| Wylie | e-texts based on the ACIP/ALL Input |
།འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས་སོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །།*། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སཱ་དྷཱ་ནི། བོད་སྐད
དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབས་ཐབས། སྔར་བཤད་པའི་ཚུལ་གྱིས་སྟོང་པ་ཉིད་བསྒོམ་པའི་རྗེས་ཐོག་ལ་ནམ་མཁར་ལས་རེ་ལས་ངེས་པར་བྱུང་བའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་སོགས་རྡོ་རྗེ་ཡོངས་སུ
གྱུར་པ་ལས། རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་རྣམས་པར་བསྒོམ་པར་བྱ་བའོ། །དེའི་དབུས་སུ་ཤིན་ཏུ་འཇིགས་པར་དུར་ཁྲོད་དོ། །དེའི་ཡང་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་དབུས་སུ་ཡང་ཡི་གེ་ཧྲཱི། སྔོན་པོ་ལས་ཡང
དག་པར་གྱུར་པ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། སྐུ་མདོག་ནག་པོ་གཡས་བརྐྱང་བའི་གནས་པས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཞལ་ལྔ་བ་སྤྱན་གསུམ་པ་ཕྱག་བཅུ་གཉིས་པ་གཡས
ཀྱི་ཞལ་གཉིས་ནི་དཀར་བ་དང་དམར་པའོ། །དེ་བཞིན་དུ་གཡོན་གྱི་ཞལ་གཉིས་ནི་སེར་པོ་དང་ལྗང་གུའོ། །གཡས་ཀྱི་ཕྱག་རྣམས་ན་ནི་ཌ་མ་རུ་དང་ཁ་ཏྭཱཾ་ག་དང་ལྕགས་ཀྱུ་དང་ཞགས་པ་དང་རྡོ་རྗེ་དང་མངའ་བསྣམས
པའོ། །གཡོན་གྱི་ཕྱག་རྣམས་ན་ནི་སྡིགས་མཛུབ་དང་ཐོད་པ་དང་པདྨ་དམར་པོ་དང། ནོར་བུ་དང་འཁོར་ལོ་དང་གཞུ་བསྣམས་པའོ། །ཞལ་ཐམས་ཅད་ཀྱང་མཆེ་བ་རྣམ་པར་གཙགས་པའོ། །ཕྱག་རྒྱ་དྲུག་དང་ལྡན་པ་འཇིགས་པ་དང?་ཡི་གེ་?
ཕྲེང་བས་སྐུ་ལ་རྒྱན་དུ་བྱས་པ་གཅེར་བུ་སྐུ་ཐམས་ཅད་ཀྱང་ཤིན་ཏུ་མཛེས་པར་བདག་ཉིད་སྐད་ཅིག་གིས་རྟོགས་པར་བྱས་ལ། དུས་ཕྱིས་སྙིང་གར་ཟླ་བ་ལ་ཡི་གེ་ཧྲིཛ:ཞེས་བྱ་བའི་སྔགས་འདི་ཕྲེང་བ་བྱས་ལ་བཟླས་པ་བྱ་བའོ། །མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱིས་ཀྱང་འབུས་བརླས་ན་འགྲུབ་བོ། །སྒྱུ་འཕྲུལ་གྱི་དྲ་བའི་ལུགས་ཀྱི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས
པ་ཎི་ཏ་ཆེན་པོ་ཤཱནྟཱ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། ། །།རྒྱ་གར་སྐད་དུ། སྠི་ར་ཙཀྲ་སཱུ་དྷ་ནི། བོད་སྐད་དུ། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཨོཾ་བརྟན་པའི་འཁོར་ལོ
ལ་ཕྱག་འཚལ་ལོ།
CLOSE WINDOW