| Wylie | e-texts produced with BDRC’s OCR application |
ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྫོགས་སོ།། །། སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་བོ།། རྒྱ་གར ་སྐད་དུ། ཨཱརྱ་པཉྩི་ཤ་ཏྲི་ཀ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ལོ།། འདི་སྐད་བདགེ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང ་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་རེས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གཟུགས ་ནི་དངོས་པོ་མེད་པ་དངོས་པོ་ངན་པ་དང་། དངོས་པོ་ཡོད་པའོ།། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་དངོས ་བོ་རྙེ་པ་དངོས་པོ་ངན་པ། དངོས་པོ་ཡོད་པའོ།། རབ་འབྱོར་མིག་དང་། གཟུགས་རྣམས་དང་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྒྲ་རྣམས་དང་། ་རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་སྣའི་རྣམ་པར་ཤེས་པ་དང་ལྡེ་དང་། རོ་རྣམ་ས་དང་། ལྕེའི་རྣམ་པར་ཤེས་པ་ད་ལུས་ད་རག ་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་ཡིད་དུང་གིཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ་དངོས་པོ་ངན་པ་དངོས་པོ་ཡོད ་པོའི།། དེ་ལྟར་གཟུགས་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས།། གཟུགས་དེ་ལ་མངོན་པར་ལེན་ཏོ།། མངོན་པར་སྒྲུར ་བོ། སྒྲིབ་པར་བྱེད་དོ།། དེ་དག་གཟུགས་དེ་ལ་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ་སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངོས ་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ་སྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན ་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་ཡི་དགས་རྣམས་དང་། ལྷ་རྣམས་དང་། མི་རྣམས་ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ངོ་།། རབ་འབྱོར་དེ་བཞིན་དུ་ཆོ ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་པོ་མེད་པ་དང་། དངོས་པོ་ངན་པ་དང་། དངོས་པོ་ཡོད་པ་དང་། རབ་འབྱོར། ་མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམ ་དང་ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པ་དང་། དངོས་པོ་ངན་པ་དང་། དངོས་པོ་ཡོད་པ་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་། ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས་རྣམ་པར་ཤེས་པ་དེ་ལ་མངོན་པར་བསྟོད་དོ།། མངོན་པར་སྒྲུབ་བོ།། སྒྲིབ་པར་བྱེད་དོ།། དེ་དག་རྣམ་པར་ཤེས་པ་དེ་ལ་མངོན་པར ་ཞེན་ཅིང་མངོན་པར་སྒྲུབ་པ་སྟེ་སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པ་འམ། སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མྱི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགྲོས ་དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ་སྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་ཡི་དགས་རྣམས་དང་། ལྷ་དང་མི་རྣམས་ཀྱི ་རླུང་དུ་མུན་རིང་པོར་རྟ་འི་མྱོང་ངོ་།། མཁས་བུ་རྣམས་ཀྱིས་ནི་གཟུགས་དེ་དེ་ལྟར་ལེའུ་གསུམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་མངོན་པར་ལེན་པར་མི་བྱེད་ཅིང ་ཟངན་པར་ཐུང་བར་ད་ཀྱི་གསལ་བར་བྱེད་དོ།། མངོན་པར་ཞེན་པར་མད་མངོན་པར་སྒྲུན་པར་མི་གསལ་པར་བྱེད་པས་རྡེག་པརྐྱེན་པས ་ངེས་པར་འབྱུང་བར་འགྱུར་ན་ནན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལ་སྨོས་ཀྱང་ཅི་དགྲིས་དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་མངོན་དུར་སྒྲུས ་བར་མི་བྱེད་ཀྱི་ཀུསལ་བར་བྱེད་པས། འདི་ལྟ་སྟེ། སེམས་ཅན་དུམྱལ་བ་རྣམས་དང་། དུད་འགྲོ་དང་ཡི་དག་རྣམས་དང་། ལྷ་དང་མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང ་མ་ཡིན་ནོ།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདི་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མོག་དང་། གཟུགས་རྣམས་དང་མིག་གི་རྣམ་པར ་ཤེས་པ་དང་རྣ་བ་དང་། སྒྲ་རྣམས་དང་རྣ་བའི་རྣམ་པར་ཤེས་པ་དངསྣ་དང་དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་ལྕེ་དང་། རོ་རྣམས་དང ་ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ ་གསུམ་དུ་མཁས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང་། མངོན་པར་སྒྲུབ་པར་མི་བྱེད་ཀྱི ་གསལ་བར་བྱེད་དོ།། མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི་གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར ་ནཉན་ཐོས་ཀྱི་ཐེབ་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་། མངོན་པར་སྒྲུབ་པར་མི་བྱེད་ཅིང་། གསལ ་བར་བྱེད་པས། འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དྲང་དུད་འགྲོ་དང་ཡི་དགས་རྣམས་དང་། ལྷ་དང་མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་ཡིན་ནོ།། རབ་འབྱོར་གཟུགས་ནི ་སྐྱེ་བའོ།། འཇིགས་པའོ།། གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའོ།། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་ཏེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག ་པར་སྒྲུབ་བོ།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བའོ།། འཇིག་པའོ།། རྣམ་པར་ཤེས་པའི་སྐྱེ་བ ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མེད་དའོ།། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སུམས ་དཔའ་རྣམ་པར་ཤེས་པའི་སྐྱེ་བ་མེད་དུའི་རང་བཞིན་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་དུ་ཤེས་པས། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག་པར་སྤྱད་།། ་རབ་འབྱོར་གང་ལ་ལ་ཞིག་གཟུགས་ནི་བདག་གམ་བདག་གིའི་ཞེས་དེ་སྐད་སྨྲ་ན། རི་ནི་ཕྱི་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་བ་སྟེ། ལོག་པར་ལྟའོ་ཞེསང་སྤྲུ། ་རབ་འབྱོར་གང་ལ་ལ་ཞིག་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བའོ་ཞེ་འམ་དབང་ཕྱུག་གིས་སྤྲུལ་པ ་རྒྱུ་ལས་བྱུང་བའོ་ཞེའམརྒྱུ་མང་རྐྱེན་མེད་པའོ་ཞེས་དེ་སྐད་སྨན་དེ་ནི་ཕྱི་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལྡོག་པར་ལྟ་བའོ་ཞེསང་སྨཻའོ།། ་རབ་འབྱོར་གང་ཡང་གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དེ།། ཚོར་བ་ནཱི་མྱོང་བའི་མཚན་ཉིད་དོ།། འདུ་ཤོས་ནི་ཀུན་ཏུ་ཤེས་པའི་མཚན་ཉིད་དོ།། འདུ་བྱེ་རྣམས་ནི་མངོན ་པར་འདུ་བྱེད་པའི་མཚན་ཉིད་དོ།། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དོ་ཞེས་དེ་སྐད་སྨན་དེ་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ག ་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་གཟུགས་ནི་སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ།། གཟུགས་འགོག་པ་ནི་བདེ་བ་དང་ཞི་བའོ་ཞེས་དེ་སྐད ་སྨྲ་ན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས། ལོག་པར་ལྟ་བའི་བར་དུའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ནི་སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ།། རྣམ་པར་ཤེས་པ་འགོག་པ་ནི་བདེ་བ་དང་ཞི་བའོ་ཞེས་དེ་སྐད་སྨ་ན། དེ་ནི་ཕྱི་རོལ་བས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས། ་ལྡོག་པར་ལྟ་བའི་བར་དུ་ཞེསང་ང་སྨྲའོ།། རབ་འབྱོར་དང་ཡང་གཟུགས་ནི་མེད་པ་ཉིད་དོ་ཞེས་དེ་སྐད་སྨྲ་ན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྔ ་ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མེད་པ་ཉིད་དོ་ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི ་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང་། ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར ་དགོངས་པ་མ་ཡིན་ཏེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་དེ་སྐད་སྨྲ་ན། དེ་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་སྨྲའོ། ་རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། འགག ་མེད་པ་དང་། གདོད་མ་ནས་ནི་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྣུན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། རཱ་རྞ ་དཞིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་དེ་སྐད་སྨན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྤྱི་བོའི་ཕྱོགས་ལ་གནས་བུསྟེ། ལོག་པར་ལྟ་བའོ་ཞེས་པ་སྨྲའོ།། རབ་འབྱོར་གཅཝམ ་ནི་ཡོད་དེ། གང་གཟུགས་ལ་མངོན་པར་ཞེན་པ་དངསྐྱེ་བ་དང་། བསྟན་པར་འགྱུར་བའོ།། གཟུགས་ནི་ཡོད་དེ། གང་གཟུགས་ལ་ཀུན་ནུས་ཉོན་མོངས་པ ་གནས་པ་དང་། འཇུག་པར་འགྱུར་བའོ།། གཟུགས་ནི་ཡིད་དེ། གང་གཟུགས་ལ་རྣམ་པར་བྱང་བ་དང་། འབྱོར་པ་དང་། དབང་དུ་གྱུར་པའོ།། རབ་འབྱོར་ཚོར་བ་དང་། ་འདུ་ཤེས་རང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཡོད་དེ། གང་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་དང་། རྒྱ་བ་དང་། བསྟན་པར་འགྱུར་བའོ།། རག ་འབྱོར་ཚེར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། ཀླུང་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པ་དང་། ་གནས་པ་དང་། འཇུག་པར་འགྱུར་བའོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ་གང་རྣམ་པར་ཤེས་པ་ལ་རྣམ་པར་བྱང ་བ་དང་འབྱོར་པ་དང་། དབང་དུ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངསུ་ཤིང་ཡོངས་སུ་ཤེས་ཏེབསྟན་ན་དབང་དུ ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ། ཡང་དག་པར་བསྟན་ན་དབང་དུ་འགྱུར་བའོ།། རབ་འབྱོར་གཟུགས་ནི་ཡོད་དུ། གང ་སྤངས་ཤིང་ཡོངས་སུ་ཤེས་ན། ཆོས་དཀར་པོ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་། བདེ་བ་ཆེན་པོ་ལ་གནས་པར་འགྱུར་བའོ།། རབ་འབྱོར་ཚོར་བ་དང ་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངས་སུ་ཤེས་ཏེ། བསྟན་ན་དབང་དུ་འགྱུར་བའོ།། ་རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ། ཡང་དག་པར་བསྟན་ན་དབང་དུ་འགྱུར ་འོ།། འབྱོར་འདུ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་དུན་མོད་དེ། གང་བླངས་ཤིད་ཡོངས་སུ་ཤེས་ནཱས་དཀུར་པོ་ལྡ ་དང་ཆོས་ཐམས་ཅད་ལ་བང་སྒྱུར་དདུང་བ་བ་ཆེན་པོ་ལ་གནས་པར་འགྱུར་རོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གཟུགས་ལ་གཟུགས་ཙམ་དང ་སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། གཟུགས་ལ་བདག་ཏུ་དམིགས་སོ།། གང་གཟུགས་ལ་བདག་ཏུ་དམིགས་པཱ་དེ། གཟུགས་ལ་བདག་ཏུ་ལྟ་བར་དམིགས ་ཀྱང་གཟུགས་ལ་བདག་ཏུ་ལྟ་བར་དམིགས་པ་དེ། གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་དམིགས་པ་དེ་གཟུགས་ལ་ཐམས་ཅད་མི ་དམིགས་སོ།། གཟུགས་ལ་ཐམས་ཅད་དམིགས་པ་ནི་ཐམས་ཅད་མི་དམིགས་པ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང་། རང ་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན་ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཚོར་བ་དང ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། རྣམ་པར་ཤེས ་པ་ལ་བདག་ཏུ་དམིགས་སོ།། གང་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་པ་དེ། རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་དམིགས་སོ།། གང་རྣམ ་པར་ཤེས་པ་ལ་བདྲག་ཏུ་ལྟ་བར་དམིགས་པ་དེ་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ད་། རྣམ་པར་ཤེས་པ་ལ ་ཐམས་ཅད་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ན། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ ་གནས་ན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོ་ས་ལྟ་སྨོས་ཀྱང་ཅི་དགོས་རབ་འབྱོར་གང་ཡང ་གཟུགས་ལ་གཟུགས་ཙམ་དང་། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ་གཟུགས་ལ་བདག་མི་དམིགས་སོ།། གང་གཟུགས་ལ་བདག་ཏུ་མི་དམིགས་པ་དེ། ་གཟུགས་ལ་བདག་ཏུ་ལྟ་བར་མི་དམིགས་སོ།། གང་གཟུགས་ལ་བདག་ཏུ་ལྟ་བར་མི་དམིགས་པ་དེ། གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས་ལ་ཐམས་ཅད་མི ་དམིགས་པ་དེ་གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་ན། ཐམས་ཅད་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ ་པད་འ་བཱ་ན་པོ་ང་དུ་མས་ས་པ་བྱུང་ག་པན་པོ་སྷོ། ང་འ་དུ ་འདུ་ནད་རྣམས་དང་། རྣམ་པ་གས་པ་ལ་རྣམ་པར་ཤེས་པ་མ་ད། ག་བསྔལ་ཙམ་དུ་སང་དུས་པ་རྗེས་སུ་མཐོང་བ་། རྣམ་པ་གས་པ་ལ ་མ་ཚོགས་སོ།། ད་རྣམ་པར་ཤེས་པ་ལ་བདག་ཏུ་མེ་དམྱིགས་པ་དེ། རྣམ་པར་ཤེས་པ་འི་བདག་ཏུ་ལྟ་མྱུར་མོ་དམིགས་སོ།། གང་རྣམ་པར་ཤེས་པ་ལ་བདྲུག་ཏུ་ལྔ་བར་མེ ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལྔ་ཐམས་ཅད་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། ་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་ན་ཐམས་ཅད་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ ་རང་། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱིཐེག་པ་ཆེན་པོས་ནི་མ་ཡིན་ནོ།། རབ་འབྱོར་གང་ལ་ལ་མིག་བཟུགས་ལ་ཡང་དག་པ་མ་ཡིན་པ་ངན ་བཏགས་པ་ཙམ་དང་འཁྲུལ་པ་ཙམ་དུ་ཡང་རིག་པར་རྗེས་སུ་མི་མཐོང་བ་དེ་གཟུགས་ལ་གཟུགས་སུ་དམིགས་སོ།། གང་གཟུགས་ལ་གཟུགས་སུ་དམིགས་པ་དེ ་གཟུགས་ལ་གཟུགས་སུ་ལྟ་བར་དམིགས་སོ།། གང་གཟུགས་ལ་གཟུགས་སུ་ལྟ་བར་དམིགས་པ་དེ་གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུག ་ལ་ཐམས་ཅད་དམིགས་པ་དེ་གང་གཟུགས་ལ་ཐམས་ཅད་དམིགས་སོ།། གང་གཟུགས་ལ་ཐམས་ཅད་དམིགས་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས ་སུ་གྲུབ་པ་ཡིན་ནོ།། དེ་དམིགས་པ་དེ་ལ་གནས་ན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་མི་འགྱུར་ན་ཐེག་པ་ཆེན་པོ་ས་ལྟ་སྨོས་ཀྱང་ཅི ་དགོས་རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་ཏུ་བཏགས་པ་ཙམ་དང་། འཁྲུལ ་པ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་པ་དེ ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་དམིགས་པ་དེ་། རྣམ་པར་ཤེས་པ་ལ་ཐམས་ཅད ་དམིགས་སོ།། གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་དེ། རྣམ་པར་ཤེས་པ་ཐམས་ཅད་དམིགས་སོ།། གང་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་ན ་ས་པད་དགས་པ་དེའི་དམུགས་པ་དེ་ཡོངས་སུ་སྒྲུབ་པ་སྦྱིན་ནོ།། དེདན་ཤེས་པ་ས་གནསན། ཀུན་ཐོས་ཀྱི་སྒྲིས་པ་མ་རང་སངས་རྒྱས་ན་ཐེག་པས་ཀྱང་ངས་པ ་ང་དང་མི་གྱུར་ནུ། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དྲུགས། རབ་འབྱོར་བང་གཟུགས་ལ་ཡང་དག་བླ་མ་ཡིན་པ་ཀུན་དཏགས་པ་ཙམ་དང་། འཁྲུལ་པ་ཙམྦུ་དུ་སྣ ་དག་པར་རྗེས་སུ་མཐོང་བ་སྟེ། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གང་གཟུགས་ལ་གཟུགས་སུ་མི་དམིགས་པ་ན། གཟུགས་ལ་གཟུགས་སུ་ལྟ་བར་མི་དམིགས་སོ།། ་གདུགདྲུགས་ལ་གདྲུགས་སུ་ལྟ་བར་མི་དམིགས་པ་དེ་གང་གཟུགས་ལ་ཐམས་ཅད་མི་དམིགས་སོ།། གང་གཟུགས་ལ་ཐམས་ཅད་མི་དམིགས་པ་ནི། ཐམས་ཅ་དམིགས་པའི ་དམིགས་པ་དེ་ཡོངས་སུ་རྔུབ་པ་ཡིན་ནོ།། དེ་མི་དམིགས་པ་དེ་ལ་གནས་ན་ཟག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཟག་པའམ། རང་སངས་རྒྱས ་ཀྱི་ཐེག་པས་ལྔ་སྨོས་ཀྱང་ཅི་དགོས་རབ་འབྱོར་གང་ནོར་བུ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པར་མ་ཡིན་པ་ཀུན་ཏུ་བཏགས ་བཙམ་དང་། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི ་དམིགས་པ་ན་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་སོ།། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་པ ་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ།། གུང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་ན་ཐམས་ཅད་དམིགས་པ་དེའི་མི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན ་ནོ།། དེ་མི་དམིགས་པ་དེ་ལ་གནས་ན། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པ་འམ་རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། ་རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙད་དུ་ཀུན་ཏུ་སྤྱོད་ན། འཇིག་ཚོགས་ལ་ལྟ་བར་ཀུན་ཏུ་སྤྱོད་པ་ཡིན། ཡང་འབྱུང ་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་ཡིན་ཏེ། གཟུགས་ཡོངས་སུ་མི་ཤེས་པའི་རྟགས་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔ ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ། ཐ་སྙད་དུ་ཀུན་ཏུ་སྤྱོད་ན། འརིག་ཚེགས་ལ་ལྟ་བར་ཀུན་ཏུ ་སྤྱོད་པ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་མི་ཤེས་པའི་ཆགས་ཡིན་ནོ།། ། ་རབ་འཐོར་བྱང་ཆུབ་སེམས་དཔའ་བརྡུགས་ལ་སྣ་ཇི་བཞིན་དུ་མངོན་པར་མཞེན་ཏེ། ཟླ་སླང་དུ་ཀུན་ཏུ་མི་སྤྱོད་ན། འཇིག་ནོགས་ལ་ལྟ་བུར་ཀུན་ཏུ་སྤྱོད་པ་མ་ཡིན་ལུང་འབྱུང ་སྐུད་པ་ལ་ཀུན་ཏུ་སྤྱོད་པ་མ་ཡིན་འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱད་པ་མ་ཡིན་ཏེ། གཟུགས་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔའ ་ཚོར་བདུང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་སྐུ་དྲི་བཞིན་དུ་མངོན་པར་མ་ཞེན་ཏེ། ཐ་སྙད་དུ་ཀུན་ཏུ་མི་སྤྱོད་ནོ།། འཇིག་ཚོགས་ལ་ལྡབར ་ཀུན་ཏུ་སྤྱོད་པ་མ་ཡིན། ཡང་འབྱུང་བའི་སྤང་བ་ལ་ཀུན་ཏུ་སྤྱོད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་ཤེས ་པོའི་རྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔེས་གཟུགས་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི་གསུམ་པོ་འདི་དག་སྟེ། ་མོས་པ་སེམས་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང་། ཆུད་མི་གཟོན་པ་སེམས་ཀྱི་ས་བོན་དང་། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར ་ཞེན་པ་མེད་པའི་སེམས་དང་། འབྲལ་བ་མེད་པའི་སེམས་དང་། ཡོངས་སུ་སྦྱོང་བའི་སེམས་དང་སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམ ་དབས་གཟུགས་ལ་སེམས་སྐྱེ་བ་དང་། མི་སྐྱེ་བ་དང་། ཆེར་སྐྱེ་བ་དང་མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། དེ་ལྟར་ཡང་དག ་པར་རྗེས་སུ་མཐོང་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས ་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི་གསུམ་པོ་འདི་དག་སྟེ། མོས་པ་སམ ་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང་། ཆུང་མི་གཟོན་པ་སེམས་ཀྱི་ས་བོན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་འདུ་ཤེས་དང་། འདུ ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་སྐྱེ་བ་དང་། མི་སྐྱེ་བ་དང་། ཆེར་སྐྱེ་བ་དང་། མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་དེ་ལྟར་ཡང་དག་པར ་རྗེས་སུ་མཐོང་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔས་གཟུགས་ལ ་ཡོད་པ་ཉིད་དང་དེ་བཞིན་དུ་ཡོད་པ་ཉིད་དམ་མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ ་འབྱོར་ག་ལ་སྟེ་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་པ་ཉིད་དང་། དེ་བཞིན་དུ་ཡོད་པ་ཉིད་དྲུང་མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན།། ་དྲི་འོར་མི་ཤེས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། འབོ་འབྱོར་གལ་ཏེ་བྱང་ཆུབ་སེམས་དབུས་གཟུགས་ལ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཡོ་པ་མ་ཡིན་པ་དང ་སྤྱོང་པའང་མ་ཡིན་མེད་པའང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁྲོ་ན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དས ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་། ཡོད་པའང་མ་ཡིན། མེད། ་བའང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར ་གནབུ་པར་འདོད་ཅིང་གཟུགས་ལ་མོ་ལ། གཟུགས་ལ་སེམས་དེ་སྐྱོང་ཀུན་ཏུ་མྱོང་རྣམ་པར་སྤྱོད་ན། མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར་བྷའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་རྣམ་པར་ཤེས་པ་ལ ་མོས་ལ། རྣམ་པར་ཤེས་པ་ལ་སེམས་དེ་སྐྱོང་ཀུན་ཏུ་སྐྱོད། རྣམ་པར་སྤྱོད་ན། མོས་པ་ངན་པའི་བྱང་ཆུབ་སེམས་པར་རིག་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང། སེམས་དེ་གཟུགས་ལ་མོས་པ་ན། གཟུགས་ལ་སེམས་མི་འདོགས། ཀུན་ཏུ་མི ་འདོགས་རྣམ་པར་མི་འདོགས་ན། མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་འདུ ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་། སེམས་དེ་རྣམ་པར་ཤེས་པ་ལ་མོས་པ་ན། རྣམ་པར་ཤེས་པ་ལ་སེམས་མི་འདོགས ་ཀུན་ཏུ་མི་འདོགས་རྣམ་པར་མི་འདོགས་ན། མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་ཉིད་མེད་པའི ་ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན་ཡང་དག་པར་ཞུགས་པར་རིག ་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྷོར་ཡང་དག་པར་ཞུགས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར ་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་ད་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པར་བྱ་བ་དང་། སྡུག་བསྔལ་ར ་ཏུ་ཞི་བར་བྱ་བ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག ་ཞུགས་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། མཚན་ཉིད་མེད་པར་ཤེས་པ་དང་། སྡུག་བསྔལ་ཞི་བར་བྱ་བ་དང་། ནི ་བུ་གཅིག་ཏུ་ངེས་བྱ་བར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སྣང་བ་མེད་པ་དང་། ཀུན་ཏུ་སྣང་བ་དང་། དེ་ལ་གནས་པ་དང ་དེ་འཇུག་པའི་ཆོས་ཡང་དགེ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང ་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྣང་བ་མེད་པ་དང་། ཀུན་ཏུ་སྣང་བ་དང་། དེ་ལ་གནས་པ་དང ་ལ་འཇུག་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་གང་སྣང ་པ་མེད་པ་དང་། ཀུན་ཏུ་སྣང་བ་ཉིད་དང་ནི་དེ་ལ་གནས་དང་རབ་འཇུག་པ། དེ་ཤེས་ནས་ནི་བྱང་ཆུབ་ཐོབ། རབ་འབྱོར་བྱང་ཆུབ་སེམས་དཔའ ་གཟུགས་ལ་གཟུགས་ཡོངས་སུ་ཚོལ་བ་ན། དེ་མི་དམིགས་ཏེ། གཟུགས་སུ་མི་སྣང་བར་བྱས་ཤིང་གཟུགས་ཀྱི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས་ནས། མྱུར་དུ ་བླ་ར་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་བ་ན་དེ་མི་དམིགས་ཏེ། རྣམ་པར་ཤེས་པ་མི་སྣང་བར་བྱས་ཤིང་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་ཏུ་རྩལ་ནས་མི་དམིགས་ཆོས།། སེམས་ལ་དངོས་པོར་མི་སྣང་བ།། ཆོས་ཉིད ་ལགས་པར་ཤེས་པ་ཡི།། བློ་ལྡན་བྱང་ཆུབ་ཐོབ་པར་འགྱུར།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་དངོས་པོ་མེད་པར་མཁས་པ་ནི། གཟུགས་འཇིགས་པ་དང་ལྡན་ཞིང་། ་གཟུགས་ཀྱི་ཆོས་ཀྱི་དབྱིངས་ལས་མི་གཡོ་བར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚོར ་བུ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དངོས་པོ་མེད་པར་མཁས་པ་ནཱི། རྣམ་པར་ཤེས་པ་འཇིག་པ་དང་ལྡན་ཞིང་། རྣམ་པར་ཤེས་པ ་ཆོས་ཀྱི་དབྱིངས་ལས་མྱི་གཡོ་བྱར་།། མྱུར་དུ་ཛྙཱ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། མོ་ལྡན་དངས་བྱེད་མ་ལས་པ།། རྣམ་པར་འཇིག ་དང་ལྡན་གྱུར་ཅིང་། ཆོས་ཀྱི་དབྱིངས་ལས་མི་གཡོ་བར།། ཐམས་ཅད་མཁྱེན་པ་ཉིད་ཐོབ་འགྱུར།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དོན་དང་བྲལ་བ་དང་། དོན་མེད་པ ་དང་དོན་ཆེན་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམ ་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པོར་ཤེས་པ་ལ་དོན་དང་བྲལ་བ་དང་། དོན་མེད་བདུད་དོན་རྣོན་དོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དོན་བྲལ་བ་དང་དོན་མེད་དང་། དོན་ཆེ་བ་ཡི་དོན་དུ་ནིཤེས ་ནས་བྱང་ཆུབ་སེམས་དཔའ་རྣམས། བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར།། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་རྣམ་པར་རྟོག་གེའི་འདོད་ཆག་དང་། ་རབ་ཏུ་རྟོག་པའི་འདོད་ཆགས་དང་། རྣམ་པར་རྟོག་པའི་འདོད་ཆགས་དང་། འདོད་ཆགས་དང་། འདོད་ཆགས་ཆེན་པོ་དང་འདོད་ཆགས་ལྔ་ཡོངས་སུ་ཤེས ་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ ་རྣམ་པར་རྟོག་གའི་འདོད་ཆགས་དང་། རབ་ཏུ་རྟོག་པའི་འདོད་ཆགས་དང་། རྣམ་པར་རྟོག་པའི་འདོད་ཆགས་དང་། འདོད་ཆགས་དང་། འདོད་ཆགས་ཆེན་པོ་དང་། འདོད་ཆགས ་ལྔ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི ་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས་གཟུགས་ལ་གཟུགསུ་དམིགས ་གང་གཟུགས་ལ་གཟུགས་ཀྱི་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིག་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན ་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚེར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། ་ཤེས་པ་ལ་འད་ནས་དྨོ་འདི་དས་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རླུང་བཞིན་མ་དམིགསས། རྣམ་པར་གས་བསྦྱིན་ད་རིགས་པ་། ་ཤེས་པ་ལ་རྣམ་པར་ཤེས་པར་གྱི་ཚོགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མྱོ་དམིགས་པས། རྣམ་དུར་ཤེས་པལ་རྣམ་པར་གས་པར་རིགས་ཏེ། རང་རྫམ་པ་ཤེས ་རྣམ་པར་ཤེས་པ་མིགས་པ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ།། དེ་རྣམ་པར་ཤེས་པ་དབྱིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་ཐམས་ཅད་དུ་མི ་གྱིས་མནན་ནས། འདི་ལྟ་སྟེ། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་རྣམ་པར་རྟོག་ས་དང་། ་པར་བྱུང་དུའི་བགྲ་དང་། རབ་ཏུ་ཅིག་པ་དང་རྣམ་པར་སྤྱོད་པའི་ནི་སྡེད་དང་། རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པའི་ནི་ཐང་དང་། སྣང་དང་ཟུང ་དང་། ཞེ་སྡང་ལྡི་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་རྣམ་པར་རྟོག་གེ་དང་། རྣམ་པར་སྤྱོད་པའི་ཞེ་སྡང་དང་། རབ་ཏུ་རྟོག་པ་དང་། རྣམ་པར་སྤྱོད་པའི་ཞེ་སྡང་དང་། རྣམ་པར་རྟོག་པ་དང་། རྣམ་པར་སྤྱོང་པའི་ཞེ་སྡང་དང་། ་ཞེ་སྡང་དང་། ཞེ་སྡང་ཆེན་པོ་དྲང་ཞེ་སྡང་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ཞེ་སྡང ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུག ་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས། ་པ་དེསུ་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས ་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཞེ་སྡང་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས ་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས ་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ།། དེ་རྣམ་པར་ཤེས་པ་དམིགས་པ་མི ་དམིགས་པ་དེས་རྣམ་པར་ཤེས་པ་ཐམས་ཅད་དུ་ཟིལ་གྱིས་མནནྡ་ནས། འདི་ལྟ་སྟེ། བླ་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ ་སེམས་དཔས་གཟུགས་ལ་འཁྲུལ་པའི་གཏི་མུག་དང་། འཁྲུལ་པའི་རྒྱུའི་གཏི་མུག་དང་། མི་འཁྲུལ་པའི་རྒྱུའི་གཏི་མུག་དུང་གཏི་མུག་དང་། གཏི་མུག་ཆེན་པོ་དང་། གཏི་དྲུག ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབའི་བྱོར་བྱང་ཆུབ་སེམས་དཔས་ཚེ་རབ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དྲང་། རྣམ་པར་ཤེས་པ་ལ་འཁྲུལ། ་པའི་གཏི་མུག་དང་། འཁྲུལ་པའི་རྒྱུའི་གཏི་མུག་དང་མི་འཁྲུལ་པའི་རྒྱུའི་གཏི་མུག་དང་། གཏི་མུག་དང་། གཏི་མུག་ཆེན་པོ་དང་། གཏི་མུག་ལྔ་ཡོངས་སུ་ཤེས་པར་བྱས ་ཏེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཏི་མུག་ལྔ་པོ་འདི་དྲག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས ་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས། ་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང ་རྣམ་པར་ཤེས་པ་ལ་གཏི་མུག་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས ་པ་ལ་རྣམ་པར་ཤེས་པ་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ།། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད ་དུ་ཟིལ་གྱིར་མནན་ནས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མང་དུ་ཐོས་པའི་ང་རྒྱལ ་དང་མངོན་པར་ཐོས་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ང་རྒྱལ་དང་། ངརྒྱལ་ཆེན་པོ་དང་། ང་རྒྱལ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མང་དུ་ཐོས་པའི་ང་རྒྱལ་དང་། མངོན་པར་ཐོས་པའི་ང་རྒྱལ་དང་། ་མངོན་པའི་ངརྒྱལ་དང་། ང་རྒྱལ་དང་། ང་རྒྱལ་ཆེན་པོ་དང་། ང་རྟུལ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྣང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས། ་ལང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མྱི་དམིགས་སོ། ་གཟུགས་ལེ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ།། ་དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར ་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས ་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ།། རྣམ་པར་ཤེས་པ་ལ ་རྣམ་པར་ཤེས་པར་མི་དམིགས་པས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ ་རྣམ་པར་ཤེས་པ་མི་དམིགས་པའོ།། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས།། ་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་རང་བཞིན་ལ་ཕྱིན་ཅི་ལོག་གི་ལྟ་བ་དང་། ཡོད ་དོ་སྙམ་པའི་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། ལྟ་བ་དང་། ལྟ་བ་ཆེན་པོ་དང་། ལྟེ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབ ་འབྱོར་བྱང་ཆུབ་སེམས་དཔས་ནོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་ལ་ཕྱིན་ཅི་ལོག་པའི་ལྟ་བ་དང་། ཡོད་དོ་སྙམ ་པའི་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། ལྟ་བ་དང་། ལྟ་བ་ཆེན་པོ་དང་། ལྟ་བ་ལྔ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར། ་བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུག། ་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད།། གཟུགས ་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་ལ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག ་དུ་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ལྦུ་བ་ལྔ ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ ་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ ་དམིགས་པ་དེ་ཉིདརྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ།། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས། རྣམ་པར་ཤེས་པ་ཐམས་ཅད་དུ་ཟིལ་གྱིས ་མདུན་ནས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ཆོས་ལ་ཡིད་གཉིས་པ་པ་དང་། ་འགྲོ་བ་དང་། སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང་། ཡིད་གཉིས་ཐ ་བ་དང་ཡིད་གཉིས་ཟ་བ་ཆེན་པོ་དང་། ཡིད་གཉིས་ཟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས ་དཔས་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལེ་ཆོས་ལ་ཡིད་གཉིས་ཟ་བ་དང་། འགྲོ་བ་དང་། སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང ་མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང་། ཡིད་གཉིས་ཟ་བ་དང་། ཡིད་གཉིས་ཟེ་བ་ཆེན་པོ་དང་། ཡིད་གཉིས་ཟ་བ ་ལྔ་ཡོངས་སུ་ཤེས་པར་བྱས་སྟེ། ཡོངས་སུ་སྤང་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ཡིད་གཉིས་ཟ་བ་འདི་དག་ཡོངས་སུ་སྤངས་ནས། གཟུགས་ཀྱི་རང་བཞིན་མི ་དམིགས་སོ།། གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ།། གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་སུ་དམིགས་ཏེ། ་གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད། གཟུགས་ལ་གཟུགས་མི་དམིགས་པའོ།། དེ་གཟུགས་དམིགས་པ་མི་དམིགས་པ་དེས་གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། ་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པ་ལ་ཡིད་གའི་སམ་བལྔ་པོ་འདི་དག་ཡོངས་སུ་སྤངས་ནས། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ།། རྣམ་པར་ཤེས་པའི་རིང་བཞིན་མི་དརིགས་པས། རྣམ་པར་ཤེས་པས ་རྣམ་པར་ཤེས་པར་མི་དམིགས་སོ།། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པའོ།། དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས། ་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ཡོངས་སུ་ཚོལ་ཞིང་གཟུགས་ཀྱི་ཆོས་སྟོན་ལ། གདུགས ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་། གཟུགས་དེ་ཇི་ལྟར་བརྗོད་པ་དང་། ཇི་ལྟར་བསྟན་པ་དང་། ཇི་ལྟར་བསྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང་ཆོས ་སྟོན་ཏེ། དེ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་སྦྱོང་ན། གཟུགས་ལ་ཉེས་པར་ཡོངས་སུ་རྒོལ་བའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། གཟུགས་ལ་དམ་པ ་ཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། གཟུགས་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ཡོངས་སུ་ཚོལ་ཞིང་། གཟུགས་ཀྱི་ཆོས་སྟོན་ལ། གཟུགས་ལ་ལུས་དང་། དགུ་དང་། ཡིད་ཀྱི་ལས་ཡོངས ་སུ་སྦྱོང་ཞིང་གཟུགས་དེ་ལ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན།། ཇི་ལྟར་བསྙད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚུལ་ཞིང་ཆོས་སྟོན་ཏེ། ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ན། གཟུགས་ལ་ལེགས་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག་གི་ལས་ཀྱི་གཏམ་ཅན་གྱི་བྱང་ཆུབ ་སེམས་དཔར་རིག་པར་བྱའོ།། གཟུགས་དེ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས ་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་། རྣམ་པར་ཤེས་པའི་ཆོས་སྟོན་ལ། རྣམ་པར་ཤེས་པ་ལ་ལུས ་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་། རྣམ་པར་ཤེས་པ་དེ་ཇི་ལྟར་བརྗོད་པ་དང་། ཇི་ལྟར་བསྟན་པ་དང་། ཇི་ལྟར་བསྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང ་ཆོས་སྟོན་ཏེ། དེའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ན། རྣམ་པར་ཤེས་པ་ལ་ཉེས་པར་ཡོངས་སུ་ཚོལ་བའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རྣམ་པར ་ཤེས་པ་ལ་དམ་པའི་ཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རྣམ་པར་ཤེས་པ་ལ་ལུས་དང་དུག་དང་། ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ ་སེ་ད་པར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་ཤེས་པའི་ཆོས་སྟོན་ལ་རྣམ་པར་ཤེས་པ་ལ་ལུས་དང་། ངག་དང་། ་ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་རྣམ་པར་ཤེས་པ་དེ་ལ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་བསྙད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང་། ངགྲ་དང་། ཡིད་ཀྱི་ལས་ཡོངས་སུ་སྤྱོང་ན་རྣམ་པར་ཤེས་པ་ལ་ལེགས་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག ་གི་ལས་ཀྱི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། རྣམ་པར་ཤེས་པ་དྲི་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། ་རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་གཟུགས་དེ་ལ་ནང་དུ་མོས་ར་གཟུགས་ལ་མོས་པར་བྱ་བའི་གཟུགས་དང་མོས་པའི ་གཟུགས་གཉིས་དམིགས་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་གཟུགས་ལ་མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ཏམ། མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ན།། གཟུག ་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མོས་པར་བྱ་བའི་གཟུགས་ལས། མོས་པའི ་གཟུགས་ཀྱི་མཚན་ཉིད་གུད་ན་མེད་དོ།། རབ་འབྱོར་གལ་ཏེ་མོས་པར་བྱ་བའི་གཟུགས་ལས་མོས་པའི་གཟུགས་ཀྱི་མཚན་ཉིད་གུད་ན་ཡོད་ན་ནི། མོས་པར་བྱ་བ་ལ་སེམས་ཅད་མོས་པ ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པར་དམིགས་པར་འགྱུར་ཞིང་། རྨི་ལམ་ལ་སོགས་པ་ལ་དམིགས་པ་མེད་པའི་མོས་པ་དམིགས་པར་ཡང་མི་འགྱུར་ལ། བྱིས་པ་སོ་སོའི་སྐྱེ་བོ ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་ཉིད་མཐོང་བར་ཡང་འགྱུར་ཞིང་རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། རིག་པ་ལའང་མོས་པར་བྱ་བའི་གཟུགས་རྗེས་སུ་འཇུག་པར་མི་འགྱུར་བ་ཞིག་ནི། ་རབ་འབྱོར་འདི་ལྟར་མོས་པར་བྱ་བ་ལ། སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པར་ཡང་མ་གྱུར་ཅིང་རྨི་ལམ་ལ་སོགས་པ་ལའང་དམིགས་པ་མེད་པའི་མོས་པ ་དེ་དམིགས་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་མཐོང་བར་མ་གྱུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ་རིག་པ་ལའང་མོས་པར་བྱ་བའི་གཟུགས་རྗེས་སུ ་འཇུག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་མོས་པའི་གཟུགས་ལས་མོས་པར་བྱ་བའི་གཟུགས་ཀྱི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ།། གཞན་དུ་ན་མོས་པར་བྱ་བའི་གཟུགས ་དེ་ལྔ་བ་བན་དུ། མནན་མ་དང་བཅས་པའི་ལྟ་བའི་མོས་པའི་གཟུགས་ཀྱང་ཡང་དང་བྱུར་བྱུང་བ་ནི་མ་རྟོགས་སོ།། དེ་བས་ན་དོན་གཞན་སྣང་ངོ་།། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔང། ་མོས་པར་བྱ་བའི་བཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་དུ་སེམས་སོ།། མྱོས་པར་བྱ་བའི་གཟུགས་ཡོད་ན།། མོས་པའི་གཟུགས་ཀྱང་རིག་པར་འགྱུར་གྱི། མེད་ན་ནིམ ་ཡིན་པར་རྙོག་ནས། གཟུགས་ལ་འཁྲུལ་པའི་སེམས་དམིགས་ཏེ། མྱོས་པའི་གཟུགས་ཀྱི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ།། དེ་གཟུགས་ཐམས་ཅད་ཀྱི་འདུ་ཤེས་རྣམ་པར་བཤིག་ཅིང་། ་གཟུགས་ཀྱི་འདུ་ཤེས་ཐམས་ཅད་བཤིག་ནསགཟུགས་ཐམས་ཅད་མི་དམིགས་སོ།། གཟུགས་ཐམས་ཅད་མི་དམིགས་པས།། གཟུགས་ལ་འཁྲུལ་པར་དམིགས་སོ།། གཟུགས་ལ ་འཁྲུལ་པར་དམིགས་པས་གཟུགས་ལ་འཁྲུལ་པའི་རྒྱུ་དམིགས་སོ།། གཟུགས་ལ་འཕྲུལ་པའི་རྒྱུ་དམིགས་པས། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ།། གཟུ ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་པས། གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགས་སོ།། གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགས་པས། གཟུགས་ལ་འཁྲུལ་པ་མེད ་པའི་ཆོས་ཡང་དག་པར་སྒྲུབ་བོ།། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་པས་གཟུགས་ལ་འཁྲུལ་པའི་རྒྱུ་འཐུན་པའི་ཆོས་ཡང་དག་པར་སྒྲུབ་སྟེ། དེས་གཟུགས ་ལ་འཁྲུལ་པ་དང་འཁྲུལ་པ་མེད་པའི་ཆོས་སྔ་ནས་ཡང་དག་པར་བསྒྲུབས་པ་ཡིན་ནོ།། དེ་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་དང་། འཁྲུལ་པ་མྱེད་པའི ་རྒྱུ་འཐུན་པའི་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒོམ་མོ།། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་།། ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་སེམས་དཔའ་གཟུགས་ལ་དེ་ལྟར་སྟོན་ན་ཡང་དག་པར་སྟོན་པ་ཡིན་ནོ།། རབ་འབྱོར ་བྱང་ཆུབ་སེམས་དཔའ་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་། རྣམ་པར་ཤེས་པ་དེ་ལ་ནང་དུ་མོས ་ནུ། རྣམ་པར་ཤེས་པ་ལ་མོས་པར་བྱ་བའི་གཟུགས་དང་། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་རྣམ་པར་ཤེས་པ་ལ་མོས་པ་ལ ་མོས་པར་བྱ་བ་ལ་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་ན། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མོས ་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་དོ།། རབ་འབྱོར་གལ་ཏེ་མོས་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས ་པའི་མཚར་ཉིད་གུང་ན་ཡོད་ན་ནི། མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐུ་དད་པར་དམིགས་པར་འགྱུར་ཞིང་རྨི་ལ་ལ་ཕྱོགས་པ་ལུང་རིགས ་བ་མེད་པའི་མོས་པ་དམིགས་པར་ཡང་མི་འགྱུར་ལོ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྣམ་པར་ཤེས་པ་དེ་ལ་དེ་ཁོ་ན་ཉིད་མཐོང་བར་ཡང་འགྱུར་ཞིང་རྣམ་པར་མི་རྟོག་པའི་མོས་པ ་གྲུབ་པ་རིག་པ་ལའང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་པར་མི་འགྱུར་བ་ཞིག་རུ་རབ་འབྱོར་འདི་ལྟར་མོས་པར་བྱ་བ་ལ། སེམས་ཅད་མོས་པ་རྔ་དད་པ་རྣམས་དང ་མཚུངས་པར་ལྟ་བ་ཐ་དད་པར་ཡང་མ་གྱུར་ཅིང་། རྨི་ལམ་ལ་སོགས་པ་ལའང་དམིགས་པ་མེད་པའི་མོས་པ་དེ་དམིགས་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྣམ་པར་ཤེས་པ་དེ་ཁོ་ན་མཐོང ་བར་མ་གྱུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། རིག་པ་ལའང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་བོས་པའི་རྣམ་པར་ཤེས ་པ་ལས། མོས་པར་བྱ་བའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ།། གཞན་དུ་ནུ་མོས་པར་བྱ་བའི་རྣམ་པར་ཤེས་པ་དེ་ཇི་ལྟ་བ་བཞིན་དུ་མཚན་མ་དང་བཅས་པའི ་ལྟ་བའི་མོས་པའི་རྣམ་པར་ཤེས་པའང་ཡང་དག་པར་བྱུང་བ་ནི་མེ་གཏོགས་སོ།། དེ་བས་ན་དོན་གཞན་སྣང་ངོ་།། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔས་མོས་པར་བྱ་བའི་རྣམ་པར་ཤེས་པའི ་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་དུ་སེམས་སོ།། མོས་པར་བྱ་བའི་རྣམ་པར་ཤེས་པ་ཡོད་ན། མོས་པའི་རྣམ་པར་ཤེས་པའང་རིག་པར་འགྱུར་གྱི་མེད ་ར་དྲི་མ་ཡིན་པར་རིག་ནས་མོས་པའི་རྣམ་པར་ཤེས་པ་ལ་མོས་པའི་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ།། རྣམ་པར་ཤེས་པ་གཉིས་ཀྱི་འདུ་ཤེས་རྣམ་པར་བཤིག་ནས། རྣམ་པར ་ཤེས་པ་ཐམས་ཅད་མི་དམིགས་སོ།། རྣམ་པར་ཤེས་པ་ཐམས་ཅད་མི་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་སོ།། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་པས། རྣམ་པར ་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་སོ།། རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་པས་རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ།། རྣམ་པར་ཤེས་པ་ལ་འཁྲུལ ་བ་མེད་པའི་ཆོས་ཡང་དག་པར་སྒྲུབ་པས་རྣམ་པར་ཤེས་པ་ལ་འཁྲུལ་པོ་མེད་པའི་རྒྱུ་འཐུན་པའི་ཆོས་ཡང་དག་པར་སྒྲུབ་སྟེ། དེ་རྣམ་པར་ཤེས་པ་ལའི་ཁྲུལ་པ་དང་། འཁྲུལ་པ་མེད་པའི ་ཆོས་སྔ་ནས་ཡང་དག་པར་བསླུབ་པ་ཡིན་ནོ།། དེ་རྣམ་བུར་ཤེས་པ་འཁྲུལ་པ་མེད་པའི་རྗེས་དང་འཁྲུལ་པ་མེད་པའི་རྒྱུ་འཐུན་པའི་ཆོས་ལ་བརྟེན་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒོམ ་མོ།། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར ་འཆང་ནའོ།། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་དེ་ལྟར་སྟོན་ན་ཡང་དག་པར་སྟོན་པར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གདུགས་ལ་དམ་པའི་ཆོས་ཉེ་བར་བསྒྲུབ ་བའི་བྱམས་པ་དང་། འཇིག་རྟེན་པའི་བདེ་བེན་པར་བསྒྲུབ་དའི་བྱམས་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བཞི་བར་བསྒྲུབ་པའི་བྱམས་པ་དང་། བྱམས་པ་དུང་བྱམས་པརྙེད་པ ་བྱངས་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚེར་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་པའི་ཆོས་ཉེ་བར་བསྒྲུ་བ་འི་བྱམས ་བ་དང་འཇིག་རྟེན་པའི་བདེ་བཉེ་བར་བསྒྲུབ་པའི་བྱམས་པ་དང་། འཇིག་རྟེན་ལས་འདས་པའི་བདུ་སྟེན་པར་བསྒྲིབ་པའི་བྱམས་པ་དང་། བྱམས་པ་དང་། བྱམས་པ་ཆེན་པོ་དང་། ་བྱམས་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མི་སྡུད་པའི་སྙིང་རྗེ་དང་། འདུ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་དང ་སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི ་སྡུད་པའི་སྙིང་རྗེ་དང་། འདུ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་རྣམ་པོ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ ་སེམས་དཔས་གཟུགས་ལ་དམ་པའི་ཆོས་དད་པས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་པའི་བདེ་བས་བརླན། ་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་ལ་འདས་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་།། ་དགའ་བ་དང་། དགའ་བ་ཆེན་པོ་དང་། དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དྲང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ ་པར་ཤེས་པ་ལ་དམ་པའི་ཆོས་ལ་དད་པས་བརླད་པ་དང་། ཕན་འདྲོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་པའི་བདེ་བས་བརླན་པ་དང་། ཕར་འདོགས་པ་དང་། ་རྗེས་སུ་ཡིད་རང་བའི་དགའ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། དགའ་བ་དང་། དགའ ་བ་ཆེན་པོ་དང་། དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས ་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ་དང་། ཀུན་ནས་ཉོན་མོངས ་པར་དང་ཚུལ་པ་ས་ང་ནོམས་ང་བཏང་སྙོམས་དང་། དྨར་རློམས་ཆེན་པོ་དང་། དཏང་སྙོམ་ས་རྒྱུན་དུ་རྩཝ་བསྐོར་བར་བྱའོ།། ཝཱར་བྱུ་ས ་འདུ་ཤེས་དང་། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་ལྟ་བ་ངན་པ་དང་། ན་ནས་ནིན་མོངས་པ་མེད་པ་འརྟུལ་བའི་བདུད་ཀྱིསྨོས་། ཞེས་པ་རྣམས ་མངས་སུ་སྲེད་བདུ། དྲན་ན་མངས་པ་མེད་པ་བརྟུལ་བའི་བདུངད་སྙམ་པ་ད་། ཡོན་ཏན་ཐམས་ཅད་འངས་སུ་བརྩུབ་དང་ནས་ན་མངས་པརྙེད་པ་འདུལ ་སྙོམ་པ་དང་། བཏང་སྙོམ་པ་དང་། བཏང་སྙོམས་རྟེན་པ་དང་། བཏང་སྙོམས་ལྟ་བུ་སྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དྲ་པའི་སྦྱིན་པའི་ཕ་རོལ་སུ་ཕྱིན་པ་ལའི་རྩོན་པས ་གཟུགས་ལ་དུམ་བཅས་པའི་སྐྱེད་པ་དང་། རང་རིང་དང་། མི་འཇིག་པ་བསྒྲུབ་པའི་སྟོན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། སྦྱི་པ ་རྣམ་པ་ལྔ་བསྒོ་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དདུ། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར ་ཤེས་པའི་དམ་བཅས་པའི་སྦྱིན་པ་དང་། རང་ཟིང་དང་། མི་འཇིགས་པ་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། ་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཡང་དག་པར་བླངས་པ ་དང་བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམ་དང་ཚུལ་ཁྲིམས་དང་། ཚུལ་ཁྲིམས ་ཆེན་པོ་དང་། ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པར་བླངས་པ་དང་། བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟབ་པ་མེད ་པའི་སྡོམ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཆེན་པོ་དང་། ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་སེམས་ཅན་གནོད་པ་བྱེད་པ་ལ་མི་སྙམ་པའི་བཟོད་པ་དང་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ཆོས་ལ་ངེས་པར་སེམས་པའི ་བཟོད་པ་དང་། བཟོད་པ་དང་། བཟོད་པ་ཆེན་པོ་དང་། བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས ་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་ཅན་གནོད་པ་བྱེད་པ་ལ་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བརྩོད་པ་དང་། ཆོས་ལ་ངེས་པར་སེམས་པའི་འརྗོད་། ་པ་དང་བཟོད་པ་དང་། བཟོད་པ་ཆེན་པོ་དང་། བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས ་ཨ་ལུང་ནོད་པ་དང་། ཁ་ཏོན་བྱ་བར་སེམས་པའི་བརྩོན་འགྲུས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བའི་བརྩོན་འགྲུས་དང་། ཡོན་ཏན་རྣམས་ཅིད་ཡོངས་སུ་བསྡུ་བའི་བརྩོན་འགྲུས ་དུང་བརྩོན་འགྲུས་དུང་བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ་ནོར་བདུད་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཕྲེང་ནོད་པ་དང་། ཁ་ཏོན་བྱ་བར་སེམས་དེའི་བརྗོན་འགྲུས་དང་། ཉེས་པ་ཐམས་ཅད་ཡོངས་སུ ་བའི་བརྩོན་འགྲུས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང་། བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་ཚིག་འབྲུ་ལ་བལྟོས་པའི་དགེ་བའི་བསམ་གཏན་དང་། ཆོག་འབྲུ་ལ་མི་ལྟོས་པའི་དག ་བ་གདོད་མ་ནུས་དག་པ་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན་དང་། བསམ་གཏན་ཆེན་པོ་དང ་བསམ་གཏན་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་དང་རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་བལྟོས་པའི་དགེ་བའི་བསམ་གཏན་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པ་འཇིག་རྟེན་པའི་བསམ་གཏན་དང་། འཇིག ་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན་དྲང་། བསམ་གཏན་ཆེན་པོ་དྲདང་། བསམ་གཏན་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཚིག་འབྲུ་ལ་བལྟོས་པའི་དགེ་བའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོང་རུ། ་ནས་དག་པ་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཤེས་རབ་དང་། ཤེས་རབ་ཆེན ་པོ་དང་། ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང ་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་བལྟོས་པའི་དགེ་བའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཚིག་འཕྲུལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པ་འཇིག་རྟེན་པའི ་བསམ་གཏན་ལ་བརྟེན་པའི་ཤེས་རབུ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་དང་། ཤེས་རབ་རྣམ་པ་ལྡང་སྒོམ ་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་ལྡན་པས་མཉན་པས་བརྟེན་པ་དང་བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པ་དང་། ་བསླབ་པའི་ཆོ་ག་དང་འཐུན་པོས་བསྙེན་པ་དང་། ནན་ཏན་གྱིས་མགུ་བར་བྱ་བས་བརྟེན་པ་དང་བརྟེན་པ་དང་། བརྟེན་པ་ཆེན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྗེན་པོ་ལྔས་གཟུག ་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟན་པ་དང་ལྡན་པས། མཉན་པས་བསྙེན་པ་དང་། བསྙེན་བཀུར་བྱས། ་པ་དང་ཡོངས་སུ་སྤྱད་པ་དང་། བསྲུབ་པའི་ཆོ་ག་བཞིན་དུ་བསྟེན་པ་དང་། ནན་ཏན་གྱིས་མགུ་བར་བྱ་བས་བརྟེན་པ་དང་།། བརྟེན་པ་དང་བརྟེན་པ་ཆེན་པོ་དང་། དགེ ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པ་ལྔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་དགེབའིང་ཤེས་གཉེན་ལ་བརྟེན་པར་བྱའོ།། དེ་ལྟར་དགེ ་པའི་བཤེས་གཉིན་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་ཐར་པའི་ཐབས་ཀྱང་ཡོངས་སུ་འཛིན་ཅིང་། བསོད་ནམ་མང་པོའིང་རབ་ཏུ་བསྐྱེད་དེ། ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་ངེས་པར་འབྱུང་ངོ་།། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོས་པ་ལ་བརྩོན་པས་བསྟོད་པ་སྣ ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་། བཀུར་སྟི་ཉེ་བར་བསྒྲུབ་པའི་མཆོད་པ་དང་། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང་། མཆོད་པ ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་གཟུགས་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས།། བསྟོད ་པ་སྣ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་། བཀུར་སྟི་ཉེ་བར་བསྒྲུབ་པའི་མཆོད་པ་དང་། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང ་མཆོད་པ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། དེ་ལྟར ་དེ་བཞིན་གཤེགས་པ་ལ་མཆོད་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་བརྗོད ་བབང་ངོ་།། ལྷ་དང་ཀྱཻ་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་ཀྱང་འཐོབ་པ་དང་། བཀུར་སྟི་རྙེད་དོ།། སེམས་ཅན་རྒྱུད་མེད་པའང་ཡོང་སུ ་བར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དེ། མྱུར་དུ་བླ་ན་མེད་དུ་ཡང་དགུ་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འབྱུང་དྷའོ།། རབ་འབྱོར་བྱུང་ཆུབ་སེམ ་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ། གཟུགས་ལ་མནནི་མ་དང་བཅས་པའི་སྦྱིན་པ་སྒོམ་ན་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ།། མཚན་མ ་པའི་སྦྱིན་པ་སྒོམ་ན་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པ་འམ། མཚན་མ་མེད ་བའི་སྦྱིན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་ན་མོས་པར་བྱ་བའི་སྦྱིན་པ་འམ། མོས་པའི་སྦྱིན་པ་དམིགས་ཏེ། ་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་སུ་སྦྱིན་པ་ལ་མོས་ན་འདི་ལྟ ་གཟུགས་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང་། རང་བཞིན་གྱིས་དམིགས་སུ་མེད་པས་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང ་མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་མེད་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔའ ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན། མྱུར་དུ་སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ།། མཚན་མ་མེད་པའི་སྦྱིན་པ་བསྒོམ་ན་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། རབ་འབྱོར་བྱང་ཆུབ ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པ་འམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ ་མོས་ན། མོས་པར་བྱ་བའི་སྦྱིན་པ་འམ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་བསློབ་པར་རིག་པར་བྱའོ།། ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལོ་སྦྱིན་པ་ལ་མོས་ན། འདི་ལྟ་སྡེ། རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས ་སུ་མེད་པ་དང་། རང་བཞིན་གྱིས་དམིགས་སུ་མེད་པས། མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང་། མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས ་བ་ལ་མཚན་མ་མེད་པའི་མེད་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ལའང་ང ་བཞིན་སྦྱར་བར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང ་ཞེན་རབ་འབྱོར་གྲང་གཟུགས་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམྱིགས་ནས་སེམས་རྩེ་གཅིག་ཏུ ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དང ་རློར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད ་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གླང་རྣམ་པ་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་ནིས ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། ་རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན ་གང་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔས་གཟུགས་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་། ་གཟུགས་ལ་དངོས་པོའི་མཚན་མ་འགགས་ཏེ། དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དེ་ལྟར་དངོས་པོའི་མཚན་མའི་རྗེས་སུ་འབྲང་བའི ་རྣམ་པར་ཤེས་པ་དང་ཡང་བྲལ་དངོས་པོ་དང་། དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དྲང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ་པར ་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད ་དང་རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་རྣམ་པར་ཤེས་པ་ལ་དངོས་པོའི་མཚན་མ་འགགས་ཏེ། དངོས་པོ་མེད་པའི་མཚན་མའི་རྗེས་སུ་འཟང་བའི་རྣམ་པར་ཤེས ་བ་དང་ཡང་བྲལ། དེ་ལྟར་དངོས་པོའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་དངོས་པོ་དང་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས ་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ་བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངསུ་ཤེས་པར་བྱའོ།། རབ་འབྱོར་གཟུག ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་གཟུགས་ལ་སྟོང་པ་ཉིད་དང་མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པ་བས་གཟུགས་ལ་དངོས་པོ་མེད་པའི་མཚར ་དང་མི་མཐུན་པའི་དམིགས་པ་དང་དེ་ལྟར་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་དང་དངོས་པོ་དང་དངོས་པོ་མེད་པའི་མཚར་མ་དང་མི་མཐུན་པའི་དམིགས ་བ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ར་བོ་འབྱོར་གང་རྣམ་པར་ཤེས་པ་ལ་སྟོང་པ་ཉིད ་དང་མཚུར་མ་མེད་པའི་ཏིང་ངེ་འཛིན་རཱ་ད་པ་བས་རྣམ་པར་ཤེས་པ་ལ་དངོས་པོ་མེད་པའི་མཚན་མཱ་དང་མི་མཐུན་པའི་དམིགས་པ་དང་། དེ་ལྟར་དངོས་པོ་མེད་པའི་མཚན་མ་དང ་མི་མཐུན་པའི་དམིགས་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར་རྣམ་པར་ཤེས་པ་ལ ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས ་དཔས་གཟུགས་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། ། ་རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་དྲི་མ ་དང་བཅས་པ་དང་། དྲི་མུ་མེད་པའི་དོན་དང་། དོར་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པའི་དོན་དང ་མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་བའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས ་དུང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞན་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་བའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བ་དག་མེད ་པའི་དོན་དང་། དོན་གསུམ་གྱི་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས ་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས ་རྣམ་པར་དག་པ་ཞི་བའི་དོན་དང་། དོར་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར ་དག་པ་ཞི་བའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གནས་བརྟན ་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི ་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་རྫོགས་སོ།། ། ་སྐད་གསར་བཅས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ། བོད་སྐད་དུ། བཅོམ ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས ་དང་བཅས་པ་དང་། དྷཱི་མུ་མེད་པའི་དོན་དང་ངོར་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པའི་དོན་དང ་མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་བའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔ་ས་ཚོར་བ་དང་། འདུ ་དུང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་བའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བ་དག་མེད ་པའི་དོན་དང་། དོན་གསུམ་གྱི་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང ་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད ་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས ་རྣམ་པར་དག་པ་ཞི་བའི་དོན་དང་། དོར་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར ་དག་པ་ཞི་བའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན ་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དེ་དག་དང་ལྷ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི ་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་རྫོགས་སོ།། ། ་སྐད་གསར་བཅས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ། བོད་སྐད་དུ། བཅོམ ་