| Wylie | e-texts produced with BDRC’s OCR application |
ཡིད་གཞུངས་ཤིང་ཤེས་རབ་ཆེན་པོར་འགྱུར་རོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། ། རྒྱ ་ཀར་སྐད་དུ། ཨཱརྱ་བྷ་ག་བ་ཏི་པྲཛྙེ་ཨརྡྷ་ཤ་ཏི་ཀ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་སྦྱིན་པོ ་དང་ཐབས་ཅིག་ཏུ་བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་གནིད་སྦྱིན་དང་། དྲི་ཟ་དང་། ལྷ་མེ་ཡིན ་དྲུང་། རྣམ་མཁའ་ལྡིང་དང་། མི་འམ་ཅིག་དང་། སྔོ་འཕྱེ་ཆེན་པོ་དང་། དེ། སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང། དགེ་བསྙེན་མ་དག་དང་ཡང་མ ་དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལརང་འབྱོར་གང་ལ་ལཉན་ཐོས་ཀྱིས་ལ་སློབ་པར་འདོད་པ་དང་། ར ་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ།། གརྡུང་བར་བྱ། བཅང་བར་གྱུ། བཀླག་པར་བྱུ། ཀུནྡ་ན་པར་བྱ ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་དང་ལྡན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པོ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར་དུ ་བསངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེསུ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ།། ཀུན་ནུབ་པར་བྱའོ།། བྱང་ཆུབ་སེ ་དཔའ་ཐབས་མཁས་པ་དང་ལྡན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་ཉིད་ལ་བརྩོན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང་རྣལ་འབྱོར་དུ་བྱེ་བ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ།། རབ་འབྱོར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི ་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་དུ ་དག་ཐམས་ཅད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ནུད་ཅིང་། འདུས་ཏེ་འུ་བ་ལ་ཡང་དག་པར་གཞོལ་བ་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ། རྣལ་འབྱོར་དུ་བྱ་སྟེ། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་ཉིད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ ་བར་བྱའོ།། དགེ་བའི་ཆོས་བྱང་ཆུང་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཀུན་ཐོས་ཀྱི་ནས་རྣམ་པ་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ནུབ་སེམས་དཔའི་ཆོས་རྣམས་དང ་སངས་རྒྱས་ཀྱི་རློས་རྣམས་དང་། གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་རུང་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ཡིན་ནོ།། ཞེས་བགྱི་བ་དེ་དག་ཀླུ ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ། རབ་འབྱོར། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད ་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནར་སྟོང་པ་ཉིད་དང་། ་སྟོང་བ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས ་མུ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་རང་བཞིན་སྟོང་པ་ཉིད་དང ་ཆོས་ཐམས་ཅད་སྟོང་པ་ཉིད་དང་རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་དབང་པོལྔ། ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་ཚད་མེད། ་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོ ་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དྲང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས ་པའི་སྟོབས་བཅུ་དང་། མི་འཇིག་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ ་བརྒྱད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འཟས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཉིད་དང ་ཐམས་ཅདང་ཤེས་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། རབ་འབྱོར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཉན་ཐོས ་ཆོས་རྣམས་དང་། རང་སངས་རྒྱས་ཏེ་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པའི་ནང་དུའང་ཆུང་ཅིང་འདུས་ཏེའུ་བ་ལ་ཡང་དག་པར་གཞོལ་བ་རྣམས་ཡིན་ནོ།། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་འདི་ལྟར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས ་པ་དེ་དག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་། འདུས་ཏེ་འུ་བ་ལ་ཡང་དག་པར་གཞོལ་བ་ནི། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་ཟབ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་ཕྱིར་རོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས ་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ ་པར་དག་པའི་ཕྱིར་རོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨལ་ལ་ཨ་ལ་ལེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རི་ནམ་མཁའ་དང་མཆུང་བ་ལགས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ནི་ནམ་མཁའ་ལྟ་བུ་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱི་མ་ཨ་ལ་ལ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པས་རྟོག་པར་དཀའ ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ ་པར་མི་བརྩོན་པ་དང་། དགེ་བའི་རྩ་བ་ཆུང་བ་དང་། ཡིད་མི་བཞུངས་པ་དང་དོན་དུ་མི་གཉེར་བུ་དང་། ཟོས་པ་དང་མི་ལྡན་པ་དང་ཤེས་རབ་རུང་བ་དང་། སྡིག ་པའི་གྲོགས་པོས་ཟིན་པ་དང་། སྡིག་པའི་གྲོགས་པོ་དང་འདྲེ་བ་མང་བ་དང་། སྡིག་པའི་གྲོགས་པོས་འཛིན་དུ་བཅུག་པ་དང་། དད་པ་ཙམ་དང་ལྡན་པ་དང་། ལས་དང་པོ་པ། ་དང་། སྐལ་བ་མེད་པའི་ཚུལ་ཅན་དང་། ཡོངས་སུ་མི་འདྲི་བའི་ཚུལ་དང་། ཤེས་རབ་འཆལ་པར་གྱུར་པ་བྱས་པ་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་ཆུང་བ་དང་། ་སྙིང་སྟེབ་ཆུང་བ་དང་། མོས་པ་ཆུང་བ་དང་། དགེ་བའི་ཆོས་དེ་དག་ལ་མངོན་པར་མི་བརྩོན་པས་མོས་པར་དཀའ་བ་སྟེ། རབ་འབྱོར་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ནི་མོས་པར་དཀའ་བ་ཞེས་བྱའོ།། རབ་འབྱོར་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅན་ཏམ་འཛིན་ཏམ ་འཆང་དུམཀློག་གམཀུན་ནུབ་པར་བྱེད་དམྦ། གཞན་དགའའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ནུ། དེས་འདས་པ་དང་། མབྱོན་པ་དང་། ད་ལྟར་བྱུང་བའི་བུ ་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱེང་ཆུབ་བཟུང་བ་ཡིན་ནོ།། རབ་འབྱོར་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་མྱུར་དུ་བླན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། རྒྱུན་མི་འཆད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱ། གཟུང་བར་དུ། བཅིང་བར་བྱ། ་བཀླག་པར་བྱ། ཀུན་ཆུབ་པར་བྱ་སྟེ། དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་ད། ་ཀྱིས་དེ་སང་ཅེས་བཀ་ལྔ་ལ་ནསཚེ་དང་ལྡན་པ་རབའི་བྱོར་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དྲི་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དེ ་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་རྫོགས་སོ།། ་