CLOSE WINDOW

N1600: རྡོ་རྗེ་སེམས་མ་བདེ་བའི་སྒྲུབ་ཐབས་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། ། !། །རྒྱ་གར་སྐད་དུ། བཛྲ་ཙར་ཙི་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་མ་བདེ་བའི་སྒྲུབ་ཐབས་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ ལོ། །ཐབས་ཀྱི་རྒྱལ་པོ་ལ་འདུད་ཤེས་རབ་གོ་ཆ་ཅན། །བྱམས་པ་རྣམ་པར་དག་པས་སེམས་ཅན་བརྩེ་སྐྱོང་བ། །ཐབས་ཆེན་སད་པའི་མངའ་ཡིས་མ་རིག་སྲོག་གཅོད་ཅིང། །གཏི་མུག་རྣམ་པར་དག་པ་ཡེ་ཤེས་ཡུལ་ཅན་ལ། །བཏུད་དེ་ཞེ་སྡང་ཐམས ཅད་རྣམ་པར་མཐར་བྱེད་ཅིང། །སྙིང་པོ་འཁོར་ལོ་བསྒྲུབ་ཕྱིར་རབ་ཏུ་བཤད་པར་བྱ། །དང་པོ་སྔགས་པས་ཐོ་རངས་ཆ། །ཁྲུས་ཀྱི་བུམ་པ་ལེགས་བྱུགས་ནས། །གུར་ཀུམ་ཆུས་བྱུགས་རྡོ་དག་གིས། །སྒོ་དགུ་ལ་ནི་བརྡེག་པར་བྱ། །དེ་ནས་གོས་སོགས་ཚུལ བསྡམས་ནས། །ཤུ་ཀྲ་དཀར་པོའི་མཎྜལ་བྱ། །བདག་ཉིད་ལྷ་རུ་གསལ་བ་ཡིས། །རྣམ་དག་བདུན་དང་ཚད་མེད་བཞི། །བྱས་ནས་ཕྱི་ནས་ཆོས་ལ་བལྟ། །སྔགས་རྐྱེན་གྱིས་ནི་རྣམ་ཐར་བསྒོམ། །བདག་བསྲུང་བ་ནི་ཡེ་ཤེས་ལ། །གཞན་བསྲུང་འཁོར་ལོ ཆེན་པོའོ། །མ་ཆགས་དང་ནི་འོད་ཟེར་བསིལ། །རྡོ་ལས་ཆོས་ཀྱི་འཁོར་ལོ་བསྐོར། །སྤྲོ་བསྡུས་ང་རྒྱལ་བརྩམ་པར་བྱ། །ོཾ་བཛྲ་ཙར་ཙི་ཀ་ཨཱཏྨ་ཀོ་ཧཾ། གྱུར་པས་སྐུ་མདོག་དཀར་ལ་ཞི། །ཅུང་ཟད་སྐེམ་ཞིང་ཕྲལ་འཇམ། །དཀར་སྔོ་དམར་བའི་ཞལ་གསུམ མ། །གྲི་གུག་འཁོར་ལོ་རལ་གྲི་དང། །རིན་ཆེན་ཆུ་སྐྱེས་འཛིན་པའི་ཕྱག་།སྟག་གི་པགས་པས་སྨད་དཀྲིས་ཏེ། །དབུ་སྐྲ་སེར་བརྫེས་ཐོད་པ་ལྔས། །དབུ་བརྒྱན་ལྔ་བཅུའི་ཕྲེང་བ་ཅན། །ཞི་ཞིང་སྒེག་པ་མེ་དབུས་ཀྱི་ལ། །གཡོན་བསྐུམ་གཡས་པ་བརྐྱང་པས གནས། །རང་སྙིང་ས་བོན་རྫོགས་པ་དང། །ཡིག་འབྲུ་གསུམ་ལ་རྡོ་རྗེ་གསུམ། །སྐྱེ་མཆེད་ལ་ནི་རྡོ་རྗེ་དྲུག་།རིག་པའི་དབང་བསྐུར་གཤིན་རྗེ་གཤེད། །ཛགསང་བའི་མཆོད་པ་བྱ། །ལག་པ་རྡོ་རྗེ་དྲིལ་ལྡན་པས། །རྡོ་རྗེ་ཞི་བ་བྱང་ཆུབ་སེམས། །གཏི་མུག་རྡོ་རྗེ་ཉིད་དབྱེར་མེད། །ཆོས་ཀྱི་དབྱིངས་ཀྱི་བདག་ཆེན་པོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །སྤྲོ་དང་བསྡུ་བ་བྱེད་པའམ། །ཇི་སྲིད་མི་སྐྱོའི་བར་དུ་བྱ། །ཞི རྒྱས་དབང་དང་དྲག་པོ་ཡིས། །ཕྲིན་ལས་མཐུན་པར་གསང་སྔགས་བསྒྲུབ། །ོཾ་མོ་ཧ་ར་ཏི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་ཚིག་ནི་མི་གསལ་ཞིང། །སྔགས་པའི་ཡིད་གསལ་བཟླས་པར་བྱ། །གལ་ཏེ་སྤྲོས་པའི་རྣལ་འབྱོར་གྱིས། །ངལ་བ་སོབ་འདི་ལྟ སྟེ། །ཆོས་ཀུན་ཞི་བ་རིམ་བཞིན་དུ། །པདྨ་ཆོས་འབྱུང་ལ་ཐིམ་བྱ། །ཆོས་ཀུན་ཡི་གེ་གསུམ་ལྡན་པས། །གོ་རིམ་ཨ་ཡི་སྒྲས་བསྐུལ་ཏེ། །སྐྱེ་མེད་འོད་གསལ་བསྒོམ་པར་བྱ། །གཏི་མུག་རབ་ཏུ་རྨོངས་པའི་མུན་ཆེན་དང། །ང་བདག་ཆིངས་ཆེན རབ་ཏུ་བཅད་པའི་ཕྱིར། །རྒྱུད་ཆེན་ལས་བྱུང་བཅོམ་ལྡན་མངོན་སུམ་དུ། །ཐོས་ནས་བྲིས་པའི་གཞུང་འདིས་ཀུན་གྲོལ་ཤོག་།རྡོ་རྗེ་སེམས་མ་བདེ་བ་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། །། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ། ། །། !། །རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ཡོ་གི་ནི་སཱ་ཧ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ སེམས་དཔའ་ལ་ཕྱག་འཚལ་ལོ།

CLOSE WINDOW