CLOSE WINDOW

N3056: དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། ཤྲཱི་མདྒཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་མ་ལུས་པ་ལ་ཡང་དག་བདེ་བའི་མཆོག འདོད་རང་གི་བདེ་བ་ནི། །ཆུང་ངུ་ཡང་ནི་འདོད་མིན་རང་བཞིན་ཆེན་པོ་ཡང་དག་བླ་མའི་བཀའ་ཡིས་ནི། །བློ་གྲོས་དམན་ཞིང་ཆུང་ལ་ཤེས་རབ་ཆུ་སྐྱེས་རྣམ་པར་རྒྱས་བྱེད་མཁས་པ་ཡི། །བཅོམ་ལྡན་འཇམ་པའི་དཔལ་གྱི་སྒྲུབ་ཐབས བདག་གིས་ཡང་དག་རབ་ཏུ་བྲི་བར་བྱ། །དད་པས་དགེ་བའི་མཱ་མ་ཡང་དག་ཉེར་སྟོན་ཅིང། །གང་གིས་མི་དགེའི་བྱ་བ་ཡང་ནི་ཡོངས་སྤངས་ཤིང། །དེ་བཞིན་ཡིད་ནི་ངག་པས་བླ་མ་ལ་ཐོས་ནས། །བཅོམ་ལྡན་རྟག་ཏུ་བསྒོམ་པ་ལ སོགས་རྣམ་པར་བྱ། །དང་པོ་ཡིད་ལ་མངོན་འདོད་དྲི་མེད་དབེན་པའི་ཕྱོགས། །དྲི་བཟངས་མེ་ཏོག་ལ་སོགས་རྣམ་པ་མང་པོ་དང། །ཚོམ་པོ་སྒྲ་དང་འཚེ་བ་ལ་སོགས་རྣམ་སྤངས་པར། །བྱ་བ་ཀུན་ཟིན་གཞན་ཡང་བདེ་བར་རབ ཏུ་འདུག། གཡོ་བའི་སེམས་ནི་འབད་པ་ཡིས། །རྩེ་གཅིག་ཏུ་ནི་ངེས་པར་བྱ། །གཞན་དོན་བྱེད་པའི་བསམ་པ་ཡིས། །བསྒོམ་བྱ་དེ་ཡི་རྗེས་སུ་ནི། །བྱམས་པས་སེམས་ཅན་རྣམས་ལ་ལུས་གཅིག་ལ་སྐྱེས་མཚུངས་ཤིང་གཉེན་གྱི མཚན་ཉིད་ལྡན། །སྙིང་རྗེས་སྡུག་བསྔལ་ལས་ཀྱང་སྡུག་བསྔལ་རྒྱུར་གྱུར་འགྲོ་རྣམས་མངོན་པར་འདོན་པར་སྤྲོ། །དགའ་བའི་སེམས་ཀྱིས་ཁྱད་འཕགས་མཚན་ཉིད་ལྡན་པའི་ཡང་དག་དགའ་བ་མཛའ་ཡས་པ། །བཏང་སྙོམས་ལོག བར་མངོན་ཞེན་ཟད་པའི་རང་བཞིན་དང་བཅས་མཁས་པས་བསྒོམ་པར་བྱ་། དེ་ཡི་རྗེས་སུ་ཇི་སྲིད་ཡིད་ཀྱིས་འདོད་པར་རབ་བརྐྱང་བྱས། །དྲི་མེད་འོད་འཕྲོ་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་དཀར་པོའི་མདོག་དེའི་སྟེང་ཤིན ཏུ་གཞོན་ཅིང་དྲི་མེད་གསེར་གྱི་ཁ་དོག་ཅན། །ཆུ་སྐྱེས་འདབ་མ་དྲི་མེད་འདབ་མ་བརྒྱད་པ་བསྒོམ་པར་བྱ། །ཟླ་བ་ཆུ་སྐྱེས་དག་གི་འོད་ཟེར་རྣམ་པར་བརྐྱང་ཞིང་རྣམ་པར་གཡོ་བའི་མཆོག་།སྟེང་དུ་འཕེན་འགྱུར་འོད་ཟེར་རང་བཞིན་ཕུག ན་གསེར་མདོག་འདྲ་བ་ཡི་མཾ་ཡིག་ལ། །སྔོན་མ་དག་གིས་གཡོགས་བཞིན་འགྲོ་བ་རྣམས་ལ་ཕན་ཕྱིར་སྔགས་པས་རིང་དུ་བསྒོམ། །ཤིན་ཏུ་མཆོག་གྱུར་འཇམ་པའི་རྡོ་རྗེ་གོ་འཕང་མངོན་འདོད་མི་མཆོག་རྣམས་ཀྱིས་སོ། །ཕྱིན སྐྱེ་དང་རྒ་དང་མི་མཐུན་སྨོད་དང་ལྐུགས་སོགས་སྡུག་བསྔལ་འཁྲུགས་རྣམས་ལ། །ཟླ་སྐྱེས་ཟུང་ལ་མཾ་གྱི་ཡི་གེ་ལས་བྱུང་འོད་ཀྱིས་འཁྲིགས་བྱ་སྟེ། །ཁམས་གསུམ་བལྟ་ཞིང་བལྟ་བས་བདེ་བའི་མཆོག་རྣམས་ཀུན་གྱི་སངས་རྒྱས་དང མཚུངས་པ་། བདག་གིས་ལེགས་བྱས་འདིར་ཡང་ཡིད་ནི་ཡོངས་རྫོགས་བདག་ཉིད་རྣམ་པར་བལྟ་བར་བྱ། །ཕྱི་ནས་ཕྱོགས་བཅུ་རྣམས་ན་བཞུགས་པའི་བླ་མ་དང་ནི་དེ་བཞིན་གཤེགས་རྣམས་དང། །དེ་བཞིན་དཔལ་ལྡན་བྱང་ཆུབ་སེམས དཔའ་སྐུ་རྣམས་ཐམས་ཅད་འོད་ཀྱིས་གདན་དྲངས་ཏེ། །དེ་རྣམས་མདུན་བྱས་ཡིད་ཀྱི་ཤིང་རྟའི་རང་བཞིན་ལས་སྐྱེས་མཆོད་པའི་ཆོ་ག་ཡིས། །སྣ་ཚོགས་མེ་ཏོག་དྲི་བཟངས་བདུག་སྤོས་སྣ་ཚོགས་རྣམས་ཀྱིས་ཡང་དག་མཆོད་བྱས ཏེ། །དེ་རྣམས་མདུན་དུ་དང་པོར་ཡང་ནི་སྡིག་པ་བཤགས་པ་ལ་སོགས་རྣམས་བྱས་ནས། །དེ་ནས་དེ་ལས་དེ་བཞིན་འོད་ཟེར་རྣམས་ཀྱིས་བ་སྤུའི་ཁུང་ཞུགས་གཅིག་ཏུ་སོན། །ཚོགས་པའི་རྣམ་པ་དེ་ཡིས་རབ་ཞུགས་སྙིང་གར བལྟ་ཞིང་དེ་ནས་དེས་བྱུང་བའི། །རྨོངས་པའི་རི་བོ་ཆེན་པོ་འཇོམས་པར་མཁས་ཁྱབ་བདག་འཇམ་པའི་རྡོ་རྗེ་བསྒོམ་པར་བྱ། །དྲི་མེད་བཅུ་དྲུག་ལོ་ལོན་ལྟར་མཛེས་སེང་གེ་སྔོན་པོའི་སྟེང་དུ་བཞུགས་མཛད་ཅིང། །ཕྱག་གི་པདྨ་བཟུང་དག་བཤད་པའི་ ཚུལ་དུ་རྣམ་འཁྲིགས་ཞབས་གཡོན་སྐྱིལ་ཀྲུང་ཕྱེད། །ཚོགས་ལ་བརྟེན་ལས་མཚུངས་མེད་ཤིན་ཏུ་མཛེས་ཤིང་ཤིན་ཏུ་རིང་མིན་ཐུང་དུ་མིན། །རིན་ཆེན་གསེར་དང་ནོར་བུའི་རྣམ་པ་སྣ་ཚོགས་རྒྱན་གྱི་ཕྲེང་བས་ཀུན་ནས་བརྒྱན། །བདེན་པ་མ ཡིན་བརྫུན་པ་འང་མིན་པའི་མེ་ལོང་མཐིལ་དུ་གཟུགས་བརྙན་ལྟ་བུར་གསལ་གྱུར་པ། །འགྲོ་བ་ཀུན་ལ་ཡོངས་སུ་སྐྱབས་སྦྱིན་སྨྲ་བའི་མགོན་པོ་དཔའ་བོ་གཞོན་ནུ་བསྒོམ་པར་བྱ། །ཕྱི་ནས་བདག་ཉིད་དེ་བཞིན་སྡིག་པ་རྣམས་ནི་རྣམ་པར་བྱང གྱུར་འཇམ་པའི་རྡོ་རྗེའི་སྐུར་གྱུར་བ། །མཁས་པས་ཇི་སྲིད་བཅོམ་ལྡན་སྐུ་དང་མཚུངས་པར་མ་གྱུར་བར་དུ་རིང་དུ་ཡང་ནི་བསྒོམ་པར་བྱ། །བསྒོམས་པས་ངལ་ན་སྔགས་བཟླས་ཏེ། །ཏ་མཛའ་ར་མཛའ་ས་མཛའ་དང། །དེ་བཞིན གསལ་བྱེད་རིམ་པའི་སྣ་ཚོགས། །ཻ་ཡིག་དང་ནི་སྣ་ལྡན་བཅས། །འདི་ཡི་ཁྱད་པར་གཞན་རྣམས་ནི། །བླ་མ་དམ་པའི་གསུང་བཞིན་དུ། །དྲི་མེད་རྣམ་དག་རབ་ཏུ་བཟུང་བྱ་བློ་ལྡན་མཁས་པ་ཡི། །རབ་མཆོག་བླ་མའི་བཀའ་ ཡིས་བསམ་གཏན་སྔགས་ཀྱི་བྱ་བ་བྱ། །ཁྱད་པར་ཀུན་ནས་གསུངས་པ་མཛའ་དག་བདག་གིས་ཤེས་མི་ནུས་།གལ་ཏེ་ཡིད་ཀྱིས་ཀྱང་ནི་འཇམ་དཔལ་ཤིན་ཏུ་ངོ་མཚར་ཞིང། །ཡང་དག་སྒྲུབ་བྱེད་བཅོམ་ལྡན་རྟག་ཏུ་འཛིན་བྱེད་གྱུར་པ ཡི། །དངོས་གྲུབ་བླ་མ་དམ་པའི་གསུང་ལས་བློ་གྲོས་དང་ལྡན་ཞིང། །དེ་བཞིན་དུ་ཡང་མི་ཤེས་མུན་པའི་ཚོགས་རྣམས་དེས་འཇོམས་འགྱུར། །ཡང་དག་བླ་མའི་བཀའ་དྲིན་གྱིས་ནི་བློ་གྲོས་དམན་པ་བདག་གིས་འཇམ་པའི དཔལ། །གཞོན་ནུའི་སྒྲུབ་ཐབས་འདི་བྱས་དཔག་མེད་བསོད་ནམས་ཚོགས་ནི་གང་ཞིག་བསགས་གྱུར་པ། །དེ་ཡིས་འདིར་ནི་མི་དགེ་སྤངས་ཤིང་དཔལ་ལྡན་འཇམ་པའི་རྡོ་རྗེ་དཔེ་མེད་པ། །དཔལ་དང་ཡིད་བཞིན་ནོར་དང་དཔག བསམ་ལྗོན་པ་ལྟ་བུ་འགྲོ་ཀུན་ཐོབ་གྱུར་ཅིག་། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། །པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་བཱ་དཱི་རཱ་ཛ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས།

CLOSE WINDOW