CLOSE WINDOW

N2147: རྣལ་འབྱོར་གྱི་རྒྱུད་ཀྱི་རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།དེས་ནི་སྲིད་གསུམ་ཚེར་མ་འབྱིན་ཅིང་ཞི་བཞི་རྟོག་ལྡན་པ། །རྒྱལ་བ་ལྔ་ཡི་ཅོད་པན་འཛིན་དང་འགྲོ་བ་རྗེས་སུ་མཉམ་པར་ཤོག་།ཀུན་ཏུ་བཟང་པོའི་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། རྒྱུད་རྣམས་ཐམས་ཅད་ལས་བསྡུས་ཏེ། །རབ་གནས་ཆོ་ག་བཤད་པར་བྱ། །དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིགས་པའི་སྡོམ་པ་གཟུང པ། གསང་བའི་ཆོ་གའི་བྱ་བ་ཤེས་པ། དཔལ་བརྟན་པ་སྤྲོ་བ་ཆེ་བ། དུལ་བ་ཕྲིན་ལས་རྣམ་པ་བཞིའི་སྤྱོད་པ་དང་ལྡན་པ། གསང་བའི་ཡེ་ཤེས་བསླབ་པ། ཕྱག་རྒྱ་བཞི་བསྒོམ་པར་མོས་པའི་རྣལ་འབྱོར་པ་དང། སྒྲུབ་པའི་གྲོགས་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཆོ་གའི་བྱ་བ་ཤེས་པ། གཙང་མ། གསང་བའི་བྱ་བ་ལ་མཁས་པ། བློ་དང་ལྡན་པ་དང། སྙིང་སྟོབས་དང་ལྡན་པའི་རྣལ་འབྱོར་པས། གྲོང་ཁྱེར་རམ་གྲོང་རྡལ་ལམ། ནགས་ཚལ་ལམ། ལྗོངས་སམ། ཀུན་དགའ་ར་བའམ། གཙུག་ལག་ཁང་དུ་ལུགS སུ་བླུགས་པའམ། འབུར་དུ་བརྐོས་པའམ། རི་མོར་བྲིས་བཞི་པའམ། དབང་དམ་རྒྱས་པའམ། མངོན་སྤྱོད་ལ་སོགས་པའི་སྐུ་རབ་ཏུ་གནས་པ་བྱེད་པར་འདོད་ན། དཀྱིལ་འཁོར་གྱི་ས་གཞི་ཉེ་འཁོར་དུ་དྲིས་ཉེ་བར་བྱུག་ནས་དཀོན་མཆོག་གསུམ་དང། རབ་ཏུ་གནས པར་བྱེད་པའི་ལྷ་དང། རྡོ་རྗེ་སློབ་དཔོན་ལ་དམིགས་ཏེ། མཎྜལ་ལྔ་བྱས་ནས་མཆོད་པ་ལྔ་བཤམས་ནས། སྟོད་གཡོགས་དང་སྨད་གཡོགས་བགོས་ནས་ཅོད་པན་དང་རྒྱན་བཏགས་ཏེ། ཕྲེང་བ་དང་དག་བྱེད་དང་ལྡན་པས། སྐར་མ་རྒྱལ་དང་གཟའ་ཕུར་བུའི་ཉིན་པར ཁྲུས་བྱས་ཤིང་ཟས་དཀར་གསུམ་ཟོས་པར་གདུགས་དང་རྒྱལ་མཚན་དང་བདན་དང་དྲིལ་བུ་རྣམས་བྲེས་ཏེ། གུ་གུལ་གྱི་དུད་པས་བདུག་པ་དང། ཡུངས་ཀར་གྱིས་བགེགས་བཟློག་ནས་བསྙེམས་པ་དང། དེ་ལ་རེ་ཞིག་རྣམ་པར་རྟོག་པ་ཤས་ཆུང་ན། སྟོང་པ་ཉིད་ཀྱི ཁྲུས་བྱ་བ། ལྕེ་བྱིན་གྱིས་བརླབ་པ་དང། ལག་པ་བྱིན་གྱིས་བརླབ་པ་དང། ཁྲོ་བོ་བཞིའི་ལུས་བསྐྱེད་པ་དང། ཁྲོ་པོ་གསུམ་གྱིས་བགེགས་བསལ་བ་དང། ཁྲོ་བོ་དྲུག་གིས་ཕྱོགས་བཅིང་བ་དང། ཁྲོ་བོ་གསུམ་གྱིས་རབ་དང་དྲ་བ་བྱས་ལ། མཆོད་པ བྱིན་གྱིས་བརླབས་ནས། རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྦྲུལ་ལ། མཆོད་པ་དང་ཕྱག་བཙལ་བ་དང། སྡིག་པ་བཤགས་པ་དང། རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་པ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང། མཆོད་པའི་སྤྲིན་དང་ལུས་དབུལ་བ་དང། དགེ་བའི་རྩ་བ་སྔོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སྡོམ་པ་བཟུང་བ་དང། གཟུགས་བརྙན་གྱི་ལྷར་བསྐྱེད་ན། མཉམ་པའི་ཐལ་མོ་དང། རྡོ་རྗེ་སྡམས་པ་དང། བསྡམས་པ་དྲལ་བ་དང། ཡེ་ཤེས་དབབ་པ་དང དབབ་པ་ཉེ་བར་བསྡུ་བ་དང། ངན་སོང་དགུག་བཅིང་སྡིག་པ་དང་དྲལ་བ་དང། དཀྱིལ་འཁོར་སྙིང་གར་བསྡུ་བ་དང། མངོན་པར་བྱང་ཆུབ་པ་ལྔས་ལྷར་བསྐྱེད་ལ། བྱིན་གྱིས་བརླབ་པ་དང། ཏིང་ངེ་འཛིན་གྱིས་བསྒོམ་པ་དང། སྙིང་གང་དབང་བསྐུར་བ་དང། ཕྲིན་ལS གྱི་བརྟུལ་ཞུགས་བླང་བ་དང། རྣལ་འབྱོར་ཆེན་པོ་བསྐྱེད་པ་དང། རྗེས་སུ་རྣལ་འབྱོར་དེ་བཞིན་གཤེགས་པའི་ཁམས་བཞུགས་པ་དང། བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། མཆོད་པ་དང་བསྟོད་པ་བྱས་ལ། བདག་ཉིད་ཐབས་ཀྱི་འཁོར་ལོ་རྫོགས པར་བྱས་ལ། ཡེ་ཤེས་ཀྱི་སྦྱོར་བསྟོང་བ་ཉིད་བསྒོམ་པ་དང། རྡོ་རྗེའི་ས་སྦྱོང་བ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང། འཆི་བའི་སྲིད་པ་རི་རབ་ཀྱི་རྩེ་མོས་ལུས་བཞག་པ་དང། སྲིད་པ་བར་མ་དོ་བསམ་གཏན་གཟུགས་ནང པ་བསྒོམ་པ་དང། སྐྱེ་བའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་དོན་གྲུབ་ཏུ་བསྐྱེད་པ་དང། མི་གཡོ་བའི་ཏིང་ངེ་འཛིན་ལས་བསླང་ནས་དང་པོའི་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་པོ་མཆོག་དང། ལས་རྒྱལ་མཆོག་བསྒོམས་ལ། ཡེ་ཤེས་སེམས་དཔའ་གཞུག པའི་ལས་བརྒྱད་ཀྱིས་ཡེ་ཤེས་སེམས་དཔའ་བཅུག་ལ། རྒྱས་བཏབ་ནས་དབང་བསྐུར་བ་དང། མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་མཆིན་མ་མ་ཐོབ་ཀྱི་བར་དུ་བསྒོམ་པ་འམ། གཙོ་བོ་ལ་འབུམ་དང། འཁོར་རྣམས་ལ་ཁྲི་ཁྲི བཟླས་པ་དབུལ་བ་དང། རྒྱུད་ཕྱི་མའི་ཕྱི་མ་བཞིན་དུ། ཟླ་བ་བཞི་འམ་ཟླ་བ་དྲུག་ཏུ་བསྙེན་པ་བྱའོ། །དེ་ལྟར་བསྙེན་པ་བྱས་ནས་ས་སྦྱར་པའམ་མ་སྦྱངས་པའི་གནས་སའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ཏེ། ལྷག་པར་གནས་པར་བྱའོ། །དེ་ལ་མཆོད་པ་བཤམས་པ་དང། རྫས་བསགས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་གདོང་དྲི་ཞིམ་པར་བྱས་ལ། མེ་ཏོག་གི་ཕྲེང་བ་བཏགས་ཏེ། རྒྱུ་སྐད་རྒྱལ་གྱི་ཞག་དང་གཟའ་ཕུར་བུ་ལ། བསྲུང་བའི་འཁོར་ལོ་རྟེན་དང་བཅས་པ་དང། ཚོགས་སོགས་པའི་དམིགས་པའི་ཡུལ་དང་བཅས་པ་དང ཚིགས་ཀྱི་ལམ་དངོས་སེམས་བསྐྱེད་པ་དང་བཅས་པ་དང། རྡོ་རྗེ་དབབ་པ་ཆོག་བཞིན་དུ་བྱ་བ་དང། ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན་དུ་བཅིང་བ་དང། མདུན་དུ་སེམས་དཔའ་ཆོ་ག་བཞིན་དུ་བསྐྱེད་དེ། བདག་ཉིད་རྫོགས་པར་བྱས་ནས།། འབྱུང་བ་རི་རབ་དང་བཅས་པ བསྐྱེད་པའི་སྟེང་དུ་སའི་ལྷ་མོ་སྤྱན་དྲངས་ལ། ཆོ་ག་བཞིན་དུ་དེ་ནས་དབང་དུ་གསོལ་ཏེ་ཇི་ལྟར་བཞིན་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་བསམ་གཏན་དང་གཟུགས་མེད་ཀྱིས་ཏིང་ངེ་འཛིན་གསུམ་དུ་བྱས་ནས། འོག་མིན་དུ་དོན་གྲུབ་ཀྱི་གཟུགས་སུ་སྐྱེས་པར བསམས་ལ། ཕྱོགས་བཅུ་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་དང་པོར་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་མཆོག་བསྒོམས་ལ། བསོད་ནམས་ཀྱི་ཚོགས་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ནས། སྒྲུབ་པའི་གྲོག ཀྱིས་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་བཏབ་ལ། བདག་ཉིད་འཁོར་ལོ་སྒྱུར་བའི་ཕྱེད་དུ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་ནམ་མཁའ་ལ་ཁྲོ་བོའི་བསྟོད་པ་དང། བགེགས་ལ་བཀའ་བསྒོ་བ་བྱས་ནས། རྡོ་རྗེའི་ལྟ་བས་རབ་དང། དྲ་བ་བྱས་ནས། སྟང་སྟབས་གྱིས? དགེགས་བསལ་བ་དང། སྔགས་དང་ཕྱག་རྒྱས་བསྲུང་བའི་འཁོར་ལོས་བྱས་ལ། གསང་བའི་དཀྱིལ་འཁོར་བཀུག་ནས། དེའི་ཡན་ལག་ཕུར་བུ་ཇི་ལྟ་བ་བཞིན་དུ་བཏབ་ནས། རྡོ་རྗེ་གནོད་སྦྱིན་གྱི་བགེགས་བསལ་ལ་དྲིའི་ཐིག་ལེ་དང མེ་ཏོག་ཚོམ་བུ་བཀོད་ལ། ལྷ་ལྷག་པར་གནས་པར་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པ་དང། སྦྱིན་སྲེག་ལྷག་པར་གནས་པ་དང། གཏོར་མ་ལྷག་པར་གནས་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་ཤིང་བུ་གྲུ་གསུམ་གྱི་ནང་དུ། ཁམ་པོར བཞག་ནས། དེར་མེ་བླུགས་ལ་ཟུར་གསུམ་དུ་བག་ཟན་གྱི་སྐོར་བུ་གསུམ་བྱས་ཏེ། དེར་མེ་མར་བཏང་ནས་བག་ཟན་གྱི་ཆང་བ་གསུམ་བྱས་ནས། རྡོ་རྗེ་གཙུག་ཏོར་གྱི་སྔགས་སམ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས། ཡུངས་ཀར་གྱིས་བགེགས་བཟློག པར་བྱའོ། །སྐུ་གཟུགས་སམ་གླེགས་བམ་ལ་སོགས་པ་རབ་གནས་གང་བྱེད་པ་དེ་རས་ཀྱིས་གཡོགས་ལ། ཧཱུཾ་བྲུཾ་ཧྲཱི:གསུམ་གྱིས་བསྲུངས་ནས་གཞག་པར་བྱའོ། །དེ་ནས་སྙན་གསན་དབབ་པར་བྱ་སྟེ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན དུ་ནི་བཞུགས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུ་མ་བཞགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིག་།འདིར་མགོན་པོ་བརྟན་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་ནི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག་།བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང། །དེ་ཉིད་དུ་ནི་བཞུགས་པར་རིགས། །དེ་ནས་ཉི་མ་ཤར་ཁར་དཀྱིལ་འཁོར་ཐིག་བཏབ་པ ཆེན?་དགྱེ་ཞིང་ལྷ་དགོད་པའི་དཀྱིལ་འཁོར་གྱི་ཆོ་ག་ལས་བཤད་པ་བཞིན་བྱས་ལ། རྫས་བསགས་ནས། དཀྱིལ་འཁོར་བླངས་ཏེ། ལྷག་པ་དང་མཚང་བ། བསྐངས་ལ། བུམ་པ་གཞུག་པར་བྱའོ། །དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཁྲུས་ཀྱི་ཁང་པ་ཡིད་དུ འོད་བ། ཤེས་གྱིས་གཞི་ལ་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེས་སྤྲས་པ་བརྩིགས་པ་འམ་བྲིས་ལ། རབ་ཏུ་གནས་པ་བྱེད་པར་འདོད་པས། ཐོག་མར་ཁྲུས་གྱི་ཁང་པ་དེར་ལྷ་སྤྱན་དྲངས་ལ། ཁྲིའི་སྟེང་དུ་བཞག་པ་འམ་རས་རིས་པོ་ཏི་ལ་སོགས པ་ཡིན་ན་མདུན་དུ་བཞག་ལ། མེ་ལོང་བསྟན་ལ་བུམ་པ་རྣམས་ཀྱིས་སྐུ་ཁྲུས་གསོལ་བ་བསྟོད་དབྱངས་དང་བཅས་པ་བྱ་སྟེ། དེ་ལ་བསྟོད་དབྱངས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །དེ་བཞིན བདག་གིས་སྐུ་ཁྲུས་གསོལ། །ཡོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི། ལྷའི་སྐུ་ལ་གནམ་གསུམ་དུ། ཡི་གེ་ཨོཾ་ཨཱ:ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། གསེར་དངུལ་ལམ་ཟངས་ལས་བྱས་པ་བུམ་པ་ལྟོ་བ ཡངས་པ་མགྲིན་པ་རིང་བ་མཆུ་འཕྱང་བ། སྨན་དང་འབྲུ་དང་རིན་པོ་ཆེ་ལྔ་དང་ལྡན་པ། རས་སར་པས་མགུལ་ལ་བཅིངས་པ། ལྡུམ་བཅས་ལྕུག་མས་ཁ་བརྒྱན་ལ། སྔར་བསྙེན་པ་བྱས་པའི་དྲེའི་ཆུས་གང་བ་སློབ་དཔོན་གྱིས་ཡོངས་སུ་བཟུང་ནས། མེ་ལོང་དྲིའི་ཐིག་ལེ ལྔ་དང། ཏིལ་མར་ཐིགས་པ་ལྔ་དང། མེ་ཏོག་གི་ཚེམ་བུ་ལྔ་དང། འདག་ཆལ་དང་བཅས་པའི་པིར?་གྱིས་སྦྱངས་ལ། བཀྲ་ཤིས་ཀྱིས་ཚིགས་སུ་བཅད་པ་དང། རྫ་རྔ་ལ་སོགས་པ་རོལ་མོའི་སྒྲ་དང་བཅས་པས་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལ་ཏིལ་མར་གྱི་སྔགS ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། དྲིའི་སྔགས་ནི། གན་དྷ་མ་ལ་ཡ་སྭཱ་ཧཱ། དཱུར་བའི་པིར་སྔགས་ནི། ཨོཾ་མ་ལཱ་སཾ་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་སྐུ་ཁྲུས་གསོལ་བའི་བསྟོད་དབྱངས་ནི། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཉོན་མོངས་གཏི་མུག་སྤྱོད་བྱེད་པ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུའི་ཁྲུས་གསོལ་ལོ། །ཆོར་བའི་ཕུང་པོ་རྣམ་དག་པ། །ཉོན་མོངས་ང་རྒྱལ་སྦྱོང་བ་ཡི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །འདུ་ཤེས་ཕུང་པོ་རྣམ་དག་པ། །ཉོན་མོངས་འདོད་ཆགས་སྤྱོད་བྱེད པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། དཔལ་ལྡན་གསུང་གི་དབང་བསྐུར་རོ། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །རྣམ་ཤེས་ཕུང་པོ་རྣམ་དག པ། །ཉོན་མོངས་ཞེ་སྡང་སྤྱོད་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛས་ལྷུམས་ནས་བལྟམས་ལ་ཁྲུས་གསོལ་ལྷར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས སྤྲུལ་སྐུ་ཡིད་འོང་རྣམས་ལ་ཁྲུས་གསོལ་ལོ། །ཞེས་བྱ་བ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་སུན་སུ་པྲ་ཏིཥྛི་ཏ་སྭཱ་ཧཱ། ཞེས་བྱ་བས་སྲན་ཕྱེ་དང། བག་ཕྱེའི་ཚལ་དང། ཡུང་བ་དང། འབྲས་ཡོས་དང། ཏིལ་མར་དང། སྦྲང་རྩི་དང། འོ་མ་དང། འགན་ཏ་པ་དང་བཅས་པ་སྐུ་གཟུང? ཉིད་དམ། མེ་ལོང་གི་སྟེང་དུ་བཏབ་ལ། ཙནདན་དང་ག་བུར་གྱི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་དང་བཅས་པ་ལ་ཀུ་ཤའི་བིར་གྱིས་བཀྲུ་བར་བྱའོ། །དེ་ལྟར་སྐུ་ལ་སོགས་པ་ལན་གསུམ་མམ་ལྔ་ལྔ་བཀྲུས་ནས། གོས་གཙང་མའི་དྲིས་བགོས་པས་སྐུ་ཕྱིས་ཏེ། དེ་བཞིན་གཤེགས པའི་སྐུ་གཟུགས་རྣམས་ལ་ནི། བླ་གོས་དང་སྣམ་སྦྱང་གསོལ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གོས་སྣ་ཚོགས་པ་དང། ཁྲོ་བོ་རྣམས་ལ་ནི་གོས་སྔོན་པོ་དང། དམར་པོ་དབུལ་ཞིང་བཀྲ་ཤིས་ཚིགས་སུ་བཅད་པར་གདོན་པར་བྱའོ། །དེ་ལ་སྣམ་སྦྱར གསོལ་བསང་སྔགས་ནི། ཨོཾ་དི་པ་པྲ་བ་ཡེ་སྭཱ་ཧཱ། དེ་ལ་དྲི་དབུལ་བའི་སྔགས་ནི། ཨོཾ་བཛྲ་གནདྷེ་སྭཱ་ཧཱ། དེ་ལ་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་རྒྱན་དབུལ་བའི་སྔགས་ནི། ཨོཾ་ཨཱ་བ་ར་ན་བྷི་བུ་ཥ་ཎེ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་ཆེན་པོ་སྤྱན་དྲངས་ལ་གཙུག་? ཁང་ཡིན་ན། །མདུན་ནམ་ཕྱོགས་སུ་མ་ལོ་ཞིང་དྲང་བར་སྐུ་གཟུགས་མཛེས་པར་བཀོད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་བཅས་པ་མདུན་དུ་དེར་བསྟན་ལ་དཀྱིལ་འཁོར་བསྒྲུབས་ནས་བདག་དང་གཙོ་བོ་དང་ཐ་མི་དད་པར་བསྒོམས་ལ་པཱུ་ཛ་བྱའོ། །ད་ལྟར བདག་ཉིད་ཀྱི་དཀྱིལ་འཁོར། པཱུ་ཛ་རྫོགས་པའི་རྗེས་ལ་རབ་གནས་ཀྱི་ལྷ་ལ་པཱུ་ཛ་ལྔ་ཕུལ་ནས་དམ་ཚིག་སེམས་དཔའ་ཨི་ཡི་གེ་ཧཱུཾ་གིས་གསལ་བར་བྱས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་རྒྱུད་ལས་འབྱུང་བའི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་དབང་བསྐུར་ནས་དངོས་སུ འབྱོར་པའི་སཱུ་ཛ་ལྔ་དང། ཡིད་ཀྱིས་སྤྲུལ་པ་བརྒྱད་དང། རིག་མ་བཅུ་དྲུག་གིས་མཆོད་པར་བྱའོ། །དེ་ལ་མེ་ཏོག་དབུལ་བའི་ཚིགས་སུ་བཅད་པ་ནི། ཆུ་དང་ཐབ་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་མཆོག་འདི་དག་།མཆོག་ཏུ་དར་བས་འབུལ་ལགས་ན། །ཁྱོད་ཀྱིས་ཅི བདེར་བཞེས་སུ་གསོལ། །ོཾ་བཛྲ་པུཥཔ?་ཨ:ཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བྱུང་བའི། །ལྷ་རྫས་དམ་པའི་བདུག་པ་འདི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཁྱེད་ཀྱིས་ཅི་བདེར་གཤེས་སུ་གསོལ། །ོཾ་བཛྲ་དྷུ་པེ་ཨཱ:ཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བྱུང་པའི། །ལྷ དང་མི་ཡི་དྲི་མཆོག་འདི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་བཛྲ་གནདྷ་ཨཱ:ཧཱུཾ། བཟའ་དང་བཅའ་པ་ཕུན་ཚོགས་པའི། །ཁ་དོག་དྲི་དང་དོ་ལྡན་པའི། །ཐམས་ཅད་འབྱོར་པའི་ཞལ་ཟས་འདི། །བདག་གི་འབུལ་གྱིས་བཞེས མུ་གསོལ། །ོཾ་བཛྲ་ནཻ་བེ་བྷ་ཨཱབྱའོ། །རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་ནས་འབྱུང་བའི་རིག་མ་བཅུ་དྲུག་གི་ཕྱག་རྒྱ་དང་བཅས་པས་ཀྱང་མཆོད་པར་བྱའོ། །དེ་ནས་གཟུགས་རིན་ཆེན་སྣ་བདུན་དང། དཔག་བསམ་གྱི་ཤིང་དང། བུཾ་པ་བཟང་པོ་དང། འདོད་འཛོའི་བ་དང། བཀྲ་ཤིས་ཀྱི་རྫས བརྒྱད་དང། སྒྲ་རོལ་མོ་ཆ་བྱད་བཅུ་དང། དྲིའི་སྣོད་བརྒྱ་འམ་སྟོང་དམ། རོལ་སྣོད་བརྒྱའམ་སྟེང་དམ། རེག་བྱ་རེས་གཟུང་སྟོང་དམ། ཐ་མ་ཡང་སྤྱིར་ཟུང་གཅིག་དབུལ་ལོ། །དེ་ལྟར་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཆོད་ལ། སྦྱིན་སྲེག་དང་གཏོར་མ་བྱས ཉིན་མོ་ཉལ་ནས། ཕྱི་དེ་ནང་བར་ཉི་མ་ཤར་ཀར་སྤྱན་དབྱེ་བར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བགྱི། །ོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོདྷ ནེ་སྭཱ་ཧཱ། ཞེས་བྱ་བས་གསེར་ལ་སོགས་པའི་ཐུར་མས་སྤྱན་དབྱེ་བར་བྱའོ། །དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་རྣ་འབྲུ་ཐོགས་ལ། འགྲོ་རྣམས་ཐོས་པས་ཕོངས་གྱུར་པ། །རྒྱལ་བོས་ཆོས་ཀྱི་རྔ་བརྡུངས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི སྙན་ནི་དབྱེ་བར་བགྱི། །ོཾ་དི་བྱ་ཀརྞ་ཡེ་སྭཱཧཱ། དེ་ནས་ཤངས་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་སྨད་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོ་དྲི་སྤངས་པའི། །འགྲོ་བའི་སེམས་ཅན་དོན་བགྱིད་ཕྱིར། །རྣམ་པར་དག་པ་དྲི་རྙེད་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །དི་བྱ གྷ་ཎ་ཡེ་སྭཱཧཱ། དེ་ནས་ཐུར་མ་ཐོག་?་ལ་ཞལ་དབྱེ་བར་བྱ་སྟེ། འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་དམ་པ་འདི། །དབུལ་ཕྱིར་རྒྱལ་བའི་ཞལ་ནི་དབྱེ་བར་བྱ། །ོཾ་དབྱེ་མུ་ཁ་ཡེ་སྭཱ་ཧཱ། དེ་ནས་སྡུ་གྲི་ཐོགས་ལ། རབ་ཏུ་བྱུང་བའི་གཟུགས ཡིན་ན། སྐྲ་བཞང་བ་ལྟར་བྱས་ཏེ། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང། །སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བྱ། །སྣམ་སྦྱར་དང། ཤམ་ཐབས་དང། བླ་གོས་གསོལ་ནས། ཇི་ལྟར་སྨན་པའི རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་ཕན་བྱའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི། །ོཾ་དི་བྱ་བསྟན་ཡེ་སྭཱཧཱ། ཆུ་ཚགས་དང། ལྷུང་བཟེད་ཐོགས་ལ། ཨོཾ་ཨཻ་ན་ཡུགས་པ་རི་ཀར་ཡེ་སྭཱཧཱ། དེ་ནས་ཐུགས་ཀར་རྡོ་རྗེ་བཟུང་ལ། མཚན་དང་དཔེ་བྱང་ལ་སོགས་བསྐྱེད་པའི་ཕྱིར། །དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་པ་དང། །བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ། རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག་།ོཾ་ཧྭ?་ཏྲི་ཤ་ད་མཧཱ་པུ་རུ་ཥ་? ཎི་ཤི་ཏི་ཨ་ནུ་བྱཉྫ་ནཱ་ཡ་སྭཱཧཱ། པོ་ཏི་དང་གློགས་པ་མ་ཡིན་ན་ཡི་གེ་ཨཱགཉིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་འཛིན་པ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང་།གཡོན་གྱི་གཉིས་པ་ན་པདྨའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བཅུག་ནས་རྒྱས་བཏབ་སྟེ། དབང་བསྐུར་ནས མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ན་བཟའ་གསོལ་ཏེ། རྒྱ་རིམ་པ་བདུན་གྱིས་གདབ་སྟེ་ཡིག་འབྲུའི་རང་བཞིན་དུ་ཞུ་བར་བསམ་མོ། །དེ་ལ་ན་བཟའ་དབུལ་བའི་སྔགས་ནི། དབྱི་བ་སྲ་ཡེ་སྭཱ་ཧཱ། ན་བཟའ་ཨི་སྟེང་དུ་མདུད་པ་བཏང་ལ། སྤྲ་ཚིལ ལས་སིན་དྷུ་རའི་རྒྱས་བཏབ་ལ། ཨོཾ་བཛྲ་མུ་དྲ་བ་ན་ད་ཡ་ཨ་དྷི་ཏིཥྛ་སྭཱཧཱ། ཞེས་བརྗོད་དོ། །ན་བཟའ་དབུལ་བའི་ཚིགས་སུ་བཅད་པ་ནི། བྱང་ཆུབ་ཡན་ལག་རྣམ་དག་པའི། །དམ་ཆོས་གསུང་གི་འོད་ཟེར་གྱིས། །ན་བཟའ་དྲི་མ་མེད་པ་འདི། །དམ་པའི་ཆོས་ལ་དབུལ་བར་བྱ།། ཞེས་བརྗོད་དེ། མཆོད་རྟེན་ཡིན་ན། རིགས་རྣམ་པ་ལྔའི་སྤྲུལ་པའི་སྐུ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བཅུག་ནས། རྒྱས་བཏབ་ཅིང་དབང་བསྐུར་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། མཐར་མཆོད་རྟེན་གྱི་ཚུལ་དུ་བཞུགས་པ་ལ། ཨོཾ་ཨ་ར་ཛེ་བིར་ཛེ་སྭཱཧཱ། ཞེས བྱ་བས་ས་དཀར་གསོལ་ལོ། །ོཾ་ཧ་ར་མྱཱ་ཡེ་སྭཱཧཱ། ཞེས་བྱ་བས་བྲེ་གཟུགས་པར་བྱའོ། །ཙཀྲ་བ་བར་ཙ་ཏ་མཱ་ཡེ་སྭཱཧཱ། ཞེས་པས་འཁོར་ལོ་གཟུགས་པ་དང། ཨོཾ་ཚཚ་ཏྲཾ་ཡེ་སྭཱ་ཧཱ། ཞེས་གདུགས་གཟུགས་པ་དང། ཨོཾ་ཀུ་བྷི་ར་དྷཝ་ཛཱ་ཡེ་སྭཱཧཱ། ཞེས་པས་ཆུ་སྲིན་གྱི རྒྱལ་མཚན་གཟུགས་པ་དང། ཨོཾ་པ་ཏ་ཀ་དྷཝ་ཛ་ཡེ་སྭཱཧཱ། ཞེས་པས་བ་དན་གཟུགས་པ་དང། ཨོཾ་པ་ཊ་ལཾ་བཱ་ཡེ་སྭཱཧཱ། ཞེས་བྱ་བས་དར་དབྱངས་གཟུགས་པ་དང། ཨོཾ་པུཥཔ?་མཱ་ལཱ་ཡེ་སྭཱཧཱ། ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་གདགས་པ་དང། ཨོཾ་ཙ་མ་དཱ་ཡ སྭཱཧཱ། ཞེས་པས་རྔ་?་ཀྱི་གཡབ་བར་བྱའོ། བྱང་ཆུབ་སེམས་དཔའ་ཨི་ཆ་ལུགས་ཡིན་ན་སོ་མངས་དང། ཁབ་དང། བསླུང་བུ་དང། གྲི་དང། ཆུ་གྲི་རྣམས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས ཇི་ལྟར་ཐུགས་དམ་རྒྱ་ཆེ་བ་ཞེས་བ་བཞིན། །མཁོ་བའི་ཡོ་བྱང་རྣམས་ནི་དབུལ་བར་བྱ། །ོཾ་ཨཱ་པ་ཡུ་ཀ་ས་པ་རི་སྐར་ཡེ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་ཐུན་མོང་དུ་རིན་པོ་ཆེ་སྣ་བདན་དང། བཀྲ་ཤིས་གྱི་རྫས་བརྒྱད་དང། འཇིག་རྟེན པ?་བཀྲ་ཤིས་པའི་བིལ་པ་དང། སྟ་རྐད་ད། ཞོ་དང་རས་ཡུག་དཀར་པོ་དང། གདུགས་གསེར་གྱི་ལུ་བ་ཅན་རྣམས་དབུལ་བར་བྱ་སྟེ། དང་བོར་ལས་ཐམས་ཅད་པའི་ཆུས་བསངས་ལ་དྲིའི་ཐིག་ལེ་དང། མེ་ཏོག་གི་ཚོམ་བུ་བཀོད་ནས་ཇི་ལྟར་མི་དབང་འཁོར་ལོ་སྒྱུ་རང? ཡིས། །རིན་ཆེན་སྣ་བདུན་ཚོགས་དང་བཅས་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་བདུན་ཚོགས་ནི་དབུལ་བར་བྱ། །ལྷའི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པར་བགྱིས། །རྒྱལ་པ་རྣམས་དང་བྱང ཆུབ་སེམས་དཔའ་རྣམས། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས། །འཇིག་རྟེན་ཁྱིམ་བདག་རྣམས་ཀྱི་དཔལ་རྙེད་ན། །བིལ་བ་སྟད་བུམ་པ་བཟང་དང་བཅས། །མདུན་དུ་བསྔར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར བགྱི། །དེ་ནས་འབྱོར་པ་ཡོང་ན་སྦྱིན་སྲེག་བྱའོ། །མེད་ན་སྐྱེད་བུ་དཀར་པོ་གསུམ་བཙུགས་ལ། །ས་ལས་བྱས་པའི་སྣོད་གཙང་མར། དཀར་གསུམ་དང། མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། །སྦྱིན་སྲེག་གི་མེ་འམ། རིག་པའི་མེ་ལ་ཡི་གེ་བརྒྱ པ་ཟློས་ཤིང་བསྐོལ་བར་བྱའོ། །དེ་ནས་?་དུ་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་པ་ནི། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དང། །གང་དག་ཆོ་ག་མ་ཚང་བ། །དེ་དག་བཟོད་པ་མཛད་པར་རིགS།། ཀུན་བཞི་དང་རྒྱས་དང་ནི། །ཡོན་བདག་ཆེ་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་གིས། །ཇི་སྲིད་བསྐལ་པ་འཇིག་པར་རུ། །ལྷ་རྣམས་ཀུན་གྱི་སྐུ་བཞུགས་ལ། །དེ་སྲིད་བཅོམ་ལྡན་བསྲུང བར་མཛོད། །ཐུགས་བཟངས་དགྱེས་བར་གྱུར་པ་ཡི། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚི་བོ་བསྲུང་མཛད་ནས། །རང་གནས་དགེ་བར་བཤེགས་སུ་གསོལ། །དེ་ནས་དམ་ཚིག་སེམས་དཔའ་རང་ལ་བསྡུའོ། །དེ་ནས་ཡོན་བདག་དང་སློབ་དཔོན་གཉིས་ཀས་སྐུའི གདན་ཁྲི་ནས་བཟུང་ནས་མེ་ཏོག་གི་ཕྲེང་བ་ཕུལ་ཏེ། ཇི་སྲིད་མ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །དེ་ནས་ཕྱོགས་སྐྱོང་དམ། །མཧཱ་ཀཱ་ལ་དང། ཡུལ་གྱི་བགེགས་ལ་གཏོར་མི་བྱིན ལ། །འགྲོ་བ་སེམས་ཅན་དོན་སླར་དུ། །བདེར་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛད། །ཅེས་བྱ་བ་དང། བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་ཕུལ་ལ། བདེ་བར་གཤེགས་པའི་སྤྲུལ་པའི སྐུ། བསྲུང་བར་ཞལ་གྱིས་བཞེས་པས། ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་བསྲུང་བར་མཛད་དུ་གསོལ། ཞེས་བརྗོད་པ་དང་།རབ་ཏུ་བསྲུང་བའི་གནས་བརྟན་དང། ཁྱིམ་པའི་གཙོ་བོ་རྣམས་ལ་ཡང། སྙིགས་མ་ལྔའི་དུས་ཀྱི་སྤྲུལ་པའི་སྐུ་ནི་འདི་ཡིན་གྱིས། འདི ཁྱོད་ཀྱིས་མ་ཉམས་པར་བསྲུངས་ཞེས་བརྗོད་པར་བྱ་ལ། ལུགས་མ་འམ། རས་རིས་སམ། པོ་ཏི་ཡིན་ན། ན་བཟའ་བཟང་པོ་དྲངས་ལ། ཤིང་རྟ་ལས་བསྐྱོན་ནས་དྲིའི་ཐིག་ལེ་བྱས་ཏེ། འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར་གྲོང་ཁྱེར་རྣམས་བསྐོར་བར་བྱའོ། །ཡོན་གྱི་བདག པོ་རྣམས་ཀྱང་གླུ་དང། གང་དང། བརྒྱན་གདགས་པ་དང། བཀྲ་ཤིས་པ་རྣམས་བྱེད་དོ། །དེ་ལ་རབ་གནས་ཀྱི་དུས་ནི། དཔྱིད་ཟླར་བ་འམ་འབྲིང་པོ་འམ། ཞེས་པ་ནས། སྐྱེ་དང་སྐྱེ་བ་འགྲུབ་པར་འགྱུར། །ཞེས་པའི་བར་དེ། རྒྱུ་དང་མཐུན་ནོ། །གསང་སྔགས་རྡོ་རྗེ་ཐེག་པ ལ། །བསྟན་པའི་སྙིང་པོ་མ་ནུས་པས། །རྣལ་འབྱོར་སོ་སོའི་མོས་པ་ཡིས། །འཛམ་གླིང་འདི་རུ་སྤྲུལ་པའི་སྐུ། །ཇི་ལྟར་འདོད་བཞིན་གཤེགས་པའི་སྐུ། །ལུགས་སྐུ་ལ་སོགས་གཟུགས་བརྙན་ལ། །རབ་ཏུ་གནས་པའི་ཆོ་ག་ནི། བྱས་པས་སྤྲུལ་སྐུ་ཐོབ པར་ཤོག་། རྣལ་འབྱོར་གྱི་རྒྱུད་ཀྱི་རབ་ཏུ་གནས་པའི་ཆོ་ག་།རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བཞུགས།། །།རྒྱ་གར་སྐད་དུ། བཛྲ་དྷཱ་ཏུ་མཧཱ་མཎྜ་ལ་ལོ་པ་ཨཻ་ཀ་སརྦ་བཛྲོད་ཡ་ནཱ་མ་པི་ཎ་ཌཱརྠ། བོད སྐད་དུ།

CLOSE WINDOW