CLOSE WINDOW

N1417: པདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

།སྟོང་ཉིད་སྙིང་རྗེའི་རང་བཞིན་ཅན། །པདྨ་སྤྱན་རས་གཟིགས་ཕྱག་འཚལ། །ལྷ་ཉིད་རྣམ་ཕ་དུ་མ་ནི། །ག་ཉིད་སྤངས་པ་མིན་པ་གང། །ཐུགས་རྗེས་མཆོག་ཏུ་ཆགས་གྱུར་པ། །འཇིག་རྟེན་མགོན་འདི་རྒྱལ་བར་བྱེད། །ཆོས བདག་མེད་པ་དམ་པའི་དངོས། །རྨད་བྱུང་མཐར་གནས་པ་ཡང་དེ། །དུ་མའི་དཀྱིལ་འཁོར་བ་གང་ཉིད། །ཐུགས་རྗེ་ཆེན་པོ་རྣམ་པར་འཇོག་།ཕུན་སུམ་ཚོགས་པ་ཀུན་གྱི་རྒྱུ། །པདྨ་དྲ་བ་དཔལ་ལ་བརྟེན། །ཇི་ལྟར་བླ་མས་ཉེར་བསྟན་པ། །དེ་ཡི་སྒྲུབ་ཐབས རིམ་པར་བརྗོད། །ཡེ་ཤེས་ཤེས་རབ་ཐབས་རང་བཞིན། །སྒྲུབ་ཐབས་སེམས་ལ་ཀུན་ཕན་པ། །ཚིག་དོན་ཕལ་ཆེར་རྣམ་གསལ་བ། །བདག་དང་བློ་མཉམ་རྣམས་ལ་ཕན། །དང་པོ་རེ་ཞིག་ཡང་དག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་ཅན གདོན་པ་ལ་ཀུན་ཏུ་དམིགས་ཏེ་སྨོན་ལམ་སྔོན་དུ་བྱའོ། །འཇིག་རྟེན་འདི་ཐམས་ཅད་ཉིད་བདག་གིས་འཁོར་བའི་སྡུག་བསྔལ་ལས་བཏོན་ནས་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བ་དང། །སངས་རྒྱས་ཉིད་ཐོབ་པའི་རྒྱུར་སྔགས་ཀྱི་ཐེག་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་མཆོག གི་མཆོག་བླ་མའི་དྲིན་གྱིས་ཉེ་བར་བསྟན་པ་ལས་ཡང་དག་པར་རྟོགས་ཏེ?། །ཐོས་པ་དང། བསམ་པ་དང་བསྒོམ་པའི་རིམ་པས་ཇི་ལྟར་རིགས་པར་ཀུན་དུ་སྤྱོད་པ་ལ་རབ་ཏུ་འཇུག་པ་བརྩམ་པར་བྱའོ། །སྔགས་ཀྱི་ཆུལ་ཆེན་པོ་ཉིད་གང་ལས་བྱང་ཆུབ་སེམས་དཔའ་ རྣམས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པོ། །གང་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ལམ་གསུམ་ཡང་དག་བྱུང། །ཡང་དག་གསང་སྔགས་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཡང་དག་ཐོབ་ཅེས་སོ། །དེའི་ཕྱིར་སྔགས་ཀྱི་ཚུལ་བརྗོད་པ་བསྒོམ་པའི སྟོབས་ལས་དུས་ཡུན་མི་རིང་པ་ཁོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚིགས་ཡོངས་སུ་རྫོགས་པར་བྱས་ནས་བདེ་བར་གཤེགས་པའི་གོ་འཕངས་ཐོབ་པར་བྱེད་དེ། །དེ་ལ་བྱམས་དང་སྙིང་རྗེ་མཉམ་པར་སྦྱོར་བ་ལས་ཡིད་ནི་རྫོགས་པའི་བྱང་ཆུབ་བྱས། །སངས་རྒྱས་རྣམས་ཀྱི་ཤིན ཏུ་ཟབ་པའི་ཚུལ་ཏཱུང་ལྷག་པར་མོས་པར་ལྡན། །སྦྱིན་པ་ཆུལ་ཁྲིམས་ལ་སོགས་ཀུན་རྫོགས་སྲིད་པའི་ལོངས་སྤྱོད་ལས་ཕྱིར་ཕྱོགས། །སེམས་ལ་སྡུག་བསྔལ་དང་ནི་དུབ་པ་མེད་པར་ལྷ་ཉིད་མཉེས་པར་བྱེད། །ཆུ་དང་ཅོད་པན་དང། །རྡོ་རྗེ་དང་བདག་པོ་དང། མིང་དང གསང་བ་དང། ཤེས་རབ་ཡེ་ཤེས་དང། བརྟུལ་ཞུགས་དང་དབུགས་དབྱུང་བ་ལ་སོགས་པའི་དབང་བསྐུར་བའི་ཆོ་ག་དང་ལྡན་པ། ཚོགས་པར་སྦྱོར་བ་བླ་མའི་དྲིན་གྱིས་བྱིན་ཞིང་རྗེས་སུ་གནང་བ། གཉུག་མེའི་གསང་སྔགས་དངོས་སུ་བྱ་སྤྱ?་བའི་མཁས་པས་ཡིད་དང རྗེས་སུ་མཐུན་པའི་ས་འཛིན་ལ་སོགས་པ་གང་ཡང་རུང་བར་བདེ་བའི་སྟན་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། །བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ། རྗེ་བཙུན་བགེགས་མཐར་བྱེད་ཡུད་ཙམ་གྱིས་དྲན་པར་བྱའོ། །ོཾ་ཨ་མྲི་ཏ་ཧ་ན་ཧ་ན་སརྦ བིགྷྣཱན་ད་ཧ་ད་ཧ་སརྦ་བཱ་པཾ་ཧཱུཾ་ཕཊ། དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་རྣམ་པར་སྦྱངས་ནས། །བྱམས་པ་ལ་སོགས་པའི་སྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཾ་གི་ཡི་གེ་བསམས་ནས་ནམ་མཁའ་ཨི མ་ཐིལ་དུ་རྡོ་རྗེ་ཏིལ་གྱི་གང་བུ་བཞིན་དུ་བར་མཚམས་མེད་པར་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དང་དེ་དང་ཐ་མི་དད་པའི་བླ་མ་རྣམས་ཀྱི་སྐུ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡེང་སུ་གང་བར་ཀུན་ཏུ་དམིགས་ནས་དྲིཾལ་ཨས་གཟུགས་དང་སྒྲ་དང་དྲི་དང་དྲི་དང་རོ་དང་རེག་བྱ་རྡོ་རྗེའི་ལྷ་མོ་དང་ཕྱི་རོལ་གྱི་རྣམ་པ་སྣ་ཚོགས་པའི་མེ་ཏོག་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པའི་ལྷ་མོ་རྣམས་སྤྲོས་ནས་ཡང་དག་པར་མཆོད་ནས་བདག་ཉིད་དེ་རྣམས་ཀྱི་མདུན་དུ་འདུག་སྟེ་གུས་པ དང་དུལ་པའི་སེམས་ཀྱིས་ཐལ་མོ་སྦྱར་བར་བྱས་ཏེ་བུས་མོའི་ལྷ་ང་བཙུགས་ནས་ཕྱག་འཚུལ་བར་བལྟའོ། །འདི་ལྟར་སྔར་བརྗོད་གཟུགས་སོགས་དང། །དེ་བཞིན་རིན་ཆེན་སོགས་ཕུང་པོས། །མཆོད་པ་རྣམ་པར་བརྟག་བྱས་ནས། །སྔགས་པས་དེ་རྣམས འབད་པས་མཆོད། །དེ་ལྟར་དེ་རྣམས་མདུན་འདུག་ནས། །བུས་གཙུགས་ཐལ་མོ་སྦྱར་བྱས་ཏེ། །སྡིག་པ་ལ་སོགས་མི་དམིགས་པས། །བཤགས་པ་ལ་སོགས་པ་བྱའོ། །བདག་གི་སྡིག་ཀུན་བཤགས་པར་བགྱི། །དགེ་ལ་མཆོག་དགས་རྗེས་ཡི རང། ཇི་སྲིད་འགྲོ་གནས་གང་དོན་དུ། །བཅོམ་ལྡན་དམ་ཆོས་རིན་ཆེན་དང། །དཀོན་མཆོག་གསུམ་ལ་མངོན་པར་སྐྱབས་སུ་མཆི། །བྱང་ཆུབ་ཡིད་ལ་བཟུང་ཞིང་དེ་ཡི་ལམ། །ཡང་དག་བསྟེན་ཞིང་དགེ་བའི་གཏེར་རྣམས་ནི། །རྫོགས་པའི་བྱང་ཆུབ་ཆེད དུ་ཡང་དག་བསྟེམ། དེ་བཞིན་དཀོན་མཆོག་གསུམ་ལ་བདག་སྐྱབས་སོ། །ཞེས་པ་ལ་སོགས་ཐམས་ཅད་བཀླག་ནས་སོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ལྷ་ཉིད་ཀྱི་བདེ་བ་ཉེ་བར་སྒྲུབ་པའི་བྱམས་པ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ཁོ་ན་ལ་སྡུག་བསྔལ ཐམས་ཅད་སེལ་བའི་རྣམ་པ་སྙིང་རྗེ་དང། །དེ་ནས་དེ་རྣམས་ཁོ་ན་ལ། །བདེ་བ་དང་མི་འབྲལ་བའི་རྣམ་པ་དགའ་བ་དང། །དེ་ནས་དེ་རྣམས་ཁོ་ན་ལ་འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ཉེ་བར་བསྡུང་བའི་རྣམ་པ་བཏང་སྙོམས་སོ། །དེ་ནས་གཟུང་བ་དང་འཛིན་པའི རང་བཞིན་དང་བྲལ་བ་སྟོང་པ། །དེའི་རྣམ་པའི་ཡེ་ཤེས་ནང་གི་སྐྱེ་བ་མེད་པའོ། །དེ་བཞིན་ཁོ་ནར་ཁམས་གསུམ་པའི་མཐར་ཐུགས་པ་ལས་ཟློག་པའི་སེམས་ཅན་མེད་པའི་ཕྱིར་མཚན་མ་མེད་པའི་ཡེ་ཤེས་ཙམ་མོ། །རྣམ་པར་རྟོག་པ་མེད་ཅིང་སེམས་པ་མེད་པས་གང་ལ་ཡང སྨོན་པ་མེད་པ་གང་ཡིན་པ་དེ་ལས་རྒྱུབ་དང་བཅས་པ་དང། རྒྱུ་བ་མེད་པའི་དངོས་པོ་མ་ལུས་པ་ལ་སྨོན་པ་མེད་པའོ། །དེ་ལྟར་རྣམ་པ་སྣ་ཚོགས་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་རང་གི་སེམས་ལ་རང་གི་སོ་སོར་རིག་པས་བལྟས་ནས་སློབ་དཔོན་གྱིས་འཆད བར་འགྱུར་པའི་གསང་སྔགས་ཀྱི་དོན་ལ་ལྷག་པར་མོས་པས་བྱིན་གྱིས་བརླབ་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷམཆོག་ཏུ་མི་འགྱུར་པས། །དེ་ཕྱིར་རང་ཡིད་རྟག་ཏུ་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་བྱ། །ནམ་ཞིག་སངས་རྒྱས་ཀྱི་ན་ཞང། །རྣམ་པར་མ་དགེ་སངས་རྒྱ། །དེས་ན་དང་པོར་ཞིང་དག་ཕྱིར། །རང་སེམས་ཉི་མ་བསྒོམ་པར་བྱ། །དེ་ལ་གཟི་བརྗིད་ཕུང་པོའི་གཟུགས རང་གི་སེམས་ནི་བལྟ་བར་བྱ། །ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་ཕྲ་མེ་རྣམས་སོ། །དེ་རྣམས་ཀྱིས་འོག་དང་སྟེང་གི་ཕྱོགས་བཞིང་རྡོ་རྗེའི་ར་བ་དང་གུང་བསམ་པར་བྱའོ། །དེ་ཕྱིར་ཐོག་མ་དབུས་མཛའ་གོལ། །སྐྱེ་དང་ཟད་པ་སྤངས་པ་ཡི། །ཡེ་ཤེས་རྩལ གནས་པའི་ཆོས། །ཐམས་ཅད་དག་པའི་གོ་འཕང་གནས། །འདི་ལྟར་ཇི་སྐད་བཤད་ཡེ་ཤེས། །རྫོགས་པ་ཡོངས་སུ་འཇུག་པ་ནི། །ཆོས་འབྱུང་ཕྱག་རྒྱ་གྲུ་གསུམ་པ། །དཀར་པོ་སྟེང་དུ་གནས་བསམ་བྱ། །སྣ་ཚོགས་ཆུ་སྐྱེས་རྡོ་རྗེའི་དབུས་གནས་པ། །ནམ་མཁའ་ཨི་མཐར ཐུག་པ་ཡི་གཟུགས་ཅན་ནོ། །དེ་ནས་རླུང་མེ་ཆུ་སའི་དཀྱིལ་འཁོར་དུ། ། ཡིག་ཡོངས་གྱུར་ཟླ་བ་དེ་ལ་དེའི། །སྟེང་དུ་ཟླ་བར་པཾ་ཡིག་སེར་པོ་ནི། །ཡོངས་སུ་གྱུར་པའི་སྣ་ཚོགས་པདྨའོ། །དེ་ཡི་ཟེ་འབྲུག་ཟླ་བར་བྷྲུཾ་ཡིག་ལས། ། སྐྱེས་པའི་འཁོར་ལོ། །དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་རང་གི་ངོ་བོ་ཡེ་ཤེས་ཀྱི་མཆོད་རྟེན་ཁང་པ་བརྩེགས་པ་བལྟ་བར་བྱའོ། །ཇི་ལྟར་གྲུ་བཞི་པ་ལ་སྒྲོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་དང། །བྲ་བ་དྲ་ཕྱེད་མེ་ཏོག་ཕྲེད། །མེ ལང་ལ་སོགས་པས་བརྒྱན་པ། །ཤིན་ཏུ་རྣམ་པར་དག་པ་ཡིས། །ཆོས་ཀྱི་དབྱིངས་ལས་སྐྱེས་པའི་ཕྱིར། །ཉེར་སྤྱོད་ལྔ་ཡིས་བརྒྱན་པ་དང། །འགྲོ་བ་མ་ལུས་པ་ཤིན་ཏུ་རྣམ་པར་དབྱེར་མེད་པར་བརྗོད་པའི་ཕྱིར། དེར་གྱུར་པའི་ཉེས་པས་རྗེས་སུ་གོས པ་ཨ་མེད་པའི་ཕྱིར་སྡོང་བུ་གཅིག་ལ་རིམ་པ་གསུམ་འདབ་མ་སུམ་ཅུ་རྩ་དྲུག་པའི་སྣ་ཚོགས་པདྨའི་གདན་ཉེ་བར་མཛས་པའི་ལྷའི་གནས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཀུན་ཏུ་གདུང་བ་ཞི་བར་བྱེད་པའི་ཕྱིར་དང་དགེ་བའི་རྩ་བ་ཉེ་བར་བསགས་པའི ཕྱིར་དང། །ཐུགས་རྗེ་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར། །འདབ་མ་སོ་སོར་ཟླ་བའི་གདན་ལ་རྗེས་སུ་སོན་པ་མ་རིག་པའི་མུན་པ་རྣམ་པར་བཟློག་པའི་ཕྱིར་དང། མི་དགེ་བའི་འདམ་སྐེམས་པའི་ཕྱིར་དང། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྨིན་པར་བྱེད་པའི་ཕྱིར། ། ཤེས་རབ་ཀྱི་རང་བཞིན་ཅན་ཉིད་ཀྱི་ཕྱིར་སྒོ་དང་ཟུར་དུ་ཉི་མའི་གདན་ལ་གནས་པའོ། །ཐུགས་རྗེས་བརླན་པ་ཉིད་ཀྱི་ཕྱིར་དང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་བུམ་པ་གང་བ་རྣམས་ཀྱིས་ཡོངས་སུ་བརྒྱན་པའོ། །ཡེ་ཤེས་ལྡིང་རང བཞིན་གྱིས་རིན་པོ་ཆེ་ལྔའི་རང་བཞིན་ནོ། །དེ་བཞིན་དུ། །རང་གི་སེམས་དེ་རྣམ་པར་དག་གྱུར་པ། །ཁང་པ་བརྩེགས་པའི་རང་བཞིན་ཁང་པ་རུ། །དེ་ལ་དབུས་སུ་ཟླ་བའི་གང་ན་ལ་ནི། །བཅུག་ཉིས་འགྱུར་གྱི་ནི་དབྱངས་རྣམས་ཀྱི། །སུམ་ཅུ་རྩ་གཉིས མཚན་གྱིས་ཚོགས་པ་ཡཾ། །ནུས་པས་རྫོགས་པར་བྱེད་པར་ལྟ་བར་བྱ། །ལུགས་དང་མཐུན་དང་ལུགས་ལས་བཟློག་པ་ཡི། །ཕྲེང་བ་གཉིས་སུ་ངེས་པར་གནས་པ་ཡིས། །དག་པ་ཟླ་བར་ཤེལ་གྱི་རྣམ་པ་ཡིས། །རྣམ་པར་འཕྲེང་བའི་འོད་ཟེར་ཕྲེང་རྣམས་ཀྱིས། །དེ་ནས་ཀ་ལ སོགས་པའི་སུམ་ཅུ་བཞི། །དེ་རྣམས་ཌ་དྷ་ད་དྷ་ཡ་ལ་དང་བཅས་པ་རྣམས་འབད་པ་ཆུང་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རབ་ཏུ་བཅུག་ནས་བཞི་བཅུར་བྱའོ། །དེ་རྣམས་ཁོ་ན་ཉིས་འགྱུར་དུ་བྱ་སྟེ། དཔེ་བྱད་བརྒྱད་ཅུ་བོ་རྣམས་སོ། །དེ་རྣམས་ལས་སྐྱེས་པ་ཟླ་བའི་དཀྱིལ་འཁོར གཉིས་པའོ། །དེ་བཞིན་དུ། སྐུ་ཡི་བྱིན་རླབས་ལས་སྒྲུབ་པ། །དེ་ནི་གང་ལས་འབྱུང་བར་འགྱུར། །ཌ་དྷ་ད་དྷ་ལ་ཡ་བདག་།བཅུག་ནས་ཉིས་འགྱུར་ཀ་སོགས་བྱ། །དེ་ལས་ཀྱང་ཟླ་བསམ་བྱས་ནས། །དཔེ་བྱད་སྒྲུབ་པར་བྱེད་པའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཕྱིར། ། སྙིང་རྗེའི་རྩ་བ་ལས་བྱུང་དྲག་ཅས་སོ། །དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དང། །ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ། །མེ་ལོང་དང་མཉམ་པ་ཉིད་དང། །སོ་སོར་རྟོག་པ་དང། བྱ་བ་རྗེས་སུ་སྒྲུབ་པ་དང། ཤིན་ཏུ་རྣམ་པར་དག་པའི ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཧྲཱཾ་རྩི་གི་ཡི་གེའི་ས་བོན་ཡོངས་སུ་གྱུར་པས་བདག་ཉིད་དཔལ་པདྨ་སྤྱན་དག་པ་ཡང་དག་པར་གསལ་བར་བྱེད་པའི་ཉལ་བཞི་པར་བལྟ་བར་ལུས་ཚད་མེད་པ་དང། བསྡུ་པའི་དངོས་པོ་དང་སྐད་ཅིག་དང་དགའ་བ་བཞིན་རྣམ་པར དག་པ་ཡང་དག་པར་གསལ་བར་བྱེད་པའི་ཞལ་བཞི་པར་བལྟ་བར་བྱའོ། །འགྲོ་བ་ཚིམ་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྩ་བའི་ཞལ་དང་ལུས་གང་བའི་ཟླ་བ་ལྟར་དཀར་པ་གཡས་པ་དང། རྒྱབ་དང་གཡོན་པའི་ཞལ་སྔོན་པོ་དང་དམར་པོ་དང་ལྗང་གུའོ། །སྔགས དང་བདག་དང་ལྷའི་དེ་ཉིད་གསུམ་གསལ་བར་བྱེད་པ་པོ་ཉིད་ཀྱི་ཕྱིར་སྤྱན་གསུམ་རྣམ་པར་ཐར་པ་བརྒྱད་ཀྱི་ཚུལ་གྱི་ཕྱིར་ཕྱག་བརྒྱད་དོ། །སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དག་མཉམ་པའི་བདག་ཉིད་ཅན་གྱི་དངོས་པོའི་ཕྱིར་དང་ཤེས་རབ་དང་ཐབས་ཀྱི་བདག ཉིད་དམ་པའི་སྐུ་གསལ་བར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྣམ་པ་གཉིས་སྒྲོན་མས་ཀུན་ཏུ་སྣང་བར་བྱེད་པ་ལྟར་རང་སྣང་གི་རིག་མ་གོས་དཀར་མོ་གཡོན་གྱི་པང་དུ་ཕྱག་གིས་འཁྱུད་དེ་འཛིན་པའོ། །སྲིད་པའི་འཆིང་བ་གྲོལ་བའི་ཕྱིར་དང། ཏིང་ངེ་འཛིན་རྣམ་བར་ཆད་པ་ཡང་དག་པར་བསྲུང་བའི་ཕྱིར་སྐྱིལ་ཀྲུང་ཕྱེད་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་དང། །མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པའི་ཕྱིར་གཡས་པའི་ཕྱག་དང་པོར་གནས པའི་རྩེ་མོ་ལྔ་པའི་རྡོ་རྗེས་གཡོན་གྱི་ཕྱག་དང་པོར་གནས་པའི་པདྨ་འབྱེད་བཞིན་པའོ། །ཇི་ལྟར་པདྨ་དམར་པོ་ནི། །གནས་ཀྱི་ཉེས་པས་མི་གོས་པ། །དེ་བཞིན་གྲུབ་པའི་རྣལ་འབྱོར་ལྡན། །གནས་ཉེས་སྣ་ཚོགས་ཀྱིས་ཀྱང་ངོ། །དེ་ཕྱིར་པདྨ་ཞེས་བརྗོད་དོ། །གདུལ དཀའ་བ་འགུགས་པར་བྱེད་པའི་ཕྱིར་པདྨའི་ལྕགས་ཀྱུ་གདེངས་པའོ། །གདུལ་བྱ་མ་ཡིན་པ་འཆིང་བར་བྱེད་པ་ཉིད་ཀྱི་ཕྱིར་པདྨའི་ཞགས་པས་མཚན་མའི་ཕྱག་གོ་།དོན་དམ་པ་ལས་ཆོས་ཐམས་ཅད་བདག་མེད་པའོ། །ཞེས་གསལ་བར་བྱེད་པའི་ཕྱིར་ཡེ ཤེས་ཀྱི་བདུང་རྩིས་གང་བའི་ཐོད་པ་ཕྱག་ཏུའོ། །སྐྱེ་མཆེད་དྲུག་ལ་སོགས་པའི་ལུས་འཇོག་པ་སྤངས་པའི་ཕྱིར་རོ། །མགོ་བོ་ལ་སོགས་པ་རྐང་པའི་མཐར་ཐུག་པའི་རྣམ་པར་དཔྱང་པ་ལས། །སྟོང་པ་ཉིད་དུ་རོ་གཅིག་ཅིང་དབྱེ་བ་མེད་པའི་མགོ་བོ། །གཡོ བ་མེད་པའི་དངོས་པོའི་ཕྱིར་དག་པའི་ཤེལ་དང། དུང་དང་ཀུན་ད་དང་ཟླ་བ་ལྟར་དཀར་བའི་ཁ་ཊཝཱཾ་ག་བསྣམས་པ་དམ་པའི་ཆོས་སྦྱིན་པ་པོ་ཉིད་ཀྱི་ཕྱིར་ཕྱག་ཏུ་རིན་པོ་ཆེའོ། །སྤྲོས་པ་མེད་པའི་ཤེས་རབ་ཀྱི་བདག་ཉིད་དང་བཅས་པ་ཉིད་ཀྱིས་ལྷ་མོའི་ནུ མ་ལ་རེག་ཅིང་དགའ་བའོ། །སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བ་ལ་སོ་སོར་རྟོག་པའི་མཆོག་ཉིད་ཀྱི་ཕྱིར་འོད་དཔག་མེད་ཀྱི་ཅོད་པན་ཅན་ནོ། །བཅུང་ལན་ཡོངས་སུ་རྫོགས་པའི་ཕྱིར་དང་ཡེ་ཤེས་ཀྱི་ཟླ་བའི་ཆའི་མྱུ་གུ་ཅན་གྱི་རལ་པའི་ཚོགས་ཀྱིས བརྒྱན་པ་དེ་ཁོ་ན་ཉིད་ཀྱི་ཆ་ཤས་བསྡུས་པར་བྱས་པ་རྣམ་པར་འཇོམས་པ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་པདྨ་དཀར་པོས་དབུ་ལ་མཚན་པའོ། །དེ་བཞིན་དུ་སེམས་ཅན་རྗེས་སུ་འཛིན་པའོ། །ཐུགས་རྗེས་རྗེས་ཆགས་ཡང་དག་བྱུང། །ཡང་དག་རྫོགས་པའི་དགེ་ཆོས་ཀྱིས། ། ཉོན་མོངས་ཐམས་ཅད་ངེས་འདུལ་བྱེད། །ཀུན་གྱིས་བརྒྱན་པའི་གཟུགས་རྣམས་ཀྱིས། །ཞི་དང་སྒེག་པ་འཆང་པ་པོ། །ཤེས་རབ་ཐབས་བདག་དམ་པའི་སྐུ། །མཚན་མོར་བྱེད་པ་མཆོག་འབར་བྱེད་ཅེས་དང། །གཞན་ཡང། བཅོམ་ལྡན་འདས་མའང་ཐམས་ཅད་དུད བཅོམ་ལྡན་འདས་མཚུངས་བསམ་པར་བྱ་ཞེས་སོ། །ཡང་ན་ཕྱག་གཉིས་པདྨ་དམར་པོ་རྣམ་པར་རྒྱས་པར་བྱེད་བཞིན་པའོ། །དེ་བཞིན་དུ་སྣ་ཚོགས་སྤྲུལ་པའི་རྣམ་གཡེང་གིས་མ་ལུས་འགྲོ་དོན་བྱ་དེ་མཆོག་།བཅོམ་ལྡན་འདས་གཟུགས་བདག་ཉིད་ནི། །བསམས ནས་བསྒོམ་པ་བརྩམ་པར་བྱ། །ཞེས་པ་དེ་ལྟེ་བུ་ནི་དང་པོ་སྐྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་རང་གི་དོན་སྒྲུབ་བྱེད་དོ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་།གཞན་གྱི་དོན་དུ་སོ་སོར་བསྒོམ་པར་བྱའོ། །དེའི་རྗེས་སུ་འགྲོ་བ་མཛའ་དག་ལ་ཐུགས་རྗེས་བསྟན་ནས། སྙིང་གང་ཡེ་ཤེས་སེམས་དཔའ་ཧྲི:?་ཡིག་གི་ས་བོན་ལས་འོད་ཟེར་ཀུན་ཏུ་སྤྲོས་ནས་ཕྱོགས་བཅུར་གནས་པའི་དེ་བཞིན་གཤེགས་པའི་བདག་ཉིད་རྣམས་བཀུག་ནས་རབ་ཏུ་བཅུག་ནས་བསམ་པར་བྱའོ། །དེ་རྣམས་ཀྱང་མཐར་དེའི་གཟུགས་ཀྱིས་རྣམ པ་ཡོངས་སུ་གྱུར་པས་འགྲོ་བ་རྗེས་སུ་གཟུང་བའི་ཕྱིར་རབ་ཏུ་བྱུང་ནས་འདི་ལྷའི་གཟུགས་ཀྱི་ཡོངས་སུ་གྱུར་ནས་སྔར་བརྗོད་པའི་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཀ་ཡིག་ལ་སོགས་པའི་ས་བོན་དང་མཚན་མ་རྣམས་སུ་གནས་པ་བསམ་པར་བྱའོ། །དེ་བཞིན་དུ། སངས་རྒྱས་ཚོགས་རྣམས་བཀུག་ནས?་ནི། །རང་གི་ས་བོན་ནང་གཞུག་བྱ། །སླར་ཡང་ཡིད་ཀྱིས་ཕྱུང་ནས་ནི། །གཉུག་མའི་ས་བོན་རིམ་ཇི་བཞིན། །འདི་ཡི་དགོད་པའི་རིམ་པ་ནི། །དང་པོའི་འདབ་མ་བརྒྱད་ཀྱི་རིམ་པ་ལ་ཤད་དུ་པདྨ་སྤྱན་མ་ལྷ་མོ བསྒོམ་པ་བློ་ལྡན་པས། །ལྟོ་རུ་རིན་ཆེན་པདྨ་ཞེས། །ནུབ་ཏུ་པདྨ་རྡོ་རྗེ་ཅན། །དེ་བཞིན་གཡོན་དུ་པདྨ་སྒྲོལ་མ། །མེ་རུ་པདྨ་གོས་མ་སྟེ། །པདྨ་འབར་མ་བདེན་བྲལ་དུ། །པདྨ་སྔོན་མོའི་ཁྲོ་གཉེར་ཅན། །རླུང་གི་ཟུང་དུ་ཡང་དག གནས། །པདྨ་རྩེ་མོ་དབང་ལྡན་དུའོ། །དྲུག་གཉིས་འདབ་མའི་རིམ་པར་ལྷ་མོ་རྣམས་སོ། །དེ་རྣམས་མིང་ནི་རིམ་པར་བཤད་པ་ནི། །པདྨ་སྐར་མདའ་པདྨ་སྒྱུ་མ་དང། །དེ་བཞིན་པདྨ་འདོད་པའི་དབང་ཕྱུག་མ། །པདྨ་ལྡན་མ་པདྨ་མཚུངས་མ་དང། །དེ བཞིན་པདྨ་གཏུམ་པོའི་དབང་ཕྱུག་མ། །པདྨ་གསད་མ་པདྨ་ཆེན་པོ་དང། །པདྨ་ཟླ་བ་ཕྱི་མར་བཤད་པའོ། །པདྨ་སྣང་མ་པདྨ་གཽ་རི་མ། །པདྨ་མཛོད་མ་དང་ནི་བཅུ་གཉིས་པོ་ཞེས་སོ། །དེ་ནས་གསུམ་པ་འདབ་མ་བཅུ་དྲུག་པ་དེ་ལ་ལྷ་མོ་རྣམས་རིམ་པའི ལྟ་བ་བཞིན་ཏེ། པདྨ་དབང་ཕྱུག་པདྨའི་གདོང་མ་དང། །པདྨ་གཏུམ་མར་རབ་ཏུ་གྲགས་པ་དང། །པདྨ་རིག་པ་མཆོག་མའི་མིང་དང་ནི། །སླར་ཡང་པདྨ་རྒྱ་མཚོ་མ་དང་ནི། །པདྨ་སྣང་བྱེད་མ་ཞེས་རབ་བརྗོད་པ། དེ་བཞིན་པདྨ་ཡིད་བཞིན་ནོར་བུ་དང། པདྨ་འདོད་མ་པདྨ་འགྲོ་མ་དང། །པདྨ་དབྱངས་མ་པདྨ་རི་མོ་དང། །པདྨ་ནག་མོ་པདྨ་བདེ་མ་དང། །བཅུ་བཞི་མ་ནི་པདྨ་སྤྱན་མ་སྟེ། །གཞན་ཡང་པདྨ་སྔོན་མའི་གཏེར་མ་དང། །པདྨ་རྣལ་འབྱོར་དབང་ཕྱུག་མ་ནི་མཛེས། །ཞེས་པ་རིམ་པ་གསུམ པའི་ལྷ་མོ་རྣམས། །འདི་ནི་ཀུན་ད་ཟླ་བ་ངོ་ཤལ་དང། །གར་བུ་གང་བ་ལྟ་བུར་ཡན་ལག་གསལ། །དགའ་བའི་ཚོགས་རྣམས་རྣམ་རྒྱས་དགོད་པ་དང། མཁུར་བའི་རི་མོ་ཅུང་ཟད་དཀར་དམར་ཏེ། །རྣམ་བཀྲ་སྤྱོད་མ་སྒེག་པ་རྒྱུན་ཆགས་པར། །གར སྡུད་གླུ་ཡིས་རྟེན་ལ་རབ་ཏུ་འཇུག་། ཨཽཏཔལ་རྣམ་པར་རྒྱས་པའི་རྫི་མས་མཆེན། །སྤྱན་གསུམ་ཀུན་ནས་མཛེས་པའི་ཞལ་གཅིག་པ། །ཐོད་པའི་ཕྲེད་བ་མཐིལ་དུ་འབྱར་བྱེ་བ། །རྣམ་རྒྱས་གེ་སར་དམ་པའི་འདབ་བཀྲ་བ། །མཚོ་ལས་སྐྱེས་པ་རྣམ་པར ཁ་བྱེ་བ། །དག་པ་མགོ་ལ་ཅོད་པན་དུ་འཆང་བ། །བསྙེམས་བཅས་གྱེན་དུ་བྲང་པོར་བསྒྲེང་བའི་ལུས། །ཁ་ཊཝཱཾ་ག་ལ་ཅུང་ཟད་གཟིགས་པར་བཅས། །གཡས་མིན་ལ་དང་གཡས་པའི་ཕྱག་གནས་པ། །ཐོད་པའི་སྣོད་ནི་འོད་དང་རྣམ་སྒེག་པ། ཕྱག་གི་རྩེ་མོང རྣམ་བཀྲའི་ཞགས་པས་རོལ། །ཕྱག་གཞན་དུ་ནི་དྲག་པོའི་ལྕགས་ཀྱུས་བྲེལ། །དགའ་བ་དགའ་བཅས་མི་དལ་གར་བྱེད་དོ། །ཁོར་ཡུག་ཀུན་ཏུ་ཉམས་དང་བཅས་པར་དྲག་།ཅེས་པ་བསྐྱོད་པའི་ཉམས་ཀྱིས་འཁོར་ལོ་བཅིངས་པས་གར་བྱའོ། །དེ་བཞིན དེ་བཞིན་དུ་གླུ་འདི་བླང་བར་བྱ་སྟེ། །ཇི་ལྟར་ཨོཾ་དེ་བཞིན་གཤེགས་ཀུན་ལ་སོགས་རྣམ་པ་སྣ་ཚོགས་མཆོག་གི་གཟུགས་འཆང་བ། །རྣམ་པ་སྣ་ཚོགས་རྣམ་བཀྲ་སེམས་ཅན་འདུལ་བ་མཆོག་ཏུ་གྲུབ་པ་མཆོག་།སེམས་ཅན་དག་པ་པདྨ་མཆོག་གི་དྲ བ་དགའ་བ་བལྟ་བར་གྱིས། ། ལ་ལ་ལ་ཧོ། །པདྨ་སྤྱན་རས་གཟིགས་པ་ཡི་ནི་དབང་ཕྱུག་ཐར་པའི་དགའ་བའོ། །ོཾ་སངས་རྒྱས་ཁྱོད། རྡོ་རྗེ་འཛིན་པ་ཁྱོད། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཚན་པོ་ཁྱོད། ཟླ་བ་ཉི་མ་ཁྱོད། ཨ་ལ་ལ་ལ་ཧེ་པདྨ་ཛཱ་ལ་ཤྲཱི: ཞེས་གླུ་བླང། སླར་ཡང་པྲཱ་ཀྲི་ཏའི་སྐད་ཀྱིས་གླུ་ལེན་པ་རྣམ་པ་མང་པོ་འདུལ་བའི་རྣམ་པ་ཡི་ནི་གནས། །རབ་ལེགས་གར་གྱིས་སྡུད་པའི་སངས་རྒྱས་གར་དབང་ཕྱུག། ཚོགས་ནི་རྣམ་སད་ཡིད་ནི་རྣམ་པར་རྨོངས་པའི་གར། །གང་གྱིས་གང་གྱིས་མ་འདྲེས་གླུ འདི་སླར་གསད་བཅས། །ཞེས་ཕྲི་ཀྲ་ཏའི་གླུ་ཡིས་གླུ་ལེན་པར་བྱེད་དོ། །ཕྱི་རོལ་ཏུ་པི་ཝང་མ་ལ་སོགས་པའི་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་པདྨ་ཕེག་རྡོབ་ཀྱི་རོལ་མོས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་ཅིང་ཕེབ་རྡོབ་བརྗོད་པར་བྱེད་དེ། །ོཾ་པདྨ པ་ཨདྨ་ཧྲིགནས་ལ་སོགས་པའི་རབ་དབྱེ་བ་ལས་ར་ཡིག་སྤངས་པ་རྗེས་སུ་སྣ་ལྡན་ལ་སོགས་པ་དང་བཅས་པ་རྗེས་སུ་སྣ་ལྡན་ལ་སོགས་པ་དབྱངས་ཐུང་དུ་ནི་ཐབས་སོ། །རིང་པོ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་མཛའ་ཡས་པའི་དཀྱིལ འཁོར་གྱི་འཁོར་ལོ་སྤྲོ་བར་བྱེད་པའི་བདག་ཉིད་དཀྱིལ་འཁོར་གྱི་འདྲེན་པ་དབུས་ཀྱི་ཟེ་འབྲུལ་བལྟ་བར་བྱའོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པ་པདྨ་བརྒྱད་པའི་ནང་གི་རིམ་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་རྣམ པར་དག་པ་གཉིས་པའོ། །སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་གསུམ་པའོ། །ཞེས་ཁོང་དུ་ཆུད་ནས་དེའི་རྗེས་སུ་ཧྲཱིཐམས་ཅད་དེ་བཞིན་གཤེགས་པ་ཉིད་ལ་སོ་སོར་བཀོད་ནས་དེ་བཞིན་གཤེགས་པ་དེ་རྣམས་བཀུག་ནས་དེའི་ས་བོན་ནང་དུ་བཅུག་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྲུང་བའི་ཆེད་དུ་ཁྲོ་བའི་གཟུགས་ཀྱིས་དབྱུང་བར་བྱའོ། །དེ་ལམ་དང་ཕུང་པོ་འཇིག་ལྟ་དང། །ཤེས བྱའི་སྒྲིབ་པ་ཟད་པ་དང། །དད་པའི་རང་བཞིན་བཟང་པོ་ནི། །ཤར་སྒོར་པདྨ་ལྕགས་ཀྱུའོ། །ཁ་དོག་དཀར་པོ་ཆེན་པོའི་སྐུ། །རབ་སྤྲོས་ཁྲོ་བོས་ཀུན་ཏུ་འཁྲུགས། །སྔོན་པོ་དམར་པོར་སྣང་བའི་ཞལ། །སྤྱན་གསུམ་འཇིགས་པའི་གཟུགས་ཅན་ཏེ། ལྕགས་ཀྱུ་ཐོབ འཁོར་ལོ་དང། །ཐོད་པ་ཁ་ཊཝཱཾ་སྡིགས་མཛུབ་རྣམས། །འཆང་ཞིང་ཉི་མའི་དཀྱིལ་འཁོར་དབུས། །སོན་ཅིང་རྟག་ཏུ་བཞུགས་པའོ། །ལེ་ལོ་ཉོན་མོངས་པ་ཡི་བདུང། །མཐར་འཛིན་ལྟ་བ་མི་མཐུན་ཕྱོགས། །རྣམ་དག་བརྩོན་འགྲུས་ཡང་དག་བྱུང། །འབར་བའི་གསེར གྱིས་མཚུངས་པ་སྟེ། །སོར་དང་སྔོན་པོའི་ཞལ་ལ་ནི། །སྦྱན་ནི་གསུམ་པོ་འཆང་བར་བྱེད། །དབྱུག་པ་ཞགས་པ་ཐོད་པ་དང། །ཁ་ཊཝཱཾ་སྡིགས་མཐུབ་ནོར་བུའོ། །མ་ལུས་སངས་རྒྱས་རྣམས་ཀྱི་ཆོགས། །འདུལ་བའི་དོན་དུ་ཡང་དག་གདངས། །ཉི་མའི་གདན ནི་ཀུན་ཏུ་གནོན། །པདྨ་ཞགས་བལྔ?་ལྷོ་ཕྱོགས་སུའོ། །འཆེ?་དང་བརྗེད་ངས་ལོག་ལྷ་དང་།ཆོས་ཀྱི་སྒྲིབ་པ་མི་མཐུན་ཕྱོགས། །རྣམ་དག་དྲན་པ་ཡང་དག་བྱུང། །པདྨ་ལྕགས་སྒྲོགས་ཉི་མའི་འོད། །དམར་གནག་དཀར་བའི་སྤྱན་གསུམ་གྱིས། །དམར་སེར་མེ་ཡི་འོད རྣམས་ཀྱིས། །གསལ་བའི་ཞིང་གྱིས་ཁྲོས་པ་ཡི། །འོད་ཀྱི་ནམ་མཁའ་ཀུན་གཡོགས་པ། །ཐོད་པ་ཁ་ཊཝཱཾ་ག་བསྣམས་ཤིང། །སྡིགས་མཛུབ་འཁོར་ལོ་འཆང་བ་པོ། །གཡས་བརྐྱང་གནས་སུ་གནས་པ་པོ། །ལྕགས་སྒྲོག་པདྨ་ཕྱག་གི་མནན། །ནུབ་ཀྱི་ཕྱོགས་སུ་ཀུན སོང་སྟེ། ཉི་མར་ཐུགས་རྗེའི་གཏེར་བསམ་བྱ། །རྣམ་གཡེང་ལྟ་བ་མཆོག་འཛིན་དང། །ལྷ་ཡི་བུ་བདུད་བྱ་བའི་སྒྲིབ། །རྣམ་པར་གཡེང་བས་རབ་གཏུམ་འོད། །དམ་པའི་ཏིང་ངེ་འཛིན་རང་བཞིན། །ལྡང་གནག་དཀར་བའི་རྣམ་པ་ཡིས། །ཞལ་གྱིས་ཀྱང་ནི་རྣམ་པར བརྒྱན། །བཻ་ཌཱུརྱ་འོད་སྤྱན་གསུམ་པ། །པདྨ་འབབས་པ་པདྨ་ཆེན་པོ། །རྡོ་རྗེ་རལ་གྲི་ཁ་ཊཝཱཾ་ག། སྡིགས་མཛུབ་སྣོད་ཀྱིས་བརྒྱན་པར་བྱས། །དེ་ནས་འགྲོ་བའི་བྱ་བྱས་ནས། །དེ་ཡི་མི་མཐུན་ཕྱོགས་ཟད་སྐྱེས། །དེ་བསྡུས་བརྟན་པར་བལྟས་ནས་ནི། །བྱང་གི་སྒོ་རུ་ཉི་མ ལའོ། ཁྲོས་པས་སྟག་གི་པགས་པའི་གོས། །སྒྲུལ་གྱི་རྒྱན་གྱིས་བརྒྱན་པ་དང། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། །ཐོང་ཅོག་ལྔ་ནི་འཆར་བ་དང། །དགུག་དང་རབ་གཞུག་འཆིང་བ་དང། །དེ་བཞིན་དུ་ནི་མཉེས་པར་བྱེད། །རྣམ་པར་གཞོམ་དུ་མེད་པའི ལས། གཞན་འདི་ཁྱད་པར་ལས་ཤེས་བྱ། །ཟུར་ཆ་རྣམས་སུ་མཁའ་འགྲོ་མ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྱན་གསུམ་ཁ་དོག་སྣ་ཚོགས་པ། །གཙིགས་པའི་ཞལ་གྱིས་འཇིགས་པར་བྱེད། །སྣོད་དང་ཅང་ཏེའུ་ཁ་ཊཝཱཾ་ག། དྲིལ་བུ་ཞེས་པ་འཆང་ཞིང བསྟོད། །སྣ་ཚོགས་ཆུ་སྐྱེད?་བླ?་??་གནས། །དེ་བཞིན་ཕྱོགས་རིམ་གཡས་བརྐྱང་བཅས། །རོ་ལངས་དྲག་པོའི་སྒྲ་ལྡན་མ། །རྡོ་རྗེ་མཆེ་མ་སྟོབས་ཆེན་མ། །ཡན་ལག་ཐམས་ཅད་སྡུག་པའི་རྒྱུས། །ཀུན་ཏུ་འཁོད་ཅིང་རྣམ་གནས་པ། །དཀྱིལ་འཁོར་པ ཉིད་བསམ་བྱས་ནས། །དཀྱིལ་འཁོར་བདག་པོ་ལ་མངོན་ཕྱོགས། །དེའི་རྗེས་སུ་འདི་རྣམས་ཀྱི་ས་བོན་གྱི་ཡི་གེ་རྣམས་ནི། །ོཾ་ཏྲཾ་ཧཱུཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བྷྲུཾ་ཁཾ་ཧྲིཾ་ཧྲོཾ་ཧཱུཾ་པཾ་ཨོཾ་ཧཱུཾ་གཾ་རཾ་ཁཾ་ཧཱུཾ་ཨོཾ་ཨཱདང་ཁམས་དང་ལུས་དང་ངག་དང་ཡིད་རྣམས་ཐམས་ཅད་དུ་ཇི་ལྟར་རིགས་པར་ཐམས་ཅད་དགད་པར་བྱའོ། །གཞན་ཡང་གསུང་པ་གུཾ་ཧཱུཾ་ཨཾ་ཧྲི་ཁཾ་ལཱཾ་མཱཾ་པཱཾ་ཏཱཾ་ཛགྱི་སྟན་ལ་བརྟེན་པའི་སྐུའོ། །གཟུགས་ལ་སོགས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །ས་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ནི་རྣམ་པར་སྣད་མཛད་ལ་སོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་དུ མིག་ལ་སོགས་པ་རྣམས་སུ་བཅུག་པའི་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱང་ངོ། །ལེགས་བརྟན་ཉིད་ཀྱི་སེམས་དཔའ་ཡིས། །དང་པོ་ཐར་པས་ཤེས་བྱར་གྲགས། །ཞེས་པ་དེ་ལྟར་ཀུན་ནས་གྲུབ། །དམ་ཚིག་དཀྱིལ་འཁོར་བལྟས་ནས་ནི། །སྙིང་ཀའི་ཡེ་ཤེས སེམས་འོད་ཀྱིས། །ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ། །འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་དུ་ཡོངས་སུ་གྲགས་པའོ། །དེ་ནས་སྙིང་གིའོ་སྔགས་ཀྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་དམ་ཚིག་གི་དཀྱིལ་འཁོར་གྱི་འཁོར་ལོ འབོམས་??་མ་བཞིན་གཅིག་ཏུ་འདྲེས་པའི་དངོས་པོས་རབ་ཏུ་ཞུགས་པར་བསམ་པར་བྱའོ། །ཤེས་རབ་དང་ཐབས་ལས་བྱུང་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་མཆོག་ཏུ་རོ་མྱང་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་མཛའ་དག་བལྟ་བར་བྱའོ། །དེའི་རྗེས་སུ་མཆོད ཡོན་གྱི་སྡོད་དུ་མེ་ཏོག་རང་ཙན་དྲན་ལ་སོགས་སྦྱར་བར་བསམས་ནས། །པདྨ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྲུང་བ་བྱས་ཏེ་མཆོད་ཡོན་དང་མེ་ཏོག་དང་ཙན་དན་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་རང གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ལྟ་མོ་སྤྲོས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཡེ་ཤེས་ལྔའི་རང་བཞིན་གྱིས་གང་བའི ནོར་བུའི་བུམ་པས། དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་ལ་མངོན་པར་དབང་བསྐུར་བར་བསམས་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡེ་ཤྲཱ་ཡེ་ཧཱུཾ་དེ་བཞིན་དུ་རྣམ་པར་བསམས་ནས་མཆོད་པར་བྱ་བ་དང། མཆོད་པ་པོ་དང། མཆོད་པའི བདག་ཉིད་སེམས་ཙམ་མོ་ཞེས་རྣམ་པར་བསམས་ནས། སྔགས་འདི་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨདམ་ཀོ་ཧཾ། སླར་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྔར་བརྗོད་པའི་རིམ་པས་མཆོད་པར་བྱའོ། །དེའི་རྗེས་སུ་སྒྲ་བརྙན་བཞིན་དུ་སྒྲའི ཚོགས་མཛའ་དག་ངེས་པར་བཏགས་ནས་དཀྱིལ་འཁོར་གྱི་ལྟ་མོ་རྣམས་འཆང་བཞིན་པའི་བསྟོད་པ་ཞལ་ནས་བརྗོད་པར་བསམས་ནས། རྡོ་རྗེ་ཆེན་པོ་ཕྱག་འཚལ་འདུད། །བདེ་བ་ཆེན་པོ་ཕྱག་འཚལ་འདུད། །དགའ་བ་ཆེན་པོ་ཕྱག་འཚལ་འདུད། །ཕྲིན ལས་ཆེན་པོ་ཕྱག་འཚལ་འདུད། །ཁྱབ་བདག་ཆེན་པོ་ཕྱག་འཚལ་དཔུའ། །ཁྱོད་ལས་རྡོ་རྗེ་ངང་སེམས་དཔའ་། །ཁྱོད་ལས་པདྨ་ལེགས་??་??། །ཁྱོད་ལས་རིན་ཆེན་ལྷ་མོ་ཆེ། །སྣ་ཚོགས་རྡོ་རྗེ་དེ་བཞིན་ཉིད། །ཁྱོད་ལས་སངས་རྒྱས་དཔའ་བོ་ཆེ། །ཡང་དང་ཡང དུ་ཡང་དག་འབྱུང། །ཁྱོད་ལས་ཆོས་དང་དགེ་འདུན་ཡང། །ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཚེ། །ཁྱོད་ལས་གཟུགས་ཀྱི་དཀྱིལ་འཁོར་དང། །ཁྱོད་ལས་ཕྱག་རྒྱ་དང་སྔགས་ཀྱང། །སླར་ཡང་ཁྲོ་བོའི་རྒྱལ་པོའི་ཚོགས སླར་ཡང་??་??་??་ཏའི་སྐད་ཀྱིས་བསྟོད་པ། །ཡོན་ཏན་མཆོག་ཐོབ་ཤིན་ཏུ་དགའ་། །བདེ་བ་ཆེན་པོ་མཆོག་གྱུར?་པ། །?་ལ་ལ་ལ་ཧོལས། ྲཱིབཅས་པར་བྱས་ནས་ཡུད་ཙམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསམ་པར་བྱའོ། །གཟི་བརྗིད་དང་ཐིག་ལེས་སྐྱེས་པའི་འོད་ཟེར་གྱི་ཕུང་པོས་ལྕེ་དང་མགོ་ལ་ངག་དང་ལུས་ལ་སོགས་པ་སཕྲོས་ནས་ཐིག་ལེ་ལ་གཟི་བརྗིད་འཕྲོག་པར་བྱེད་པར བསམས་ནས་ཐིག་ལེ་ཙམ་གྱིས་ང་རྒྱལ་གྱིས་གནས་པར་བྱའོ། །སླར་ཡང་གཟི་བརྗིད་འཕྲོག་པར་བྱེད་པར་བྱས་ནས་རང་གི་ལུས་ལས་ངེས་པར་སྣང་བར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་འཕྲོ་བ་དང་བསྡུ་བར་བྱེད་པ་ཉིད་ཀྱིས་ཐིག་ལེའི་རྣལ འབྱོར་བསྒོམ་པར་བྱའོ། །རྣལ་འབྱོར་པ་ནི་རྒྱལ་བ་དང། །མངོན་པར་ཤེས་པ་དང་གྲུབ་པ་རྙེད་ངོ་ཞེས་པ་མན་ངག་གོ། ཡང་ན་སྣའི་རྩེ་མོར་རང་གི་ལྷའི་མཚན་མ་ཕྲ་མོ་དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་མཛའ་དག་བསྒོམ་པར་བྱའོ། །སྙིང་རྗེ དང་ཤེས་རབ་མ་བྲལ་བར་བསྒོམ་པར་བྱེད་པ་འདི་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ཇི་སྲིད་བརྟན་པར་གྱུར་པར་བལྟ་བར་བྱ་སྟེ། །བརྟན་པར་གྱུར་པ་ཕྲ་མོའི་རྣལ་འབྱོར་སྒྲོ་དང་བསྡུས་པ་བྱེད་པ་ནི་མྱུར་དུ་དཀྱིལ་འཁོར་གྱི་འཁོར་ལོའི་དངོས་གྲུབ་ཐོབ པར་བྱེད་དོ་ཞེས་པ་དགྱོད?་པའི་ནུས་པ་ཇི་ལྟ་བ་བཞིན་དུ་གསུངས་པ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ལ། །དེ་ཡི་ནང་དུ་གནས་བསམས་པ། །དང་པོར་སྨིག་རྒྱུའི་རྣམ་པ་སྟེ། །དུ་བའི་རྣམས་གཉིས་པ་ཅན། །གསུམ་པ་མཁའ་སྣང་དང་མཚུངས་པ། ། བཞི་པ་སྒྲོལ་མ་ལྟ་བུ་སྟེ། ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲན་མེད་ནམ་མཁའ་ལྟ་བུའོ། །དེ་ལྟར་རིམ་པར་བྱས་པ་འམ། །སོ་སོ་རེ་རེར་ངེས་མེད་པ། །སྲོག་ནི་སྤྲ་ཞིང་དབྱུང་བར་བྱ། །དེ་ལྟར་མཚན་མ་ལྔ་ཡིས་ནི། །སེམས་ནི་བརྟན་པར་གྱུར་པ་ཡི། །འགྲོ་བའི དོན་ནི་རབ་སྒྲུབ་བྱེད། །རྣལ་འབྱོར་པ་ནི་ཕུལ་བྱུང་ཞེས་པ་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པའོ། །དེ་ནས་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་གནས་པ་རང་དང་སྔགས་དབྱེར་མི་ཕྱེད་པར་བྱས་པ་ལས་ཕན་ཚུན་མ་འཁྲུལ་བ་གསལ་བ མྱུར་བ་མ་ཡིན་པ་ཐོགས་པ་མ་ཡིན་པར་གསང་སྔགས་གདོན་པར་བྱ་སྟེ། །ད་ལྟར་ཨོཾ་ཡིག་ལ་སོགས་པས་ཁྱབ་པར་བྱའོ། །དེ་ལ་འདི་ནི་སྔགས་ཏེ་ཧྲEཾ་ཧཱུཾ་ཨཱ་རྨེས་ཁ་སུ་ཧཱ་མར་ཤྭ་ཏེ་ཀི་ལ་བརྨཱ་ས་པི་ཧྲཾ་ཨོཾ་ཧྲཱཾ་ནི་སི་ཝཐམས་ཅད་ཁོ་ན་ཡིས། །མིང་དང་སྔགས་ནི་ངེས་སྦྱར་བྱ། །ོཾ་ཡིག་དང་པོར་སྤལ་བ་ཡིས། །ཕྱི་ནས་དེ་ལ་ཧྲིཔའི། དེ་བཞིན་ཛ་ཧཱུཾཁོ་ནའི་ཚོགས། །སྔར་བརྗོད་གསང་སྔགས་བརྗོད་པར་བྱ། །དེ་བཞིན་རིམ་ཡར་བྱ་བ་ནི། །རེ་རེ་འམ་འཁྲུལ་མེད་མ་ཡིན་པར། །དབྱུང་ཞིང་སྤྲོ་བའི་བསམ་གཏན་དང། །སྔགས་ཀྱི་མཐར་ཡོད་ཡང་དག་བསྡུ། །རྩོལ་བའི་རླུང་གིས་བཀུག་ནས་ནི། རང་གི་ས་བོན་དེར་ངེས་གཞག། བྱང་ཆུབ་རང་ས་བོན་དར་བློ། །བསམ་གཏན་བཟླས་པའི་ཆོ་གར་གནས། །ཞེས་པ་བཟླས་པའི་ཆོ་གའོ། །བསམ་གཏན་ནམ་བཟླས་པ་བྱེད་པ་གང་གི་ཚེ་བྱིང་བ་དང་རྒོད་པའི་སེམས་ལ་ལྟ་བ་དེའི་ཚེ་བྱིང་པའི སེམས་ལ་ལྷ་མོའི་གླུས་བསྐུལ་བ་བཞིན་དུ་འཁོར་ལོ་མཆེད་པར་བྱ་བ་དང་བསྒོམ་པ་བརྩམ་པར་བྱའོ། །རྒོད་ན་ཐིག་ལའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱེད་པས་དངོས་པོ་རྣམས་ཀྱི་ཅིག་དང་གཅིག་མིན་ལ་སོགས་པས་རྣམ་པར་དཔྱད པར་བསམ། དེ་བཞིན་དུ་བྱིང་བའི་སེམས་ལ་ནི་ལེ་ལོ་དང་རྒོད་པ་ལ་ཞི་གནས་ཟད་དོ། །ཞེས་པ་ཞུམ་པ་ངེས་པར་གཟུང་བ་ལས་ལྷ་མོ་རྣམས་ཀྱིས་གླུས་ཡང་དག་པར་བསྐུལ་བ་ས་དང་རྒོད་པ་ལ་ཐིག་ལེའི་རྣལ་འབྱོར་ལ་སོགས་པས་དེ་ལོ་ན་ཉིད བསྒོམས་པས་སམ་དངོས་པོ་རྣམས་ཀྱིས་རྣམ་པར་དཔྱད་པས་སྟོང་པ་ཉིད་ཀུན་ཏུ་དམིགས་པའི་ཕྱིར་རོ། །དེ་བཞིན་རྣལ་འབྱོར་པའི་སེམས་ཡོང་པས་ཆུང་དུ་ནས་འཁོར་བ་ཉིད་བལྟ་བར་བྱའོ། །དེའི་ཆོ་མགོ་བོ་ལས་མཐོ་གང་ཙམ་གྱིས་ཨ་ཡིག་གིས་ཟླ་བའི་དཀྱིལ འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་བདུད་རྩིའི་གཟུགས་ཅན་གྱི་ཨོཾ་ཡིག་བསམས་ནས་སྙིང་ཁ་དང་མགོ་བོ་ལས་སྔགས་ཀྱི་འོད་ཟེར་སྤྲོ་ནས་ཨོཾ་ཡིག་ཟླ་བ་དང་བཅས་པ་དེ་ཞུ་བར་བལྟབ་ནས་དེའི་བདུད་རྩིས་ལུས་ཀྱི་ནང་བུམ་པ་བཞིན་དུ་ཡོངས་སུ་གང་བར བསམས་ནས་བདུད་རྩིས་ནང་དང་ཕྱི་རོལ་པ་སྤུའི་ཁུང་རྣམས་སུ་གང་བས་ཟིལ་པ་བཞིན་དུ་གང་བར་བསམས་པ་ལས་དུབ་པ་ཉེ་བར་ཞི་བར་བྱའོ། །དེ་ལྟར་དལ་བ་སོས་པ་དང་སྐད་ཅིག་གཅིག་ལ་བདེ་བའི་ཚོགས་མ་འཁྲུག་པའི་ཐིག་ལེ་ལ་སོགས་པ་བསྒོམས པས་སྡར་བཞིན་དུ་གསང་སྔགས་མ་འཁྲུགས་པར་བཟླས་པར་བྱའོ། །དེ་ནས་བསྒོམ་པ་དང་བཟླས་པ་དག་གིས་དུབ་པར་གྱུར་ན་ཕྱི་རོལ་གྱི་མཆོད་པ་འམ་ཆོ་གས་ཡུང་ཙམ་གྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱས་ནས་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱིས ལངས་ཏེ་ཕྱི་རོལ་མཆོད་པའི་དུས་སུ་རང་གི་ལྷའི་རྣལ་འབྱོར་དམིགས་ཏེ་བྲིས་སྐུ་ལ་སོགས་པའི་མདུན་ན་བཅོམ་ལྡན་འདས་ཀྱི་མདུན་དུ་དཀྱིལ་འཁོར་བྱས་ནས་བདག་ཉིད་ལ་མཆོད་ཏེ། དཀྱིལ་འཁོར་བ་རང་གི་སྙིང་གནས་གཟུགས་བརྙན་ལྟ་བུའི་དཀྱིལ འཁོར་གྱི་འཁོར་ལོ་སྤྲོས་ནས་གསང་པ་དང་ཕྱིའི་ལྷ་སྤྲུལ་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་རང་གི་སྙིང་གའི་སྔགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ། །དེ་ནས་ཟས་ཀྱི་དུས་སུ་ཡུང་ཙམ་གྱིས་རང་གི་ལྷའི་རྣལ་འབྱོར་བྱས་ནས་ཟས་ལ ོཾ་ཡིག་ལ་སོགས་པའི་ཡི་གེ་གསུམ་གྱིས་རིམ་གྱིས་བདུད་རྩིར་བྱས་ནས་མཆོག་ཏུ་རྣམ་པར་དག་པའི་སེམས་ཀྱིས་ཚིམ་པར་བྱའོ། །ཐུན་མཚམས་ཀྱི་དུས་སུ་ཡུད་ཙམ་གྱིས་རང་གི་ལྷའི་འཁོར་ལོ་བསྒོམ་བྱས་ནས་སྡར་བརྗོད་པའི་ཆོགས བསྒོམ་པ་བྱས་ནས་བཟླས་པ་བྱའོ། །དེ་ནས་ཟླ་བའི་སྙིང་གར་བསམས་ནས་རྣལ་འབྱོར་པ་བདེ་བར་གཉིད་ལོག་པར་བྱའོ། །སླར་ཡང་ཐོ་རངས་རབ་ཏུ་སད་པར་གྱུར་པ་ན་ལྷ་མོའི་གླུ་རྣམས་ཀྱིས་བསྐུལ་བཞིན་པར་བདག་ཉིད་བསམས་པར་བྱའོ། །ལངས་ནས་སྔར བརྗོད་པའི་ཆོ་གས་བསྒོམ་པ་བྱས་ནས་བཟླས་པ་བྱའོ། །དེ་བཞིན་དུ་ཇི་སྲིད་པ་དེ་སྲིད་དུ་རྒྱུད་ལས་གསུངས་པའི་མཚན་མ་ཐོབ་པ་དེ་སྲིད་དུ་ཉི་མ་སོ་སོར་རོ། །དེ་ནས་དེ་བཞིན་དུ་ཇི་ལྟར་ནུས་པ་དང་ཇི་ལྟར་ཚོགས་པ་བཞིན་དུ་མཆོད་པའི་ཆོ་ག་བྱས་ནས་མཐར་གཤེགས་སུ གསོལ་བར་བྱའོ། །བ་དེ་བའི་སྒྲུབ་ཐབས་དམ་པའི་གཞུང་རིག་བྱས་གང་འདིར། །བསོད་ནམས་ལས་བྱུང་སྒྲུབ་པ་ཐོབ་པ་ལས། །པདྨ་དྲ་དཔལ་སྒྲུབ་པ་ཁོ་ན་ཉེས་སྤངས་དེས། །སྐྱེ་བོའི་ཚོགས་རྣམས་བྱང་ཆུབ་མཆོག་བདེ་ཐོབ་གྱུར་ཅིག་ཅེས་པ་པདྨ་དྲ་བ་དཔལ་འབྱུང པའི་སྒྲུབ་ཐབས་རྒྱལ་བ་དཔལ་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ། ། །།ཁ་ཆེའི་པཎ་ཌི་ཏ་སུ་མ་ན་ཤྲཱི་དང། བོད་ཀྱི་ལོ་ཙ་བ་དག་སློད་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། །པདྨ་ཨཱ བ་ལོ་གི་ཏེ་ཤྭ་བྱ་པདྨ་ཛཱ་ལ་ཀྲ་མེ་ཎ་བྷ་ག་བ་ཏེ་མཎྜལ་པཱུ་ཛཱ་བི་དྷི།

CLOSE WINDOW