CLOSE WINDOW

N1670: འོད་གསལ་འཆར་བའི་རིམ་པ
Wyliee-texts based on the ACIP/ALL Input

། །འོད་གསལ་འཆར་བའི་རིམ་པ། དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ཤིན་ཏུ་གོམས་པ་ཡིས། །སྤྲོས་པ་ཉིད་ཀྱིས་ཡིད ཡོངས་ན། །བླ་མའི་མན་ངག་ལ་བརྟེན་ནས། སྤྲོས་པ་དེ་ཉིད་སྤྲོས་མེད་བྱ། རི་བོའི་རྩེ་སོགས་རབ་དབེན་པར། །མཎྜལ་ལ་སོགས་ཚོགས་བྱས་ལ། །བདག་བསྐྱེད་མཆོད་དང་བུམ་པ་བཟླས། །ཇི་སྐད་བཤད་བཞིན་འགྲུབ་པ་ན། །ཤིན་ཏུ དད་དང་ལྡན་པ་ཡི། །སློབ་མ་རྗེས་སུ་བཟུང་བར་བྱ། །ཁྲུས་སོགས་སྔོན་འགྲོ་བགེགས་བསྐྲད་ལ། །ཐུན་མོང་པ་དང་ཁྱད་པར་གྱི། ཡོངས་སུ་རྫོགས་པའི་སྡོམ་པ་སྦྱིན། །རང་སྙིང་ལ་གནས་དབྱུག་པ་དཀར། །རྡོ་རྗེས་མཚན་པ་བསྒོམ པར་བྱ། །སྣ་ཚོགས་སྒྲོས་པའི་ཡིད་འདི་ཉིད། །སྤྲོས་དང་བྲལ་བར་གདོད་ནས་གྲུབ། །སྤྲོས་དང་སྤྲོས་མེད་གཞན་མིན་ཕྱིར། །ཟུང་དུ་འཇུག་པའི་སེམས་བསྐྱེད་བྱ། །ོཾ་བཛྲ་ཡོ་ག་ཙཏྟོཏཔ་ད་ཡཱ་མི་སུ་ར་ཏ་ས་མ་ཡ་སྟེ། དེ་ནས འཇམ་དཔལ་འདུས་པ་ཡིས། །དཀྱིལ་འཁོར་ཆོ་ག་ལས་གསུངས་ལྟར། །འབྱུང་བ་ལྔ་དང་ཕུང་ལྔ་ལ། །གནས་པའི་ཉོན་མོངས་ལྔ་སྦྱངས་ནས། །བདེ་གཤེགས་ལྔ་དང་ཡེ་ཤེས་ལྔ། །དབང་བར་བྱེད་པ་དབང་ལྔ་སྔོན། །ད ནས་བསྒྲུབ་དང་བསྒྲུབས་པ་ཡི། །བདེ་བ་ཐིག་ལེའི་མན་ངག་བྱ། །རྡོ་རྗེ་རྣམ་རྟོག་གཞོམ་པ་ཡི། །གཡོ་འཛིན་རླུང་གི་མན་ངག་དབབ། །དེ་ཡི་འོག་ཏུ་ཟབ་མོ་ནི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང། །མཁའ་འགྲོའི་བཀའ་ཡིས གདམས་གྱུར་པ། །རྣམ་རྟོག་འོད་གསལ་ཞལ་ལས་གཟུང།། དེ་ནས་ནམ་ཞིག་རྟོགས་གྱུར་པས། །སྐད་ཅིག་ཉིད་ལ་ཡེ་ཤེས་འཆར། །གྲོལ་དང་གྲོལ་བ་མ་ཡིན་པའི། །འཆིང་བ་ཀུན་ནི་སྤངས་པར་འགྱུར། །ནོར་དང་གོ་འཕང་མཉམ་པ དང། །མཁའ་འགྲོ་དང་ཀུན་མཐོང་དང། །མཁའ་འགྲོ་བྲན་དུ་བྱ་ལ་སོགས། །ཅི་འདོད་པ་ཡི་བསམ་པ་འགྲུབ། །དེ་ལྟར་ཤིན་ཏུ་གསང་པ་བླ་མ་དམ་པའི་དྲིན་ལས་བྱུང་གྱུར་པ། །གསལ་པར་བྱས་པ་གང་ཡིན་དེས་ནི་སྲིད་པ་གསུམ དུ་འཆིང་བ་ཀུན། །སྤངས་ནས་སྲིད་གསུམ་བདེ་ཆེན་ངོ་གཅིག་དཔལ་ལྡན་ལས་འབྲས་ཀུན་གཟིགས་པ། །ཞི་ལས་འཇམ་དབྱངས་ཤིན་ཏུ་ཁྲོས་པ་གཤིན་རྗེ་གཤེད་དུ་དཔལ་ཐོབ་གྱུར་ཅིག། དཔལ་གཤིན་རྗེ་གཤེད་དམར་པོའི་བྱིན གྱིས་བརླབས་པའི་མན་ངག་འོད་གསལ་འཆར་བའི་རིམ་པ་སློབ་དཔོན་མཐུ་སྟོབས་ཀྱི་མགོན་པོ་དཔལ་བ་རུངས་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་པཎྜ་ཏེ་བར་ནྡྲ་བའི་ཞལ་སྔ་ནས་དང། ཆག་ལོ་ཙ་དགེ་སློང་ཆོས རྗེ་དཔལ་བཟང་པས་བསྒྱུར་བའོ། ། །།རྒྱ་གར་སྐད་དུ། སུ་ནི་པྲ་པཉྩ་ཏཏྟོ་པྲ་པཉྩ་ཏཏྟ་པ་དེ་ཤནཱ་མ། བོད་སྐད་དུ། ཤིན་ཏུ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ལ་ཕྱག འཚལ་ལོ།

CLOSE WINDOW