དཔག་མེད་ཀྱི་སྤྱན་སྔར་མདུན་གྱི་པདྨའི་སྙིང་པོ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཞིང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། ཚེ་རབས་དྲན་པར་ཡང་འགྱུར་རོ།། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པ་དང་། མངོན་པར་དབང་བསྐུར་བའི་མཆོག་བྱང་ཆུབ་ཏུ་ལུང་སྟོན་པ་དང་། མངོན་པར་དབང་བསྐུར་རོ།། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པས་ཀྱང་བྱིན་གྱིས་བརླབས་སོ་ཞེས་པ་འཇིག་རྟེན་ལས་འདས་པའི་བཟླས་པའི་ཆོ་གའི་དངོས་གྲུབ་བོ། ། དེ་ནས་བསོད་ནམས་ཀྱི་ཕུང་པོ་བརྗོད་པར་བྱ་སྟེ། འདི་བཟླས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དག་བསྙེན་མ་གང་ཡང་རུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་བདུན་གྱིས་ཡོངསུ་བཀང་བར་བྱས་པ་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་གིས་ཡོངས་སུ་བཀང་ནས་དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཉི་མ་རེ་རེ་ཞིང་དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ལ་ནོར་བུ་རིན་ཆེ་ཆེན་པོ་སྣ་བདུན་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་གིས་བཀང་ནས་ཕུལ་བ་དེ་བས་ཀྱང་དགེ་བ་དང་བསོད་ནམས་ཀྱི་ཕུང་པོ་ཆེས་མང་བར་བསྐྱེད་དོ། ། གང་ཞིག་དུས་གསུམ་པའི་དེ་བཞིན་གཤེགས་པར་མཆོད་པར་བྱེད་ཅིང་། ཉི་མ་རེ་རེ་ཞིང་དེ་བཞིན་གཤེགས་པ་མཆོད་པ་དེ་ཁོ་ན་བཞིན་དུ་འདི་བཟླས་པ་ཙམ་གྱིས་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། ། དེ་རྣམས་གང་གིས་ནོར་བུ་རིན་པོ་ཆེ་ཆེན་པོ་བྱིན་པས་དེ་རྣམས་ཀྱི་དགེ་བའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ།། དེ་བཞིན་དུ་བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ་ཞེས་སོ། ། འཇིག་རྟེན་པའི་ཆོ་ག་སྣ་ཚོགས་པའི་ཚོགས་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཕུང་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་ཕྲག་རྣམས་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་བདུན་གྱིས་བཀང་བ། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་། གསེར་དང་དངུལ་གྱི་མེ་ཏོག་གིས་བཀང་བ་རྣམས་ཀྱིས་དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ། དེ་བཞིན་གཤེགས་པ་རེ་རེ་ཞིང་ལའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བཀང་ནས་ཕུལ་བར་འགྱུར་རོ།། མཆོད་པའི་སྤྲིན་ཆེན་པོར་འགྱུར་ཏེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་མི་ཟད་དེ། དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་ཞིང་། བསོད་ནམས་ཀྱི་ཕུང་པོ་ཆེན་པོར་ཡང་འགྱུར་ཏེ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ།། འཇིག་རྟེན་དང་འཇིག་རྟེན་ལ་འདས་པའི་བཟླས་པའི་དངོས་གྲུབ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་བཞིན་དུ་ཕན་ཡོན་ཆེན་པོ་དང་། རྣམ་པར་འཕྲུལ་པ་ཆེན་པོ་དང་། སྦྱིན་པ་ཡོངས་སུ་གཏོང་བ་ཆེན་པོ་གང་ཡིན་པ་དང་། བཟླས་པའི་ཆོ་ག་ཆེན་པོ་དང་། མཆོད་པའི་སྤྲིན་ཆེན་པོར་འགྱུར་རོ།། དེ་བཞིན་དུ་ཡོན་ཏན་བསྐྱེད་པ་དང་རྣམ་པར་འཕྲུལ་པའི་ཆོ་གའི་ཁྱད་པར་སོ་སོར་ཐོབ་བོ།། དུས་རྟག་པར་རྒྱུན་དུ་བཟླས་པའི་ཆོ་ག་དང་ལྡན་པར་འགྱུར་བར་བྱའོ།། རྟག་ཏུའང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་འདོད་པར་འགྱུར་རོ། ། རྟག་ཏུ་འང་དགེ་བའི་རྩ་བ་དང་ཡང་དག་པར་འགྲོགས་པར་འགྱུར་རོ།། ལག་ན་རྡོ་རྗེ་གང་ཡང་རིག་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་དང་། དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོ་འདི་ཐ་ན་སྒྲ་ཙམ་ཡང་རྣ་བའི་བུ་གར་ལྷུང་བར་འགྱུར་བ་དང་། བྲིས་པ་རྣམས་ལྟ་བ་དང་། པོ་ཏི་འམ། ཡི་གེ་འམ། རྩིག་པ་འམ། གྱང་ལ་བྲིས་པ་ལྟ་བར་བྱེད་དེ། མཚམས་མེད་པ་ལྔའི་སྡིག་པ་ཐམས་ཅད་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ། ། སྔོན་བསགས་པའི་མནར་མེད་པར་གཞོལ་བའི་སྡིག་པ་དང་སྒྲིབ་པ་དེ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ།། ཡོངས་སུ་གཏུགས་པར་འགྱུར་རོ། ། ཤི་ཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།། ནམ་ཡང་ཕྱིས་མངལ་དུ་གནྡྷ་པའི་དྲི་མས་གོས་པར་མི་འགྱུར་རོ།། ཇི་སྲིད་དུ་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་པདྨ་ལས་སྐྱེ་བར་འགྱུར་ཞིང་ཚེ་རབས་དྲན་པར་ཡང་འགྱུར་རོ།། ཕྱག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ཆོ་ག་ཞིབ་མོའི་རྒྱལ་པོ་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་བྲི་བར་བྱ། བཅོམ་ལྡན་འདས་འདི་འདྲི་བཞིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་སྐྱེད་པ་ཅི་ལགས། དགེ་བའི་རྩ་བ་ཅི་དང་ཡང་དག་པར་ལྡན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་འདིའི་ཡོན་ཏན་དང་ཕན་ཡོན་དཔག་ཏུ་མེད་དོ།། དོན་ཡོད་པའི་ལྕག་ཀླུའི་རིག་པའི་རྒྱལ་པོ་འདིའི་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདྲི་བཞིན་པའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་སྐྱེ་སྟེ། ཕན་ཡོན་དཔག་ཏུ་མེད་པ་དང་ཡོན་ཏན་དཔག་ཏུ་མེད་པ་ལས་བྱུང་བའི་རྣམ་པར་འཕྲུལ་པ་སོ་སོར་ཐོབ་པོ། ། གང་ཡང་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་རིག་པའི་རྒྱལ་པོ་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་འདྲི་བར་འགྱུར་བ་ཉོན་ཅིག། ལག་ན་རྡོ་རྗེ་རྒྱ་མཚོ་ཆེན་པོའི་འོག་ཏུ་དཔག་ཚད་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་པ། ཆུ་དང་ཞེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་པ་དེ་ལ་ཆུའི་ཐིགས་པའི་ཚད་ཀྱི་ཐིགས་པ་རེ་རེའི་གྲངས་སུ་བྱེད་པར་འདོད་པ་འམ། དེ་ལྟ་བུའི་ཚད་ཀྱི་ངོས་གཉིས་པར་མཚོ་ཆེན་པོ་ལས་ཐིགས་པ་རེ་རེ་ནས་བཅུ་པར་བྱ་སྟེ། དེ་ལ་ཐིགས་པ་ར་རེ་ནས་བགྲངས་ཏེ་གཏོར་བར་བྱའོ།། དེ་ནས་རྒྱ་མཚོ་ཆེན་པོ་ཆུའི་ཐིགས་པའི་གྲངས་ཀྱིས་ཟད་པར་འགྱུར་ཞིང་ཆུ་སྐམ་པར་བྱེད་དོ།། མཚོ་ཆེན་པོ་གཉིས་པ་ལས་ཆུས་ཡོངས་སུ་གང་བར་འགྱུར་གྱི། དོན་ཡོད་པའི་ལྕགས་ཀྱུ་རིག་པའི་རྒྱལ་པོ་འདི་དང་། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཆོ་ག་ཞིབ་མོ་དེ་འདྲི་བཞིན་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་གཟུངས་པར་ནུས་པ་མ་ཡིན་ནོ། ། དེ་ལྟར་རྒྱ་ཆེ་བ། དེ་ལྟར་ཟབ་པ། དེ་ལྟར་ཡངས་པའི་ཡོན་ཏན་བསྐྱེད་པར་བྱ་བ་ནི། དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཆོ་ག་ཞིབ་མོའི་ཆོ་གའི་རྒྱལ་པོའོ། ། ལག་ན་རྡོ་རྗེ་འོན་ཀྱང་རིའི་རྒྱལ་པོ་རི་རབ་ཆེན་པོ་ནི་དཔག་ཚད་སྟོང་ཕྲག་བརྒྱ་ཅུ་རྩ་བཞི་འོག་ཏུ་རྒྱ་མཚོ་ཆེན་པོའི་ནང་དུ་ནུབ་བོ།། དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེང་ཉིད་དུ་གནས་སོ།། སྐྱེས་བུ་སྟོབས་ཆེན་པོ་དང་ལྡན་པར་གྱུར་པ་གང་ལ་ལ་རིའི་རྒྱལ་པོ་རི་རབ་ཆེན་པོ་གང་ཡིན་པའང་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་དུ་བྱེད་པ་དང་། ངོས་གཉིས་པར་རྒྱ་མཚོ་ཆེན་པོའི་རིའི་རྒྱལ་པོ་རི་རབ་ཆེན་པོ་ཆོ་ག་དེ་ལྟ་བུས་ཡུངས་ཀར་གྱི་འབྲས་བུ་ཙམ་དུ་བྱས་པ་ལས། སླར་ཡང་རིའི་རྒྱལ་པོ་རི་རབ་ཏུ་རབ་ཏུ་གནས་པར་བྱེད་པར་ནུས་ཀྱི། ཆོ་ག་ཞིབ་མོའི་རྒྱལ་པོ་གང་ཡིན་པ་འདི་འདྲི་བཞིན་པའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་ནི་མི་ནུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་སྤྱན་དང་། དེའི་གསུང་གི་ཚད་གཟུང་བར་མི་ནུས་སོ།། དེ་བཞིན་དུ་ཡོན་ཏན་དང་ཕན་ཡོན་རྒྱ་ཆེ་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་ཏེ། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་བྱིན་གྱིས་བརླབས་པར་འགྱུར་རོ་ཞེས་སོ།། རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་འདས་རིག་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་དང་ཕྱག་རྒྱ་འདི་ཇི་ལྟར་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། བུད་མེད་དམ། སྐྱེས་པའམ། ཁྱེའུ་འམ། བུ་མོ་གང་ལ་ལ་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་འདྲི་བར་བྱེད་པ་དེ། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་གྱི་ལས་དང་། ཡོ་བྱད་དང་བཅས་པའི་ཆོ་གས། དོན་ཡོད་པ་ནོར་བུ་པདྨ་ཞགས་པའི་སྙིང་པོའི་གཟུངས། དོན་ཡོད་པའི་ཞགས་པའི་སྙིང་པོ་འཕགྲ་བ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པའི་འཁོར་ལོ་དང་། དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཆེན་པོ་ཀླུའི་ཞགས་པའི་རྣམ་པར་འཕྲུལ་པ་འདི་འདྲི་བར་བྱེད་དོ།། དེས་ཡོངས་སུ་དག་པའི་ངག་དང་ཡིད་ཀྱིས་དང་། ལྷག་པའི་བསམ་པ་དང་། གུས་པ་དང་བཅས་པ་དང་། ཡིད་དེར་གྱུར་པ་དང་། མཆོད་པའི་མཆོག་དང་། གུས་པ་ལ་སོགས་པའི་འདྲི་མཁན་གྱིས་བྲི་བར་བྱའོ།། མཆོག་ཏུ་གུས་པ་དང་ཞེས་དང་བཅས་པས་ཁ་ཟས་མི་མཐུན་པ་སྤངས་ཏེ། ལེགས་པར་ཡོངས་སུ་རྫོགས་པའི་ཁ་ཟས་རོ་བྲོ་བའི་མཆོག་དང་། ལེགས་པར་འདུས་བྱས་ཤིང་ཡིད་དགའ་བའི་མེ་ཏོག་དང་འབྲས་བུའི་བཏུང་བ་གུས་པ་དང་བཅས་པས། གནས་སུ་གིའུ་ཝང་གི་དཀྱིལ་འཁོར་དང་། མེ་ཏོག་གཅལ་དུ་བཀྲམ་ནས་དྲིས་བདུགས་ཏེ། དར་གྱིས་སྤྲས་པའི་ཆོས་ཀྱི་སྟན་ལ་འདུག་པས་བྲི་བར་བྱའོ།། ལེགས་པར་ཁྲུས་བྱས་ཤིང་མགོ་ལ་དྲིས་བྱུག། ལུས་ལ་གོས་བགོས་ལ་མཆོད་པ་བྱའོ།། ཚེས་བརྒྱད་དམ་བཅོ་ལྔ་ལ་སོ་སོའི་ཆ་ཤས་དང་བཅས་པའི་དཀྱིལ་འཁོར་རྣམ་པར་ཕྱེ་ནས་གཏོར་མ་དང་ཉེ་བར་སྤྱོད་པ་དབུལ་བར་བྱའོ།། མཆོག་ཏུ་དགའ་བའི་ཡིད་ཀྱིས་བྱ་སྟེ། ཡོན་དང་བཅས་པས་གསེར་གྱི་རྣ་རྒྱན་སྦྱིན་པར་བྱའོ།། བྲི་བར་བྱ་བ་ཡོངས་སུ་ཕྱེ་ནས་མ་སྤངས་པར་དོན་ཡོད་པར་བྱའོ།། ལག་པ་བརྐྱང་བས་བྱའོ།། ལེགས་པར་སྦྱང་བ་བྱས་པྲ་བྱའོ། ། འདིའི་ཆོ་གས་འདྲི་བར་བྱེད་པ་གང་ཡིན་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། གསང་བ་བྲིས་པར་འགྱུར་རོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་གང་ཅི་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་དེ་ཐམས་ཅད་འདྲི་བར་འགྱུར་རོ། ། འདི་ལྟ་སྟེ། ཆུ་གང་ཡིན་པ་ཐམས་ཅད་ཆུ་ཀླུང་ཆེན་པོ་དང་རྒྱ་མཚོ་ཆེན་པོའི་རྗེས་སུ་ཞུགས་ནས་རོ་གཅིག་ཏུ་འགྱུར་རོ།། འདི་ལྟ་སྟེ། ཉི་མ་ཤར་བ་ན་མུན་པས་ལྡོངས་པ་ཐམས་ཅད་ཀུན་ཏུ་སྣང་བར་བྱེད་དོ། ། དེ་ཁོ་ན་བཞིན་དུ་དོན་ཡོད་པའི་ལྕགས་ཀྱུའི་རིག་པའི་རྒྱལ་པོའི་སྙིང་པོ་འདི་དང་། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོ་འདི་དང་། དོན་ཡོད་པའི་ནོར་བུ་པདྨའི་ཞགས་པའི་སྙིང་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དང་། རྣམ་པར་འཕྲུལ་པ་དང་། དཀྱིལ་འཁོར་དང་། དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་བའི་ཀླུའི་ཞགས་པའི་རྣམ་པར་འཕྲུལ་པ་འདི་ཐམ་ཅད་དུ་མཚུངས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྗེས་སུ་འཇུག་གོ། ། དམ་ཚིག་དང་། ཕྱག་རྒྱ་དང་། སྙིང་པོ་རྣམས་མཚུངས་པར་དུས་གསུམ་པའི་དེ་བཞིན་གཤེགས་པའི་རིགས་སུ་རབ་ཏུ་སྐྱེས་པའོ།། ཐམས་ཅད་དུ་མཚུངས་པར་མཆོད་པའི་སྤྲིན་གྱི་རྣམ་པར་འཕྲུལ་པའོ།། གང་ཡང་དུས་གསུམ་པའི་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་དང་ལྷན་ཅིག་པའི་དེ་བཞིན་གཤེགས་པའི་གསུང་གི་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ཡང་དག་པའི་སྙིང་པོའོ། ། དོན་ཡོད་པའི་ནོར་བུ་མཆོད་པའི་སྙིང་པོའི་གཟུངས་དང་། དོན་ཡོད་པ་ནོར་བུ་པདྨའི་ཞགས་པའི་སྙིང་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དང་། གཟུངས་ཀྱི་རྣམ་པར་འཕྲུལ་པ་དང་། འཁོར་ལོ་དང་། དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱའི་དཀྱིལ་འཁོར་པ་དང་། ཀླུའི་ཞགས་པའི་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་དེ་ཐམས་ཅད་གསང་བའི་དམ་ཚིག་གཅིག་ཏུ་བྱིན་གྱིས་བརླབས་སོ། ། རྒྱུ་དེའི་ཕྱིར་འདི་ནི་དོན་ཡོད་ཞགས་པའི་དོན་ཡོད་པའི་ལས་སྒྲུབ་པར་བྱེད་པའི་མཐུ་སྟོབས་ཀྱི་དངོས་གྲུབ་སྟེ།། དོན་ཡོད་ཞགས་པའི་སྙིང་པོ་དང་། དོན་ཡོད་ཞགས་པའི་རྣམ་པར་འཕྲུལ་པའོ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་འདྲི་བཞིན་པའི་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དང་མཚུངས་པ་གཅིག་གིས་མཚུངས་པའོ། ། དོན་ཡོད་པའི་ཞགས་པའི་ལྕགས་ཀྱུའི་སྙིང་པོའི་ཆོ་ག་ཞིབ་མོར་བྱིན་གྱིས་བརླབས་སོ།། འདྲི་བར་བྱེད་པ་དང་། འདོན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། བཟླས་པས་ནི་མཆོད་པའི་སྤྲིན་དུ་བྱིན་གྱིས་བརླབས་སོ།། དེའི་ཕྱིར་འདི་ནི་རིག་སྔགས་འཆང་གིས་ལེགས་པར་རབ་ཏུ་དང་བ་དང་ལས་ལ་སྤྲོ་ཞིང་བརྩོན་པས་བྱའོ།། ཤིན་ཏུ་གསལ་བ་དང་། སྤྲོ་བ་དང་། མཆོག་ཏུ་དགའ་བ་དང་། དད་པས་བྲི་བར་བྱའོ།། ཤིན་ཏུ་འབད་པས་ཕྱག་རྒྱ་དང་། གསང་སྔགས་ཀྱི་སྙིང་པོ་དང་། གཟུངས་དང་། ཕྱག་རྒྱའི་དཀྱིལ་འཁོར་དང་། ཀླུའི་ཞགྲ་བའི་རྣམ་པར་འཕྲུལ་པ་བྲི་བར་བྱ། བཀླག་པར་བྱ། མཉན་པར་བྱའོ།། མཐུ་སྟོབས་ཀྱིས་མཉན་པར་བྱའོ།། མཐུ་སྟོབས་ཀྱིས་བྲི་བར་བྱ། མཐུ་སྟོབས་ཀྱིས་མཆོད་པ་དང་བསྙེན་བཀུར་བྱའོ།། མཐུ་སྟོབས་ཀྱིས་དམ་པའི་ཆོས་མཆོད་པ་དང་། གུས་པས་འདྲི་བར་བྱེད་པ་དང་། འདྲི་བཞིན་པ་ལ་བསྙེན་བཀུར་དང་། བླ་མ་ལ་སྲི་ཞུ་བྱེད་པར་བྱའོ།། འདི་ནི་མཆོག་ཏུ་གསང་བའོ།། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་གསང་བའོ། ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གཟུངས་ཀྱི་གསང་བ་བྱིན་གྱིས་བརླབས་པ་ནི་གཉིས་ཏེ། གཅིག་ནི་དོན་ཡོད་པའི་མཆོད་པའི་སྙིང་པོའི་གཟུངས་སོ།། གཉིས་པ་ནི་དོན་ཡོད་པའི་ནོར་བུའི་པདྨ་ཞགས་པའི་སྙིང་པོའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྣམ་པར་འཕྲུལ་པ་དང་། འཁོར་ལོ་དང་། དཀྱིལ་འཁོར་ཆེན་པོའི་སྙིང་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཆེན་པོའི་ཀླུའི་ཞགས་པས་རྣམ་པར་འཕྲུལ་པས་སྤྲུལ་པའོ།། འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོར་འགྱུར་བ་སྟེ། དོན་ཡོད་པའི་དཔག་བསམ་གྱི་ཤིང་གི་མཆོད་པ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དོན་ཡོད་པའི་ཞགས་པའི་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། ། འཕགས་པ་སྤྱན་རས་གཟི་དབང་ཕྱུག་དམ་པར་གྱུར་པའི་སྙིང་པོ་དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུ་སྟེ། འདི་ནི་གཉིས་པར་རིག་སྔགས་འཆང་རྣམས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ། དོན་ཡོད་པའི་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཡིན་ནོ། ། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རིག་སྔགས་འཆང་ཐམས་ཅད་ཀྱི་དབང་པོ་དུ་མ་རིག་སྔགས་འཆང་བརྒྱ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་དང་། རིག་པའི་རྒྱལ་པོའི་ལྷ་བརྒྱ་སྟོང་ཕྲག་དུ་མ་དང་། དཀྱིལ་འཁོར་གྱི་ལྷ་བརྒྱ་སྟོང་ཕྲག་དུ་མ་དང་། དབང་པོ་དང་། ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཙང་མའི་གནས་ཀྱི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་རྣམས་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་སྟོང་ཕྲག་རྣམས་ཀྱིས་དེ་ལྟ་བུའི་གསུང་གི་སྒྲ་དབྱངས་ཐོས་ནས་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་མགུ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ཏོ།། ། དེ་བཞིན་དུ་གཉིས་པར་ནོར་བུ་རིན་པོ་ཆེ་ཆེན་པོ་ཉན་པ་ལ་དེ་རྣམས་ཐམས་ཅད་ལྷན་ཅིག་ཏུ་མཐུན་པར་རྒྱལ་པོ་ཆེན་པོ་བཞི་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། རོལ་མོ་དང་། ཕེག་རྡོབ་པ་སྣ་ཚོགས་པས་མཆོད་པ་བྱེད་པར་གྱུར་ཏོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལའང་མཆོད་པ་བྱེད་པར་གྱུར་ཅིང་། རིག་པའི་རྒྱལ་པོ་དེ་ལའང་མཆོད་པ་བྱེད་དོ།། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ནས་ལེགས་སོ་ཞེས་རྗོད་པར་བྱེད་དེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། ། བཅོམ་ལྡན་འདས་མཆོག་ཏུ་རྙེད་པར་དཀའ་བ་གང་ཡིན་པ་དང་། བཅོམ་ལྡན་འདས་གཉིས་པར་ནོར་བུ་རིན་པོ་ཆེ་ཆེན་པོ་དོན་ཡོད་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་འཛམ་བུ་གླིང་དུ་རབ་ཏུ་བཞག་གོ་ཞེས་སོ། ། བཅོམ་ལྡན་འདས་ཀྱིས་ཀྱང་བྱིན་གྱིས་བརླབས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པའོ།། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོར་གྱུར་པ་ཐུན་མོང་བར་མཚུངས་པའོ། ། ཐམས་ཅད་དུ་གསང་བ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་གྱི་རྣམ་པར་འཕྲུལ་པ་མཆོག་ཏུ་རྙེད་པར་དཀའ་བར་གསུངས་པའོ། ། བཅོམ་ལྡན་འདས་བདག་དེ་དག་ཐམས་ཅད་མཐུན་པར་གྱུར་པས་ལྷན་ཅིག་པ་ཁོ་ནར་རྟག་ཏུ་རྗེས་སུ་འབྲང་ཞིང་། རིག་པའི་རྒྱལ་པོ་འདི་ཡང་དག་པར་རྗེས་སུ་འབྲང་བར་བགྱིའོ། ། འདི་ཡོངས་སུ་བསྲུང་བར་བགྱིའོ།། འདི་ལྟ་སྟེ། འཛིན་པ་དང་། འདོན་པ་དང་། མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། ཉན་པ་དང་། བཟླས་པའི་ལས་སུ་འགྱུར་བར་བགྱིའོ། ། རིག་སྔགས་འཆང་དེ་ལའང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ།། དངོས་གྲུབ་ཀྱང་སྩལ་བར་བགྱིའོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། ངན་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། རྒྱལ་རིགས་སམ། བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་གང་ཡིན་པ་དེའང་ཆོ་ག་ཞིབ་མོའི་རྒྱལ་པོ་འདིའི་མིང་ཐོས་པ་ཙམ་གྱིས་ཀྱང་དེ་ལ་བདག་ཅག་ཐམས་ཅད་མཐུན་པར་རྟག་ཏུ་རྗེས་སུ་འབྲང་བར་བགྱི། བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། སྟོབས་དང་། བརྩོན་འགྲུས་དང་། མདཔས་དང་། དགའ་བ་བསྒྲུབ་པར་བརྩེ། སྡིག་པ་དང་སྒྲིབ་པ་བམ་རབ་ཏུ་ཞི་བར་བགྱི། ནང་པམ་ཅད་བསལ་བར་བགྱི། འཇིམ་པ་དག་འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱི། ཡམས་དང་། ཉེ་བར་འཚེ་བ་དང་། ནད་འགོ་བ་དང་། འཁྲུག་པ་དང་། མུ་གེ་དང་། མི་ངས་དང་། འབྲོག་དགོན་པའི་འཇིགས་པ་ཐམས་ཅད་སོ་སོར་ཕྱིར་བཟློག་པར་བགྱི། བདེ་བ་ལ་ཡང་དག་པར་རེག་པ་དང་མཆོག་ཏུ་དགའ་བ་བསྒྲུབ་པར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། དོན་མེད་པའང་སོ་སོར་བཟློག་པར་བགྱི། དོན་ལའང་ཡང་དག་པར་སྦྱར་བར་བགྱི། དོན་ཐམས་ཅད་རྗེས་སུ་སྩལ་བར་བགྱི། རྟག་ཏུ་མཆོག་སྩལ་བར་བགྱིའོ།། བཅོམ་ལྡན་འདས་ཤིན་ཏུ་རྒྱས་པའི་ཆོ་ག་ཆོ་ག་ཞིབ་མོའི་ཡོ་བྱད་དུ་དགོངས་པའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་སྔོན་དུ་འགྲོ་བས་རྒྱལ་པོ་ཆེན་པོ་བཞི་དང་། རིག་པའི་རྒྱལ་པོའི་ལྷ་དེ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ།། དྲང་སྲོང་ཆེན་པོ་དེ་ལྟ་བུ་བྱེད་པ་དེ་རྣམས་ཡོངས་སུ་བསྐྱང་བར་བྱ། བསྲུང་བར་བྱ། དངོས་གྲུབ་ཀྱང་སྦྱིན་པར་བྱའོ།། ངས་ཚི་ག་ཞིབ་མོའི་རྒྱལ་པོ་རྒྱ་མཚོའི་དཀྱིལ་འཁོར་དང་། གསང་སྔགས་དང་། དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་འདི་ཡོངས་སུ་བསྲུང་བའི་མཆེད་དང་། སེམས་ཅན་དེ་རྣམས་ཐམས་ཅད་ཡོངས་སུ་བསྲུང་བའི་ཆེད་དང་། ཡོངས་སུ་བསྐྱང་བའི་ཆེད་དུའང་གྲོགས་པོ་རྣམས་ལ་རྗེས་སུ་གཏད་དོ། ། འདིའང་བསྲུང་བར་བྱའོ་ཞེས་སོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་རྒྱ་དང་དཀྱིལ་འཁོར་གྱི་རིམ་པར་ཕྱེ་བའི་ཆོ་ག་སྤྲོས་ཤིག། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཆོ་ག་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་སྙིང་པོའི་གསང་བ་མཆོག་གི་དངོས་གྲུབ་འདི་ཐམས་ཅད་དུ་ཐུན་མོང་བའི་སྙིང་པོ་གྲུབ་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པ་ལྕགས་ཀྱུའི་ཆོ་ག་ཞིབ་མོའི་རྒྱལ་པོའི་རིག་པའི་རྒྱལ་པོ་དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། རས་རིས་རྣམས་གསུངས་པ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱའོ།། དོན་ཡོད་པ་མཆོད་པའི་ནོར་བུའི་སྙིང་པོ་བླ་ན་མེད་པ་ནི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ཀུན་ནས་ཤིན་ཏུ་རྣམ་པར་ཕྱེ་བ། ས་དང་བ་བྱུང་གིས་ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ་ལ་ཚོན་སྣ་ཚོགས་པས་བཀྲ་བའི་སྲད་བུས་ཆར་གཞལ་ཅིང་བཅད་ལ། དཀྱིལ་འཁོར་བླ་ན་མེད་པའི་དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་བདག་གིས་ཁྲུའི་ཚད་ཀྱིས་ཀུན་ནས་ཁྲུ་བཞི་པ་སྒོ་བཞི་རྣམ་པར་བྱེ་བ་བྱའོ། ། ཐམས་ཅད་དུ་གསང་བ་ཐུན་མོང་བའི་དཀྱིལ་འཁོར་དང་། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་ཡང་པདྨ་བྱ་སྟེ། པདྨ་སྟོང་ཕྲག་གིས་ཤིན་ཏུ་མཛེས་པ་ལྔ་ལྔའོ།། པདྨ་དཀར་པོ་བླ་ན་མེད་པ་ལ་ཟེ་འབྲུ་དང་གེ་སར་གྱི་ཚད་ལ་བབ་པ། ཡིད་བཞིན་གྱི་ནོར་བུའི་གེ་སར་དང་ཟེའུ་འབྲུ་བཀྲ་བའི་དྲ་བའི་སྙིང་པོ་ལུས་དང་ལག་ཏུ་འཆང་ཞིང་། ལག་པའི་ཕྱག་རྒྱ་གཡོན་པ་དང་གཡས་པས་བྱའོ།། དར་དབྱངས་དང་འཁྱིལ་པས་སྤྲས་པ། ཟུར་ཟུར་དུ་དཔག་བསམ་གྱི་ཤིང་ཤིན་ཏུ་ཚད་ལ་བབ་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱེད་དུ་གཞུག་གོ། སྙིང་པོའི་དཀྱིལ་འཁོར་གྱི་རེ་ལའང་ཆོ་ག་ཇི་ལྟ་བ་བཞིན་དུ་ཤིན་ཏུ་ཚད་དང་ལྡན་པར་བྱའོ།། མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་བྱ་ཞིང་། དེ་ནས་མེ་ཏོག་གི་བར་དུ་རེ་ལ་བྱའོ། ། རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། གོས་སྣ་ཚོགས་པས་མཛེས་པའོ།། སྣ་ཚོགས་པའི་རྒྱན་གྱི་ཕྱི་རོལ་ཏུ་པདྨ་དང་ཨུཏྤ་ལ་སྔོན་པོའི་འཕྲེང་བའི་རི་མོའོ།། ཨུཏྤལ་སྔོན་པོའི་འཕྲེང་བའི་ཕྱི་རོལ་ཏུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་རྣམ་པར་བཀྲ་བའི་རི་མོ་འབར་བའི་འཕྲེང་བས་མཛེས་པའོ། ། མེ་ཏོག་སྣུ་མ་དང་ཙམ་པ་ཀའི་འཕྲེང་བ་དག་ལ་སྔགས་ཀྱི་ནོར་བུའི་རི་མོའང་བྱའོ།། དེའི་ཕྱི་རོལ་གྱི་ཁོར་ཡུག་ཏུ་སྣམ་བུའི་རྣམ་པ་བྱའོ།། རི་བོ་ལ་སྣ་ཚོགས་པའི་སྔོན་ཤིང་དང་། ལྕུག་མ་བཀྲམ་པ་དང་། མེ་ཏོག་སྣ་ཚོགས་ཀྱིས་ཉེ་བར་མཛེས་པའོ།། ཁོར་ཡུག་ཏུ་ཆུ་འབབ་པའི་སྙིང་པོའི་དཀྱིལ་འཁོར་འདི་བྲི་ཞིང་། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་འང་བྲི་བར་བྱ་སྟེ། དཀྱིལ་འཁོར་བླ་ན་མེད་པ་ཕྱག་རྒྱ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་ཀྱི་དང་། བུམ་པ་དང་། མཆོད་པའི་རིན་པོ་ཆེའི་སྣོད་སྣ་ཚོགས་པ་དང་། གང་བའི་བུམ་པ་རྣམ་པ་སྣ་ཚོགས་པ་བྲིའོ།། མཚན་མ་དང་། ཕྱག་རྒྱ་དང་། རིན་པོ་ཆེ་སྣ་ཚོགས་པའི་ཡ་ལ་ག་དང་། པདྨ་དང་། ཨུཏྤལ་འཆང་བ། གོས་དང་རྒྱན་སྣ་ཚོགས་པ་ཐོགས་པ་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་མེ་ཏོག་སྣ་ཚོགས་པ་ཀུ་མུ་ད་དང་། པདྨ་དཀར་པོ་དང་། མནད་རབ་དང་། ཨ་ཏི་མུཀྟ་ཀ་དང་། ལཱ་ནཱི་ཀ་དང་། ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། སྣ་མ་དང་། སྤྱ་ནར་དང་། ཡུ་ཐི་ཀ་དང་། ཀ་དམ་པའི་མེ་ཏོག་གི་འཕྲེང་བས་མཛེས་པར་བྱའོ།། སྒོ་བཞིའི་གནས་སུ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བྱ་སྟེ། རིན་པོ་ཆེའི་ལྕུག་མ་སྣ་ཚོགས་པ་དང་བུས་པ་གང་ཐོགས་པར་བྱའོ། ། དཀྱིལ་འཁོར་གྱི་སྙིང་པོར་བ་དན་གྱིས་བརྒྱན་པར་བྱའོ།། གང་བའི་བུམ་པ་ཡོངས་སུ་བསགས་པ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་པ་དང་། སྣ་ཚོགས་པའི་གཟུགས་དང་། བཟའ་བའི་ཁ་ཟས་རོ་བྲོ་བའི་ཆོ་གཞག་པར་བྱ། སྣ་ཚོགས་པའི་བདུག་པས་བདུགས་ལ་བདུག་པའི་པོག་པོར་ཡོངས་སུ་བཤམ་པར་བྱའོ།། རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱ། ལེགས་པར་ཁྲུས་བྱས་ཤིང་དྲི་བཟང་པོའི་དྲིས་བསྒོས་ཏེ། རྣམ་པ་སྣ་ཚོགས་པའི་བདུག་པས་བདུགལ་བ་བྱུང་ལྔས་ཉེ་རེག་བྱ་སྟེ། དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་ལན་སྟོང་རྩ་བརྒྱད་དུ་བཟླས་པར་བྱའོ།། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མནམ་པ་ཡིད་ལ་བྱ། མཆོད་པའི་སྤྲིན་ཆེན་པོ་ཡིད་ལ་བྱ་ཞིང་བཟླ་སྟེ། ཕྱོགས་བཅུ་ཀུན་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་ཞིང་རེ་རེའི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་རྣམས། དེ་བཞིན་གཤེགས་པའི་མཆོད་པའི་སྤྲིན་གྱིས་ཇི་ལྟར་དཀྱིལ་འཁོར་དུ་ཡོངས་སུ་བསགས་ཤིང་། རྣམ་པ་སྣ་ཚོགས་སུ་གཞལ་དུ་མེད་པས་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསགས་པའི་དེ་བཞིན་གཤེགས་པ་རེ་རེའང་དཀྱིལ་འཁོར་ཆེན་པོ་གཞལ་དུ་མེད་པ་བརྒྱ་སྟོང་ཕྲག་ཡོངས་སུ་བསགས་པས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་ཆེན་པོ་བྱེད་དོ།། སྣ་ཚོགས་པའི་གོས་དང་། སྣ་ཚོས་པའི་རྒྱན་དང་། ལྷབ་ལྷུབ་དང་། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་དྲི་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་བདུག་སྤོས་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་འབྲས་བུ་སྣ་ཚོགས་པ་དང་། རོ་བརྒྱ་པའི་ཁ་ཟས་ཀྱི་མཆོག་རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པ་དང་། སྒྲོན་མའི་ཤིང་སྣ་ཚོགས་པ་བརྒྱ་སྟོང་ཕྲག་རྣམས་ཀྱིས་དེ་བཞིན་གཤེགས་པ་རེ་རེའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པའི་སྤྲིན་ཆེན་པོ་བྱེད་དོ།། ཡན་ལག་ལྔ་དང་ལྡན་པའི་ལྷ་རྫས་ཀྱི་རོལ་མོའི་སྒྲ་རྣམས་ཀྱི་མཆོད་པའི་སྤྲིན་བྱེད་དོ།། དེ་ལྟ་བུའི་ཆོ་ག་རྣམས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་རེ་རེའི་དེ་བཞིན་གཤེགས་པ་རེ་རེའི་མཆོད་པའི་སྤྲིན་ཆེན་པོས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་ཀྱི་གྲངས་རྣམས་མཆོད་པར་འགྱུར་ཏེ། འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཏུ་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ།། དཀྱིལ་འཁོར་ཆེན་པོ་གཞལ་དུ་མེད་པའི་མཆོད་པའི་སྤྲིན་གྱིས་མཆོད་པ་བྱེད་དོ། ། གང་ཡང་དཀྱིལ་འཁོར་ཆེན་པོ་རེར་རྗེས་སུ་ཞུགས་པའི་སེམས་ཅན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལ་མཐོང་བར་འདོད་པ་དང་། རྗེས་སུ་ཡི་རང་བ་དང་། ལྷན་ཅིག་འགྲོ་བ་འམ། ཐན་ཐོས་པ་ཙམ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། སྦྱིན་པ་ཆེན་པོ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བར་འགྱུར་རོ།། བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། སེམས་ཅན་རེ་རེའི་ཡང་སངས་རྒྱས་བཅོམ་ལྡན་འདས་ག་དྷཱའི་ཀླུང་གི་བྱེ་མ་ཕྲག་དགུ་བཅུ་རྩ་དགུ་དང་མཉམ་པ་དེའི་དྲུང་དུ་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་རོ།། དཀྱིལ་འཁོར་མཐོང་བ་ཙམ་གྱིས་མོད་དང་། རྗེས་སུ་ཡི་རང་བ་ཙམ་གྱིས་མོད་ལ་འཕྲལ་ཉིད་དུ་མཚམས་མེད་པ་ལྔའི་སྡིག་པ་ཡོངས་སུ་ཟད་པར་འགྱུར་རོ།། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་ཡང་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་བླ་མ་གཅིག། བུར་འགྱུར་རོ།། འཆི་འཕོ་ཞིང་སྐྱེ་བ་བརྗེ་བའི་དུས་སུ་སོན་ཏེ་འཆི་བའི་མཐར་ཐུག་པ་ན། དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་མངོན་སུམ་དུ་སྟོན་ཞིང་སྣང་བར་འགྱུར་རོ།། ལམ་ཉེ་བར་སྟོན་པར་བྱེད་ཅིང་དབུགས་འབྱིན་པར་བྱེད་དོ། ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་སྐལ་བ་མཉམ་པ་ཉིད་ཀྱིས་སྐྱེ་བར་བྱེད་དེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་པདྨ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། སྐྱེས་པ་ཙམ་གྱི་མོད་ལ་སྐྱེ་བ་ཐམས་ཅད་རྗེས་སུ་དྲན་པར་བྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དང་། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་མཐའ་དག་རྫོགས་པར་ཁ་ཏོན་དུ་གནས་པར་བྱེད་དོ།། ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་ཐམས་ཅད་རྒྱལ་མཚན་གྱི་རྩེ་མོར་བཅིངས་ཏེ་གནས་པར་བྱེད་དོ་ཞེས་སོ། ། འདི་ནི་སྐྱེ་བའི་ཐ་མར་འགྱུར་ཏེ། མཆོད་པ་དང་། དཀྱིལ་འཁོར་གྱི་ཆོ་ག་འདིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རི་དགས་དང་བྱ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། མིར་གྱུར་པ་རྣམས་ཀྱིས་ལྟ་ཅི་སྨོས་སོ།། དེ་ལྟར་ཡོན་ཏན་དང་ཕན་ཡོན་ཆེན་པོའི་མཆོད་པ་དང་དཀྱིལ་འཁོར་གྱི་ཆོ་གའོ། ། དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་རྣམ་པར་འཕྲུལ་པ་དང་། ཕན་ཡོན་གྱི་ཆོ་གའི་སྒྲུབ་ཐབས་སོ།། ། དེ་ནས་རིག་པའི་རྒྱལ་པོའི་རས་རིས་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། སྡིག་པ་ཐམས་ཅད་སེལ་བ། འཕྲལ་དུ་ནད་ཐམས་ཅད་ཟློག་པར་བྱེད་པ། དངོས་གྲུབ་ཐམས་ཅད་བྱེད་པའི་གནས་མཆོག་ཐམས་ཅད་སྦྱིན་པ་བཤད་པར་བྱའོ། ། རས་སམ། གོས་གཞན་ནམ། རྒྱ་དར་ལ་ཀུན་ནས་ཁྲུ་བཞི་པ་ལ་གཙང་མས་གཙང་མའི་གནས་སུ་རི་མོ་མཁན་གཙང་མ་ཉིད་ཀྱིས་ཁྲུས་བྱས། གོས་གཙང་མ་བགོས་ཏེ། དྲི་སྣ་ཚོགས་པས་བདུག་ལ། ཚོན་སྣ་ཚོགས་པ་རྣམ་པར་བཀྲ་ཞིང་ལྷག་པ་མ་ཡིན་པ་སྣོད་གསར་པར་བཞག་པས་རས་རིས་བླ་ན་མེད་པ་བྲི་བར་བྱའོ། ། དབུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱ་སྟེ། གཞལ་ཡས་ཁང་གི་ཁང་པ་བརྩེགས་པར་སེང་གེའི་ཁྲི་ལ་པདྨའི་རྫིང་བུར་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དང་བཅས་པས་བཅོམ་ལྡན་འདས་ལ་མེ་ཏོག་འཐོར་བར་བྱེད་བཞིན་པའོ། ། གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱ་སྟེ། དོན་ཡོད་ཞགས་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། ཚངས་པའི་ཆ་བྱད་འཆང་བ། རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། ཕྱག་བཞི་པ། སྤྱན་གསུམ་པ། མདུང་རྩེ་གསུམ་འཛིན་པ། པདྨ་འཛིན་པ་དང་། ཞགས་པ་འཛིན་པ་དང་། ནོར་བུ་རིན་པོ་ཆེ་འཛིན་པ། བཅོམ་ལྡན་འདས་ལ་ཉེ་བར་འདུད་པར་བྱེད་བཞིན་པའོ།། གཡས་སུ་རིག་པའི་རྒྱལ་པོ་བྱ་སྟེ། ཕྱག་བཞི་པ། འཕགས་མ་སྒྲོལ་མའི་ཆ་བྱད་འཆང་བ། འོད་དཔག་མེད་ཀྱི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྣ་ཚོགས་པའི་གོས་འཛིན་པ། པདྨ་དང་། ཞགས་པ་དང་། རལ་གྲི་འཆང་ཞིང་། ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་མཚན་ཐོགས་ཏེ། བཅོམ་ལྡན་འདས་ལ་ཉེ་བར་འདུད་པར་བྱེད་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱབ་ཏུ་ལྷ་མོ་སྒྲོལ་མ་བྱ་སྟེ། ཐལ་མོ་སྦྱར་བ་སྨད་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ།། ལྷ་མོ་སྒྲོལ་མའི་རྒྱབ་ཏུ་གོས་དཀར་མོ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རབ་ཏུ་བཞད་ཅིང་སྨིན་མ་དཔྲལ་བར་གཡོ་ཞིང་། བཅོམ་ལྡན་འདས་ལ་ཟུར་མིག་གིས་ལྟ་བར་བྱེད་པ་བྱའོ།། རིག་པའི་རྒྱལ་པོའི་རྒྱབ་ཏུ་འཕགས་པ་དཔལ་མཛེས་པ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ། སྣ་ཚོགས་པའི་མེ་ཏོག་གི་ཕུར་མ་འཆང་བར་བྱེད་པའོ།། ཐམས་ཅད་ལ་པདྨའི་གདན་བྱ་སྟེ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ།། གོས་དཀར་མོའི་རྒྱབ་ཏུ་ཁྲོ་བོ་ཆེན་པོ་ལྕགས་ཀྱུ་བྱའོ།། དཀར་པོའི་གཞོགས་སུ་དོན་ཡོད་པའི་ལྕགས་ཀྱུ་བྱའོ། ། རིག་པའི་རྒྱལ་པོའི་འོག་ཏུ་རལ་པ་གཅིག་མ་སྟེ། ཕྱག་བརྒྱད་པ། ཞལ་མཆེ་བ་གཙིགས་པ། རལ་པ་གྱེན་དུ་བརྫེས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ་སྟེ། རལ་གྲི་དང་། དགྲ་སྟ་དང་། ཞགས་པ་དང་། རལ་གྲི་དང་། མདུང་རྩེ་གསུམ་དང་། རྡོ་རྗེ་དང་། པདྨ་འཆང་བ་བྱ་ཞིང་། སྡིགས་མཛུབ་བྱེད་པ་བྱའོ།། སྟེང་དུ་ཕྱོགས་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པའོ། ། ཁང་པ་བརྩེགས་པའི་སྟེང་དུ་དེ་བཞིན་གཤེགས་པ་བདུན་བྱ་སྟེ། འོད་དཔག་མེད་ཀྱང་དབུས་སུ་བྱའོ།། ལྷས་མཆོད་པ་བྱེད་བཞིན་པ་བྱའོ།། ཕྱག་གཡོན་དང་གཡས་སུ་རྡོ་རྗེ་འཛིན་པ། བཅོམ་ལྡན་འདས་ལ་ཟས་གསར་པ་འདྲེན་པར་བྱེད་བཞིན་པའོ།། གཞོགས་གཡས་དང་གཡོན་དུ་ཁྲོ་བའི་རྒྱལ་པོ་རྡོ་རྗེ་འཆང་བ་བྱའོ།། འོག་གི་གཞོགས་གཡས་སུ་རྒྱལ་པོ་ཆེན་པོ་པའི་བྱའོ།། གཞོགས་གཡོན་དུ་གཤིན་རྗེ་དང་ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་རྣམས་རང་རང་གི་མཚོན་ཆ་འཛིན་པ་བྱ་སྟེ། ཐམས་ཅད་གླུ་ལེན་བཞིན་པ་བྱའོ།། བཅོམ་ལྡན་འདས་ཀྱི་འོག་ཕྱོགས་ཀྱི་རྫིང་བུའི་གཡས་ལོགས་སུ་རིག་སྔགས་འཆང་པུས་མོ་བཙུགས་པ་བྱ་སྟེ། བདུག་པའི་པོག་བོར་དང་མེ་ཏོག་འཛིན་ཅིང་བགྲང་འཕྲེང་ཐོགས་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ་བྱའོ།། རས་རིས་ཀྱི་ཁོ་ར་ཁོར་ཡུག་ཏུ་རི་བོ་བྲི་བར་བྱ་སྟེ། སྣ་ཚོགས་པའི་མེ་ཏོག་གི་མགོ་སྩོགས་བཀྲམ་ཞིང་། རིན་པོ་ཆེའི་ལྗོན་ཤིང་སྣ་ཚོགས་པས་བརྒྱན་པ། ཆུ་བོ་འབབ་ཅིང་རྗེས་སུ་སྤྱོད་པ། རི་དགས་དང་བྱས་ཡང་དག་པར་བརྒྱན་པ་བྱའོ།། སྣ་ཚོགས་པའི་རིའི་ལྷ་དང་ཤང་ཤང་ཏེའུས་ཀུན་ཏུ་ཁྱབ་པ། རྣམ་པ་སྣ་ཚོགས་པའི་ཆུ་གདེངས་ཀ་དང་མཚུངས་པའི་གནས་སུ་གནས་པར་བྱའོ། ། དེ་ནས་ཡོངས་སུ་སྦྱང་བ་བྱས་ཟིན་པ་དང་། རས་རིས་ལ་ཚོན་སྣ་ཚོགས་པས་བཀྲ་བར་བྱའོ།། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱའོ།། ལེགས་པར་ཁྲུས་བྱ་སྟེ། སྐྱིལ་མོ་ཀྲུང་གིས་འདུག་སྟེ་སྨྲ་བ་བཅད་ལ། དོན་ཡོད་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་དང་། རིག་པའི་རྒྱལ་པོའི་གཟུངས་ལན་བརྒྱ་རྩ་བརྒྱད་དུ་བཟླས་སོ།། དེའི་ཚེ་རས་རིས་འབར་བར་འགྱུར་རོ།། འོད་ཟེར་ཁ་དོག་སྣ་ཚོག་པ་འབྱིན་པར་བྱེད་དེ། ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱེད་དོ།། རིག་སྔགས་འཆང་དགའ་ཞིང་འདོད་པར་འགྱུར་ཏེ། རིག་སྔགས་འཆང་གིས་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་དང་། དོན་ཡོད་ཞགས་པའི་ལྕགས་ཀྱུ་དང་། རིག་པའི་རྒྱལ་པོའི་སྙིང་པོ་འདིའི་དངོས་གྲུབ་ཏུ་ཤེས་པར་བྱའོ། ། དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་འགྲུབ་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རྒྱལ་པོ་འམ། བློན་པོ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། ཁྱིམ་བདག་གམ། བུད་མེད་དམ། སྐྱེས་པ་འམ། ཁྱེའུ་འམ། བུ་མོ་གང་རས་རིས་ཆེན་པོ་འདི་མཐོང་ནས། མཐོང་བ་ཙམ་གྱིས་མོད་ལ་མཚམས་མེད་པ་ལྔའི་སྡིག་པ་རྣམ་པར་སྦྱངས་ཤིང་ཐུན་ཚགས་སུ་འགྱུར་རོ།། མནར་མེད་པའི་སྡིག་པ་དང་སྒྲིབ་པ་རྣམས་འཕྲལ་དུ་ཡོངས་སུ་གྲོལ་ལོ།། བསོད་ནམས་ཀྱི་ཚོགས་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ། ། རིག་པའི་རྒྱལ་པོའི་དཀྱིལ་འཁོར་འདོད་པ་ཐམས་ཅད་དང་། ཡིད་ཀྱི་ཤིང་རྟ་དང་། འདོད་པའི་དངོས་གྲུབ་ཐམས་ཅད་དང་། རིགས་ཐུན་མོང་བ་ལ་འཇུག་པའི་ཐམས་ཅད་དུ་ཐུན་མོང་བའི་དམ་ཚིག་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་དང་། ཐམས་ཅད་དུ་དངོས་གྲུབ་བྱེད་པའི་གནས། རྡོ་རྗེའི་གདན་གྱི་དཀྱིལ་འཁོར་མཆོག་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་བགྲོད་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའི་དཀྱིལ་འཁོར་ཕྱིར་མི་ལྡོག་པར་འཇུག་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གནས་ཐམས་ཅད་དུ་སོན་པའི་དངོས་གྲུབ། ཆོ་ག་ཞིབ་མོའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། ཕྱག་རྒྱ་ཐམས་ཅད་འགུགས་པར་བྱེད་པའི་ཕྱག་རྒྱ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རབ་ཏུ་འཇུག་པར་བྱེད་པ་བཤད་པར་བྱའོ།། དེ་ནས་རིག་སྔགས་འཆང་གི་གནས་ཡོངས་སུ་བརྟགས་ཏེ། སའི་ཆ་མཛེས་པར་གཙུག་ལག་ཁང་ངམ། དགོན་པ་འམ། གནས་ཉིད་དམ། རི་བུག་གམ། ཚང་ཚིང་ངམ། རྒྱལ་པོའི་གནས་སམ། ལམ་གྱི་བཞི་མདོ་འམ། གཞན་ཡང་བྲངས་འམ། དགེ་འདུན་གྱི་ཀུན་དགའ་ར་བ་འམ། སྐྱེད་མོས་ཚལ་ལམ། ནགས་འདབ་ཉིད་དང་། ཀུན་དགའ་ར་བ་འམ། ཆུ་ཀླུང་ངམ། ལྟེང་ཀ་འམ། འབབ་ཆུའི་དངོའམ། མཚོ་ཕྲན་ནམ། མཚེའུ་དག་དང་། རྫིང་བུ་རྣམ་པར་བཀྲ་བ་འམ། དེ་བཞིན་གཤེགས་པའི་ཚོན་ནམ། ནེའུ་གསིང་སྔོན་པོ་འམ། མེ་ཏོག་སྐྱེ་བའི་གནས་སམ། ཐམས་ཅད་དུ་རྗེས་སུ་མཐུན་པར་བརྟག་པར་བྱའོ།། གནས་གཙང་མར་མ་ཉམས་པའི་མོད་ལ་དཀྱིལ་འཁོར་དེར་དགོད་པར་བྱ་སྟེ། ས་དང་བ་བྱུང་དང་ཡང་དག་པར་ལྡན་པའི་དཀྱིལ་འཁོར་གྲུ་བཞི་བྱའོ། ། ཁོར་ཡུག་ཏུ་ཁྲུ་བཞི་པ། ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ། བཻ་ཌཱུཪྻའི་ཁ་དོག་ཏུ་བྱའོ།། དཀྱིལ་འཁོར་ལ་ཚོན་སྣ་ཚོགས་པ་མཛེས་པས་ཕྱེ་བའི་ཐིག་གདབ་སྟེ། ཆ་མཉམ་པར་རྣམ་པར་ཕྱེ་ནས་ཟུར་བཞི་པ། ལོགས་བཞི་པ། སྒོ་བཞི་རྣམ་པར་ཕྱེ་བའི་དཀྱིལ་འཁོར་མཆོག་གི་ཐིག་གདབ་པོ།། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་ཡང་དཀྱིལ་འཁོར་ཁྲུའི་ཚད་ལ་རེ་ཁ་ལྔ་བྱས་པ་སྣ་ཚོགས་པའི་གཟུགས་མཛེས་པས་ཐིག་གདབ་པོ། ། པདྨའི་རི་མོ་དང་། མདུང་རྩེ་གསུམ་དང་། རྡོ་རྗེའི་རི་མོ་གསུམ་པ་དག་གོ།། ཨུཏྤལ་བཞི་པ་འམ། ནོར་བུ་རིན་པོ་ཆེ་ཆེན་པོ་ནི་ལྔ་པར་བཤད་དོ།། སྙིང་པོའི་དཀྱིལ་འཁོར་གྱི་ཁོར་ལུག་ཏུ་འབར་བའི་འབྲེང་བ་བྱེད་དུ་གཞུག་གོ། དབུས་ཀྱི་དཀྱིལ་འཁོར་གྱི་གནས་སུ་པདྨ་དཀར་པོ་ཞེས་བྱ་བ་འདབ་མ་སུམ་ཅུ་རྩ་གཉིས་པ། གེ་སར་དང་ཟེའུ་འབྲུ་དང་བཅས་པའི་པདྨ་བྱ་སྟེ། དེ་ལ་རིག་བའི་ལྷ་མོ་གཟུགས་ཇི་ལྟར་མཛེས་པ་དགོད་པར་བྱའོ། ། ཇི་ལྟར་རས་རིས་འདི་ལ་གཟུགས་མཛེས་པ་དེ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ།། པདྨ་དཀར་པོ་ཞེས་བྱ་བ་དེ་ལྟ་བུ་བྲིས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མཛེས་པ་དང་། ཞི་བ་དང་། ཁྲོ་གཉེར་ཅན་མ། དྲག་པོ་སྣ་ཚོགས་གཟུགས་འཆང་བ། མཚོན་ཆ་སྣ་ཚོགས་ཐོགས་པ། དཀྱིལ་འཁོར་གྱི་ཚད་ཇི་ལྟ་བ་བཞིན་དུའོ།། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གོས་སྣ་ཚོགས་པ་འཆང་བ། སྐྱེས་པ་ལོ་བཅུ་དྲུག་པའི་གཟུགས་དང་། བུད་མེད་ལོ་བཅུ་དྲུག་པའི་གཟུགས་འཛིན་པ་བསྲེས་པ་རྟག་ཏུ་བྲིས་ནས། པདྨའི་གདན་གྱིས་བརྒྱན་ཅིང་། ཐམས་ཅད་པདྨ་འཆང་བ་བྱེད་དུ་བཞུག་གོ། སྙིང་པོའི་དཀྱིལ་འཁོར་གྱི་གྲཝ་བཞིར་རྒྱལ་པོ་ཆེན་པོ་བཞི་བྱེད་དུ་གཞུག་སྟེ། གོ་ཆ་དང་ཡ་ལད་བགོས་པ། དྲག་པོའི་གཟུགས་འཇིགས་པར་བྱེད་པའོ།། ཕྱིའི་དཀྱིལ་འཁོར་རྣམ་པར་ཕྱེ་བ་བྱ་སྟེ། ཁོར་ཡུག་ཏུ་མཚན་མའི་ཕྱག་རྒྱ་ཐམས་ཅད་ལ་པདྨའི་གདན་འཆང་བའོ། ། སྒོ་བཞིའི་གནས་རྣམས་སུ་དཀྱིལ་འཁོར་གྱི་ལྷ་བྱའོ།། གངྒཱ་དང་། ཤཱི་ཏཱ་དང་། འཇིགས་མ་དང་། དཔེ་མེད་མ་དང་། ནོར་བུ་བཟང་པོ་དང་། ཀཱི་ལི་ཀི་ལ་དང་། གཙིགས་ཞལ་མ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་བྲི་བར་བྱའོ། ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རི་བོའི་འཕྲེང་བ་དག་ལ་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་པའི་ལྕུག་མས་ཁྱབ་ཅིང་། ཚོན་སྣ་ཚོགས་པས་རྣམ་པར་འབྱེས་པ་བྲི་བར་བྱའོ།། དཀྱིལ་འཁོར་གྱི་བྱ་བ་ལེགས་པར་མཐར་ཕྱིན་པ་དང་། དེ་ནས་དཀྱིལ་འཁོར་གྱི་རྒྱན་ལ་ཁོ་ར་ཁོར་ཡུག་ཏུ་ཚོན་སྣ་ལྔས་མཛེས་པའི་བ་དན་བརྒྱ་དང་། སྣ་ཚོགས་པའི་གཟུགས་མཛེས་པ་དང་། རྣམ་པར་བཀྲ་བའི་བུམ་པ་གང་བ་དང་། གཏོར་མ་དང་། དྲིལ་བུ་མཛེས་པ་དང་། གང་བའི་བུམ་པ་དང་། བུམ་བུ་དང་། དྲི་སྣ་ཚོགས་ཀྱི་ཆུས་ཡོངས་སུ་གང་བ་དང་། རོ་སྣ་ཚོགས་པའི་གཏོར་མ་བཞག་ནས། ཁམ་པོར་དང་། རིལ་བ་གང་བ་དང་། དྲི་སྣ་ཚོགས་ཀྱི་བྱུགས་པ་དང་། བདུག་པ་སྣ་ཚོགས་པས་མཛེས་པ་དང་། མེ་ཏོག་གི་འཕྲེང་བ་གཅལ་དུ་བཀྲམ་པ་དང་། འབྲས་ཡོས་དང་། ཡུངས་ཀར་ཉིད་དང་། སྣ་ཚོགས་པའི་འབྲས་བུ་རྣམས་དང་། བཟའ་བའི་རྣམ་པ་གཟུགས་སྣ་ཚོགས་པ་བཞག་ནས། འབྲས་བུ་སྣ་ཚོགས་མཛེས་པ་རྣམས་བཞག་སྟེ། ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་། གསེར་དང་དངུལ་ལས་བྱུང་བའི་སྣོད་དྲིས་གང་བ་རྣམས་གཞག་གོ། ཐམས་ཅད་ཇི་ལྟར་འབྱོར་པ་བྱ་སྟེ། དཀྱིལ་འཁོར་གཞལ་དུ་མེད་པ་ལས་དམན་པ་ཉིད་དུ་མི་བྱའི། ལྷག་པ་ཉིད་བྱེད་དུ་གཞུག་གོ།། དཀྱིལ་འཁོར་གྱི་ལས་རྣམས་ཇི་ལྟ་བ་བཞིན་དུ་གུས་པ་དང་། སྟོབས་དང་། བརྩོན་འགྲུས་ཀྱིས་བྱའོ།། རིག་སྔགས་འཆང་གིས་གཙང་མར་གྱུར་ནས། ལེགས་པར་ཁྲུས་བྱས་ཏེ་གོས་གཙང་མ་བགོས་ནས། བསྲུང་བའི་ཆོ་གས་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་དང་། བསྲུང་བ་ཆེན་པོའང་བྱེད་དུ་གཞུག་གོ། ། དེ་ནས་གསང་སྔགས་ཀྱི་ལས་དང་། ཕྱག་རྒྱའི་ལས་བླ་ན་མེད་པ་བྱའོ།། དེ་ནས་སེམས་ཅན་གཞུག་པར་བྱ་སྟེ། དཀྱིལ་འཁོར་གང་འདོད་པར་བཅུག་ནས་ཐམས་ཅད་ཀྱི་དམ་ཚིག་དང་ཕྱག་རྒྱ་སྦྱིན་དུ་གཞུག་གོ། ཕྱག་བྱ་བ་དང་བསྐོར་བ་ལ་ཐམས་ཅད་བཅུག་ནས། སྙན་གསན་དབབ་པ་དང་སྤྱན་དྲང་བར་བྱ། ལས་ཀྱི་ཆོ་གས་གཏོར་མ་སྦྱིན་པར་བྱ། མེ་ཏོག་དང་བཏུག་པ་དབུལ་བར་བྱ། བཟླས་པའི་ལས་རྣམས་དང་། ལས་ཐམས་ཅད་མདོར་བསྐུས་པ་བྱས་ནས་གཤེགས་སུ་གསོལ་བ་འདིར་བྱའོ། ། དཀྱིལ་འཁོར་ན་གནས་པའི་ལྷ་རྣམས་ལ་གཏོར་མའི་ལས་ཀྱི་ཆོ་ག་དང་། དེ་བཞིན་དུ་མེ་ཏོག་དང་བདུག་པ་ཕུལ་ནས་དཀྱིལ་འཁོར་ན་གནས་པ་རྣམས་གཤེགས་སུ་གསོལ་ལོ། ། གང་གི་ཚེ་གསང་སྔགས་རྣམས་དང་། ཆོ་ག་ཞིབ་མོ་ཆེན་པོའི་གཟུངས་རབ་ཏུ་འཇུག་པ་ན་སའི་མཐིལ་དུ་རས་རིས་འབར་བའི་མོད་ལ་འོད་ཟེར་འབྱིན་པར་བྱེད་དེ། དཀྱིལ་འཁོར་མཐོང་ཞིང་རིག་སྔགས་འཆང་ཡང་བར་སྣང་ལ་གནས་སོ། ། དེའི་སྐད་ཅིག་ལ་ཏིང་ངེ་འཛིན་ཐོབ་སྟེ། དཀྱིལ་འཁོར་དུ་ཞུགས་པའི་མོད་ལ་ཆོ་ག་ཞིབ་མོའི་དངོས་གྲུབ་བླ་ན་མེད་པ་དང་། དངོས་གྲུབ་ཐམས་ཅད་རྟག་ཏུ་མྱུར་དུ་འབྱུང་ལ། རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི་དབུས་ནས་ལེགས་སོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། ། རིག་པའི་རྒྱལ་པོའི་དངོས་གྲུབ་བླ་ན་མེད་པ་དང་དོན་ཡོད་ཞགས་པའི་དངོས་གྲུབ་བརྗོད་དོ།། ཇི་ལྟར་ཡིད་ལ་བྱེད་པ་ཐམས་ཅད་མྱུར་དུ་འཛིན་ནོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་སྟེ། འདི་ལ་ཐེ་ཙོམ་མེད་དོ།། སེམས་ཅན་དཀྱིལ་འཁོར་དུ་ཞུགས་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕྱིར་མི་ལྡོག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྔོན་པར་ཡང་འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ།། སེམས་ཅན་གང་དཀྱིལ་འཁོར་དེ་མཐོང་ནས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་ལ་སོགས་པ་རྣམས་དང་། མནར་མེད་པར་གཞོལ་བ་དེ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་། བདེ་བླག་ཏུ་སངས་རྒྱས་ཉིད་དུ་འགྲོའོ།། དེ་ནས་དོན་ཡོད་པའི་ལྕགས་ཀྱུའི་ཆོ་ག་ཞིབ་མོ་ཆེན་པོ་དང་། ཁྲོ་བོ་ལྕགས་ཀྱུ་དང་། རིགས་པའི་རྒྱལ་པོ་དང་། དོན་ཡོད་ཞགས་བའི་སྙིང་པོའི་དཀྱིལ་འཁོར་ཆེན་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཐུན་མོང་བའི་ཕྱག་རྒྱ་དགེ་བའི་ལས་ཐམས་ཅད་བྱེད་པ། འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་པ། གནོད་སྦྱིན་དང་སྲིན་པོ་ཐམས་ཅད་འབྲོས་པར་བྱེད་བ་བགེགས་ཐམས་ཅད་རྣམ་པར་སྐྲག་པར་བྱེད་པ། འདོད་པའི་རིས་རྣམས་སྲེག་པར་བྱེད་པ། གདུག་པའི་ཀླུ་རྣམས་འཁྲུག་པར་བྱེད་པ། སའི་མཐིལ་གཡོ་བར་བྱེད་པ། ལྷའི་མེ་ཏོག་དང་རིན་པོ་ཆེ་སྣ། ཚོགས་ཀྱིས་མཛེས་པ་དང་། ལྷའི་གོས་དང་ལྷབ་ལྷུབ་ཀྱི་ཆར་འབེབ་པར་བྱེད་པ། དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཡང་དག་པར་སྐུལ་བར་བྱེད་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙན་གསན་འབེབས་པར་བྱེད་པ། སུམ་ཅུ་རྩ་གསུམ་གྱི་གནས་ན་གནས་པའི་ལྷ་ཐམས་ཅད་སྤྱན་འདྲེན་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་འབྱིན་པར་བྱེད་པ། རིག་པའི་རྒྱལ་པོ་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཐང་འགུགས་པར་བྱེད་པ། བདེ་བ་ཐམས་ཅད་དང་ཕྱིར་མི་ལྡོག་པའི་གནས་ཐོབ་པར་བྱེད་པ། བླ་ན་མེད་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱེད་པ། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ། ཆོས་ཀྱི་སྒྲོན་མེ་འབར་བར་བྱེད་པ། ཆོས་ཀྱི་དུང་འབུད་པར་བྱེད་པ། ཕྱག་རྒྱ་དང་ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད་པ། ཆོ་ག་ཞིབ་མོ་དང་གསང་སྔགས་བླ་ན་མེད་པ་ཐམས་ཅད་གྲུབ་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཕྱག་རྒྱ་དང་མཆོག་ཐམས་ཅད་སྦྱིན་པར་བྱེད་པ། གསང་སྔགས་ཐམས་ཅད་འཆང་བ། གཟུངས་རྣམས་ཀྱི་ཁྱད་པར་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་གསང་བའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། གང་གིས་རྣམ་པར་སྣང་མཛད་དང་ཐུབ་པ་བརྒྱད་པའི་དམ་ཚིག་གི་གནས་ཐམས་ཅད་ལ་གནས་པ། སྡིག་པ་ཐམས་ཅད་ཉམས་པར་བྱེད་པ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ། ཀུན་ནས་ཉོན་མོངས་པ་རྣམས་སྲེག་པར་བྱེད་པ། རྟག་ཏུ་འཁོར་བ་ལས་འདོན་པར་བྱེད་པ། བདུད་དང་མ་རུང་བ་རྣམས་སྒྲོལ་བ་པོ། རྟག་ཏུ་ཆོས་ཀྱི་ཟམ་སྟེགས་མཆོག། རྒ་བ་དང་། སྐྱེ་བ་དང་། འཆི་བ་ལས་གྲོལ་བར་བྱེད་པ། སྲིད་པ་མི་བཟད་པ་སྟོན་པར་ནུས་པ། ཚུལ་ཁྲིམས་དང་། གཏོང་བ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཏིང་ངེ་འཛིན་རྣམས་ཀྱི་དྲི་ཞིམ་པོ་སྦྱིན་ཞིང་སྲུང་བར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ། སྦྱིན་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོ་རྟག་ཏུ་སྦྱིན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་ཐམས་ཅད་ལ་མཆོད་པར་བྱེད་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བྱིན་གྱིས་རློབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པར་བྱེད་པ། གཟུགས་སྣ་ཚོགས་དང་རྫུ་འཕྲུལ་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པ་མཐོང་བར་བྱེད་པ། རྫུ་འཕྲུལ་ཡོངས་སུ་རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་རབ་ཏུ་སྟོན་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་འདི་ལ་གནས་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ། མ་རུངས་པ་ཐམས་ཅད་དང་། གདོན་དང་ནད་ཐམས་ཅད་རྟག་ཏུ་རྣམ་པར་འཇིག་པར་བྱེད་པ། ཕྱིར་རྒོལ་བ་དང་། དགྲ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཟློག་པར་བྱེད་པ་སྒྲུབ་པར་བྱེད་པའོ། ། འཇིག་པ་རྣམས་ཐམས་ཅད་དང་། འཇིགས་པ་མི་བཟད་པ་བརྒྱད་པོ་རྣམས་ཀྱིས་འཇིགས་པ་མེད་པའོ།། དུག་དང་། བྱང་སྙེམས་དང་། ཕྱེ་མའི་སྦྱོར་བ་ཐམས་ཅད་ཉམས་པར་བྱེད་པར་ཐེ་ཙོམ་མེད་པ་ཞེས་བྱ་བ་བཤད་པར་བྱའོ། ། ལག་པ་གཉིས་བཟློག་ནས་ལག་པ་གཉིས་ཀྱི་མཐེ་བོའི་སོར་མོ་དང་སྡིགས་མཛུབ་ཉིད་བསྐུམས་ལ། སོར་མོ་གསུམ་བརྐྱང་ལ་སྙིང་ཁའི་གནས་སུ་གཞག་པར་བྱ་སྟེ། འདི་ནི་དོན་ཡོད་པའི་ལྕགས་ཀྱུའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་དང་མཉམ་པར་མཆོག་སྦྱིན་པ་སྟེ། ཕྱག་རྒྱ་བརྒྱ་སྟོང་ཕྲག་བྱེ་བ་གཉིས་ཙམ་དུ་བཅིངས་པར་འགྱུར་རོ།། གཞན་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང་། པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་གང་ཡིན་པ་དང་། ནོར་བུའི་རིགས་ཀྱི་ཕྱག་རྒྱ་གང་ཡིན་པས་ཏེ། ཕྱག་རྒྱ་སོ་སོ་སོ་སོ་བ་འདི་རྣམས་ཐམས་ཅད་ཕྱག་རྒྱ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་སུ་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བྱེད་དོ།། ཕྱག་རྒྱ་འདི་ནི་ཡིད་བཞིན་གྱི་ནོར་བུའི་མཆོག་སྦྱིན་པ་པོ་འཇིག་རྟེན་དབང་ཕྱུག་མགོན་པོ་དོན་ཡོད་པའི་སྙིང་པོའོ།། ཤིན་ཏུ་གསང་བའི་ལས་ཐམས་ཅད་དུ་དོན་ཡོད་པའོ། ། དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པ་དང་། རིགས་ཐུན་མོང་བའི་གསང་བ་དང་། དམ་ཚིག་ཐམས་ཅད་དུ་མཐོང་བའོ།། ཕྱག་རྒྱ་འདིས་ད་ལྟར་བའི་འདོད་པ་ཐམས་ཅད་དང་ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་འགྱུར་བའོ། ། མཆོག་ཐམས་ཅད་སྦྱིན་པར་འགྱུར་བའོ།། ཕྱག་རྒྱ་འདི་ཉིད་ཀྱིས་གུང་མོའི་སོར་མོས་མཐེ་བོང་གི་སོར་མོ་བསྐུམས་ལ་སྡིགས་མཛུབ་ཀྱིས་བསྡིགས་པར་བྱ། མིང་མེད་དང་མཐེའུ་ཆུང་དག་གཅིག་ཏུ་བརྐྱང་ལ། སེན་མོས་སེན་མོ་མཉམ་པར་བཞག་ནས་སྙིང་ཁའི་གནས་སུ་གཞག་སྟེ། ཁྲོ་བོའི་བལྟ་བ་དང་མཚུངས་པར་བཞག་པས་ཧཱུཾ་ཡིག་གིས་བཙིར་བར་བྱའོ།། འདི་ནི་ཁྲོ་བོ་ལྕགས་ཀྱུའི་ཕྱག་རྒྱ་ཁྲོ་བོ་ཐམས་ཅད་ཀྱི་མཆོག་དང་གཙོ་བོར་བརྗོད་པར་བྱ་སྟེ། རིག་བྱ་བ་བརྒྱ་སྟོང་ཕྲག་རྣམས་ཀྱི་ཐུན་མོང་པའི་ཕྱག་རྒྱ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་རོ།། ཕྱག་རྒྱ་འཛིན་པ་ཙམ་གྱིས་ཁྲོ་བོའི་ཕྱག་རྒྱ་དང་དེ་བཞིན་གཤེགས་པའི་རིགས་སུ་བརྗོད་པ་དང་། དེ་བཞིན་དུ་པདྨའི་རིགས་གང་ཡིན་པ་དང་། རྡོ་རྗེའི་རིགས་སུ་བརྗོད་པ་གང་ཡིན་པ་དང་། ཁྲོ་བོའི་རྡོ་རྗེ་དྲག་པོས་འཇིགས་པར་བྱེད་དོ།། ཁྲོ་བོའི་རྒྱལ་པོ་འདི་ནི་ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོར་བརྗོད་པར་བྱ་སྟེ། ནོར་བུའི་རིགས་གང་ཡིན་པའི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་རྣམས་གདུག་པ་རྣམས་འཇིགས་པ་སྦྱིན་པའོ།། ཐམས་ཅད་དུ་ཕྱག་རྒྱའི་གཙོ་བོ་ཞེས་བྱ་བ། ཁྲོ་བོའི་རྒྱལ་པོ་བླ་ན་མེད་པའོ།། དེ་བཞིན་དུ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་འདི་འཆིང་བཞིན་པ། རི་རབ་ལྷུན་པོ་བརྒྱ་སྟོང་ཕྲག་དང་རྒྱ་མཚོའང་སྐམས་པར་བྱེད་དོ།། རི་རབ་ལྷུན་པོའི་རི་ནི་རྡུལ་ཕྲ་རབ་ཇི་ལྟ་བར་རྣམ་པར་འཐོར་བར་བྱེད་དོ།། རྒྱ་མཚོ་ཐམས་ཅད་ཀྱང་སྐམ་པར་བྱེད་དོ། ། རི་དང་རི་བོའང་ཉམས་པར་བྱེད་དོ།། ལྷ་མ་ཡིན་མ་རུངས་པ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། དེའི་གནས་ཀྱི་ཀླུ་མ་རུངས་པ་རྣམས་སྲེག་པར་བྱེད་དོ།། དེ་བཞིན་དུ་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། གདོན་མ་རུངས་པ་དང་། བགེགས་བྱེད་པའི་ལྷ་མ་རུངས་པ་གང་ཡིན་པ་དང་། བདུད་ཀྱི་རིགས་རྣམས་གཅིག་ཏུ་འབར་བར་འགྱུར་ལ། ཕྱག་རྒྱ་འཛིན་པ་ཙམ་གྱིས་དེ་རྣམས་ཐམས་ཅད་རྟག་ཏུ་ཉམས་པར་བྱེད་ཅིང་། སྐད་ཅིག་དེ་ལ་འཇིག་པར་བྱེད་དོ།། ཕྱག་རྒྱ་འཛིན་པ་ཙམ་གྱིས་ཕྱིར་རྒོལ་བ་དང་། དགྲ་དང་། དེ་བཞིན་དུ་མ་རུངས་པའི་སེམས་ཅན་འཇིགས་པར་བྱེད་པ་དེ་རྣམས་ཐམས་ཅད་སྐྱབས་སུ་འགྲོ་བར་བྱེད་དོ།། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ཐམས་ཅད་དུ་བྱ་བ་ཐམས་ཅད་འགྲུབ་པར་བྱེད་དོ།། ཐམས་ཅད་འགྲུབ་པ་དོན་ཡོད་ཅིང་དགེ་བ་ཐམས་ཅད་འགྲུབ་པར་བྱེད་དོ།། ཕྱག་རྒྱ་འདི་ཉིད་ལས་སྡིགས་མཛུབ་གཉིས་རྡོ་རྗེའི་རྣམ་པར་བསྐུམས་ལ། གུང་མོ་ཡིད་ཙམ་བསྐུམས་ཏེ། མིང་མེད་དང་མཐེ་བོང་གིས་སོར་མོའི་སེན་མོས་སེན་མོ་མཉམ་པར་བཞག་སྟེ། མཐེའུ་ཆུང་བརྒྱད་དུ་སྙིང་པའི་གནས་སུ་བཞག་པ་འདི་ནི་རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་དོན་ཡོད་པའི་ཕྱག་རྒྱ་རྨད་དུ་བྱུང་བ་ཆེན་པོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་རིགས་ཐུན་མོང་བའི་ཕྱག་རྒྱ་རིག་པའི་རྒྱལ་པོ་ཐམས་ཅད་ཀྱི་བླ་ན་མེད་པ། འཇིག་རྟེན་གྱི་ཁམས་མགོན་པོས་སྙན་པར་བརྗོད་ཅིང་ལུང་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཞེས་བརྗོད་པ། དེ་བཞིན་དུ་པདྨའི་རིགས་ཀྱི་གཙོ་བོ་དང་། རྡོ་རྗེའི་རིགས་ཀྱི་གཙོ་བོ་ཞེས་བརྗོད་པ་དང་། དེ་བཞིན་དུ་ནོར་བུའི་རིགས་ཀྱི་གཙོ་བོ་དང་། རིག་པའི་རྒྱལ་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ཐམས་ཅད་དུ་གཙོ་བོ་སྟེ། གང་གིས་ཕྱག་རྒྱ་འདི་འཆིང་བ་དེ་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་གི་ཕྱག་རྒྱ་རྣམས་ཇི་ལྟ་བ་བཞིན་དུ་བཅིངས་པར་འགྱུར་རོ། ། སྡིག་པ་དང་། ཉོན་མོངས་པ་མི་བཟད་པ་དང་། གདུག་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ།། བསོད་ནམས་ཀྱི་ཕུང་པོ་བརྒྱ་སྟོང་ཕྲག་བསྐྱེད་པར་འགྱུར་རོ། ། དགེ་བའི་རྩ་བ་རྣམས་ཀུན་ནས་བསྐྱེད་པར་འགྱུར་རོ།། ཕྱག་རྒྱ་འཛིན་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གཟིགས་པར་བྱེད་ཅིང་དགོངས་པར་བྱེད་དེ་ཐེ་ཙོམ་མེད་དོ། ། བྱང་ཆུབ་སེམས་དཔས་ཐམས་ཅད་དུ་མཆོག་སྦྱིན་པར་འགྱུར་རོ།། ལྷ་རྣམས་ཀྱིས་རྟག་པར་རྒྱུན་དུ་སྲུང་བར་བྱེད་དོ།། ཕྱག་རྒྱ་འདིའི་ཕན་ཡོན་སྔར་བརྗོད་པས་གཞལ་དུ་མེད་ཅིང་གྲངས་མེད་ལ་ཚད་མེད་པར་རབ་ཏུ་བསྒྲགས་ཤིང་ཐེ་ཙོམ་མེད་དོ། ། ཕྱག་རྒྱ་འདི་མཐོང་བ་དང་བཅིངས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་སྐྱེད་དོ།། ལག་པ་གཡས་པའི་མཐིལ་དུ་གཅིག་བརྐྱང་ལ་དཔུང་པ་བསྐུམས་ཏེ། མིང་མེད་དང་མཐེ་བོང་གི་སོར་མོ་འདུད་ལ་མཐེའུ་ཆུང་བསྐུམ་པར་བྱའོ། ། མིང་མེད་ཀྱི་མཐར་རེག་ལ། གུང་མོ་བསྐུམ་ལ་སྡིགས་མཛུབ་རབ་ཏུ་བརྐྱང་སྟེ། སྙིང་ལའི་གནས་སུ་འདི་གཡོ་བ་ཙམ་མོ།། མེ་ཏོག་གམ། དྲི་དང་། བདུག་པ་དང་། འཕྲེང་བ་དང་། བྱུག་པ་དང་། གོས་དང་། རྒྱན་དང་། སྡུད་པ་རྣམས་ཀྱང་ལག་པ་གཡོན་དུ་བཟུང་ནས་དབུལ་བར་བྱ་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་རྣམས་དང་། དེ་བཞིན་དུ་རིག་པའི་རྒྱལ་པོ་རྣམས་དང་། དེ་བཞིན་དུ་དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་དེ་རྣམས་ཐམས་ཅད་མཆོད་པར་འགྱུར་རོ།། ལྷ་རྫས་ཀྱི་མཆོད་པ་བླ་ན་མེད་པ་དང་། མཆོག་དང་། རབ་མཆོག་དང་། གྱ་ནོམ་པའི་མཆོད་པ་འདི་རྣམས་བྱེད་དེ། རོ་སྣ་ཚོགས་པའི་བཟའ་བ་རྣམས་དང་། རོ་བརྒྱ་པའི་འབྲས་བུ་རྣམ་པ་སྣ་ཚོགས་པ་དང་། བཏུང་བ་རྣམ་པ་སྣ་ཚོགས་པ་བདུད་རྩི་བཅུད་ཀྱིས་ལེན་གྱི་མཆོད་པ་འདི་རྣམས་བྱེད་དོ།། ཕྱོགས་བཅུ་རྣམས་སུ་ཀུན་ནས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབྱུང་ངོ་། ། གསེར་དང་དངུལ་གྱི་མེ་ཏོག་བླ་ན་མེད་པ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བ་ཉི་མ་དང་གཟི་བརྗིད་མཚུངས་པས་འབར་བར་བྱེད་དོ།། ཕྱག་རྒྱ་འཛིན་པ་ཙམ་གྱིས་དོན་ཡོད་པ་མཆོད་བའི་ནོར་བུ་ཞེས་བྱ་བ་འདི་ཡིད་བཞིན་གྱི་ནོར་བུ་སྟེ། རྟག་ཏུ་ཕྱག་རྒྱའི་གསང་བ་དང་གསང་སྔགས་རྣམས་ཡིད་ཀྱིས་བསམས་པས་དེ་རྣམས་ཐམས་ཅད་འབྱུང་བར་འགྱུར་རོ།། དཔག་བསམ་གྱི་ཤིང་དང་མཉམ་ཞིང་མཚུངས་བར་ཇི་ལྟར་ཡིད་ལ་བསམ་པ་བཞིན་དུ་མཆོད་པ་ཐམས་ཅད་བྱེད་དེ། སངས་རྒྱས་ཀྱི་ཞིང་གདྷཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་སྟོང་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེའི་དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་ཕྱག་རྒྱ་འདིའི་མཐུས་བླ་ན་མེད་པའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱེད་དོ། ། དེའི་ཕྱིར་ཕྱག་རྒྱ་འདི་རྟག་ཏུ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། ཕྱག་རྒྱ་བཟུང་བཞིན་པ་ནི་མཆོད་པ་བླ་ན་མེད་པ་དང་ཚེགས་ཆུང་ངུས་མཆོད་པ་ཆུང་ངུའང་ཚད་མེད་པར་རབ་ཏུ་འགྱུར་རོ། ། སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་པ་བྱེད་དོ།། རི་རབ་ལྷུན་པོ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་དང་། རིན་པོ་ཆེ་སྣ་བདུན་གྱི་ཕུང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀང་སྟེ། དེ་བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་དེ་བཞིན་དུ། ཕྱག་རྒྱ་འཛིན་བཞིན་པས་དེ་བཞིན་གཤེགས་པ་རེ་རེ་ལ་དེ་ལྟ་བུའི་མཆོད་པའི་ཆོ་ག་བྱེད་དོ། ། དེ་ལྟ་བུའི་ཕྱག་རྒྱའི་ཆོ་གའི་རྣམ་པར་འཕྲུལ་པ་ནི་འདྲེན་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པའོ།། ཕྱག་རྒྱ་འདི་ཉིད་ལས་སྡིགས་མཛུབ་གུང་མོ་ལ་རེག་པ་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། མཚམས་བཅིང་བ་དང་། སྤྱན་དྲངས་པ་དང་། དམ་ཚིག་ལ་འཇུག་པ་དང་། སྐོར་བ་བྱེད་པ་དང་། མེ་ཏོག་དང་། བདུག་པ་དང་། དེ་བཞིན་དུ་དྲི་དང་། མར་མེ་དང་། འཕྲེང་བ་དང་། བྱུག་པ་དང་། གཏོར་མ་འབུལ་བར་བྱེད་བ་དང་། དེ་བཞིན་དུ་ཁྲུས་དང་། ཉེ་རིག་ཅིད་དང་། གོས་བགོ་བ་དང་། གཙུག་ཏོར་བཅིང་བ་དང་། སྲུང་བ་དང་། གཞན་སྲུང་བ་དང་། དེ་བཞིན་ཅིང་དུ་གྲོགས་སྲུང་བ་དང་། དཟླས་བཞིན་པ་དང་། མཉམ་པ་ཉིད་དང་། སྐྱིལ་མ་ཀྲུང་བཅིང་བ་དང་། སྦྱིན་སྲེག་གི་ལས་དང་། གཞན་སྤྱན་དྲང་བ་ཉིད་དང་། གསང་སྔགས་སྤྱན་དྲང་བ་ཉིད་དང་། དངོས་བྱུ་སྒྲུབ་པ་ཉིད་པ་ཐམས་ཅད་ནས་ཐམས་ཅད་དུ་བྱ་བ་ཐམས་ཅད་ཕྱག་རྒྱ་འདིས་བྱེད་དེ།། གནས་ཐམས་ཅད་དུ་སོང་བ་དང་། གནས་གྲུབ་པ་དང་། བྱ་བ་ཐམས་ཅད་ལེགས་པར་བསྔགས་པ་དང་། ཐམས་ཅད་དུ་མཆོག་གི་ཕྱག་རྒྱ་དོན་ཡོད་པའི་ལས་རབ་ཏུ་གྲུབ་པ་དང་། ཡོན་ཏན་ཐམས་ཅད་སྐྱེད་པ་དང་། ཐམས་ཅད་དུ་རིགས་ཐུན་མོང་བའི་དཀྱིལ་འཁོར་དུ་དོན་ཡོད་བ་སྒྲུབ་པ་པོའི་ཕྱག་རྒྱ་དོན་ཡོད་པའི་ཆོ་ག་ཞིབ་མོ་སྒྲུབ་པར་བྱེད་པའོ། ། དོན་ཡོད་པའི་ལས་ཞེས་བྱ་བའི་ཕྱག་རྒྱ་འདི་དོན་ཡོད་པའི་མཆོག་སྦྱིན་པ་ཞེས་བརྗོད་པར་བྱའོ།། ཕྱག་རྒྱ་ཆེན་པོ་ལྔ་པོ་འདི་རྣམས་རྨང་དུ་བྱུང་བའི་དེ་ཁོ་ན་ཉིད་མཐོང་བ་དང་། དོན་ཡོད་པ་ཐོས་པ་ཉིད་དང་། དོན་ཡོད་པའི་འབྲས་བུ་མཐོང་བ་དང་། དོན་ཡོད་པའི་བསོད་ནམས་བསགས་པའི་དེ་ཁོ་ན་ཉིད་དང་། དོན་ཡོད་པར་སྡིག་པ་ཉམས་པ་དང་། སྒྲིབ་པ་ཐམས་ཅད་ཟད་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པའི་ཕྱག་རྒྱ་དང་། དོན་ཡོད་པར་སངས་རྒྱས་རྣམས་མཐོང་བ་དང་། དོན་ཡོད་པར་སངས་རྒྱས་ཀྱི་ཞིང་མཐོང་བ་དང་། དོན་ཡོད་པར་ཚེ་འཕེལ་བར་བྱེད་པའི་ཕྱག་རྒྱ་དང་། དོན་ཡོད་པར་དངོས་གྲུབ་ཀྱི་མཆོག་སྦྱིན་པར་བྱེད་པ་མཆོག་ཏུ་གྱུར་པའོ། ། སྙིང་པོ་དང་ཕྱག་རྒྱ་འདི་འཇིག་རྟེན་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བསྒྲགས་པའོ།། རིག་སྔགས་འཆང་རྣམས་ཀྱིས་ཁྱད་པར་དུ་ཉིན་མཚན་དུ་དང་། ཐུན་མཚམས་སུ་རང་ཕྱག་རྒྱ་འདི་འཆིང་ན་བཀྲ་ཤིས་པའི་མཆོག་དང་། བསོད་ནམས་དང་། དག་པ་དང་། སྡིག་པ་ཉམས་པ་དང་། དོན་ཡོད་པའི་དངོས་གྲུབ་དམ་པར་གྱུར་པའི་མཆོག་སྦྱིན་པར་བྱེད་དོ།། འདི་ནི་ཐར་པ་མཆོག་གི་གནས་མྱ་ངན་ལས་འདས་པ་མཆོག་ཏུ་དགེ་བའོ། ། ཕྱག་རྒྱའི་གསང་སྔགས་རྣམས་སུ་འགྱུར་ཏེ། ཨོཾ་ཨ་མོ་གྷཾ་ཀུ་ཤ་ཛྭ་ལཱཾ་ཧཱུཾ། ཨོཾ་ཨ་མོ་གྷ་ཀྲོ་དྷ་དཾཥྚེ་ཧཱུཾ། ཨོཾ་བིདྱཱ་རཱ་ཛ་པདྨེ་ཛྭ་ལ་ཧཱུཾ། ཨོཾ་ཨ་མོ་གྷ་བི་བི་དྷ་ཨ་མོ་གྷ་ཙིནྟཱ་མ་ཎི་པ་བརྡྷ་ཡ་ཧཱུཾ། ཨོཾ་ཨ་མོ་གྷ་སརྦ་ཏྲ་སཱ་དྷ་ཡ་ཤི་བེ་ཧཱུ~ཾ། ཕྱག་རྒྱ་འཛིན་པའི་སྔགས་སོ།། དེ་ནས་དགེ་བའི་ལས་ཐམས་ཅད་བྱེད་པའི་གསང་སྔགས་ཐམས་ཅད་དུ་སྒྲུབ་པའི་ཐབས་ཀྱིས་དེ་ཁོ་ན་ཉིད་ཀྱི་གནས་ཐམས་ཅད་ལ་འཇུག་པར་བྱེད་པ་བཤད་པར་བྱ་སྟེ། ཨོཾ་ཨ་མོ་གྷ་མཎྜ་ལེ་ཧཱུཾ། དཀྱིལ་འཁོར་བཅིང་བའོ།། ཨོཾ་ས་མ་མནྟ་ཤུ་བྷི་པྲྀ་ཐི་བཱི་ས་ཧཱ་ཧཱུཾ། ས་ཡོངས་སུ་སྦྱོང་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་པ་རི་ཤོ་དྷ་ནི་ཧཱུཾ། དཀྱིལ་འཁོར་ཡོང་སུ་སྦྱོང་བའི་སྔགས་སོ། ། ཨོཾ་ཨ་མོ་གྷོ་པྲྀ་ཐི་བཱི་ས་ར་སྠ་ལེ་ཧཱུཾ། ས་དང་བ་བྱུང་གི་སྔགས་སོ།། ཨོཾ་ཨ་མོ་གྷ་ཛ་ལཿཤྲ་བ་ཎ་ཧཱུཾ། ཆུའི་སྔགས་སོ།། ཨོཾ་ཨ་མོ་གྷ་ཨ་མྲྀ་ཏ་བ་རེ་སྭཱཧཱ། དབང་བསྐུར་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་བི་བྷཀྟ་བཱ་བ་ན་བ་རེ་ཧཱུཾ། ཐིག་རྣམ་པར་དབྱེ་བའི་སྔགས་སོ།། ཨོཾ་ནཱ་ནཱ་རཏྣ་བ་རེ་ཛྭ་ཡ་ཧཱུཾ། ཚོན་རྩིའི་རི་མོའི་སྔགས་སོ།། ཨོཾ་ཛྭ་ལ་བི་མ་ལེ་ཨ་མོ་གྷ་ཤུདྡྷེ་ཧཱུཾ། ཁྲུས་ཀྱི་སྔགས་སོ།། ཨོཾ་སིདྡྷི་ཛ་ལེ་ཨ་མོ་གྷ་བུདྡྷི་ཧཱུཾ། ཉེ་རེག་གི་སྔགས་སོ།། ཨོཾ་ཨ་མོ་གྷ་བསྟེ་ཙྪད་ཧཱུཾ། གོས་བགོ་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་མ་ཎི་ཧཱུཾ། གཙུག་ཏོར་བཅིང་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་རཀྵ་ཎི་བ་རད་ཧཱུཾ། བདག་སྲུང་བའི་སྔགས་སོ།། ཨོཾ་སཏྭ་ར~ཾ་ཎི་ཨ་མོ་གྷ་ད~ཾཥྚོ་ཙྪ། ཐམས་ཅད་དུ་གཞན་སྲུང་ཞིང་བདེ་བའི་ཆེད་དུ་སྲུང་བའི་སྔགས་སོ།། ཨོཾ་ཨ་མོ་གྷ་པྲ་བི་ཤ་བྷུ་བ་ནེ་ཧཱུཾ། གནས་སུ་འཇུག་པའི་སྔགས་སོ།། ཨོཾ་ན་མོ་ཨ་མོ་གྷ་བ་ཏི་ནྟུ། ཕྱག་བྱེད་པའི་སྔགས་སོ།། མྲྀ་ཨ་མོ་གྷ་ཙཀྲེ་ཧཱུཾ། བསྐོར་བའི་སྔགས་སོ།། ཨོཾ་ས་མ་ཡ་སིདྡྷི་ཨ་མོ་གྷ་བ་ཏི་ཧཱུཾ། དམ་ཚིག་གི་སྔགས་སོ།། ཨོཾ་ཨ་མོ་གྷ་པུཥྤེ་པྲ་བ་ཙ་གནྡྷི་ཛི་ས་སྭཱཧཱ། མེ་ཏོག་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་བདུག་པའི་སྔགས་སོ། ། ཨོཾ་ཨ་མོ་གྷ་ས་ར་སཾ་པཱུ་ར་ཎི་ར་ས་ར་ས་པྲ་བ་ཏི་ཧཱུཾ། ཐམས་ཅད་དུ་གཏོར་མའི་སྔགས་སོ།། ཨོཾ་ཨ་མོ་གྷ་ཏུ་ཊི་སྭཱཧཱ། མར་མེའི་སྔགས་སོ།། ཨོཾ་ཨ་མོ་གྷ་བ་ཏི་ཙ་ར་བི་ཙ་ར་སནྣ་ར་སྭཱཧཱ། ཐམས་ཅད་དུ་གནས་པ་དང་། གནས་ཐམས་ཅད་དུ་སོང་བ་ན་རིག་པའི་རྒྱལ་པོས་བྱའོ།། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པར་རིག་པའི་གསང་སྔགས་སྦྱར་བར་བྱའོ།། གཤེགས་སུ་གསོལ་བ་ཉིད་ཀྱང་སྔགས་འདིས་བྱའོ། ། ལས་ཤིན་ཏུ་རྒྱས་པ་གཞན་ཐམས་ཅད་ནི་རིག་པའི་རྒྱལ་པོས་བྱའོ།། ལེགས་པར་བྱས་པའི་ལས་དང་། བྱ་བ་རྣམས་དང་། བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པ་གཞན་རྣམས་ནི་དོན་ཡོད་པའི་ལྕགས་ཀྱུ་དང་། ཁྲོ་བོ་ལྕགས་ཀྱུ་དང་། རིག་པའི་རྒྱལ་པོའི་གསང་སྔགས་ཆེན་པོ་དང་། དཔའ་བོ་གཅིག་པའི་གསང་སྔགས་འདི་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་རང་གིས་ལས་རྣམ་བྱའོ། ། རྩ་བའི་རིག་པ་འདི་ཉིད་ཀྱིས་ལས་ཐམས་ཅད་བྱའོ།། དེ་ལས་ཕྱི་རོལ་དུ་གྱུར་པའི་རིག་པ་གཞན་ནི་མེད་དོ།། རིག་པ་འདི་ནི་བཀླགས་པས་གྲུབ་པའོ།། དེ་ནས་དེ་ལ་ཡངས་ཤིང་རྒྱ་ཆེ་བའི་བརྩོན་པ་བྱ་སྟེ། འབྱོར་པ་ཇི་ལྟ་བ་དང་། ཚད་ཇི་ལྟ་བ་དང་། ཇི་ལྟར་གསལ་བ་རྣམས་འབྱོར་པ་དང་བཅས་ཤིང་ཡོངས་སུ་རྫོགས་པ་དང་། ཤིན་ཏུ་གསལ་བར་བྱ་བ་རྣམས་བྱའོ།། གཙང་མ་གཙང་མས་ཁྲུས་བྱས་། གོས་གཙང་མ་བགོ་བར་བྱ། དད་པ་དང་། གུས་པ་དང་། མཆོག་ཏུ་དང་བ་བསྐྱེད་པར་བྱ། བདེན་པར་སྨྲ་བར་བྱ། བདེན་པ་ཕྱི་རོལ་དུ་འབྱུང་བར་བྱ། བདེན་པར་སྤྲོ་བ་དང་བརྩོན་བས་འབྱུང་བར་བྱ། ལྐོག་ཏུ་སྨྲ་བ་དང་། ཕྲ་མ་དང་། སེར་སྣ་མེད་པར་འགྱུར་བར་བྱ། ལག་ཡངས་པར་བྱ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་དང་། བཀླགས་པས་གྲུབ་པའི་རིག་པ་འདི་སྒྲུབ་པར་བྱེད་པར་འགྱུར་བར་བྱ། སེམས་ཅན་ཐམས་ཅད་ལ་བརྩེ་བ་མཆོག་ཏུ་བྱ། བྲི་བར་བྱ། འདྲིར་གཞུག་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱ། མཆོད་པར་བྱ། རི་མོར་བྱ། ཀུན་ནུབ་པར་བྱ། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདི་གསུངས་པ་དང་། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་ཡང་དག་པར་རྨད་དུ་བྱུང་བ་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་ཐུན་མོང་གི་གསང་བ། དཀྱིལ་འཁོར་རིམ་པར་ཕྱེ་བ་ཐམས་ཅད་ཀྱི་གསང་བ། ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་ཀྱི་གསང་བའི་ཆོག་ཞིབ་མོ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། ། དེ་ནས་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། གྷོ་9་ཆེན་པོ་དང་། མི་གང་ཡིན་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་བཅས་པ་ག་ལེ་བ་དང་། དེ་བཞིན་གཤེགས་པ་མངོན་སུམ་དུ་གྱུར་པ་ག་ལ་བ་དེར་སོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་སོང་སྟེ། ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་བདག་གིས་གཟུང་བར་བགྱིའོ།། དོན་ཡོད་པའི་ལྕགས་ཀྱུ་ཆོ་ག་ཞིབ་མོའི་རྒྱལ་པོའི་ཡང་ལྷག་པའི་རྒྱལ་པོ། ཆོ་ག་ཞིབ་མོ་འདི་ཡོངས་སུ་སྲུང་བའི་དོན་དང་། མི་ནུབ་ཅིང་རྒྱས་པར་འགྱུར་རོ།། ཆོ་ག་ཞིབ་མོའི་རྒྱལ་པོ་ཇི་ལྟར་རྙེད་པ་དེ་བཞིན་བྲིས་པ་འདི་ཡོངས་སུ་རྫོགས་སོ།། ། འདི་ནི་སྔོན་གྱི་ལོ་ཙ་བ་མཁས་པ་བཞི་ཙམ་གྱིས་བགོས་ནས་བསྒྱུར་བ་ལ།

CLOSE WINDOW