| Wylie | e-texts based on the ACIP/ALL Input |
།ལངས་པའི་ཚེ་ཡང་དེ་བཞིན་དུ་དབང་བསྐུར་བ་དང། །བསྲུང་བ་ལ་སོགས་པ་བྱས་ཏེ། །བདེ་བའི་ཐལ་མོས་དགྱེས་པ་བསྐྱེད་ནས་ཅི་དགའ་གནས་པར་བྱའོ། །ོཾ་རྡོ་རྗེ་སེམས་དཔའ་སྡུད་པ
དང། །རྡོ་རྗེ་རིན་ཆེན་བླ་ན་མེད་པ། །རྡོ་རྗེ་ཆོས་ནི་གསུང་བ་དང། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། ། ཧོ་སུ་ཁ་ཞེས་པའི་མིང། །རྡོ་རྗེ་སེམས་གང་གང་ཀློག་པ། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང། །བསོད་ནམས་རྣམས་ནི་བྱིན་བརླབས
འགྱུར། །བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པའི་ཐབས་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭཱ་ནུསྨི་ཏི་ནཱམོ་བི་དྷི། བོད་སྐད་དུ། དཔལ་རྡོ་རྗེ་སེམས
དཔའ་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་གནས་ཡུལ་ཚོགས་ཉམས་དགའ་བར། །ཀུན་རྫོབ་འཕྲུལ་པའི་དཀྱིལ་འཁོར་ལ། །རྣམ་དག་གཉིས་མེད་ཡུལ་ཀུན་སྦྱོར། །བྱང
ཆུབ་སེམས་བྱུང་རྒྱལ་བའི་མཆོག་། དེ་ལ་དེ་སྣང་རོལ་མོའི་ཆོས། །སྲིད་མཛའ་མི་དམིགས་དུས་གསུམ་འགོག་།རྣམ་བཅས་བྱ་བའི་རྒྱུད་ལྡན་ཞིང། །རིགས་བདག་དཀྱིལ་འཁོར་བསྟོད་པའི་གནས། །ངེས་པའི་གསང་མཆོག་རྩ
བའི་རྒྱུད། །དེ་ཉིད་སྒྲུབ་པའི་ཐབས་ཆེན་པོ། །གཉིས་དང་གཉིས་མེད་ཐེག་པའི་མཆོག་།རྗེས་སུ་དྲན་པ་སྐྱེད་བྱེད་པའི། །ཆོ་ག་བཟང་པོ་རྨད་དུ་བྱུང། །གསང་དོན་བརྒྱུད་པ་རྡོ་རྗེའི་ཚིག་།དུས་གསུམ་རྒྱུན་གྱི་མཚན་ལྡན་བཅིང།།
རིགས་བདག་དཀྱིལ་འཁོར་བསྟོད་པའི་གནས། །འཁོར་བའི་བྱ་བ་ཀུན་གནས་འདུག་།དཔའ་བོ་གཅིག་པའི་དཀྱིལ་འཁོར་བཟང། །བསྙེན་སྒྲུབ་ཡན་ལག་དང་བཅས་བཤད། །སངས་རྒྱས་ཀུན་གྱི་དགོངས་པའི་ཡུལ
བྱ་བའི་ཡན་ལག་ཀུན་རྫོགས་ཤིང། །ངེས་པའི་གསང་བ་སྟོན་མཛད་པའི། །འབྲས་བུའི་དཀྱིལ་འཁོར་བླ་ན་མེད། །ཐམས་ཅད་དུས་ཞེས་བྱ་བ་ཡི། །ལྟ་བ་ལ་སོགས་འབྱུང་བའི་ཆོས། །ཉོན་མོངས་གནས་ཀུན་རྣམ་དག་ཅིང། །རང་བཞིན་མཉམ
པས་སྤྲོས་དང་བྲལ། །ཡང་དག་སངས་རྒྱས་བདེ་བ་ཆེ། །ཀུན་ཏུ་གོམས་པས་གསལ་བྱེད་པའི། །ཡན་ལག་ལན་གཉིས་རྫོགས་པའི་གྲོགས། །རབ་སྦྱངས་པས་ནི་འཇུག་འགྱུར་ཞིང། །རིག་འཛིན་གནས་ཀུན་འགྲོད་བྱེད་ཅིང། །རྒྱུ་རྐྱེན་ཆ
ཤས་ཀུན་རྫོགས་ཤིང། །ཐུན་མོང་བྱེ་བྲག་རྐྱེན་གྱི་སྟོབས། །སྔ་མ་ལས་བྱུང་ཕྱི་མའི་རྒྱུན། །འབྲས་བུ་ཚོགས་པའི་བདག་ཉིད་དོ། །ས་དང་སར་གནས་རིག་འཛིན་ཀུན། །རང་རིག་སྦྱོར་བའི་ཚུལ་གྱིས་ནི། །གསང་གསང་ཕྱག་རྒྱའི
གནས་ཀུན་དང། །མི་མཐུན་གཉེན་པོ་བྱེ་བྲག་མཐུས། །དངོས་གྲུབ་མཛའ་ཡས་རྟགས་ལྡན་ཞིང། །ཏིང་འཛིན་ཆོས་ཀུན་རྫོགས་པའི་མཐར། །སངས་རྒྱས་ཀུན་གྱི་གནས་མཐོང་ཞིང། །ངེས་པའི་ས་མཆོག་རྫོགས་པར
འགྱུར། །རིགས་ཀྱི་འཁོར་ལོ་ཀུན་བསྐོར་ཞིང། །རིགས་ཀྱི་གནས་རྣམ་རྣམ་དག་པས། །རིག་མཆོག་ཡོན་ཏན་བཟང་པོའི་ཚོགས། །རིགས་ཀུན་རྒྱལ་བས་མཉམ་སྦྱོར་བའོ། །ཡང་དག་ངེས་པའི་ཐིག་ལེའི་མཆོག་།དམ་པ་ལས
བྱུང་དམ་པའི་ཡུལ། །དེ་གནས་ཚུལ་གྱི་ཕྲེང་བ་ཉིད། །ཡང་དག་བསྡེབ་པས་བརྒྱན་དུ་བྱས། །དཀྱིལ་འཁོར་ཆེན་པོ་དགའ་འཚལ་དག་།ཆོས་ཀྱི་རྒྱལ་པོའི་གྲོང་ཁྱེར་མཆོག་།ཆོས་ཀྱི་འཁོར་ལོ་རིམ་འཇུག་པས། །ཆོས་ཀྱི་འབྲས་བུ་བཟང
པོ་ཉིད། །ཤིན་ཏུ་སྦྱོར་བས་ཡང་དག་སྐྱེས། །མེ་ཏོག་ཚལ་ལས་ཁ་དོག་དྲི། །འདོད་པའི་ཚོགས་རྣམས་ཚིམ་གྱུར་ལྟར། །རང་གནས་བྱང་ཆུབ་ཡན་ལག་ཕྲེང། །བསྙེན་དང་ཉེ་བར་བསྙེན་པ་དང། །སྒྲུབ་དང་སྒྲུབ་པ་ཆེན་པོ་ཡི། །ཡན་
ལག་ཆ་ཤས་ཀུན་རྫོགས་པས། །ཞི་སོགས་བྱེ་བྲག་རྣམ་པར་བཀོད། །སངས་རྒྱས་ཐེག་པའི་ཡན་ལག་གིས། །ཉེ་བར་སྦྱར་བའི་རྣལ་འབྱོར་འགྲུབ། །ས་མཚམས་མཁས་པའི་སྤྱོད་ཡུལ་ཉིད། །རྐྱེན་བཅས་སྟོབས
ཀྱིས་རབ་ཏུ་རྫོགས། །དཀྱིལ་འཁོར་ཡན་ལག་སྟོབས་ལྡན་པའི། །བླ་མ་ལྷག་གནས་བརྟུལ་ཞུགས་ཅན། །ཡོན་ཏན་རིན་ཆེན་འབྲས་བུའི་བདག་།བྱང་ཆུབ་མཆོག་སེམས་རྣམ་དག་པ། །ཡང་དག་མོས་པས་བསྟོད་བྱས་ཏེ།
སྒོ་གསུམ་དང་བས་གསོལ་བ་གདབ། །གདམས་པའི་ཡན་ལག་ཀུན་འཛིན་ཅིང། །ཉེ་བར་འཁོར་བའི་དགའ་སྟོན་མཆོག་།དཀྱིལ་འཁོར་ཆེན་པོར་དགྱེས་བྱས་པས། །རབ་ཏུ་རྫོགས་པར་འཁོར་ལོ་དབང། །དེ་ཉིད་ཡན་ལག
དམ་ཚིག་བཅས། །ངེས་པར་འཇུག་པས་བསྟན་བྱས་བའོ། །གསང་བའི་རྒྱུད་དོན་སྣ་ཚོགས་དག་།འདྲེན་པའི་ཡན་ལག་བླ་ན་མེད། །ངེས་པར་བསྟན་པའི་ཕྱག་རྒྱ་ཡིས། །ཡན་ལག་རྫོགས་པས་ཐེག་པའི་མཆོག་།དབེན་པ
ཡི་ནི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཀུན་ཏུ་སྣ་ཚོགས་བདེ་མཆོག་གིས། །ཀུན་ཏུ་སྣ་ཚོགས་དགོས་པ་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །གནས་ཀྱི་ཉེ་འཁོར
ཕྱག་དར་དང། །དྲི་ཞིམ་ཆུས་བཅས་དག་བྱས་ཏེ། །དཀྱིལ་འཁོར་ས་གཞི་བཟང་པོའི་མཆོག་།བཀྲ་ཤིས་དག་བྱེད་རྫས་ཀྱི་བྱུག་།ཕྱོགས་བཅུར་བླ་རེ་རྒྱལ་མཚན་དང། །ཕན་གདུགས་ལྷབ་ལྷུབ་རྔ་ཡབ་དང། །རིན་ཆེན་མེ་ཏོག
ཕྲེང་བའི་ཚོགས། །བཟའ་བཏུང་འདོད་ཡོན་རྣམ་འཕྲུལ་བའི། །ཕྱག་རྒྱ་གོས་དར་རྒྱན་བཅས་པས། །མ་ལུས་ཀུན་ཏུ་ཉེ་བར་མཛེས། །ཐབས་དང་ཤེས་རབ་བརྟུལ་ཞུགས་མཆོག་།བདེ་བའི་ཡེ་ཤེས་རོལ་མོའི་དབྱིངས། །རྣམ
པར་འཕྲུལ་པས་བསམ་བྱས་པས། །བྱ་བའི་འཁོར་ལོ་བརྟན་པར་བྱ། །ཇི་སྙེད་མཆོད་པའི་ཚོགས་རྣམས་དང། །གཏོར་མས་གནས་ཀུན་ཉེར་བརྒྱན་དག་།གསལ་སྦྱངས་བཀྲ་ཤིས་བྱིན་གྱིས་བརླབ། །རིམ་བཞིན་སྔགས་དང་ཕྱག
རྒྱས་གནས། །འགྲོ་གནས་ཀུན་གྱི་ཉོན་མོངས་ཚོགས། །མི་དགེ་སྟོབས་སོགས་སྡིག་པའི་མཐུས། །གནས་ཀུན་ཉམ་ཐག་གཟིར་བས་འཇོམས། །བདག་གཞན་ཀུན་རྒྱུད་ཀླག་པར་བྱེད། །དེ་དག་ཐུགས་རྗེ་ཆེན་པོའི་རློས། །མ་ལུས
ཡུལ་བཅས་སྒྲོལ་བའི་ཕྱིར། །དྲན་པ་གཅིག་པའི་ཡེ་ཤེས་སྐུ། །ཏིང་འཛིན་དག་པས་རྣམ་པར་གྲོལ། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱིས། །རང་བཞིན་གཉིས་མེད་བྱང་ཆུབ་སེམས། །དེར་སྣང་ཡུལ་ལས་ལངས་པ་ཉིད། །ལྷུན་གྱིས་གྲུབ་པའི་ཆོས
ཉིད་དོ། །ཚུལ་འདི་རྣམ་པར་སྡངས་པ་ཡི། །དེ་ནས་དེ་ལས་དེ་བཞིན་རྒྱུད། །ཀྱེ་མ་ཐུགས་རྗེ་ཆེན་པོའི་ཡུལ། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་ཉིད། །རྣམ་གསུམ་ལྷ་ཡི་ཏིང་འཛིན་གྱིས། །རྣམ་གསུམ་སྔགས་དང་ཕྱག་རྒྱར་སྦྱོར། །བྱིན་བརླབས
ནུས་མཐུ་རྫོགས་བྱས་ནས། །བདག་གཞན་སྦྱང་ཞིང་གསལ་བྱས་ཏེ། །རིགས་མཆོག་སྐུ་གསུང་ཐུགས་ཀྱི་བདག་།གསལ་བའི་དཀྱིལ་འཁོར་རྒྱས་པ་ཉིད། །ཚུལ་གསུམ་ཕྱག་རྒྱའི་ཆ་ལུགས་ཀྱིས། །ཤིན་ཏུ་བཀོད་པ་ལེགས་འབྱུང་བའི།།
ཚད་མེད་བཞི་ཡི་གནས་རྫོགས་འགྱུར། །ཀུན་ནས་སྤྱན་དྲངས་བརྟན་བྱས་པ། །ཉེ་བར་སྦྱོར་བའི་ཕྱག་རྒྱ་ཉིད། །ོཾ་ཡང་དག་བརྟན་པས་སྟོབས་རྫོགས་པའི། །རང་བཞིན་དཀྱིལ་འཁོར་རྫོགས་པའི་ཚོགས། །ཐུགས་རྗེས་བདག་ཉིད་རྣམ
གྲོལ་བ། །དཀྱིལ་འཁོར་རྫོགས་པའི་ལས་ལ་དགྱེས། །མི་ཤེས་ཡུལ་རྣམས་བཅོམ་མཛད་ཅིང། །རིག་པའི་གནས་ཆེན་སྙོམས་འཇུག་པར། །ཕྱག་རྒྱ་བདེ་བའི་ཚུལ་སྦྱོར་བས། །གྲོང་ཁྱེར་བརྟན་པར་མཛད་དུ་གསོལ། །ོཾ་བཛྲ་སཏྭ
ཧཱུཾ། ཛྙཱ་ན་ས་མ་ཡ་སྟཝཾ། ཛཁམས་ཕོ་བྲང་དག་པར་བརྗོད། །ོཾ་བཛྲེ་ཙཀྲ་མཎྜལ་པ་ན་ས་པ་རི་ཧཱུཾ། །རབ་ཏུ་གུས་པའི་ཚུལ་གྱིས་ནི། །མངོན་པར་དམིགས་བྱས་དག་པའི་མཆོག་།ཐབས་དང་ཤེས་རབ་རྫོགས་བྱེད་པའི། །ཡུལ་ཀུན་རང་བཞིན་རྣམ་པར་དག
གང་འདིར་ཡོན་ཏན་སྔགས་པའི་གནས། །རྒྱལ་བ་བདེ་གཤེགས་འདྲེན་པའི་གཙོ། །རིགས་མཆོག་རྡོ་རྗེ་སེམས་དཔའ་ཨི་གནས། །ངོ་མཚར་ཡུལ་ཀུན་རྣམ་པར་དག་།ོཾ་ན་མོསྟུ་སྟི་བནདཱ་ནཾ་ག་རོ་ཡ་མི། །མེ་ན་དཱ་ག་ཧོ། །ཀུན་འབྱུང
ཡོན་ཏན་རྫོགས་པ་ཡི། །མེ་ཏོག་འབྲས་བུ་བཟང་ལྡན་ཞིང། །ཀུན་ཏུ་བཟང་པོའི་རྒྱན་རྣམས་དང། །འདོད་པའི་ལྷ་མོ་རྒྱན་ལྡན་ཅིང། །ཡུལ་ཀུན་ཆགས་པ་རྣམ་གྲོལ་བ། །ཕྱག་བརྒྱའི་དཀྱིལ་འཁོར་བླ་མེད་པ། །ལྷ་དང་ལྷ་མོ་བསམ་ཡས
པས། །ཕྱོགས་བཅུ་ཀུན་ནས་རྣམ་པར་འཁྲིགས། །བྱ་བའི་ཡུལ་ཀུན་མ་ལུས་དག། །ཡང་དག་བསྔོ་བ་བླ་ན་མེད། །གཉིས་མེད་བྱང་ཆུབ་སེམས་ཀྱི་དངོས། །གཉིས་སུ་མེད་པའི་རོལ་བ་དག་།མཉམ་ཉིད་རོལ་མོའི་དཀྱིལ་འཁོར་??
ོཾ་སརྦ་པུ་ཛ་མེ་ཀྵུ་པྲ་ཏཱིཙྪ་ཧོ། །ཐོག་མེད་ཡུན་རིངས་འཁོར་བའི་གནས། །མ་ལུས་ཉེ་བར་བསགས་པའི་ཚོགས། །ཀུན་སྤྱོད་གནས་གསུམ་ལས་སྐྱེས་ལ། །ཐམས་ཅད་ཡུལ་ལ་ཉེ་བར་བཤགས། །རབ་རྟོགས་ཉེ་བར་བསགས
པའི་ཆོས། །ཚུལ་ཁྲིམས་བརྟུལ་ཞུགས་སྡོམ་པ་དང། །ཉེར་མཛེས་བརྒྱན་པའི་ཡན་ལག་རྣམས། །རབ་བསྔགས་བསྟོད་པས་ཡི་རང་མཆོག་།སངས་རྒྱས་ཀུན་གྱི་ལམ་སྟོན་ཅིང། །དོན་བཞིན་བསྟན་པས་འདུལ་མཛད་དེ།?་སྦྱོར་བའི
སྟོབས་བཅད་ཤེས་རབ་ཚོགས། །ཐབས་ཀྱི་ཐེག་ཆེན་བཤད་དུ་གསོལ། །ཕྱོགས་བཅུའི་མགྲོན་གནས་ཇི་སྙེད་མཛའ་། །མྱ་ངན་ཀུན་སྒྲོལ་མགོན་པོ་རྣམས། །སྐུ་གསུམ་བསྟན་པའི་ཚུལ་གྱིས་ནི། །དུས་གསུམ་འགྱུར་བ་མེད་པའི་དབྱིབས། །མ
ལུས་སྲིད་དངོས་འགྲོ་བའི་ཚོགས་འདོན་ཅིང། །ཡང་དག་གཉིས་མེད་བསྟན་པར་བྱེད་པའི་ཡིད། །བྱང་ཆུབ་སེམས་མཆོག་བླ་ན་མེད་པའི་དོན། །ཡང་དག་བརྟན་གནས་ཀུན་ཏུ་རྒྱས་པར་བྱ། །སྨིན་ཅིང་གྲོལ་བར་བྱེད་པའི་ཚོགས་རྣམས་ཀྱིས
ཁྱད་པར་ལམ་ཀུན་ཡང་དག་རྫོགས་པར་འགྱུར། །བསྙེན་སྒྲུབ་ཕྱག་རྒྱའི་ཡན་ལག་སྣ་ཚོགས་པས། །བདག་གཞན་གཟུང་ཞིང་ཡན་ལག་རྫོགས་པར་སྤྱད། །ཐུགས་རྗེ་རྣམ་དག་དཀྱིལ་འཁོར་རྫོགས་པའི་ཚོགས། །རབ་ཏུ་གྲོལ
བས་གཉིས་མེད་མཉམ་ལྡན་པའི། །ཐམས་ཅད་མཐུན་པའི་ཚུལ་རྣམས་མཛད་བཅས་པས། །བདག་གིས་ཆ་ཤས་རབ་ཏུ་དམིགས་པས་དབུལ། །ཐམས་ཅད་མི་གཉིས་ཡེ་ཤེས་ཆེན་པོ་བདག་།བྱ་བྱེད་རྟོག་པའི་ཚོགས
རྣམས་རྣམ་དག་ཅིང། །སྒྱུ་མ་རྣམ་དག་བྱ་རྩལ་བདེ་བའི་མཆོག་།མཁའ་འགྲོ་སྒྱུ་མའི་དོན་རྫོགས་མཉམ་པ་ཉིད། །མགོན་པོ་དུས་གསུམ་སྒྲིབ་བྲལ་སངས་རྒྱས་ཀུན། །དངོས་གྲུབ་ཕྲིན་ལས་ཡུལ་རྣམས་ཉེ་བར་སྟོན། །རང་གནས
ཉམས་དགའ་མཉན་ཉིད་མཆོག་གི་བདག་། རྣམ་དག་བྱ་བའི་ཚུལ་གྱི་ཡུལ་ལས་འདས། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པེ་ཏིཥྛ། དྲི་ཌཧོ་མེ་དྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ།
སརྦ་སིདྡྷིཾ་མེ། པྲ་ཡཙྪ།?་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ:། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བཛྲ་མཱ་མེ་མུཉྩ། བཛྲ་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཕྱག་རྒྱ་གསང་སྔགས་སྦྱོར་བའི་མཐུས། །ལྷ་མོའི་དཀྱིལ་འཁོར་སྣ་ཚོགས་ཉིད། །འགྲོ་གནས་སྡུག་བསྔལ་ལས་གྲོལ་ཞིང། །བདེ་བའི་མཆོག་ཀུན་མཐར་ཕྱིན་ཏེ། ཐར་པ་མྱ་ངན་ལས་འདས་པར། །བཏང་སྙོམས
ཀུན་ཏུ་མི་དམིགས་པའི། །དྲག་པོའི་ཚོགས་བཅས་མ་ལུས་ཀུན། །རབ་ཏུ་ཞེ་ན་རྟོག་སྟོབས་ཀྱིས་འཇུག་།དེ་དག་ཐུགས་རྗེ་ཆེན་པོ་ཡིས། །འདུལ་བྱེད་སྟོབས་ཆེན་ཧེ་རུ་ཀ་།ཕྱག་རྒྱ་དབྱིངས་དང་མཉམ་པར་སྦྱོར། །རྣམ་པར
འཕྲུལ་པའི་ཏིང་འཛིན་གྱིས། །ཕྱོགས་བཅུའི་བགེགས་ཚོགས་འདུལ་བར་མཛད། །ཡང་དག་དཀྱིལ་འཁོར་བརྟན་བྱས་ཏེ། །མཚོན་ཆ་མེ་འོད་འབར་བ་ཡི། །དཀྱིལ་འཁོར་ཀུན་ནས་བརྒྱན་པ་ལ། །བགེགས་ཀྱི་རྒྱལ་པོ་ཀུན
བསྡུས་ཏེ། །ཕྱག་རྒྱ་བཞི་ཡིས་དབང་བྱས་ནས། །མྱོས་ཤིང་གཟིར་གནོན་རྣམ་པར་དགོད། །ཐུགས་ཀྱི་ཡེ་ཤེས་རབ་འབར་བ། །ཡེ་ཤེས་ཕྱག་རྒྱའི་གནས་ཀྱིས་འཇུག་།ཀུན་ནས་འཕྲོ་ཞིང་བསྡུ་བའི་མཐུས། །ཁྲོ་བོའི་དཀྱིལ
འཁོར་བསྟན་འགྱུར་བའོ། །ཞལ་གསུམ་ཕྱག་དྲུག་འཇིགས་པར་བྱེད། །རྒྱན་ཆས་མཚོན་ཆའི་ཚོགས་རྣམས་དང། །ཆ་ལུགས་རྔམ་པའི་ཚེ་བྱད་ལྡན། །རིགས་ཀྱི་སྤྲུལ་པའི་བསམ་ཡས་པའོ། །གསང་བའི་ཕྱག་རྒྱ་བཞི་སྟོན་ཅིང
ངེས་པར་བརྗོད་པའི་སྔགས་རྣམས་ཀྱིས། །ཀུན་ནས་བརྟན་པའི་དཀྱིལ་འཁོར་རྣམས། །ཡང་དག་སྦྱོར་བཅས་རྫོགས་པར་འགྱུར། །ོཾ་བཛྲ་ཀྲོ་དྷ་མུ་ས་ལ་ཙྪིནད་ཙྪིནད་ཧཱུཾ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན། ཤྲཱི་ཧེ་རུ་ཀྲོ་དྷཱི་ཤྭ
རི་ཧཱུཾ་ཕཊ། །ཐམས་ཅད་ཀུན་ནས་རྫོགས་པའི་ཆོས། །རྣམ་གསུམ་ཡུལ་ཀུན་རྣམ་དག་པའི། །བྱང་ཆུབ་སེམས་ཉིད་རང་བྱུང་བ། །ཐམས་ཅད་རྫོགས་པའི་གནས་ཉིད་དོ། །ོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོཉཧཾ། ཐུགས
རྗེ་ཆེན་པོའི་རྒྱུན་གྱིས་ནི། །ཐམས་ཅད་ཁྱབ་མཛད་རིན་ཆེན་ཚོགས། །དོན་ཀུན་སྣང་བའི་གནས་རྫོགས་ཏེ། །སངས་རྒྱས་མཛད་པ་རྣམ་པར་དག་།ོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷ་བ་ཨཱཏྨ་ཀོཉཧཾ། །རྣམ་པར་འཕྲུལ་བའི་ཏིང་འཛིན་མཆོག་།འོག
མིན་གནས་མཆོག་ཉམས་དགའ་བར། །ཕྱག་རྒྱ་རྫོགས་པའི་ཆ་ལུགས་ཀྱིས། །པདྨའི་དཀྱིལ་འཁོར་ལ་གནས་པའོ། །ཐུགས་རྗེ་ཆགས་པའི་ཏིང་འཛིན་དང། །གསང་བ་སྔགས་ཀྱི་བྱིན་བརླབས་ཀྱིས། །ཕོ་བྲང་རྣམ་པར་དག་པའི་ཚོགས།།
རྣམ་པར་འཕྲུལ་པས་བསྐྱེད་པའི་ཚུལ། །ཐུགས་ཀྱི་གསང་སྔགས་ཀུན་འགྱུར་གནས། །རིམ་བཞིན་སྦྱོར་བའི་བྱིན་བརླབས་ཀྱིས། །ས་བོན་གསང་སྔགས་སྤྲོ་བྱ་སྟེ། །རྟེན་གྱི་དཀྱིལ་འཁོར་རྫོགས་པར་མཛད། །ེ་ལས་ནམ
མཁར་དཀྱིལ་འཁོར་ཉིད། །ཆོས་འབྱུང་གྲུ་གསུམ་གྱེན་བསྒྲེང་དཀར། །ཡཾ་ལས་རླུང་དཀྱིལ་གཞུའི་དབྱིབས། །དུང་ཁ་སྲ་འཁྲེགས་རྒྱལ་མཚན་ཅན། །བཾ་ལས་ཆུ་དཀྱིལ་སྣ་ཚོགས་འབྱུང། །ཀར་ཟླུམ་ཀུན་འབྱུང་བུམ་པས་མཚན། །
ལཾ་ལས་དབང་ཆེན་ས་གཞི་དབྱིབས། །གྲུ་བཞི་གསེར་མདོག་རྡོ་རྗེས་རྒྱན། །ཁཾ་ལས་རིམ་བཞིན་བརྩེགས་པའི་མཆོག་།ཁ་དོག་དབྱིབས་བརྒྱན་ཀུན་རྫོགས་པ། །སཾ་ལས་རིའི་རྒྱལ་པོ་སྟེ། །རིན་ཆེན་སྣ་ཚོགས་ལས་གྲུབ་པའོ། །དེ
ལས་མེའི་དཀྱིལ་འཁོར་མཆོག་། དམར་སེར་གྲུ་གསུམ་ར་ཡིས་མཚན། །དེ་དབུས་བྲུཾ་ལས་གཞལ་ཡས་ཁང། །གྲུ་བཞི་སྒོ་ཁང་སྒོ་ཁྱུད་བཅས། །ར་བ་རིམ་གསུམ་དུར་ཁྲོད་དང། །ཀུན་འབྱུང་རིན་ཆེན་ཕྲེང་བས་མཛེས། །རིགས་ཀྱི་དཀྱིལ
འཁོར་མཚན་ལྡན་པའི། །རྒྱལ་ཚོགས་རྣམ་པར་སྦས་པ་ལ། །འོད་གསལ་ཐུགས་རྗེ་བྱང་ཆུབ་སེམས། །རྣམ་དག་དཀྱིལ་འཁོར་མཛེས་པའི་མཆོག་།ཕོ་བྲང་འཁོར་ལོའི་ལྟེ་དབུས་སུ། །རི་ཆེའི་ཕྲེང་བ་རྡོ་རྗེས་མཛེས། །བདག་གི་དཀྱིལ
འཁོར་རྣམ་བཀོད་པའི། །མ་འདྲེས་པར་ནི་དག་པའི་དོན། །དབུས་ཀྱི་འཁོར་ལོ་ལ་གནས་པའི། །སངས་རྒྱས་རྡོ་རྗེ་འཛིན་པ་ཉིད། །རབ་ཏུ་འོད་འབར་ཕྱག་རྒྱའི་ཚོགས། །རིགས་དང་རིགས་བཅས་མཉམ་པར་སྦྱོར། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད
ཀྱིས། །གླུ་དབྱངས་འོད་བཅས་བསྐུལ་བར་མཛད། །ཐམས་ཅད་རྫོགས་པའི་དཀྱིལ་འཁོར་གྱིས། །དེ་གནས་མཛའ་རྣམས་བསྲུང་བའི་ཕྱིར། ཕྱག་རྒྱའི་རོལ་པས་མཉེས་འགྱུར་ཞིང། །རྟོག་མེད་བྱང་ཆུབ་སེམས་ཀྱི་སྐུ། །ཤེས་རབ་འོད་གསལ
བཅུ་དྲུག་ཕྲེང། །འོད་ཟེར་འཕྲོ་དང་འདུ་བའི་མཐུས། །འགྲོ་རྣམས་བདེ་གཤེགས་ཡུལ་སྦྱོར་ཏེ། །རང་གནས་སུམ་ཅུ་རྩ་གཉིས་བརྒྱན། །ཐབས་མཆོག་ཐུགས་རྗེ་གསལ་བྱེད་ཕྲེང། །སྦྱོར་བ་རྣམས་གཉིས་མཛད་བཅས་རྫོགས། །སངས་རྒྱས
དཔེ་བྱད་བཟང་པོ་ཉིད། །གཡས་གཡོན་ཕྲེང་བ་འཁོར་ལོའི་ཚུལ། །ཐམས་ཅད་གཅིག་ཏུ་སྦྱར་བའི་མཐུས། །རིན་ཆེན་ཁ་དོག་སྣ་ལྔ་པོ། །ཧཱུཾ་མཛེས་བྱེད་རྡོ་རྗེའི་ཕྱག་རྒྱ་རྫོགས། །དཀར་གསལ་འོད་མདངས་ལྔ་ཡིས་བརྒྱན། །རབ་ཏུ་སྦྱོར་བའི
ཏིང་འཛིན་གྱིས། །ཕྱག་རྒྱ་རྫོགས་པའི་ང་རྒྱལ་ཉིད། །འོད་ཟེར་རིགས་ཀྱི་དཀྱིལ་འཁོར་ཚོགས། །དྲུག་བཅས་བཅུ་དྲུག་གནས་རྣམས་དག་།མི་འདྲེས་ཐེག་པ་བསམ་ཡས་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྡུས། །རབ་འབར་གསལ
བས་བརྗིད་པའི་སྐུ?། །གསང་སྔགས་ཡི་གེའི་ཕྲེང་བས་མཛེས། །ོཾ་མཧཱ་སུ་ཀཱ་བཛྲ་སཏྭ་ཨདཀར་ཟླ་བའི་དཀྱིལ་འཁོར་བཞིན། །གཡས་སྔོ་གཡོན་དམར་རྒྱབ་སེར་པོ། །རིན་ཆེན་རྒྱན་གྱིས་རྣམས་པར་མཛེས། །ཐུགས་རྗེ་ཆགས་པའི་དོན་མདངས་ལྡན། །ཕྲིན་ལས་རྣམ་བཞི་ཆ་ལུགས་བཅས། །གཡས་ན་རྡོ་རྗེ་རྩེ་ལྔ་འབར། །གཡོན་པ
ཁ་ཊཝཱཾ་དྲིལ་བུ་འཁོར། །འོག་གཉིས་ཞི་གནས་ལྷག་མཐོང་རྒྱ། །འོད་མདངས་ལྔ་ཡི་ཕྲེང་བས་མཛེས། །རིན་ཆེན་རྒྱན་དང་ན་བཟའ་དང། །ཕྱག་རྒྱ་རྣམ་ལྔ་མཚན་དཔེ་རྫོགས། །འོད་ཀྱི་རིག་མ་དང་སྦྱོར་ཅིང། །བདེ་བའི་རོལ་པས་ཀུན་སྤྱོད་མཛད། །མཁའ་
དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །མཚན་མའི་ཕྱག་རྒྱ་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྟར་ནི་བདག་ཉིད་བྱ། །ཐུགས་གསལ་ཉི་མ་ལ་གནས
པའི། །ཡེ་ཤེས་སེམས་དཔའ་ཧཱུཾ་དང་བཅས། །འོད་ཟེར་འཕྲོ་འདུ་སྦྱོར་བ་ཡིས། །རང་བཞིན་དཀྱིལ་འཁོར་དགུག་བྱས་ཏེ། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །བདུད་རྩིའི་བུམ་བཅས་ལྷ་མོའི་ཚོགས། །གནས་རྣམས་ཀུན་ཏུ་ཁྲུས་བྱས་པས། །
རིགས་ཀྱི་བདག་པོས་ཉེ་བར་མཛེས། །མཐེ་བོང་སེམས་དཔའ་ཨི་སྐྱིལ་མོ་ཀྲུང། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།གུང་མོ་གཉིས་ནི་མཉམ་པོར་སྦྱོར། །ལྷག་མ་རྡོ་རྗེ་ཐལ་མོ་ཉིད། །སྤྱི་བོ་དང་ནི་དཔྲལ་བ་དང། །འགྲམ་པ་གཉིས་དང་ལྷག
པར་རོ། །ོཾ་ཨ་བྷི་ཥིཉྩ་ལཾ། །ཐོད་སྐམ་ཕྱག་རྒྱས་བརྟན་བྱས་པས། །རིམ་བཞིན་གནས་ཀུན་བརྒྱན་པར་བྱ། །ཧཱུཾ་ཨ་བྷི་ཥིཉྩ་མཾ། རིན་ཆེན་མྱུ་གུའི་ཕྱག་རྒྱ་ཡིས། །རྒྱན་རྣམས་ཉེ་བར་བདགས་བྱས་ཏེ། རིན་ཆེན་ཕྲེང་བ་དར་དབྱངས་བཅིང། །
རྡོ་རྗེ་རྒྱ་གྲམ་ཁྲོ་བོར་བཅས། །སྐ་ནན་རྒྱན་ཐག་བགོས་པ་དང། །མཉེས་པའི་ཐལ་མོས་བརྟན་པར་བྱ། །ོཾ་རཏན་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པ་ཏ་ལཾ་ཨ་བྷི་ཥཉྩ་ཧཱུཾ། །ོཾ་བཛྲ་ཏུ་ཤྱ་ཧོ། །རྗེས་སུ་ཆགས་པའི་རྣམ་མང་དགའ་པའི་པདྨ་རྣམས། །
དག་པའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པ། །མཆོག་ཏུ་རྟག་པའི་རྣལ་འབྱོར་པས་བདེ་བ་གྲུབ་པར་མཛོད། །ེ་མ་ཧོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་བསྐལ་བཟང་མཆོག་།རང་གི་དམ
ཚིག་རྟག་ལ་རོལ་ཅིག་ཧོ། །མཁའ་གདང་དབྱངས་དང་ཡེ་ཤེས་རྒྱ། །ས་བོན་རྡོ་རྗེ་པདྨར་བཙས། །ལིང་ག་འགྲེང་བར་རང་འབྱུང་བ། །བརླའི་དབུས་སུ་གཞུག་པ་སྟེ། །ལིང་ག་རྡོ་རྗེར་བྱིན་བརླབས་པས། །རྡོ་རྗེ་སེམས་སོགས་སྔར་བསྐྱེད
ངོ། །འོད་འཕྲོ་ཀུན་ཏུ་ཁྱབ་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་མཛད་ཅིང། །དགྲོ་བའི་གནས་ཆེན་རྣམ་དག་པར། །མཁའ་གསང་རྫོགས་པའི་དཀྱིལ་འཁོར་ཉིད། །ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའ་ནི། །གསང་གནོས་དབུས
ཀྱི་གདན་ལ་གཞུག། ཨོཾ་ལས་གླིང་བུ་ཏྲཾ་པི་ཝཾ། བཾ་ལས་རྔ་ཆེན་ཛ་རྫ་རྔ། ། ལས་མེ་ཏོག་ཨཱ་སྤོས་མེ། ། ལས་མར་མེ་ཨཻ་དྲི་ཆབ། །ཕྱོགས་དང་མཚམས་སུ་རིམ་པ་བཞིན། །མཆོད་པའི་ལྷ་མོ་བརྒྱད་རྣམས། །ཛབཞི་རུ། རྟ་མགྲིན་འཕར་མཐོ་ལ་སོགས་བསྐྱེད། །བྷ་གར་ལིང་ག་བཅུག་བྱས་ནས། །དེར་ནི་མཚན་མ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེ། །སྐུ་གཉིས་ལྡན་པར་སྤྲོ་བྱའོ། །ཀུན་ཏུ་དོན་མཛད་འདུས་པ་དང། །ཐབས་དང་ཤེས
རབ་རྫོགས་པར་སྦྱོར། །གླིང་བུ་སྔོན་མོ་རྡོ་རྗེ་མཚོན། །རྡོ་རྗེ་ལྕགས་སྒྲོག་ཤར་གྱི་ཕྱོགས། །པི་ཝཾ་སེར་མོ་རྡོ་རྗེས་མཚན། །པོག་ཐེགས་བདེན་བྲལ་མཚམས་སུ་གནས། །མར་མེ་དམར་མོ་རྡོ་རྗེས་མཚན། །གླུ་དབྱངས་དྲུག་ལྡན་ལྷོ་ཡིས་ཕྱོགས། །རྔ་ཆེན་དམར་མོ
རྡོ་རྗེའི་རྔ་?་བརྡུང་མཛད་ནུབ་ཀྱི་ཕྱོགས་ན་གནས། །རྫ་རྔ་ལྗང་གུ་རྫ་རྔ་ལ། །རྡོ་རྗེས་མཚན་བརྡུང་བྱང་གི་ཕྱོགས། །མེ་ཏོག་དམར་སེར་རྡོ་རྗེས་མཚན། །གཞོང་ཐོགས་མེ་ཡི་མཚམས་སུ་གནས། །སྤོས་མེ་དཀར་སྔོན་རྡོ་རྗེས་མཚན། །པོག་ཐགས་བདེན་བྲལ་མཚམས
སུ་གནས། །མར་མེ་དམར་མོ་རྡོ་རྗེ་མཚན། །གསལ་འཛིན་རླུང་གི་ཕྱོགས་སུ་གནས། །དྲི་ཆབ་ལྗང་གུ་རྡོ་རྗེས་མཚན། །དག་འཐོར་དབང་ལྡན་མཚམས་སུ་གནས། །རྟ་མགྲིན་འཕང་མཐེ་དཀར་མདངས་ཅན། །ལྕགས་ཀྱུ་རྟ་མགྲིན་ལྗང་གུ་ཤར། །ཕག་གདོང་ནག
མོ་ཞགས་པ་གཡོན། །གཡས་པ་མཆེ་བ་ལྷོ་ཡི་སྒོར། །ཉི་ཟླ་ལྕགས་སྒྲོག་ནུབ་ཀྱི་ཕྱོགས། །ཐལ་བྱེད་ལྗང་ཀུ་གཡས་དྲིལ་བུ། །གཡོན་པ་བནདྷ་སྐུ་བཅས་པ། །ོཾ་ཧེ་ར་ཏི་བཛྲ་པི་ལ། སི་ན་ཏྲ་ཐ། ཧེ་ར་ཏི་གྷི་ཏེ་ཏེ་ཧཾ། ཧེ་ར་ཏི་བཛྲ་ཧེ་སེ་ཧ་ཏ་བཾ། ཧེ་ར་ཏི་བཛྲ་ནརི?
ཏྭེ་པེ་བ་ལེ་བ་ཛཾ། ཨོཾ་བཛྲ་པུཥཔེ། ཨོཾ་བཛྲ་དྷུ་པེ། ཨོཾ་བཛྲ་ཨཱ་ལོ་ཀ། ཨོཾ་བཛྲ་གནདྷོ། ཨོཾ་བཛྲ་ཨ་ཀུ་ཤ་ཛཤིང། །གླུ་དབྱངས་རོལ་མོའི་གར་དུ་བཅས། །ལྷ་མོ་བཅུ་གཉིས་རང་སྣང་རྫོགས། །དབང་པོ་དྲུག་ལ་སངས་རྒྱས་ཀྱི། །གསང་སྔགས་ཕྱག་རྒྱ་སྦྱོར་བའི་མཐུས། །རིགས་ཀྱི་བདག་པོ་ཡུམ་དང་བཅས། །རྣམ་དག་མངོན་ཤེས་ཡེ་ཤེས་རྫོགས། །ལག་གཉིས
རོལ་མོའི་བརྟུལ་ཞུགས་ཀྱིས། །གནས་གསུམ་རོལ་པའི་བརྟུལ་ཞུགས་ཀྱིས། །གནས་གནས་རྡོ་རྗེ་འཆིང་སྦྱོར་ཅིང། །རྡོ་རྗེ་སེ་གོལ་བརྡབ་བྱ་སྟེ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ོཾ་སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་
ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག་།ཛད་ཟམེད་ཡེ་ཤེས་གཉིས་ཅན་རྣམ་མཛའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། །ཀུན་འབྱུང་ཡོན་ཏན་སྩོལ་མེད་ལྷུན་གྲུབ་སྣང། །རྒྱན་གྱི་དཀྱིལ་འཁོར་རྣམ་བཀོད་རང་ལས་བྱུང། །མཛད་པ་རྒྱ་ཆེན་འགོག་མེད་ལྷུན་གྲུབ་པས། །
ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་གནས། །སྐུ་གསུང་ཐུགས་མཆོག་སྟོན་འཕྲིན་ལས་རྒྱར། དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ོཾ་ཨཱལྡན་གཡོན་པ་འགྱིང་པའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །སྲི་ཞུ་བྱས་ཤིང་བཏག་པའི་མཆོག། བདག་ཉིད་རྡོ་རྗེ་སེམས་དཔའ་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོས་པས་ཕྱག་འཚལ་ལོ། །ོཾ་བདེ་བར་།
གཤེགས་པ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཛའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ོཾ་ན་མཚད་མེད་བཞི་ཡི་ཕྱག་རྒྱ་ཡིས། །མདུན་གྱི་དཀྱིལ་འཁོར་མཉེས་པ་དག་།དམ་ཚིག་དཀྱིལ་འཁོར་ལ་གཞུག་ཅིང། །མཉེས་ནས་དགེས་ཤིང་བརྟན་པར་མཛོད། །རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་མཆོག་།ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལན། །ཁམས
གསུམ་ཀུན་ཏུ་རྒྱས་བཏབ་ཅིང། །རིགས་ཀྱི་དཀྱིལ་འཁོར་གསང་བའི་བདག། ཨོཾ་བཛྲ་སཏྭ་ཧཱུཾ། མ་ཧཱ་མུ་དྲ་སྟཝཾ། རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག་།བདག་ཅག་སྒྲུབས་ལ་རྟོགས་པར་མཛད་དུ་གསོལ། །རིགས་མཆོག་སངས
རྒྱས་ཐམས་ཅད་འདུས་པ་ཡི། །བྱིན་བརླབས་དབང་བསྐུར་ཆུ་འཕྲུལ་བླ་ན་མེད། ། ལ་ལ་ལ་ཧོ། ལྕགས་ཀྱི་པདམོ་མཚན་བཅས་དཀྱིལ། །འོད་ཟེར་སྦྱོར་བའི་སྔགས་དང་བཅས། །ོཾ་ན་མགྲུབ་སྤྱན་གྱི་ཕྱག་རྒྱ་ཉིད། །དམ་ཚིག་གནས་སུ་བཞག་པར་བྱ། །ོཾ་བཛྲ་སཏྭ་ས་མ་ཡ་ཧཱུཾ། སྲིན་ལག་མཐེའུ་ཆུང་ཡན་ལག་དབུས། །མཐེ་བོང་ལེགས་བཞུགས་དམ་པར་བཅིངས། །རྡོ་རྗེ་ཁུ་ཚུར་སོ་སོ་ཡི། །མཛུབ་མ་ལྕགས་ཀྱུ་ལྟ་བུར་བྱ། །ོཾ་བཛྲ
སཏྭ་ཀ?་ར་མ་ནུ་དྲ་ཧཱུཾ། ཨོཾ་བཛྲ་བ་ན་བེ་ནུ་སུ་ར་ཏ་ཏི་པུ་པ་ར་མུ་ས་མ་ཡོ་ག་སི་ཏ་ཨཱ་ཧཱུཾ། ཨོཾ་ཨཱམཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་ཏུ་གསོལ། །གྱེན་དུ་འཐོར་དང་ཐུར་དུ་འབེབས། །མར་མེ་འདེབས་སོགས་སོ་སོའི་རྒྱ། །གླིང་བུ་དང་ནི་པི་ཝང་དང། །རྒྱུད་མངས་རྒྱུད་དྲུག་སིལ་སྙན་དག་།དངོས
འབྱོར་སྤྲུལ་པ་གང་ཡང་རུང་རིམ་བཞིན་སྔགས་དང་སྦྱར་ཏེ་དབུལ། །ོཾ་འགྱུར་བ་ལྔ་ལས་ཐམས་ཅད་བྱུང། །རང་ལས་མ་བྱུང་གང་ཡང་མེད། །གཙང་སྨེའི་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོས། །བདག་སོགས་གཉིས་སུ
མེད་པའི་ཕྱིར། །མཉམ་པ་ཆེན་པོའི་གནས་ལ་རོལ། །ོཾ་ན་མནས། །བྱང་སེམས་བདེ་བའི་མཆོག་པས་རྣམ་པར་རོལ། །ོཾ་མཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལེ་ཧོ། །ོཾ་མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཛའ་
ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་མེད་པའི་ཆོས་མཆོག་ཅན། །ོཾ་ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང?་ཚང་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཛའ་ཡས་མཉམ་མེད
དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་གསོལ། །ོཾ་རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེ་ཤུགས་ལ་བྱུང། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་མཛད་མཛའ་ཡས་པར?
མཛད་པ། །ཐུགས་རྗེ་བདག་ཉིད་རྣམ་པར་གནས། །ོཾ་ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་རྙེད་གྱུར་ཀྱང། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ
མཛད་པ་ཡི། །ཐུགས་རྗེའི་སྐྱོང?་པ་མི་གཡོ་འགག་པར་ཡོད་མི་འགྱུར། །ོཾ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་མཉེས་པ། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁེན
ཅིང། །དམ་ཚིག་མཆོག་གསུམ་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ལ་གནས་བརྟུལ་ཞུགས་མཆོག་།གསང་སྔགས་ཐེག་པའི་སྤྱོད་པ་ཉིད། །དང་རྫོགས་བྱང་ཆུབ་ཀུན་དོན་བཞིན། །འཁོར་ལོ་བླ་མེད་རྫོགས་གྱུར་ཅིག་།ཐུགས་རྗེ
ཆེ་མངའ་ཐབས་ལྡན་པས། །རིགས་ཀྱི་དངོས་གྲུབ་བརྟན་པར་མཛོད། །བྱ་བའི་ཡེ་ཤེས་མཛའ་ཡས་མཆོག་།ཕྲིན་ལས་གནས་ཆེན་རྫོགས་གྱུར་ཅིག་།རིགས་ཀྱི་སེམས་དཔའ་གསུམ་ལྡན་པ། །ཕྱག་རྒྱའི་མཚན་མ་ཡི་གེར་བཅས། །?
འཕྲོ་གསལ་བ་རྣམ་གཉིས་ཀྱིས། །ཐབས་དང་ཤེས་རབ་རྣམ་གཉིས་རྒྱུན། །རིན་ཆེན་ཐིག་ལེ་རྣམ་གཉིས་འོང། །རིགས་ཀྱི་འཁོར་ལོ་རྫོགས་བྱེད་པའོ། །ོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱབྱེད་པའོ། །ཡན་ལག་ཆོ་ག་ཀུན་བསྡུས་ཏེ། །རིན་ཆེན་འབར་བའི་གོང་བུ་ལ། །མཚན་མ་རྣམ་པ་རིམ་བཞིན་རྫོགས། །ཕྱག་རྒྱའི་དཀྱིལ་འཁོར་སྤྲོ་བསྡུ་ཀུན། །མཚན་མ་ལྔའི་མཐར་ཇི་སྲིད་ཡུལ་ཀུན་བརྟན་གནས་པ། །དེ་གནས་དམིགས་པ་མེད་པའི
ཆོས། །ཕྱག་རྒྱའི་གསང་གནས་དཀྱིལ་འཁོར་དུ། །ཡི་གེ་མཚན་མོ་ཕྲ་མོ་སྐུ། །རིམ་བཞིན་རྫོགས་པས་ལས་མཛད་ཅིང། །ཕྱག་རྒྱ་བསྟན་པའི་ཏིང་འཛིན། །ཁམས་གསུམ་ཡུལ་བཅས་རྣམ་དག་པའི། །བྱང་ཆུབ་སེམས་མཆོག་བདེ་བའི་རྒྱུན།།
འཁོར་ལོ་བཞི་གནས་རིམ་པ་བཞིན། །དགའ་བཞིས་བསྐྱོད་པའི་ཟླ་བའི་རྒྱ། །གོང་གི་ཕྱག་རྒྱའི་ཚོགས་དང་བཅས། །རབ་ཏུ་ཆགས་པས་རྣམ་གྲོལ་སེམས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །གནས་གསུམ་བདེ་བ་མེ་མར་བཞིན། །རྣམ་པར་སྤྲོ
ཞིང་བསྡུ་བྱ་སྟེ། །འདོད་པའི་ཡན་ལག་རྫོགས་པ་ཡི། །ཐིག་ལེ་མཉམ་དང་མཉམ་སྦྱོར་བས། །དགའ་བཅས་བྱང་ཆུབ་སེམས་བཞི་བདག་།འབྱོར་ཚོགས་ཡང་དག་སྦྱོར་བའི་མཐུས། །སྐྱེ་འགགས་ཆོས་ཀུན་རྣམ་པར་སྤངས། །རྡོ་རྗེ་སེམས་དཔའ་
དཔལ་འབྱོར་པ། །ཇི་ལྟའི་གཟུགས་དང་དབྱིབས་སུ་ལྡན། །བདེ་བ་ཉིད་ཀྱིས་ཀུན་གྱི་བདག་།ཀུན་གྱི་བདག་ལ་བཞུགས་པར་བྱ། །ཆགས་པ་མེད་ཅིང་མ་ཆགས་མེད། །དབུ་མར་ཡང་ནི་དམིགས་སུ་མེད། །བུད་མེད་ཀུན་གྱི་སྒྱུ་སྦྱོར་ཞིང། །གཉིས
མེད་པའི་ཐེག་པ་མཆོག་། ཐུན་མཚམས་སྦྱོར་བའི་ཕྱག་རྒྱ་ཡིས། །རིགས་ཀྱི་དམ་ཚིག་སྔགས་གསལ་ཞིང། །བཟླས་བརྗོད་ལ་སོགས་གྲངས་ཀྱིས་འཇུག། །ཡེ་ཤེས་རྫོགས་པའི་འཁོར་ལོ་ཞིང། །དམ་ཚིག་ཡུལ་ཀུན་མཉམ་སྦྱོར་ཞིང
རིམ་དང་ཅིག་ཅར་ཡན་ལག་གིས། །མཚན་བཅས་མཚན་མ་མེད་གནས་དག་།རབ་ཏུ་བརྟན་པས་གཉིས་མེད་རྫོགས། །མང་དུ་གསང་བའི་རྫས་རྣམས་ཀུན། །དག་པའི་སྣོད་རྣམས་བཀང་བྱས་ཏེ། །ཉེ་བར་སྒྱུར་བའི་བྱིན་བརླབས་ཀྱིས། །གཉིས
མེད་བདུད་རྩི་ཆེན་པོ་བསྒྲུབ། །བསྙེན་པ་རབ་གསལ་རྫོགས་པ་ལས། །ཉེ་བར་གནས་པའི་བྱིན་བརླབས་རྒྱས། །སྒྲུབ་པ་བདག་གཞན་འབྲས་བུ་ཉིད། །ཡང་དག་བརྟན་འགྱུར་དགའ་ཆེན་པོ། །འཇིག་རྟེན་མགྲོན་ཚོགས་མ་ལུས་པ། །རང་གི
སྔགས་དང་ཕྱག་རྒྱས་དགུག། །གཏོར་མའི་རྫས་རྣམས་བསག་པ་དང། །དུས་གཅིག་ཐུགས་ཀྱི་སེམས་བསྲེག་ཤིང། །གསུང་གི་བདུད་རྩི་དག་པར་མཛད། །སྐུ་ཡི་བྱིན་བརླབས་ཡེ་ཤེས་ལྔ། །ཉེ་བར་བཀོད་པའི་སྤྲིན་རྣམས་ཀྱིས།།
ཐམས་ཅད་དཀྱིལ་འཁོར་བརྟན་པའི་ཚོགས། །ཐབས་ཀྱི་དཀྱིལ་འཁོར་མཉམ་སྦྱོར་ཞིང། །ཤེས་རབ་ཡུམ་བཅས་རོལ་བ་ཉིད། །དེ་དག་སྔགས་དང་ཕྱག་རྒྱ་ཡིས། །
དབང་བསྐུར་བྱིན་བརླབས་རྫོགས་པར་མཆོད། །སྤྱོད་ལམ་ཀུན་ཏུ་མ་ཉམས་བློས། །ཕྱག་རྒྱའི་དཀྱིལ་འཁོར་བརྟན་བྱས་ཏེ། །ཐབས་དང་ཤེས་རབ་གར་སོགས་ཀྱིས། །རལ་པའི
འཕྲོ་འདུ་རྒྱུན་བཞིན་གནས། །ངེས་པའི་གསང་མཆོག་ཕྱག་རྒྱའི་ཚོགས། །ཉེར་གསལ་བཤད་པའི་ཚུལ་དག་གིས། །དོན་ཀུན་སྐུ་གསུང་ཐུགས་ཀྱི་ཚུལ། །རབ་སྦྱངས
བརྟན་པར་རྫོགས་པ་ཉིད། །མི་ཤེས་དྲི་མ་ཀུན་སེལ་ཅིང། །ཡང་དག་ཡེ་ཤེས་གནས་གསལ་བྱེད། །རིགས་མཆོག་འཁོར་ལོ་རྫོགས་པ་ཡི། །སྒྲུབ་པའི་ཐབས
འདིས་རྒྱས་པར་ཤོག། །།དཔལ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཐུ་བོ་རཱ་ཛ་ཧ་ཏིས
མཛད་པ་རྫོགས་སོ།
CLOSE WINDOW