Structure of Z347


ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་སྟེ་འདི་ནི་ལེའུ་དང་པོའོ
ye shes kyi rgya mtsho la 'jug pa ste 'di ni le'u dang po'o
MW1PD127393: 7a4

རྡོ་རྗེ་ཕག་མོ་བསྐྱེད་པ་དང་། གཙོ་མོ་དང་། །འཁྲུལ་འཁོར་གྱི་འཁོར་ལོ་དང་། དཀྱིལ་འཁོར་སྒོམ་པ་ལ་སོགས་པའི་རང་བཞིན་འདི་ནི་ལེའུ་གཉིས་པའོ
rdo rje phag mo bskyed pa dang / gtso mo dang / /'khrul 'khor gyi 'khor lo dang / dkyil 'khor sgom pa la sogs pa'i rang bzhin 'di ni le'u gnyis pa'o
MW1PD127393: 19a1

མཁའ་འགྲོ་མ་བསྐྱེད་པའི་མཚན་ཉིད་དང་། བདེ་བ་ལ་ཀུན་ཏུ་སྤྱོད་པའི་ལས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པར་གཞག་པའི་ཆོ་ག་སྟེ་ལེའུ་གསུམ་པའོ
mkha' 'gro ma bskyed pa'i mtshan nyid dang / bde ba la kun tu spyod pa'i las kyi de kho na nyid kyi rnam par gzhag pa'i cho ga ste le'u gsum pa'o
MW1PD127393: 22a3

ལཱ་མ་བསྐྱེད་པའི་མཚན་ཉིད་དང་། སྔགས་དགོད་པ་དང་། འཁོར་ལོ་སྒྱུར་བ་དྲུག་ལ་སོགས་པའི་རང་བཞིན་དང་། མྱ་ངན་ལས་འདས་པ་ལ་སོགས་པའི་རྣམ་པར་གཞག་པ་སྟེ་ལེའུ་བཞི་པའོ
lA ma bskyed pa'i mtshan nyid dang / sngags dgod pa dang / 'khor lo sgyur ba drug la sogs pa'i rang bzhin dang / mya ngan las 'das pa la sogs pa'i rnam par gzhag pa ste le'u bzhi pa'o
MW1PD127393: 25a6

དུམ་སྐྱེས་མའི་མཚན་ཉིད་དང་། བསྐྱེད་པ་དང་། འཁོར་ལོ་བཞིའི་རྩའི་རྣམ་པར་གཞག་པའི་མིང་མདོར་བསྟན་པ་དང་། །སྔགས་དགོད་པ་ལ་སོགས་པའི་ཆོ་ག་སྟེ་ལེའུ་ལྔ་པའོ
dum skyes ma'i mtshan nyid dang / bskyed pa dang / 'khor lo bzhi'i rtsa'i rnam par gzhag pa'i ming mdor bstan pa dang / /sngags dgod pa la sogs pa'i cho ga ste le'u lnga pa'o
MW1PD127393: 28a3

གཟུགས་ཅན་མའི་མཚན་ཉིད་ཀྱི་རྩའི་འཁོར་ལོའི་རང་བཞིན་དང་། གནས་ཀྱི་རྣམ་པར་གཞག་པ་དང་། །རྒྱུད་ཀྱི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་དྲུག་པའོ
gzugs can ma'i mtshan nyid kyi rtsa'i 'khor lo'i rang bzhin dang / gnas kyi rnam par gzhag pa dang / /rgyud kyi mtshan nyid kyi cho ga ste le'u drug pa'o
MW1PD127393: 30b5

ཁྭ་གདོང་མ་ལ་སོགས་པའི་སྲོག་བསྐྱེད་པའི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་བདུན་པའོ
kh+wa gdong ma la sogs pa'i srog bskyed pa'i mtshan nyid kyi cho ga ste le'u bdun pa'o
MW1PD127393: 33a2

འུག་གདོང་མའི་ངེས་པའི་ཚུལ་དང་། །ཡང་དག་པའི་ཆོ་ག་ལས་བསྐྱེད་པ་དང་། །སྲོག་ལ་སོགས་པའི་མཚན་ཉིད་དེ་ལེའུ་བརྒྱད་པའོ
'ug gdong ma'i nges pa'i tshul dang / /yang dag pa'i cho ga las bskyed pa dang / /srog la sogs pa'i mtshan nyid de le'u brgyad pa'o
MW1PD127393: 35a8

ཁ་གདོང་མའི་མཚན་ཉིད་དང་བདེ་བ་ལ་སོགས་མའི་གནས་སྐབས་ཀྱི་ཆོ་ག་སྟེ་ལེའུ་དགུ་པའོ
kha gdong ma'i mtshan nyid dang bde ba la sogs ma'i gnas skabs kyi cho ga ste le'u dgu pa'o
MW1PD127393: 37b5

ཕག་གདོང་མ་བསྐྱེད་པ་དང་དཀྱིལ་འཁོར་ལ་འཇུག་པ་ལ་སོགས་པའི་ལེའུ་སྟེ་བཅུ་པའོ
phag gdong ma bskyed pa dang dkyil 'khor la 'jug pa la sogs pa'i le'u ste bcu pa'o
MW1PD127393: 41a1

གཤིན་རྗེ་བརྟན་མའི་རྣམ་པར་གཞག་པ་དང་བསྐྱེད་པའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཅུ་གཅིག་པའོ
gshin rje brtan ma'i rnam par gzhag pa dang bskyed pa'i mtshan nyid ces bya ba ste le'u bcu gcig pa'o
MW1PD127393: 42a3

གཤིན་རྗེ་ཕོ་ཉ་མོ་བསྐྱེད་པ་ལ་སོགས་པའི་མཚན་ཉིད་དང་འཆི་བ་བསླུ་བའི་འཁོར་ལོ་སྒོམ་པའི་མན་ངག་མདོར་བསྡུས་པ་སྟེ་ལེའུ་བཅུ་གཉིས་པའོ
gshin rje pho nya mo bskyed pa la sogs pa'i mtshan nyid dang 'chi ba bslu ba'i 'khor lo sgom pa'i man ngag mdor bsdus pa ste le'u bcu gnyis pa'o
MW1PD127393: 44a4

གཤིན་རྗེ་མཆེ་བ་མའི་རབ་ཏུ་སྦྱོར་བ་ལ་འཇུག་པ་འཆི་བ་སླུ་བ་ལ་སོགས་པའི་ལེའུ་སྟེ་བཅུ་གསུམ་པའོ
gshin rje mche ba ma'i rab tu sbyor ba la 'jug pa 'chi ba slu ba la sogs pa'i le'u ste bcu gsum pa'o
MW1PD127393: 46a6

གཤིན་རྗེ་འཇོམས་མ་འཇུག་པ་བསྐྱེད་པ་དང་། །དུས་སུ་འཆི་བ་བསླུ་བའི་ཆོ་གའི་མཚན་ཉིད་དང་། །སངས་རྒྱས་ཀྱི་གནས་སྐབས་ཀྱི་རང་བཞིན་ཏེ་ལེའུ་བཅུ་བཞི་པའོ
gshin rje 'joms ma 'jug pa bskyed pa dang / /dus su 'chi ba bslu ba'i cho ga'i mtshan nyid dang / /sangs rgyas kyi gnas skabs kyi rang bzhin te le'u bcu bzhi pa'o
MW1PD127393: 48b4

བཅོམ་ལྡན་འདས་ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་གཞག་པ་དང་མན་ངག་སྣ་ཚོགས་བསྟན་པ་སྟེ་ལེའུ་བཅོ་ལྔ་པའོ
bcom ldan 'das yang dag pa'i ting nge 'dzin rnam par gzhag pa dang man ngag sna tshogs bstan pa ste le'u bco lnga pa'o
MW1PD127393: 64a5

རྩ་བའི་སྔགས་བཏུ་བའི་ཆོ་གའི་མཚན་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ
rtsa ba'i sngags btu ba'i cho ga'i mtshan nyid kyi le'u ste bcu drug pa'o
MW1PD127393: 79b3

རྡོ་རྗེ་སེམས་དཔའ་དང་ཕག་མོའི་གོ་ཆ་བསྐྱེད་པའི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་བཅུ་བདུན་པའོ
rdo rje sems dpa' dang phag mo'i go cha bskyed pa'i mtshan nyid kyi cho ga ste le'u bcu bdun pa'o
MW1PD127393: 80b3

རྣམ་པར་སྣང་མཛད་ལ་སོགས་པའི་གོ་ཆ་སྲུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ
rnam par snang mdzad la sogs pa'i go cha srung ba'i le'u ste bco brgyad pa'o
MW1PD127393: 81b4

པདྨ་གར་གྱི་དབང་ཕྱུག་ལ་སོགས་པའི་སྲུང་བའི་གོ་ཆའི་སྔགས་གཏན་ལ་དབབ་པ་སྟེ་ལེའུ་བཅུ་དགུ་པའོ
pad+ma gar gyi dbang phyug la sogs pa'i srung ba'i go cha'i sngags gtan la dbab pa ste le'u bcu dgu pa'o
MW1PD127393: 82b1

ཧེ་རུ་ཀ་ལ་སོགས་པའི་སྲུང་བའི་གོ་ཆའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ
he ru ka la sogs pa'i srung ba'i go cha'i cho ga'i le'u ste nyi shu pa'o
MW1PD127393: 83b1

རྡོ་རྗེ་ཉི་མ་སོགས་པའི་གོ་ཆའི་སྲུང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ
rdo rje nyi ma sogs pa'i go cha'i srung ba'i cho ga'i le'u ste nyi shu rtsa gcig pa'o
MW1PD127393: 84a7

རྟ་མཆོག་ལ་སོགས་པའི་གོ་ཆའི་སྲུང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ
rta mchog la sogs pa'i go cha'i srung ba'i cho ga'i le'u ste nyi shu rtsa gnyis pa'o
MW1PD127393: 85a7

གཏོར་མ་དང་འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ
gtor ma dang 'khor lo mchod pa'i cho ga'i le'u ste nyi shu rtsa gsum pa'o
MW1PD127393: 87a6

དཀྱིལ་འཁོར་དང་། །སྦྱིན་སྲེག་དང་། །སློབ་དཔོན་མཆོད་པའི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བཞི་པའོ
dkyil 'khor dang / /sbyin sreg dang / /slob dpon mchod pa'i cho ga zhes bya ba ste le'u nyi shu rtsa bzhi pa'o
MW1PD127393: 90b6

བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དག་པ་དང་དེ་བཞིན་དུ་རབ་ཏུ་གནས་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ
bcom ldan 'das zhes bya ba la sogs pa'i rnam par dag pa dang de bzhin du rab tu gnas pa'i cho ga'i mtshan nyid ces bya ba'i le'u ste nyi shu rtsa lnga pa'o
MW1PD127393: 92b6

རབ་ཏུ་གཏུམ་མོ་བདག་པོའི་དཀྱིལ་འཁོར་དུ་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་ཕྱག་རྒྱའི་བརྡ་ཡིས་གནས་པའི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བའི་སྤྱོད་ཡུལ་གྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ
rab tu gtum mo bdag po'i dkyil 'khor du rnal 'byor ma dang dpa' bo rnams kyi phyag rgya'i brda yis gnas pa'i mtshan nyid kyi cho ga zhes bya ba'i spyod yul gyi le'u ste nyi shu rtsa drug pa'o
MW1PD127393: 96a2

གཏུམ་མིག་མའི་མཚན་ཉིད་ཀྱི་ཕྱག་རྒྱ་དང་བདག་པོའི་རང་བཞི་གྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བདུན་པའོ
gtum mig ma'i mtshan nyid kyi phyag rgya dang bdag po'i rang bzhi gyi cho ga zhes bya ba ste le'u nyi shu rtsa bdun pa'o
MW1PD127393: 97b2

འོད་ལྡན་མའི་མཚན་ཉིད་ཀྱི་ཕྱག་རྒྱའི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ
'od ldan ma'i mtshan nyid kyi phyag rgya'i cho ga zhes bya ba ste le'u nyi shu rtsa brgyad pa'o
MW1PD127393: 98b7

སྣ་ཆེན་མའི་མཚན་ཉིད་ཀྱི་བརྡའི་ཆོ་གའི་ངེས་པ་ཞེས་བྱ་བ་སྟེ་ལེའུ་ཉི་ཤུ་རྩ་དགུ་པའོ
sna chen ma'i mtshan nyid kyi brda'i cho ga'i nges pa zhes bya ba ste le'u nyi shu rtsa dgu pa'o
MW1PD127393: 100a3

ཕྱག་རྒྱ་དང་ཕྱག་རྒྱའི་ལན་དཔའ་བོའི་བློ་གྲོས་མའི་ཆོ་གའི་མཚན་ཉིད་ཀྱི་མིང་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་པའོ
phyag rgya dang phyag rgya'i lan dpa' bo'i blo gros ma'i cho ga'i mtshan nyid kyi ming zhes bya ba ste le'u sum cu pa'o
MW1PD127393: 101b5

མིའུ་ཐུང་མའི་གེའི་མཚན་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་གཅིག་པའོ
mi'u thung ma'i ge'i mtshan nyid kyi rang bzhin gyi ye shes zhes bya ba ste le'u sum cu rtsa gcig pa'o
MW1PD127393: 103a6

ལང་ཀའི་དབང་ཕྱུག་མའི་ཕྱག་རྒྱའི་བརྡའི་མཚན་ཉིད་དང་། །དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དང་། །མིང་གི་ཆོ་གའི་ཡེ་ཤེས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ
lang ka'i dbang phyug ma'i phyag rgya'i brda'i mtshan nyid dang / /dkyil 'khor gyi 'khor lo'i rang bzhin dang / /ming gi cho ga'i ye shes kyi le'u ste sum cu rtsa gnyis pa'o
MW1PD127393: 104b5

ཤིང་གྲིབ་མའི་རང་གི་མཚན་ཉིད་ཀྱི་ཕྱག་རྒྱའི་བརྡའི་ཆོ་གའི་ངེས་པ་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་གསུམ་པའོ
shing grib ma'i rang gi mtshan nyid kyi phyag rgya'i brda'i cho ga'i nges pa zhes bya ba ste le'u sum cu rtsa gsum pa'o
MW1PD127393: 106b1

ས་སྲུངས་མའི་སྐུའི་མཚན་ཉིད་ཀྱི་ཆོ་ག་དང་ལྡན་པ་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་བཞི་པའོ
sa srungs ma'i sku'i mtshan nyid kyi cho ga dang ldan pa zhes bya ba ste le'u sum cu rtsa bzhi pa'o
MW1PD127393: 108a4

འཇིགས་བྱེད་ཆེན་མོའི་ནང་གི་ཕྱག་རྒྱའི་ཆོ་ག་འཆད་པའི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་ལྔ་པའོ
'jigs byed chen mo'i nang gi phyag rgya'i cho ga 'chad pa'i mtshan nyid kyi cho ga zhes bya ba ste le'u sum cu rtsa lnga pa'o
MW1PD127393: 109a3

རླུང་ཤུགས་མའི་ཁ་དོག་གི་ཕྱག་རྒྱའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་དྲུག་པའོ
rlung shugs ma'i kha dog gi phyag rgya'i cho ga'i mtshan nyid ces bya ba ste le'u sum cu rtsa drug pa'o
MW1PD127393: 110a5

ཆང་འཐུང་མའི་རབ་ཏུ་སྦྱོར་བའི་བརྡའི་རང་བཞིན་གྱི་མཚན་ཉིད་ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་བདུན་པའོ
chang 'thung ma'i rab tu sbyor ba'i brda'i rang bzhin gyi mtshan nyid kyi cho ga zhes bya ba ste le'u sum cu rtsa bdun pa'o
MW1PD127393: 111b5

རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་ལྗང་ལྷ་མོའི་དབང་དུ་བྱ་བའི་སྦྱིན་སྲེག་དང་། །འཁྲུལ་འཁོར་གྱི་འཁོར་ལོ་དང་། །རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་བརྒྱད་པའོ
rdo rje phag mo dang gnyis su med pa'i ljang lha mo'i dbang du bya ba'i sbyin sreg dang / /'khrul 'khor gyi 'khor lo dang / /rdo rje'i dkyil 'khor gyi cho ga'i mtshan nyid ces bya ba ste le'u sum cu rtsa brgyad pa'o
MW1PD127393: 115b1

བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དང་ཤིན་ཏུ་བཟང་མོ་གཉིས་སུ་མེད་པའི་སྦྱོར་བའི་བདག་ཉིད་ཅན་རྟའི་སྔགས་མདོར་བསྟན་པ་རིགས་ཀྱི་ཀླུའི་ལས་ཀྱི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་སུམ་ཅུ་རྩ་དགུ་པའོ
bcom ldan 'das kyi rtsa ba'i sngags dang shin tu bzang mo gnyis su med pa'i sbyor ba'i bdag nyid can rta'i sngags mdor bstan pa rigs kyi klu'i las kyi cho ga'i mtshan nyid ces bya ba ste le'u sum cu rtsa dgu pa'o
MW1PD127393: 117b4

རྟ་རྣ་མ་དང་དཔའ་བོ་གཉིས་སུ་མེད་པའི་སྦྱོར་བས་གོ་ཆ་དང་རྩ་བའི་སྔགས་ཀྱི་ཆོ་གའི་མཚན་ཉིད་ཀྱི་བསད་པ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་པའོ
rta rna ma dang dpa' bo gnyis su med pa'i sbyor bas go cha dang rtsa ba'i sngags kyi cho ga'i mtshan nyid kyi bsad pa zhes bya ba ste le'u bzhi bcu pa'o
MW1PD127393: 120a3

བྱ་གདོང་མ་དང་དཔའ་བོ་གཉིས་སུ་མེད་པའི་སྨཡོ་བར་བྱེད་པའི་འཁྲུལ་འཁོར་འཁོར་ལོའི་རང་བཞིན་གྱི་མཚན་ཉིད་ཀྱི་ཆོ་གའི་སྙིང་པོའི་སྔགས་དང་བཅས་པའི་ལས་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་གཅིག་པའོ
bya gdong ma dang dpa' bo gnyis su med pa'i smyo bar byed pa'i 'khrul 'khor 'khor lo'i rang bzhin gyi mtshan nyid kyi cho ga'i snying po'i sngags dang bcas pa'i las zhes bya ba ste le'u bzhi bcu rtsa gcig pa'o
MW1PD127393: 121b7

འཁོར་ལོའི་ཤུགས་ཅན་མའི་རེངས་པར་བྱ་བའི་ལས་དཔའ་བོ་དང་གཉིས་སུ་མེད་པའི་སྦྱོར་བའི་མཚན་ཉིད་ཅེས་བྱའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ
'khor lo'i shugs can ma'i rengs par bya ba'i las dpa' bo dang gnyis su med pa'i sbyor ba'i mtshan nyid ces bya'i cho ga'i le'u ste bzhi bcu rtsa gnyis pa'o
MW1PD127393: 123b3

དུམ་སྐྱེས་མའི་རབ་ཏུ་སྦྱོར་བ་སྒོམ་པའི་འཁྲུལ་འཁོར་གྱི་འཁོར་ལོ་བསྐྲད་པའི་ལས་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་གསུམ་པའོ
dum skyes ma'i rab tu sbyor ba sgom pa'i 'khrul 'khor gyi 'khor lo bskrad pa'i las rnal 'byor ma drug gi go cha'i sngags kyi cho ga'i mtshan nyid ces bya ba ste le'u bzhi bcu rtsa gsum pa'o
MW1PD127393: 125b2

ཆང་འཚོང་མའི་རབ་ཏུ་སྦྱོར་བར་དབྱེ་བའི་མཚན་ཉིད་ཀྱི་ཆོ་གའི་འཁྲུལ་འཁོར་གྱི་འཁོར་ལོའི་རང་བཞིན་ཞེས་བྱ་བ་སྟེ་ལེའུ་བཞི་ཅུ་རྩ་བཞི་པའོ
chang 'tshong ma'i rab tu sbyor bar dbye ba'i mtshan nyid kyi cho ga'i 'khrul 'khor gyi 'khor lo'i rang bzhin zhes bya ba ste le'u bzhi cu rtsa bzhi pa'o
MW1PD127393: 127a2

འཁོར་ལོའི་གོ་ཆ་མའི་ལྐུགས་པར་བྱ་བའི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་དང་། །འཁོར་ལོ་སྒོམ་པ་དང་། །དཔའ་བོ་དང་གཉིས་སུ་མེད་པའི་རྣལ་འབྱོར་སྲིད་མོའི་རྣམ་པར་འཁྲུལ་འཁོར་གྱི་འཁོར་ལོ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་ལྔ་པའོ
'khor lo'i go cha ma'i lkugs par bya ba'i rab tu sbyor ba'i cho ga'i mtshan nyid dang / /'khor lo sgom pa dang / /dpa' bo dang gnyis su med pa'i rnal 'byor srid mo'i rnam par 'khrul 'khor gyi 'khor lo zhes bya ba ste le'u bzhi bcu rtsa lnga pa'o
MW1PD127393: 129a4

ཤིན་ཏུ་དཔའ་མོའི་ཞི་བའི་ལས་ཀྱི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་ཀྱི་འཁྲུལ་འཁོར་འཁོར་ལོ་སྒོམ་པ་དང་གནོད་མཛེས་ཀྱི་སྔགས་ཀྱི་ལས་ཚོགས་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དྲུག་པའོ
shin tu dpa' mo'i zhi ba'i las kyi rab tu sbyor ba'i cho ga'i mtshan nyid kyi 'khrul 'khor 'khor lo sgom pa dang gnod mdzes kyi sngags kyi las tshogs zhes bya ba ste le'u bzhi bcu rtsa drug pa'o
MW1PD127393: 131a3

སྟོབས་ཆེན་མའི་སྦྱོར་བས་སྲུང་བ་ཆེན་པོ་ཕུར་བུའི་སྔགས་ཀྱི་ལས་བྱང་ཆུབ་སེམས་དཔའི་འཁྲུལ་འཁོར་སྒོམ་པའི་མན་ངག་གི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བདུན་པའོ
stobs chen ma'i sbyor bas srung ba chen po phur bu'i sngags kyi las byang chub sems dpa'i 'khrul 'khor sgom pa'i man ngag gi cho ga'i mtshan nyid ces bya ba ste le'u bzhi bcu rtsa bdun pa'o
MW1PD127393: 132a4

འཁོར་ལོས་སྒྱུར་མའི་རབ་ཏུ་སྦྱོར་བ་ལ་སོགས་པ་ལས་སྣ་ཚོགས་སྒྲུབ་པའི་འཁྲུལ་འཁོར་འཁོར་ལོ་སྒོམ་པའི་ལམ་དང་། །རྫ་རྔའི་སྔགས་མདོར་བསྟན་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བརྒྱད་པའོ
'khor los sgyur ma'i rab tu sbyor ba la sogs pa las sna tshogs sgrub pa'i 'khrul 'khor 'khor lo sgom pa'i lam dang / /rdza rnga'i sngags mdor bstan pa'i cho ga'i mtshan nyid ces bya ba ste le'u bzhi bcu rtsa brgyad pa'o
MW1PD127393: 134b8

བརྩོན་འགྲུས་ཆེན་མོའི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་གསང་བའི་བཅུད་ལེན་ལ་སོགས་པ་དང་། །རྒྱས་པའི་ལས་དཔལ་ཡང་དག་པའི་ཏིང་ངེ་འཛིན་ཧེ་རུ་ཀའི་རྩའི་སྔགས་ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དགུ་པའོ
brtson 'grus chen mo'i rab tu sbyor ba'i cho ga'i mtshan nyid gsang ba'i bcud len la sogs pa dang / /rgyas pa'i las dpal yang dag pa'i ting nge 'dzin he ru ka'i rtsa'i sngags kyi cho ga zhes bya ba ste le'u bzhi bcu rtsa dgu pa'o
MW1PD127393: 139a7

དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་བདག་ཉིད་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པ་པོ་གསང་ཆེན་ཐམས་ཅད་པ་ཞེས་བྱ་བའི་ལེའུ་ལྔ་བཅུ་པའོ
de kho na nyid nyi shu rtsa lnga'i bdag nyid rgyud thams cad kyi don ston pa po gsang chen thams cad pa zhes bya ba'i le'u lnga bcu pa'o
MW1PD127393: 182a2

བསྟོད་པ་དང་མཆོད་པ་བཞི་ལ་སོགས་པ་གཉིས་སུ་མེད་པའི་དམ་ཚིག་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་ལྔ་བཅུ་རྩ་གཅིག་པའོ
bstod pa dang mchod pa bzhi la sogs pa gnyis su med pa'i dam tshig bstan pa'i le'u zhes bya ba ste lnga bcu rtsa gcig pa'o
MW1PD127393: 183b1