| Wylie | e-texts based on the ACIP/ALL Input |
།ོཾ་བྷྲིཾ་སྭཱཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཀལ་པོ་ཀྷཾ་ཏཱ་རོང་བྷ་བ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་རྟོགས་པ་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ཕྱག
འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་ཡིད་དང་འཐུན་པའི་གནས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། །བཅོམ་ལྡན་འདས་མའི་བྲིས་སྐུ་ལ་སོགས་པ་བཀྲམ་སྟེ། །ཕྱིའི་མཆོད་པ་རྣམས་བྱས་ནས་རང་གི་སྙིང་ཁར་དྲི་མ་མེད
པའི་ཟླ་བ་ཡོངས་སུ་གང་བའི་རྣམ་པ་ལ་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བ་ཡིད་ཀྱིས་རྣམ་པར་བསམས་ནས་དེའི་སྟེང་དུ་ས་བོན་དགོད་པར་བྱའོ། །དྲོ་བ་རྣམས་ཀྱི་བཞི་པ་ནི། །མེ་ཡིག་སྟེང་དུ་ཉེ་བར་གནས། ཨའི་ཡིག་དང་ནི་ཡང་དག་ལྡན། །མཁའ་
གཉིས་ཀྱིས་ནི་རྣམ་པར་བརྒྱན། །དེའི་འོད་ཟེར་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་ནི་དྲི་མེད་བྱས། །ཆེན་པོ་ལ་སོགས་ཁམས་དག་བའི། །ཀུ་རུ་ཀུལླེའི་རབ་བཞུགས་ནས། དེའི་འོད་ཀྱི་ཡང་དག་བསྐུལ། །སྒྲོལ་མ་ཡིད་ཀྱིས་མདུན་དུ་བྱས། །མཁས་པས་དེ་ཡ
ས་བོན་བརྒྱན། །མཆོད་པའི་སྤྲིན་ཆེན་སྤྲོས་བྱ་སྟེ། །མེ་ཏོག་བདུག་སྤོས་མར་མེ་དང། །དེ་བཞིན་དྲི་དང་ཞལ་ཟས་ཚོགས། སྒེག་མོ་ཕྲེང་མ་གར་མ་གླུ། སིལ་སྙན་ལ་སོགས་རྣམས་ཀྱིས་མཆོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ
ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །ཞེས་པའི་སྔགས་ནི་ལན་གསུམ་བརྗོད། །དེ་ནས་བཟོད་པར་གསོལ་བྱ་སྟེ། །དེ་ལ་ཚིགས་བཅད་འདི་ཡིས། །བདག་ནི་སླར་ཡང་བློ
རྨོངས་པས། །ཉེས་པ་འགའ་ཞིག་ཅི་བགྱིས་པ། །ལུས་ཅན་ཀུན་གྱི་སྐྱབས་གྱུར་པའི། །ལྷ་མོ་ཁྱོད་ལ་བཟོད་པར་གསོལ། །བྱམས་པའི་སེམས་ནི་གནས་པ་ཡིས། །དེ་ཚེ་སླར་ཡང་སྡུག་པར་བལྟ། །སྙིང་རྗེའི་སེམས་ནི་འཇུག་པར་བྱ། །ཕྱི་ནས་ཀུན
ལ་བཏང་སྙོམས་པས། སེམས་ཙམ་དུ་ནི་རྣམ་པར་བཞག་།དེ་ནས་རང་བཞིན་རྣམ་བྲལ་པའི། །སྟོང་པ་ཉིད་ནི་བསམ་པར་བྱ། །སྟོང་ཉིད་མེ་ཡིས་བསྲེགས་པ་ཡིས། ཕུང་པོ་ལྔ་པོ་སླར་མི་འབྱུང། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ
བྷཱ་བ་ཨཱད་མ་ཀོ་ཧཾ། སྐད་ཅིག་སྟོང་ཉིད་སྦྱོར་བ་ཡིས། །སེམས་ཉིད་ཀྱིས་ནི་ངལ་སོང་བྱ། སྔོན་གྱིས་དམ་བཅའ་དྲན་བྱས་ལ། ས་བོན་ཙམ་ནི་སླར་ཡང་བསམ། །བདག་ཉིད་གཅིག་པུ་མྱང་འདས་ནི། །བདག་གིས་སེམས་ཅན་ཡོངས་སུ་བསྲུས
སྲིད་པའི་རྒྱ་མཚོ་གཏིང་མེད་ལས། །དེ་ལས་ཇི་ལྟར་གདོན་པར་བྱ། །སེམས་ཅན་རྣམས་ལ་བརྩེར་ཞུགས་པའོ། །སེམས་བྲལ་སྟོང་ཉིད་སྤང་བར་བྱ། །ཆོས་ཀྱི་དབྱངས་ཀྱི་རང་བཞིན་དུ། སེམས་ཉིད་ཀྱིས་ནི་སེམས་བསྐྱེད་བྱ། །སངས་རྒྱས
བྱིན་བརླབས་ས་བོན་ལས། །དེ་ལས་ཨཽད་པ་ལར་བཤད་དོ། །འི་དབྱངས་ལས་བྱུང་བ་ཡིས། །ཽད་པ་ལ་ཟླ་བའི་དཀྱིལ་འཁོར་ལ། །ཟླ་བ་དེ་ལ་སླར་ཡང་ནི། །ས་བོན་ལས་བྱུང་དེ་ལ་སྦྱོར། །འཇིག་རྟེན་ཁམས་རྣམས་མ་ལུས་པ། འདི་ཡིས
རྣམ་པར་སྦྱངས་པར་བསམ། །སྦྱངས་ཤིང་རྟོགས་པས་དེ་ཡིས་ནི། །འོད་ཀྱིས་སངས་རྒྱས་བྱེ་བ་རྣམས། །བསྐུལ་ཞི་པ་དེ་ལས་ཨཽད་པལ་ཏེ། །དེ་ཡིས་སྒྲོལ་མ་བསྐྱེད་པར་བསམ། །སྐུ་མདོག་དམར་མོ་ཕྱག་བཞི་པ། པདྨ་དམར་པོའི་སྟེང
བཞུགས་ཤིང། །གོས་ཟུང་དམར་པོ་དང་ལྡན་པ། རྣ་རྒྱན་དམར་པོ་དང་བཅས་ཤིང། ཕྱག་གཡས་མི་འཇིགས་པ་དང་མི། མངའ་ནི་བསྣམས་ཤིང་སླར་ཡང་འགེངས། གཡོན་པ་གཞུ་འཛིན་གཉིས་པ་ན། ཤིན་དུ་དམར་པའི་ཨཽད་པལ
བསྣམས། །ཀུ་རུ་ཀུལླེ་འཕུག་གནས་ཤིང། །འོད་དཔག་མེད་ཀྱི་དབུ་བརྒྱན་ཅན། པདྨ་དམར་པོའི་སྟན་གྱི་འོག་།སྒྲ་གཅན་གྱི་སྣ་སྟེང་གནས་པའི། འདོད་ལྷའི་ཆུང་མའི་སྟེང་དུ་ནི། །མྱོས་པར་བྱེད་པ་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ
ཀྲུང་གིས་གནས་ཤིང། །སྒྱུ་རྩལ་སྣ་ཚོགས་ཀུན་ལྡན་པ། །རྒྱན་རྣམས་ཀྱིས་ཡང་དག་བརྒྱན། །བཅོམ་ལྡན་འདས་མ་བསམ་པར་བྱ། །དམ་ཚིག་ཀུ་རུ་བསྡུས་སོགས་ཀྱིས། །ཡེ་ཤེས་འཁོར་ལོ་མཚོན་པར་བྱ། །སྐད་ཅིག་རྣམ་པ་ཡངས
རྫོགས་པས། ཡེ་ཤེས་འཁོར་ལོ་མདུན་དུ་གནས། །ཛམོ་མིང་མེད་དག། རིང་དུ་རྩེ་མོར་བྱས་པ་ཡིས། །རྩེ་མོའི་ནང་དུ་མིང་མེད་དེ། འཛུབ་མོ་དག་ནི་གུང་མོར་འཁྱུང། །མཐེབ་ཆེན་དག་ནི་འོག་ཏུ་སོན། །འདི་བཞིན་བཅིངས་ནས་དམ་ཚིག་གི་འཁོར་ལོ་ལ་ནི་གཞུག་པར་བྱ། །དེ་ནས་དབང་བསྐུར་བ་ཞུ
བར་བྱ་སྟེ། །སངས་རྒྱས་ལ་ཞེས་པའི་ཚིགས་སུ་བཅད་པ་ཀླག་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དང་བདག་གསོལ། །དེ་བྱིན་ཆེན་པོར་གྱུར་པ་ཡིས།།
རྒྱལ་སྲིད་མིང་གི་དབང་བསྐུར་བ་མེ་ཏོག་དབང་བསྐུར་དེ་བཞིན་རྒྱལ། །སྤྱན་མ་ལ་སོགས་ལྷ་རྣམས་ཀྱིས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར
བྱ། །སངས་རྒྱས་དབང་བསྐུར་སྒྲོལ་མ་ཡིས། །ཆོས་ནི་གཙུག་ཏོར་ནོར་བུར་བྱ། །འོད་ཟེར་དམར་པོ་སྣ་ཚོགས་པ། །འགྲོ་བ་གསུམ་པོ་གསལ་བར་མཛེད། །རིན་ཆེན་དབང་བསྐུར་ཐོབ་གྱུར་ནས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཆོ་ག་ཇི་ལྟར
སྔོན་གསུངས་པ། ལོ་ཕྱེད་བཅད་པར་འཇུག་པ་ཡིས། །ཐུན་མཚམས་གསུམ་དུ་གཏོར་མ་དབུལ། །བསྒོམ་པ་སྔོན་དུ་བྱ་བ་ཡིས། །སྒྲོལ་མ་ཡིས་ནི་སྙིང་པོ་འདི། །མཉམ་པར་བཞག་ནས་སྔགས་བཟླས་སོ། །ོཾ་ཀུ་རུ་ཀུལླེ་ཧྲིབསྙེན་པ་ཡི་གེའི་འབུམ་བཟླས་ནས་ཕྱིས་ལས་ཡང་དག་པར་བརྩམས་པར་བྱའོ། །ཆ་ཤས་ཀྱིས་ནི་ཤེས་རབ་འཕེལ། །ཡན་ལག་གཞན་གྱིས་དབང་དུ་བྱེད། །ཡན་ལག་གསུམ་པས་དེ་བཞིན་དུ། མི་ཡིས་?་ནི
འགུགས་པར་བྱེད། །འཇིག་རྟེན་པ་ནི་ཐམས་ཅད་ཀྱིས། །ཤིན་ཏུ་བྱོས་ཤིང་སྒེག་པ་ཡིས། །བུད་མེད་རྣམས་ཀྱིས་མཆོད་པར་བྱའོ། །ཇི་ལྟར་འདོད་བཞིན་སྔགས་བཟུང་ན། །ལྷའི་བུ་མོ་ཡིད་འོངས་རྣམས། །ཟས་དང་སྟོན་མོ་སྦྱར་བར་བྱེད། །མཁས
པས་རིམ་པར་གོམས་པ་ཡིས། །དངོས་གྲུབ་ཕྲ་མོ་འགྲུ་ཆེན་པོ་ཡང། །གྲུབ་པར་འགྱུར་བར་ཐེ་ཚོམ་མེད། །སྒྲོལ་མའི་རྟོགས་པ་ལས་འབྱུང་བའི། །ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མུཀྟ་ཀེ་ན་ཏཱ་རོང་བྷ་བ་ཀུ་རུ
ཀུ་རུ་ལླེ་སཱ་དྷ་ནཾ།
CLOSE WINDOW