CLOSE WINDOW

Ty073-062: 'phags pa dpung bzang gis zhus pa zhes bya ba'i rgyud
Wyliee-texts produced with BDRC’s OCR application

པའི་ཐབས་བསྡུས་པ་རྫོགས་སོ།། རྒྱ་གར་སྐད་དུ། ཨཱཿ་སུ་བཱ་ཕུ་པ་རི་བྲྀནྡྷ་ནཱ་མ་ཏནྟྲ། བོད་སྐད་དུ། འཕགས་པ་དཔུང་བཟང་གིས་ཞུས་པ་ནས ་བྱ་བའི་རྒྱུ་དག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི།། ཐུགས་རྗེས་རྩེ་གཅིག་ཡིད་གྱུར་བཞུགས་པ་ལ།། དཔུང་བཟང་ཚུལ་བཞིན་གུས་པས་ཕྱག་འཚལ་ནས། ་རིག་དང་གསང་སྔགས་ཚོགས་ཀུན་གྲུབ་པས་ཞུས།། བདག་གིས་ས་སྟེངས་མི་རྣམས་བཟླས་བརྗོད་དང་།། སྨྱུང་དང་དཀའ་ཐུབ་ཉེ་བར་སྤྱད་རྣམས་ཀྱིས།། རབ་ཏུ་བསྒྲིམས་ཀྱང་གྲུབ་པ་མ་མཐོང་ན།། ་ཡབ་གཅིག་ཅིས་ཀྱང་དཀའ་ཐུབ་དོན་མ་མཆིས།། གཙོ་བོ་གཟི་བརྗིད་ཉི་འོད་མེ་ལྟ་བུ།། ཁྱོད་ཀྱི་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག། བདེན་པའི་གསུང་གིས་རབ་ཏུ་བཀའ་སྩལ་ན།། ཇི་ལྟར་སྔགས ་རྣམས་འབྲས་བུ་མ་མཆིས་འགྱུར།། རབ་དང་འདྲིང་དང་དེ་བཞིན་ཐ་བ་རྣམས།། བསྒྲུབས་ཀྱང་གསང་སྔགས་འབྲས་བུ་མི་ཚོལ་ལ།། བསྙེན་པས་ཅི་ཀྱེ་ཅུང་ཟད་གྲུབ་མེ་ན།། བསྒྲུབས་པས་ཉོན་མོངས།། ་ཁོ་ན་ཅི་རུང་ལགས།། རྒྱལ་བའི་ཡེ་ཤེས་ཞི་བ་གང་ཡིན་པ།། དེ་ཡིས་འདི་དག་གསོ་བར་སྔོན་གསུངས་ན།། གང་ལའང་སྔགས་དང་རིག་པ་གྲུབ་མེད་པ།། དེ་དག་རྣམས་ཀྱང་ཇི་ལྟར་གསོ་བར་བགྱི།། ་ཐུགས་རྗེ་ལྡང་པས་འགྲོ་ལ་སྨན་སླད་དུ།། ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པ་རྣམས།། དེ་དག་བཟླས་བརྗོད་སྒྱིད་སྲེག་བཅུ་ལ་ཞུགས་དང་།། བསྙེན་ལ་སོགས་པས་མ་གྲུབ་ཅི་ལས་བྱུར ་ཆོ་ག་ཉམས་སམ་འོན་ཏེ་མཐུ་མ་མཆིས།། དུས་ཀྱི་རང་བཞིན་ལགས་སམ་སྡིག་པས་བསྒྲིབས།། གསང་སྔགས་གཞན་དུ་གྱུར་ཏམ་མཆོད་ལས་གྱུར།། ཐམས་ཅད་མ་ལུས་བཅོམ་ལྡན་འདས ་ཀྱིས་གསུངས།། སྔར་གྱི་ཚིག་དེ་ངེས་པར་གསན་གྱུར་ནས།། ཡུད་ཙམ་དགོངས་ནས་དཀྱུས་རིང་སྤྱན་ཕྱེ་སྟེ།། ཕྱག་གིས་རྡོ་རྗེ་མེ་སྟག་ཟེར་འཕྲོ་བ།། གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད ་གསུངས།། ཨེ་མའོ་ཟླ་བའི་འོད་ལྟར་ལམ་མེ་བའོ།། སྙིང་རྗེས་སེམས་ཅན་ཕན་ཕྱིར་ཁྱོད་འདྲིབ།། ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས།། བདེ་གཤེགས་སྲས་ནང་ཕ་རོལ་ཕྱིན་པར ་འགྱུར།། བྱང་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས།། རང་གི་སྡུག་བསྔལ་རྣམས་ཀྱིས་མི་འབྱེད་ཀྱང་།། གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་ཏེ།། དེ་དག་བདེ་བས ་དགའ་དང་ལྡན་པར་འགྱུར།། བུ་ཁྱོད་རང་བཞིན་བཟང་པོ་འདི་ལྟ་བུས།། གང་ཕྱིར་སེམས་ཅན་པན་ཕྱིར་འདི་དྲིས་པས།། དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས་དང་།། གསང་སྠཱཿ། ་མདོ་སྡེའི་ཚུལ་དུངས་བཤད་ཉོན།། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ།། དེ་ཡི་བརྟུལ་ཞུགས་དད་པ་ངས་བཤད་དོ།། དེ་མིས་བདེ་བར་གཤེགས་ལ་དད་བསྐྱེད་ནས།། དེ་བཞིན ་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད།། སེར་སྣ་དྲེགས་དང་རྒྱགས་པ་རྣམས་སྤངས་ཏེ།། དཀོན་མཆོག་གསུམ་ལ་དད་པ་བསྟེན་པར་བྱ།། རྡོ་རྗེའི་རིགས་ཤེས་བརྗོད་པ་རྒྱ་ཆེན་དང་།། ང་ལ་ཡང་ནི་དད ་ཅིང་དགའ་བར་བྱ།། ཚིག་རྩུབ་ཕྲ་མ་འཁྱལ་པ་སྨྲ་བ་དང་།། གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་དང་།། རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་།། ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ།། རྨོངས་པ་གང ་གིས་ལུས་དང་ངག་དག་ནི།། དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་།། ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན།། དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར།། དཔེར་ན་ས་དང་ཆུང་དུས ་ལྡན་ཡང་།། ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྷུར།། དེ་བཞིན་མི་ཤེས་ལོག་ལྷས་བཅོམ་པ་ཡི།། སེམས་ལས་དགེ་བའི་ཆོས་རྣམས་མི་སྐྱེའོ།། དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤངས་ཏེ།། ཡང་དག་ལྟ་བ་ལ། ་ནི་རྟེན་པར་གྱིས།། རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི། ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས།། ལྷ་དང་ལྷ་མི་ཤ་མ་ཁྲག་འོཐུང་བ།། མཚན་མོ་རྒྱུ་བ་མི་བཟད་འཇིག་རྟེནན།། སེམས་ཅན་རྣམས ་ལ་གདོད་པ་བྱེད་ཅིང་རྒྱ།། བཟླས་བརྗོད་བརྩོན་པའི་སེམས་ནི་གཡེང་བ་བྱེད།། དེ་དག་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར།། ང་སོགསང་སྔགས་རིག་པའི་ཚོགས་མཐོང་ན།། སྐྲག་པར་བྱེད་དོསྙམ་དུ་དོགས་སྐྱེས ་པ། དེ་ཕྱིར་ཟློས་པའི་སེམས་ནི་གཡེང་བར་བྱེད།། དེ་ལྟར་གནོད་བྱེད་དེ་དག་གཞོམ་པ་དང་།། བདག་ཉིད་འབྱོར་པར་བྱ་ཕྱིར་ངས་གསུངས་པའི།། དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ།། དམ ་ཚིག་ཇི་བནི་ནི་བསོད་ནམས་དོན་དུ་ལྷ།། སྣ་ཚོགས་པ་ཡི་གདོན་རྣམས་གནས་པ་ལ།། གང་ཞིག་རྣམ་པ་སྣ་ཚོགས་ལས་བྱེད་པའི།། དཀྱིལ་འཁོར་དེ་ནི་གནོད་བྱེད་གཞོམ་པའི་འབྱོར།། མི་ཡིས ་རབ་ཏུ་བསྒྲིམས་ནས་འཇུག་པར་བྱ།། གང་ཡང་རིག་པའི་མཆོག་ཏུ་གསུངས་པ་དང་།། ཁྲོ་བོའི་དཀྱིལ་འཁོར་དུ་ཡང་འཇུག་པར་བྱ།། དེར་ནི་དམ་ཚིག་སྣ་ཚོགས་ངས་བཤད་པ།། སྡིག་པ་བསལ་ཕྱིར ་རྒྱུད་དདུ་བལྟ་བར་བྱ།། རྡོ་རྗེའི་རིགས་གཙོ་བོ་ཉ་མོ་ཡི་ཚོགས།། རིག་པ་མང་པོས་བསྙེན་པའི་ལྷ་མོ་དེ།། ཟློས་པ་མཐོང་ན་བགེགས་རྣམས་ཕུང་བ་དང་།། རྔམ་པ་འདོན་ཅིང་ཤིན་ཏུ་སྐྲག་པར་འགྱུར། ་ཇི་ལྷ་ཇི་ལྟར་དཀྱིལ་འཁོར་མཐོང་བ་དང་།། དེ་ལྷ་དེ་ལྟར་རྡོ་རྗེའི་རིགས་བརྟེན་དང་།། རིག་པའི་ཚོགས་ལ་བཙུན་པའི་བསོད་ནམས་ཀྱིས།། དེ་ཡིས་ལུས་ལ་ལུས་ཀྱི་བྱིན་རླབས་འཇུག། མི་ཚུགས་རྡོ་རྗེའི ་བདག་ཉིད་དེ་མཐོང་དང་།། ས་ཕྱོགས་རྡོ་རྗེའི་མེ་འབར་དེ་ཤེས་ནས།། ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པ་རྣམས།། བཟླས་བརྗོད་བྱས་པས་སྐྲག་ནས་འབྱེར་པར་འགྱུར།། ང་ཡི་དམ་ཚིག་མཐོང་བའི་བུ ་དག་གིས།། འཇིག་རྟེན་འཇིག་རྟེན་འདས་པས་བཤད་པ་ཡི།། གསང་སྔགས་དེ་ནི་མ་བསྒྲིམས་བཞིན་དུ་འགྲུབ།། བགེགས་རྣམས་ཐམས་ཅད་རླག་པར་བྱེད་པར་འགྱུར།། རིག ་ད་དམ་ཚིག་མ་མཐོང་སྙིང་རྗེ་མེད།། དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་།། སངས་རྒྱས་མ་དང་ལྷ་གནན་ལ་བརྟེན་པས།། གང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར།། བསམ་པ་ཞན་ཅིང ་ཉམས་ཀྱིས་མི་ལྕོགས་པས།། དཀྱིལ་འཁོར་དེ་ཀུན་བལྟ་བར་མི་ནུས་ནའང་།། དེ་ལ་གང་ཡང་རུང་བའི་དཀྱིལ་འཁོར་ནི།། ཚིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན།། གནོད་སྦྱིན་ཚོགས་དང་མཚན་མོ ་རྒྱུ་བ་དང་།། ས་བླའི་གདོན་རྣམས་ཀུན་དང་ཀླུ་དག་དང་།། ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས།། བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྷ།། དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། ་བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར།། དེ་བནན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག། སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ།། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡང་།། ཚུལ་ཁྲིམས་རྣམ ་དག་འདུལ་བ་མ་ལུས་ལས།། སྔགས་པ་ཁྱིམ་པས་ཆགས་དང་ཆོ་ག་སྤང་།། ལྷ་མ་རྣམས་ནི་ཉམས་སུ་བླང་བར་བྱ།། དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས།། བདེ་བར་གཤེགས་པས་ལེགས ་པར་གསུངས་པའི་ཆོས།། དག་ཅིང་གྲོལ་བ་དང་ནི་ལྡན་གྱུར་པ།། བཟླས་པས་སྐྱོད་མདོ་སྡེ་བཀླག་པར་བྱ།། གཙང་ནིང་རབ་ཏུ་དབེན་པའི་ཕྱོགས་སུ་ནི།། འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི། ཁ། ་གཤེགས་མཆོད་རྟེན་ཆེན་འབྲེལ་སྙིང་པོ་ཅན།། སྡིག་པ་སྦྱང་བའི་ཕྱིར་ནི་ཅག་སུ་ག་ག།། རིང་བསྲེལ་ཅན་གྱི་སྐུ་གཟུག་མཆོད་རྟེན་ལ།། བསྐྱོད་ཅིང་དྲི་དང་འགྲེང་བ་མར་མེ་དབུལ།། གདུགས་དང་རྒྱལ། ་མཚན་བ་ངན་རོལ་མོ་དང་།། མཆོག་ཏུ་དང་པ་ཡིས་ནི་མཆོད་པར་བགྱི།། ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི།། རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་གྱུར།། དེ་བཞིན་སྒྲུབ་པ་པོ་ཡི་གྲོགས་མེད་མ ་ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ།། རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་།། སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་ཐུལ།། སྤད་བར ་སྨྲ་ནིའི་སྦྱིན་བོད་སྙིང་རྗེ་ཅན།། བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་།། བྲམ་ཟེ་དག་དང་ལྷ་གཞན་མཆེད་མི་བྱེད།། སྤྲིན་ཞིང་བཟོ་ལ་བྱས་པ་གཟོ་བ་དང་།། དཀོན་མཆོག་གསུམ་ལ་དད་པ་གྲོགས ་པོ་ཡིན།། དེ་ལྟར་མ་ལུས་ཡོན་ཏན་ལྡན་པ་དག། རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན།། ཡོན་ཏན་ཕྱེད་དང་བཞི་ཆ་བརྒྱད་ཆ་ཙམ།། དེ་ལྟ་བུ་དག་སྔགས་པའི་གྲོགས་པོར་བསྟན།། འཕགས་པ་དཔུང ་བཟང་གིས་རུང་བའི་ལེའུང་པོའོ།། ། རང་སངས་རྒྱས་དང་བདེ་གཤེགས་ཅིད་སྐྱེས་དང་།། རྒྱལ་བ་སྔོན་ཆད་གང་ན་བཞུགས་པ་ཡི།། གནས་གང་བསོད་ནམས་ལྡང་ཞིང་ཡིད ་དགའ་ག། ལྷ་དང་ལྷ་མི་ལ་སོགས་ཕྱག་བྱས་མཆོད།། གསོ་སྦྱོང་རྫོབ་པ་དང་དེ་ལྡན་པ་ཡིས།། བདག་ཚད་དག་པར་བྱ་བྱོར་བསྐྱེད་པར་བྱ།། དེ་ལྕེ་བུ་དག་མ་རྙེད་གནད་མ་ནི།། ཆུ་བཏུ་སྲུང་འབབ་ཆུ་མེ་པ་དང་།། \ུ0f7f ་ཨུཏྤ་ལས་ནི་བརྒྱད་པའི་མཚོ།། སྐྱེ་བོ་རྣམས་ཀྱང་ཤིང་ཏུ་མི་རྒྱུ་བ།། དང་ནིང་ཞིམ་པའི་ཆུ་ནི་མང་བ་དང་།། མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ།། མེ་ཏོག་འབྲས་བུ་གཙང་མ་ཡོད། ་པ་དང་།། སྨད་ལྗོངས་ལྡོད་ཤིང་མ་ཚོགས་དཀྲིགས་པ་དང་།། ས་གླེངས་གནས་མལ་ཤིན་ཏུ་གཙང་བ་དང་།། གང་ན་ཕྲག་གཟིགསང་གེ་མེད་པ་དང་།། ཡིད་འོང་མཚམ་ནི་ཚེར་བ་མེད་པ་དག ་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན།། གྲོག་པོ་གྲོག་མཁར་ཐལ་བ་སྐྲ་ཤེད་དང་། ཀཉ་ལ་ཉི་ལ་སོལ་བ་ཚ་སྒོའམ་བཅོག་ཅན་སྤང་།། དེར་ནི་ས་བརྐོས་སྦྱངས་ནས་གནས་བརྩིག་པ།། དྲོ་ལ་བརྟན་ནི། ་འཇིམ་པས་ཞལ་ཞལ་བྱ།། ཤར་རམ་བྱང་ངམ་ནུབ་ཏུ་སྒོ་གདོད་ཅིང་།། ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོ་མི་གདོད།། དྲི་གཙང་ཁང་པ་དེ་ཡི་ཕྱོགས་གཅིག་ཏུ།། རྒྱལ་བ་ལམ་མཆོག་རྣམ་པར་སྟོན་པ་ཡི།། ་རས་ཀྱི་སྐུ་གཟུགས་ལས་ཕྱིར་བརྟད་པར་གདགས།། ཡང་ན་ཤིང་གཟུགས་ལེགས་པ་མཆོད་ཕྱིར་གཞག། ཐ་ག་པས་བཏགས་འཇམ་ལ་སྙོམས་པ་དང་།། ཐགས་བཟང་དེ་བནི་སྒྲ་ཤད་མེད་པ ་དང་།། ཁོ་ལག་ཆེ་ནིང་མཉམས་ཁ་ཚར་བཅས།། རས་ཀྱི་གཟུགས་དེས་མི་ལ་དངོས་གྲུབ་རྩེར།། གཙང་མའི་སྤོས་ཆུས་བཏབ་པ་དེ་ལ་ནི།། ཚོན་རྩི་སྦྱིད་མེད་སྡོང་གསར་ཐུགས་པ་ཡིས།། ཁྲུས་བྱས་། ་ལགསོ་སྦྱོང་བཟུང་བའི་མི།། མཁས་པས་བ་ལང་སྤུ་ཡིས་བྲི་བར་བྱ།། འཕྲེང་བ་བདུག་པ་མར་མེའི་འཕྲེང་བ་དང་།། བྱུག་པ་དག་གིས་སྐུ་གཟུགས་ཆེར་མཆོད་དེ།། ནུབ་ཕྱོགས་ཞལ་བསྟད་མི་གཡོ་བརྟན་པར། ་གདགས།། དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ།། གཙུག་པུད་བཞག་ནས་སྒྲ་རི་བྲེགས་ནས་སུ།། འབྱུང་ཁུངས་ཚོན་གྱིས་གེས་ནི་ཁ་དོག་བསྒྱུར།། གོས་དཀར་དག་གས་ཤིང་ལོའམ་གསོམ ་འམ།། ཟར་མ་ཤིང་ཤུན་དམས་ཀྱི་གོས་བགོའོ།། ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པ།། དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་།། མ་ཆགས་ཟླུམ་ཞིང་མ་གས་རྨ་མེད་པ།། ཡིད་དུ ་འོང་བའི་ལྷུང་བཟེད་བཅང་བར་བྱ།། ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ།། བཟའ་བཏུང་མོད་ཅིང་དམངས་རིགས་མང་བ་དང་།། མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་།། བྲམ་ཟེ་ཕྱི་རོལ་སྐྱེ་བོ ་མེད་པར་བརྟེན།། ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས།། རིགས་ཀྱིས་རློམ་ནིང་སྙིང་རྗེར་མི་ལྡན་པ།། དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། མཆོད་པ་མཐོང་ན་བགེགས་ཀྱང་བྱེད་པར་འགྱུར།། ་བྲམ་ཟེ་སངས་རྒྱས་པ་ལས་ཇི་ལྟར་དམན།། སྤྲང་ལས་བྲམ་ཟེ་དག་ལས་དམངས་རིགས་རྣམས།། བསྙེན་བཀུར་དང་ནི་མཆོད་པ་འབྱུང་བས་ན།། དམངས་རིགས་ཀྱིས་ཀྱང་གསང་སྔགས་ཇི་ལྟར་བཟླས། ་ལྷ་དང་མགྲོན་མཆོད་པ་དང་ལས་དྲུག་དང་།། རྒྱལ་པོ་དང་ནི་མེ་ལྷ་བསྐྱེད་པ་དང་།། བུ་ཡི་དོན་དུ་འགྲོ་བར་བྱ་བ་དག། བྲམ་ཟེ་རྣམས་ཀྱིས་ངེས་པར་འགྲུབ་པ་ཡིན།། རྒྱལ་རིགས་རེའུ་རིགས་རྣམས་ཀྱང ་རང་གི་ལས།། གྲུབ་པས་འདི་ལ་ཐེ་ཚོམ་མ་བྱེད་ཅེས།། རྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས།། བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད།། ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི།། ནི་མ་ཕྱེད་མཚམས ་ཚུན་ཆད་བླང་བར་བྱ།། བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན།། དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ།། དགེ་དང་མི་དགེ་ཡེ་ཤེས་བཟུང་ན་ནི།། བྲམ་ཟེ་དམངས་རིགས་དག་ལས་བྱང་པར ་མེདང་། འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང་།། འདི་ནི་དམངས་རིགས་ཡིན་ཞེས་བརྟགས་པར་ཟད།། བདེན་པའི་ལམ་དམིགས་དགེ་བའི་རྗེས་འབྲངས་ན།། དམངས་རིགས་དག་ཀྱང་རྒ་ཤི་མེད་པར་འགྲོ།། ། ་ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན།། བྲམ་ཟེ་གང་ཡིན་མི་བཟད་དམྱལ་བར་ལྷུང་།། ལུས་ཅན་ཤིན་ཏུ་དྲིམ་ལྡན་པ་དག། འདི་ན་གཞན་གྱིས་དག་པར་མི་འགྱུར་ཏེ།། དེ་ནི་སྡིག་པ་རྣམ་པར་བསལ ་བ་དང་།། བསོད་ནམས་མ་ལུས་ཡོངས་སུ་གཟུང་བ་དག། དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར།། ནར་པ་དག་ལ་སྨན་པ་སྦྱིན་པ་ལྟར།། དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག། བསལ་ཕྱིར་རྒྱལ ་བ་ས་ཁ་ཟས་བཟའ་བར་གསུངས།། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ།། བཀྲེས་སྐོམ་གདུངས་པ་རང་གི་བུ་ཡི་ཤ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང་།། ཚེ་དང་རྒྱགས་ཕྱིར་བཟའ་བར་མི ་བྱའོ།། མང་དུ་བླུགས་ན་རྩོལ་མེད་འཐོབ་པ་དང་།། དེ་བཞིན་ཉུང་ངུས་སྲང་ནི་དམའ་འགྱུར་ལ།། རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྷར།། ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ།། དཔེར་ན་ཁང་རྙིང་མི་ཞིག་བྱ་བའི། ་ཕྱིར། མི་ཡིས་ཀ་བ་བརྒྱན་པོ་བཙུགས་པ་ལྟར།། དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་།། ཤིང་རྟ་མིག་བསྐུ་བཞིན་དུ་ཁ་ཟས་བཟའ།། འདོད་པའི་ཁམས་ནི་ཁམས་ཀྱིས་གནས་ནས།། རྒྱལ་བས ་ཆོས་གཅིག་ཏུ་ནི་བཀའ་སྩལ་པས།། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ།། སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ།། དབང་པོ་དྲུག་པོ་ཡུལ་ལས་འཕྲོག་པ་དང་།། བདེ་གཤེགས་གསུངས་པའི། ་ཤེས་པས་བསྲུང་བར་བྱ།། ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས།། གཞའ་ཤིང་གང་དུ་ལྷ་ཞིང་བསོད་སྙོམས་སྤྱད།། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན།། ཡན་ལག་ཐམས་ཅད་ཡིད ་འཕྲོག་བྱེད་པའི་གཟུགས།། བུད་མེད་གཟུགས་ནི་མཚོན་ཆ་འདེབས་འདྲ་བས།། སྐྱེ་བའི་སེམས་དག་མངོན་དུ་འཕྲོག་པར་བྱེད།། ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས།། མིག་རི་རྣམ་པར་བཀབ ་པ་ཆེས་བླ་ཡི།། ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི།། དཀྱུས་རིངས་མིག་ཅད་བཞིན་ནི་མ་མཐོང་བ།། གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ།། སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ།། ་རབ་འབྲིང་ལ་སོགས་རྣམ་པར་སྤངས་ནས་སུ།། མི་སྨྲ་བར་ནི་གཞན་གྱི་ཁྱིམ་དུ་འགྲོ།། གང་ན་བ་བཞོན་བེའུ་ཆུང་བ་དང་།། གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་།། གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང་། ་དེ་བཞིན་གང་ན་གནོན་ནུ་རྩེ་བ་དང་།། གང་ན་དགའ་སྐྱོན་ཁྱི་ཟ་བྱེད་པ་དང་།། གང་ན་སྐྱེ་བོ་མང་པོ་འདུས་པ་དང་།། གང་ན་དེ་བཞིནི་རོལ་མོ་བྱེད་པ་རྣམས།། དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ།། བསོད། ་ནམས་ཅི་རྙེད་ཁྱེར་ཏེ་འོངས་ནས་ཀྱང་།། དང་པོར་ཇི་ལྟར་བདེ་བར་བགོ་བར་བྱ།། རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ།། ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ།། དུས་སུ་ཟོས་ནས་དུས་གསུམ ་#ཁྲུས་བྱས་ཏེ།། འཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི།། ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ།། ཀུ་ཤའི་ཁྲིལ་འདུག་ནས་བཟླས་བརྗོད་བྱ།། བདུག་པ་བྱུག་སྤོས ་ལ་སོགས་མ་རྙེད་ན།། དྲི་ནིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ།། སྨྲ་བ་ཨརྒ་བིལ་བ་བྲི་ཧ་ཏ།། ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང་།། འགྲེང་དང་འདུག་དང་མ་ལོག་ཆལ་བ་དང་།། འགྲོ་འཕྲེས་ཟ་ཀློག ་བཟླས་བརྗོད་བྱེད་པ་ན།། རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དང་།། རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་གཉིས་པའོ།། ། ་འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི།། སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད།། ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ།། སྲིད་པའི་རྒྱ་མཚོའི་མཐར་ནི་རབ་ཏུ་བསྒྲགས། ་དཔེར་ན་དྲི་མེད་ཆུ་ནི་རྡུལ་སོགས་ཀྱིས།། སྐད་ཅིག་ཏུ་ཡང་རྙོག་པར་བྱེད་པ་ལྟར།། དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས།། འདོད་ཆགས་ལ་སོགས་སྐྱོར་གྱིས་རྙོགས་པར་འགྱུར།། བོ་དེ་ཙེ་དང་དུང་ཤེལ ་རུ་རག་ཤ། ལུང་ཏང་པདྨའི་སྙིང་པོ་ན་མ་ཟངས།། འཁར་བའི་བགྲ་ར་ཕྲེང་བརྒྱ་ནི་རྩ་བརྒྱད་པ།། དེ་དག་ལས་དེ་བགྲང་འཕྲེང་གཅིག་བླངས་ཏེ།། དོན་ལག་པ་གཡས་པས་གཟུང་བའམ།། ལག་པ ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་གཟུང་།། ཚར་རེ་ཕྱིན་ཅིང་ནོར་བུ་རེ་རེ་ནས།། སྔགས་པ་ཡིས་ནི་རིམ་བཞིན་དྲང་བར་བྱ།། འདུག་ནས་དབང་པོ་ཡང་དག་བསྡམས་པ་དག། ལུས་ཀྱང་དྲ་ཞིངས ་པར་བཞུགས་ནས་སུ།། ཕྱིས་ནིམ་མཆུ་ཤིན་ཏུ་མཛེས་པར་ཡང་།། བསྐུལ་ནིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ།། སེམས་ནི་ཟློག་དང་སྤྲིན་དང་རླུང་དང་མཚུངས།། རྒྱམམོ་ཆེན་པོ་མིའི་རླབས་དང ་འདྲ།། སྒྱུ་ཅན་འདོད་དགུའི་ཡུལ་ལ་མངོན་དགའ་བ།། གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ།། གང་ཚེ་ཟློས་དགའི་སེམས་དེ་ཞི་བ་ལ།། བརྟེན་པ་ས་གཉིད་ཀྱིས་དྲན་པ་རྨོངས་འགྱུར་ན།། ལངས ་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང་།། ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ།། ལས་ཀྱི་དབང་སྒྱུར་བདག་པོ་མེད་པ་དང་།། མགོན་མེད་ཅེན་མེད་ཚེ་རབས་གཅིག་ནས་གཅིག། ལུས་ཀྱི་ཁ ་བརྒྱུད་རྗེས་སུ་རབ་འགྲོ་བ།། དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང་།། ཚེལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ།། མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས།། ངན་པ་སྐྱེ་རྒན་འཆིའི་སྡུག ་བསྔལ་ཅན།། ཡུལ་རྣམས་ཀུན་ཏུ་སེང་ན་མེད་པ་མིན།། ཤ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས།། གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས།། ཡུལ་ལ་མངོན་དགའ་སེམས་ནི་འབྱུང་བས ་ན་རྣབ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ།། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་།། པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག་བྱམས་དང་སྙིང་རྗེའི་ཆུ་ས་གདབ་ཞེ་སྡང་ལ། ་གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།། རེ་ཞིག་ན་དེ་དགྲ་ཡང་མཛའ་བོར་འགྱུར།། མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད།། དེ་བཞིན་ཁ་ཅིག་དག་ནི་བར་མར་འགྱུར།། བར་མ་དེ་ཉིད་ཀྱང་ནི་དགྲ་བོར ་འགྱུར།། དེ་ལྟར་མཛའ་བ་ཤེས་འགྱུར་བར་རིག་པར་བྱ།། བློ་གྲོས་ལྡན་པས་ན་པ་ཡང་ཆགས་མི་བྱ།། གཉེན་ལ་དགའ་བའི་སེམས་ཀྱི་རྣམ་ཏོག་དག། བཟློག་ནས་དགེ ་ལ་བདེ་བར་གནག་པར་བྱ།། དང་པོ་ཟློས་ནས་འབྲས་ཟིན་པར་དག་ཏུ།། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ནོང་པ་དང་།། བུད་མེད་མ་ནི་ཁྱེའུ་དང་བུ་མོ་དང་།། སྔགས་འཆང་ནམ་ཡང་སྨྲ་བ ་བྱའོ།། ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང་།། བཟླས་བརྗོད་ཟེར་ན་ཅུང་ཟད་སྨྲ་བར་བྱ།། སྨྲས་ནས་ལུད་པ་བ་ཤང་གཅི་བོར་ནས་སུ།། ཆུ་ཡི་ནང་དུ་ཞུགས་རས་ཁྲུས་ཀྱང་བྱ།། མེ་ཏོག་དྲི་བསྐྱོད། ་མར་མེ་ཕུལ་བ་དང་།། ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི།། དགེ་བ་དེ་ཀུན་བླ་ན་མེད་པ་ཡི།། སངས་རྒྱས་བྱང་ཆུབ་བླ་ན་མེད་པར་བསྔོ།། དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན།། ལན་ཚྭའི་རོར་ནི་གཅིག ་ཏུ་གྱུར་པ་བཞིན།། དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི།། བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར།། དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར།། སཱ་ལུ་བསྐྱེད་ཀྱིས་སོག་མའི་ཕྱིར་མིན་ཡང་།། ། ་སཱ་ལུ་རྙེད་ནས་བསྒྲིམས་པ་མེད་པར་ནི།། སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བནི།། དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པ་ཡི།། བསོད་ནམས་སྒྲུབ་ཀྱིས་ལོངས་སྤྱོད་ཕྱིར་མིན་ཡང་།། སོག་མའི ་ཕུང་པོ་དག་དང་མཚུངས་པར་ནི།། མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ།། ཚེ་རིང་བ་འདི་ལེགས་པར་ཐོབ་པ་དང་།། ཆོས་བཞིན་སྒྲུབ་པའོ་ཡུལ་དག་རྙེད་པ་འམ།། སྐྱོ་བ་མེད་པར་འགྱུར་ནིང ་འགྲོ་བ་ཡི།། བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ།། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་།། བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྤྱད་དག། སེམས་ཀྱིས་འཇིག་རྟེན་ཚོགས་རྣམས་རབ་བཅོམ། ་སྟེ།། སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ།། དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི།། མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར།། དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ།། སྔགས་པས ་སྐད་ཅིག་ཙམ་ཡང་གནས་མི་བྱ།། དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི།། མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར།། རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི།། ལུས་ལ་ཆོས་ཀྱང་དེ ་བཞིན་འབར་བར་འགྱུར།། སྤངས་དང་མཆོང་བ་དང་ནི་གར་བྱེད་དང་།། གླུ་ལེན་རྔ་རྡུང་སྐྱེ་བོ་དཔྱས་འགྱུར་དག། ལྷག་པའི་ང་རྒྱལ་འདྲིང་དང་འདོད་ཆེན་དང་།། རྒྱན་པོ་དང་ནི་འདུས་ལ་ལྷ་འདོད ་དང་།། དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་།། བསྟན་བཅོས་ངན་དང་སྙན་དང་གསོ་ཀློག་འདོད་དང་།། ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང་།། ཞེ་ལ་འཛིན་དང་ལ་ལོག་ཡོ ་སྤ་ན་ཤ་ཆང་ཀེའུ་དང་བཙོང་དང་སྒོ་རྡོག་དང་།། འབྲུ་མར་ཏིལ་དངཔལ་ཕུག་སུ་ར་ཎ།། འབྱུང་པོའི་ཟས་དང་ལྟ་བ་ཤོས་གཏོར་མ་དང་།། གུ་ལང་མཆོད་བྱས་གཏོར་མ་མི་མའོ།། ངས་ནི་སྔགས ་པས་ཁ་ཟས་དཀར་གསུམ་དང་།། རྩ་བ་སྡོང་བུ་འབྲས་བུ་ཚོང་མ་དང་།། ཞོ་དང་ནས་དང་འོ་མ་མར་དག་དང་།། འབྲུ་མར་ཚིགས་མ་དར་བའོ་ཀོན་དང་།། ཐུག་པ་དག་ནི་བཟའ་བཏུང་ཡིད་པར་གསུངས།། ་ཟ་སྲིན་པོ་དག་དང་གནོན་པོ་དང་།། རོ་ལངས་དང་ནི་འཇིག་པས་སྒྲུབ་པ་དང་།། ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ།། འབྲུ་མར་ཚིགས་མའི་བཟའ་བ་མཆོག་ཏུ་བསྔགས། ་དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས།། ཉིན་གཅིག་བཞིན་དུ་བྱས་དེས་བཟླས་པ་ནི།། ཕུལ་ནས་ཆོ་ག་བཞིན་དུ་གཤེགས་སུ་གསོལ།། ནུབ་མོ་ཀུ་ཤ་བཏིང་ནས་ཞལ་བར་བྱ།། བྱམས་པ་སྙིང་རྗེ་དགའ་བ། ་བཏང་སྙོམས་ལྡན་པ་དང་།། བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱ་སྟེ།། ཤཱ་རིའི་བུ་དང་ང་ལ་བཏུད་ནས་ཐལ་སྦྱར་ཉལ།། དེ་ལྟར་སྔགས་པའི་སྡིག་པ་མཐའ་དག་ཟད་པར་བྱ།། འཕདྲ། ་པ་དཔུང་བཟང་གིས་ཞུས་པའི་ལེའུ་གསུམ་པའོ།། ། སྒྲུབ་པ་པོས་ནི་ངེས་པར་བཅང་བ་ཡི།། རྡོ་རྗེ་དེ་དག་གང་ཡིན་བཤད་པར་བྱ།། སོར་བཅུ་བཅུ་གཉིས་བཅུ་དྲུག་བཅོ་བརྒྱད ་དང་།། མཆོག་གི་ཚད་ནི་སོར་ཡང་ཉི་ཤུའོ།། གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི།། ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས།། རྒྱལ་པོའི་དོན་དུ་དངུལ་གྱི་མཆོག་ཡིན་ཏེ།། ཟངས་ཀྱི་རིན་ཆེན་འབྱུང་། ་པའི་ཀླུ་སྒྲུབ་པར།། ལྷ་མིན་དབང་པོའི་འཁྲུལ་འཁོར་གཞིག་པ་དང་།། ཕུག་ཏུ་འགྲོ་ལ་རྔོ་མི་རྡོ་རྗེའོ།། དོན་ཀུན་སྒྲུབ་པ་ལ་ནི་ལྕགས་གསུམ་གྱི།། གསང་བའི་སྡེ་གཞོམ་པ་ལ་ལྕགས་ཀྱིའོ།། གདོན ་གཞན་ལ་དེ་སེང་ལྡེང་དཔལ་དང་ཚེ།། ནད་མེད་ནོར་རྫས་ལ་ནི་བིལ་བའོ།། གནོད་སྦྱིན་མ་མོ་སྒྲུབ་ལ་མ་རུ་ཤིང་།། ཆོས་ཀྱི་དོན་ལ་ཨ་ཤྭད་ལས་བྱས་ཤིང་།། གསལ་ཤིང་རྩེ་མོའི་དགྲ་རྣམས་གཞིག ་བ་ལ་མི་རྣམས་གསང་པ་ལ་ན་མ་ནུས་ཀྱིས།། ཤེལ་ལས་བྱས་པ་མིག་འཕྲུལ་ཆེན་པོ་ལ། འབྱོར་ཕྱིར་འཇིམ་པ་ལས་བྱས་རབ་ཏུ་ཤིག།། གས་དཙང་བསྐམ་པ་བ་ཅུར་མི་ཤིང་།། ཤབ་སྦྲུ ་བ་ལ་ཡང་རྟག་ཏུ་ཤིས།། ལྷ་དང་གནོད་སྦྱིན་དྲི་ཟ་སྒྲུབ་པ་ལ།། སྒྲོན་ཤིང་ལས་ནི་བྱས་པའི་རྡོ་རྗེའོ།། ཅི་སྟེ་ཀླུ་ནི་དབང་དུ་བྱེད་འདོད་ན།། དེ་ཚེ་ཀླུ་ཤིང་རྩ་བ་ལས་བྱས་པའོ།། གཟུགས་འགྱུར ་བ་ཡིས་ལས་བྱས་པ་སྟེ།། རོ་ལངས་སྒྲུབ་པ་ལ་ནི་ཀ་དམ་པའོ།། པུ་ན་ཀ་དང་རརྫ་ཨརྒ་དང་།། ཨ་ཤྭད་ཤིང་གི་རྡོ་རྗེ་ནོར་གྱི་ཕྱིར།། གླཱ་བ་ཨ་མྲ་ཤྲི་བརྞ་བ་ཡི།། ཨརྫུ་ལ་སོགས་པ་ལས་བྱས ་པ་དག། མི་རྣམས་གཡུལ་ལས་རྒྱལ་བར་བྱ་ཕྱིར་རོ།། ཡིད་དུ་འོང་བའི་འདོད་པ་ཐོབ་བྱའི་ཕྱིར།། ཙན་དན་དཀར་པོ་དང་ནི་དམར་པོ་སྟེ།། དབྱིབས་ལེགས་འཇམ་ཞིང་མཉམས་ཐ་མེད་པའི།། རྡོ་རྗེ་ཆེ ་སྲ་བ་བཅང་བར་བྱ།། དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ།། བཟླས་བརྗོད་ཟིན་ནས་མྱུར་བ་ཁོ་ནར་ཡང་།། དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས།། མཆོད་ནས་རྡོ་རྗེ་རྒྱལ་བ་ཞབས་དྲུང ་གཞག། ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས།། རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ།། དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན།། ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས།། ་རོས་གིའུ་ཝང་རལ་གྲི་ཨ་ཛ་ན།། སྤང་མ་བ་བླ་ཞགས་པ་ལི་ཁྲི་བཙག། མར་དང་ཤུ་དག་འཁོར་ལོ་རྡོ་རྗེ་མདུང་།། པགས་པ་གོ་ཆ་མདུང་ནི་རྩེ་གསུམ་པ།། རྫས་ནི་བཅུ་བདུན་བསྒྲགས་པ་དེ་རྣམས ་#ཀྱིས། འགྲུབ་པ་རྣམ་པ་གསུམ་རྣམས་ཐོབ་པར་བྱེད།། རང་སྔགས་ཆོ་ག་ལྷག་པར་བཤད་པ་གང་།། དེར་ཡང་གྲུབ་པ་རྣམ་པ་གསུམ་དུ་མཐོང་།། བགེགས་དང་ལོག་འདྲེན་ཟུང་། ་པར་མི་དགའ་བ།། རིག་པའི་ཚོགས་རྣམས་ཀྱི་ནི་མདུན་ན་རྒྱུ།། རིག་འཛིན་བརྩོན་པའི་བདག་ཉིད་ཅན་དག་ལ།། རྣམ་པ་སྣ་ཚོགས་གླགས་སྐབས་ཚོལ་ཞིང་རྒྱུ།། བགེགས་ཀྱི་རིགས་ནི་རྣམ་པ་བཞི ་ཡོད་དེ།། ས་སྟེངས་དག་ན་འཁོད་པའི་བགེགས་རྣམས་ནི།། རྣམ་པར་འཇིག་དང་ཝ་དང་ནེའུ་ལེ་དང་།། དེ་བཞིན་སོ་གཅིག་པ་དང་རིགས་རྣམས་བཞི།། དེ་དང་དེ་ལས་འཕྲོས་པ་མཐའ ་ཡས་སོ།། ས་སྦྲེངས་འཇིག་རྟེན་སྐྱོང་བ་བནི་གང་ཡིན།། དེ་དག་གཡོག་འཁོར་མྱ་ངན་མེད་པ་ཡིན།། དེ་ཡི་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས།། དེ་དག་གསང་སྔགས་སྒྲུབ་ལ་བགེགས་བྱེད་དོ།། ་ཝ་ཡི་རིགས་ནི་བྱེ་བ་བཅོ་བརྒྱད་དག། དབང་ཕྱུག་ཆེན་པོའི་འཁོར་ཏེ་རྣམས་ཀྱི།། སྡེ་དཔོན་གླང་ཆེན་གདོང་སྟེ་སྟོབས་པོ་ཆེ།། ས་སྦྲེངས་མཐའ་དག་ཀུན་ཏུ་འགེགས་ཀྱང་བྱེད།། སོ་གཅིག་རིགས་ཀྱི། ་སྡེ་དཔོན་གཙུག་འཆང་སྟེ།། བྱེ་བ་དྲུག་ཅུའི་བགེགས་ལ་དབང་སྒྱུར་ཞིང་།། ཚངས་དབང་ཁྱབ་འཇུག་ཉི་མ་ཟླ་བ་རླུང་།། དེ་རྣམས་ཀྱིས་བཤད་སྔགས་ལ་བགེགས་བྱེད་དོ།། ནེའུ་ལེའི་རིགས་གང ་མི་པ་རྒྱ་ཆེ་སྟེ།། ཁྲག་ཁྲིག་བྱེ་བཐེར་འབུམ་ཕྲག་སྟོང་དང་།། དེ་དག་རྣམས་ཀྱི་སྡེ་དཔོར་གཙུག་ན་འབྱུང་།། ང་ཡི་རིགས་དང་སྔགས་ལ་བགེགས་བྱེད་དོ།། དགའ་བྱེད་པདྨ་འདྲ་བར་དཀྱུས་རིང་མིག། ་རྩེན་སྔགས་རྒྱུད་ལ་ནི་བགེགས་ཀྱང་བྱེད།། ནོར་སྤྱོད་དུ་ནི་གང་ཡི་གང་པོ་པ།། རང་གི་རིགས་ཀྱི་བརྒྱུད་ལ་བགེགས་ཀྱང་བྱེད།། སྒྲུབ་པ་པོ་ལ་འབྱོར་པར་མི་དགའ་བ།། བརྩེ་མེད་རང་རང་རིགས་ལ། ་བགེགས་བྱེད་དོ།། རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ནས།། འཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན།། ལྷ་ཡི་ལྕོག་འདྲེན་གྱིས་བྱས་དེ་མཐོང་ནས།། ཁྲོས་ཤིང་འཁྲུགས་ནས་ཕྱིར ་ཡང་ཕྱོགས་པར་འགྱུར།། སྔོན་ཆད་སེམས་ནི་འཇུངས་དང་གནོང་པའི་ཕྱིར།། ལྷ་ཡིས་ལོག་འདྲེན་བགེགས་ཀྱི་ལུགས་འདི་སྟོར།། ལུགས་འདི་ལྷ་དང་ཀླུ་དང་གྲུབ་པ་དང་།། སུམ་ཅུ་རྩ་གསུམ་ལྷས ་ཀྱང་བཟློག་མི་ནུས།། བགེགས་ཀྱིས་འཇིགས་སུ་རུང་བར་བྱས་པ་དག། སྔར་བཤད་པས་ནི་དེ་དག་ཟློག་པར་བྱེད།། བཟླས་བརྗོད་ཟིན་ནས་ལེགས་པར་བསྲུང་བ་དང་།། དཀྱིལ་འཁོར་མང་བྱས ་བསྒྲུབ་ལ་འཇུག་པར་བྱ།། གཞན་དུ་མཆོད་པ་ཆོ་ག་མེད་པ་དང་།། བཟླས་བརྗོད་སྦྱིན་སྲེག་ཆོ་ག་བྲལ་བ་འམ།། གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས།། རིག་པ་གང་ཞིག་བདག་གིས་བཟླས་པ ་བྱད་ཡུལ་དང་རྒྱལ་ཚོགས་གཏམ་ལ་ཆགས་པ་དེའི།། ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག། འདི་ལྟར་ཕན་ཚུན་དུ་ནི་འབྲོ་བ་ན།། རིག་པ་འདོད་པའི་སེམས་དག་གཡེང་བར་བྱེད།། དཔེར ་ནཆུ་ནང་གྲིབ་མ་སྡང་བ་ལྟར།། དེ་བཞིན་མི་ཡི་ལུས་ལ་འཇུག་པར་འགྱུར།། འཁྲུ་ཚེ་གཞན་ལ་ཟློས་པ་ན་ཡང་གཞན།། རྒལ་ན་གཞན་གྱི་མེ་ཏོག་བདུག་པ་དང་།། མར་མེ་དབུལ་བའི་ཚེ་ནའང་ག་ན། ་ཡིན་ལ།། སྦྱིན་སྲེག་བྱེད་པ་ན་ཡང་བགེགས་གཞན་འཇུག། དཔེར་ན་ཉི་ཟེར་མེ་ཤེལ་འབབ་པ་ཡི།། རྐྱེན་གྱིས་མ་བསྒྲིམས་མེ་ནི་འབྱུང་བ་ལྟར།། དེ་བཞིན་བགེགས་ཀྱང་ལུས།། ་ལ་ཞུགས་གྱུར་ན།། འདོད་ཆགས་མེ་ཚོན་ཀུན་ཏུ་སྐྱེད་པར་བྱེད།། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས།། ཆུ་ནང་སྐྱེས་བུ་འཁྱུད་པའི་ཚེ་ན་འཛིན།། བཀྲེས་ཤིང་ལུས་ལ་སྙོམས་ཤིང་གཉིད ་ཀྱང་ཆེ།། དེ་བཞིན་ལུས་ལྕི་མཆོག་ཏུ་ཁྲོ་བར་འགྱུར།། དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས།། དེ་ནི་དྲི་དབུལ་བ་ན་ལུས་ལ་འཇུག། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས།། སྙོམས་ཤིང་བུད་མེད ་དག་ལ་ཆགས་པར་འགྱུར།། ནག་པོ་ལུས་ཆེས་ནི་བརྟོལ་ནས་སུ།། བདུག་པ་རབ་ཏུ་འབུལ་བའི་ཚེ་ན་འཇུག། འཇུངས་དང་གཡོ་སྒྱུ་བྱེད་ཅིང་མི་བསྲུན་ལ།། འདོད་ཆེན་ཆེ་ལ་རབ་གཏུམ་ཁུ་ཚུར་འཛག། ་མར་མེ་གཙུག་པུད་གཅིག་པ་བགེགས་བྱེད་དོ།། སྙིང་ཁར་ཆ་ཞིང་གཟེར་ཐབས་སེམས་ཉམས་བྱེད།། འགྲེང་བའི་ཚེ་ན་གཙུག་འབྱང་འཇུག་འགྱུར་ཏེ།། རིམས་དང་འཁྲུགས་སྐྱུགས་དྲག་པོས་འདེབས། ་པར་བྱེད།། མེ་ཏོག་འབུལ་ཚེ་མེ་ཏོག་ཚོར་བཀོད་པ།། རང་གི་གནས་སྐབས་རྙེད་ནས་ལུས་ལ་འཇུག། རིམས་དང་ཆམ་པ་ལུས་ཚིགས་ན་བ་དང་།། གྲོགས་པོ་དག་དང་རྣམ་པར་འབྲལ་བར་བྱེད།། ་བགེགས་ཀྱིས་བརླབས་པ་ཕྱོགས་ན་ལམ་མིན་ལམ་དུ་མཐོང་།། སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས།། གློ་བུར་སྨྲ་ཞིང་ཀློག་ལ་དོན་མེད་ཀུན་ཏུ་འཕྱར།། དོན་དུ་སྒྲུབ་པ་རྣམས་ལ ་སེམས་ཀྱང་ཡིད་གཉིས་བྱེད།། སེམས་ནི་ལོག་པར་ལྟ་བས་ནོན་པས་ན།། གསང་སྔགས་མེད་ཅིང་མཐོ་རིས་ལྷ་ཡང་མེད།། བསོད་ནམས་མེད་ཅིང་སྡིག་པ་ཅུང་ཟད་མེད།། ཐར་པ་མེད་ཅིང་འཆི་བའི།། ་རྒྱུ་ཡང་མེད།། སྐྱེ་བོ་དོན་མེད་ཚོན་མོངས་དཀའ་ཐུབ་ཅེས།། སྣ་ཚོགས་བཀྱིལ་པའི་ཚིག་འདི་རྟག་ཏུ་སྨྲ།། སེན་མོས་རྩཝ་གཅོད་བོང་རྡོ་འཇིག་པ་དང་།། མཚན་མོ་སོ་ཡང་ཁྲིག་ཁྲིག་འཆའ་བ་དང་།། བུ་མོ ་བདག་འདོད་ཁྱོ་ནི་མི་རྙེད་ཅིང་།། སྐྱེས་པ་བདག་འདོད་ཆུང་མ་གཞར་མི་རྙེད།། དགོས་པའི་དོན་མི་འགྲུབ་ཅིང་མི་དགོས་འགྲུབ།། གར་ཡང་འགྲོ་དགོས་གཉིད་མེད་མི་ཡང་བརླམ།། དེ་བཞིན་སྟག་གཟིག ་སེང་གེ་ཁྱི་དང་ཕག། བོང་བུ་རྔ་མོ་བྱི་ལ་ཤ་ཟ་ཝ།། བྱ་རྒོད་འུག་པ་སྐྱར་མོ་མིའུ་ཐུང་སྦྲུལ།། གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ།། ཁྲོན་སྐམཐོད་པ་རུས་གོང་ཕུང་པོ་དང་།། ལྕགས་དང་རྡོ་ལུང་མི་གཙང་ཁ ་རུལ་དང་།། ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་པ།། རྨི་ལམ་འདི་རྣམས་རྨིས་པའི་མི་ཡང་བརླམས།། བགེགས་དང་ལོག་འདྲེད་རྣམ་པར་གཞིག་པའི་ཕྱིར།། བདུད་རྩི་ཐབ་སྦྱོར་དྲག་ཤུལ་ལས་ཅན ་སྦྱར།། སྔགས་པ་དེ་ཡིས་གསང་སྔགས་ལ་མ་ཞུགས་པ།། བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོང་མི་ཚུགས།། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པ་འམ།། ལམ་གྱི་བཞི་མདོའམ་ཁང་སྩོ ་ནགས་ཚལ་དུ།། དཀྱིལ་འཁོར་གྲུ་བ་ནི་ལྷམ་པ་ཁྲུ་བ་ཞིའི་ཚད།། ཚོན་རྩི་རྣམ་པ་སྣ་ཚོགས་དག་གིས་བྲིས།། ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང་།། སྒོ་བཞི་པ་ལ་ཀུ་ཤའི་རྩཝ་ཡང་དགྲས། ་བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས།། འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིད།། བུམ་པ་པདྨ་དམར་པོའི་མདོག་འདྲ་བ།། དག་པོར་རི་མེད་ཅིང་རིན་ཆེན ་བཅས།། སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བ་ནི།། ལྡུམ་བུས་ཁ་བཀར་རས་ཀྱིས་མགུལ་པ་དཀྲི།། ལུས་དམར་པོ་དང་ཀི་ལི་ཀི་ལ་དང་།། འགྲོ་ལྡིང་བ་ལ་སོགས་པས་བརྒྱར་བཟླས་ཏེ།། དཀྱི ་འཁོར་ཁོར་ཡུག་ཏུ་ནི་གཞག་པར་བྱ།། དེ་ནས་བྱུག་སྤོས་བདུག་སྤོས་ལ་སོག་དབུལ།། བགེགས་ཀྱིས་བརླབས་པ་སང་ཤར་ཕྱོགས་ཁ་བ་སྨན་ཏེ།། དཀྱིལ་འཁོར་དབུས་སུ་བདེ་བའི་སྤྱན་ལ་གཞག། བཟླས་བརྗོད། ་བྱས་ཤིང་བུམ་པ་རེ་རེས་བཀྲུས།། འོན་ཀྱང་ལོག་འདྲེན་རྣམས་ལས་ཐར་པར་འགྱུར།། སྒྲུབ་པ་པོ་ཡི་མི་ནི་འབའ་ཞིག་ལ།། བགེགས་རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི།། རྒྱལ་པོའི་འཁོར ་དང་བུད་མེད་བུད་མེད་དང་།། བུ་མོ་དག་དང་རོལ་མོ་མཁན་རྣམས་དང་།། བུད་མེད་པ་ལ་དང་ཚོང་པ་རྣམས་ཀྱང་རུང་།། ཞིང་པ་རྣམས་དང་དབུལ་ཞིང་འཕོངས་པ་དང་།། གདོན་གྱིས་ཟིན་ཅིང་རིམས་ཀྱིས ་བཏབ་པ་དང་།། བུས་པའི་གདོན་དང་མེ་ཏོག་འབྲས་བུ་འཕྲོག། རྨི་ལམ་སྨྱོ་དང་སེམས་ནི་གཡེང་བ་དང་།། དུག་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད།། འཕགས་པ་དཔུང་བཟང་གིས་ཞུས ་ལེའུ་བ་ནི་པའོ།། ། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད།། དེ་བས་མི་ལ་གསང་སྔགས་འགྲུབ་མི་འགྱུར།། ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར།། དེ་བཞིན ་བགེགས་ལས་རྒོལ་བ་རྣམ་པར་གསལ།། དཔེར་ནས་མྱ་ངུས་རྣམས་བྲལ་བ་མ།། རྗོང་གནས་འབྲས་བུ་མ་སོག་ཏུ་གུ་མེད།། དེ་དང་མ་བྲལ་མྱུ་གུ་མོས་དང་།། རྫོ་བུ་དག་དང་མེ་ཏོག་འབྲས་བུ་སྟེ། ་ཉམས་ཤིང་ཡི་གེ་གུག་བྱེད་མེད།། མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས།། གུག་ཀྱེང་ཡི་གེ་ལྷག་པར་གྱུར་པ་ཡིས།། གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་ཏོ།། དཔེར་ད་བྱར་གྱི་དུས ་ན་ཆར་སྤྲིན་དག། སྐྱེ་བོའི་སྐལ་བཞིན་ཆར་པ་ལེགས་པར་འབེབས།། དེ་བཞིན་མི་ཡི་སྐལ་བ་གཟིགས་ནས་ནི།། འདོད་པ་བཞིན་དུ་གསང་སྔགས་དངོས་གྲུབ་སྩོལ།། ཡུལ་དང་དུས་དང་ཆོ་ག་ལས ་རྣམས་དང་།། སྡིག་པ་འབྱང་ཞིང་བསོད་ནམས་བསགས་པ་དང་།། གུས་དང་བཟླས་བརྗོད་ཀུན་ལ་གཟིགས་ནས་ནི།། དེ་དག་གསང་སྔགས་འབྲས་བུ་རྣམ་པར་སྩོལ།། ཇི་ཙམ་སྡིག་པ་མང་པོས ་རབ་གང་ཞིང་།། ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་།། ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པས།། དེ་སྲིད་སྔགས་པས་དངོས་གྲུབ་མི་འཐོབ་བོ།། ཆོ་ག་ཉམས་སམ་བར་ཆད་སྔག ་གཞན་བཟླས།། བཟླས་པ་བཏང་ངམ་གན་ལ་བྱིན་གྱུར་ན།། དུས་གསུམ་མཆོད་པ་ལ་ནི་བརྩོད་བྱས་ནས།། སླར་ཡང་འབུམ་བཟླས་བསྒྲུབ་ལ་འཇུག་པར་བྱ།། སྟོང་ཕྲག་བཅུ་འམ་བརྒྱད་དམ་བདུན ་ནམ་པ་ནི།། བརྫས་མཐར་དེ་ལ་མར་གྱི་སྦྱིན་སྲེག་བྱ།། ཡང་ནམ་གྲུགས་ནས་སམ་ཏིལ་ནག་གམ།། ཡུངས་ཀར་མར་དང་བསྲེས་པའི་སྒྱིད་སྲེག་བྱ།། འཛམ་བུམ་དུ་པྲག་ཤ་པ་ལ་ཤ ་ཨུ་དུམ་སེང་ལྡེང་ཨ་ཤྭད་ཨ་བ་མར།། ཨརྒ་ཨ་ཤོ་ཀ་དང་ར་རྫ་ཀ་ནྱ་གྲོ་བིལ་བ་ཨ་མྲ་ཤའི་མེ་ཡི།། ཡམ་ཤིང་གཞོན་ནུ་སོར་ནི་བཅུ་གཉིས་པ།། བཙལ་ནས་ནོ་མར་སྦྲང་། ་རྩིལ་བཏགས་ནས།། རྟག་ཏུ་མེ་ལ་སྦྱིན་སྲེག་བྱ་བར་བྱ།། དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་འཐོབ།། གཞན་གྱི་གསང་སྔགས་ཀྱིས་ཀྱང་གསང་སྔགས་གང་།། བཅད་དམ་བཅིངས་སམ ་མནན་པར་གྱུར་ཀྱང་རུང་།། དེ་ཡི་གཟུགས་བརླན་ས་ལས་བྱས་ནས་སུ།། ང་ཡི་ཞབས་དྲུང་མངོན་དུ་ཕྱོགས་བཞག་སྟེ།། སྔགས་པས་ཀི་ལི་ཀི་ལི་སོགས་སྙིང་པོས།། མར་དང་འོ་མས་དེ་ཡིས ་གཟུགས་བརྙན་བཀྲུ།། དེ་ལྟར་ནག་བདུན་བྱས་པས་གསང་སྔགས་དག། བཅིངས་པ་དང་ནི་མ་དད་ལས་གྲོལ་བར་འགྱུར།། མཆོད་པ་ལ་སོགས་ཆོ་གར་ལྡན་ཡང་ནི།། ཅི་སྟེ་གསང་སྔགས་འབྲས་བུ་མི ་སྟེར་ན།། དེ་ཡི་གཟུགས་དུག་སྐེ་ཆེས་བྱུགས་ནས་སུ།། ཀི་ལི་ཀི་ལི་འགྲོ་ལྡིང་ལ་སོགས་པས།། སྔགས་ཀྱིས་དེ་ལ་ཡུངས་མར་རཱ་སྦྱར་བས།། ཞག་བདུན་དུས་གསུམ་སྦྱིན་སྲེག་ལས་བྱས་ན།། གས ་སྔགས་འོངས་ནས་རྨིལ་མ་དག་ཏུ་དི།། ཆོ་ག་ཉམས་པའམ་ཡི་གེ་ལྷག་ཆང་མྱོད།། སྡོད་དེ་གསང་སྔགས་ལུགས་འཕང་བ་སྲུར་མོད་ཀྱི།། ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་ལྟར། ཀ། སྔགས་ཀྱིས་གནན ་གྱིས་གསང་སྔགས་མི་གནོད་ཅིང་།། བཅིང་དང་གཅད་པ་ནམ་ཡང་མི་བྱེད་དོ།། དཔེར་ན་བྱམས་པའི་མི་ཡིས་མི་གཞར་ལ།། ཆེ་གེ་མོ་ཡི་ཁྱིམ་འདིར་བྱིན་ཆད་ཁྱོད།། བལྟ་བའི་ཕྱིར་ཡང་འགྲོ་བར་མི ་བྱའོ་ཞེས།། རིགས་པའི་ཚིག་གིས་རྣམ་པར་བསྟན་པ་དང་།། དེས་ཀྱང་དེ་མི་ཚིག་དེ་མཉན་ནས་སུ།། ཁྱིམ་དུ་སྨྲ་དང་བལྟ་ཕྱིར་མི་འགྲོ་བའི།། དེ་བཞིན་གསང་སྔགས་གང་ཡང་རུང་བའི་སྔགས། ་བཟླས་པས་གཞན་གྱི་གསང་སྔགས་མནད་མི་བྱ།། གསང་སྔགས་གཅད་དང་བཅིང་བ་མི་བྱ་ཞིང་།། ཡི་གེ་ལྕུག་ཆད་གསང་སྔགས་མི་སྦྱིན་ནོ།། ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ།། གནས ་རྣམས་གཟིར་བ་ནམ་ཡང་མི་བྱའོ།། དབབ་དང་བཅིང་དང་བརྡེག་དང་རྨོངས་བྱ་དང་།། ཡན་ལག་མི་གཞིག་རིགས་ཀྱང་མི་བརླག་ཅིང་།། སྔགས་པས་ཀླུ་དང་གོ་དོན་ལ་སོགས་པ་རྣམས།། གཞན་དུ ་བསྐྲད་པ་ནམ་ཡང་མི་བྱའོ།། དགར་དང་བསྐྲད་པ་དང་ནི་གསད་པ་དང་།། བྱིས་པ་གདོན་གྱིས་ཟིན་པ་མི་གསོ་ཞིང་།། རྒྱ་མོ་ས་མདའ་སྙི་དང་མཛེལ་བུ་ཡིས།། སེམས་ཅན་གནོད་པ་ནམ་ཡང་མི་བྱའོ།། ། ་དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ།། སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས།། བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི།། ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ།། ་གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཤེས་ཟེར།། གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད།། གཞན་ནི་རྫས་དང་ས་གཞི་སྒྲ་དང་སྔགས།། ཁ་ཅིག་སེམས་སྟོབས་ཡིན་ཞེས ་རྣམ་པར་སྨྲ།། བསྒྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དང་ལྡན།། དེ་བཞིན་པ་ནི་དང་གསུམ་དང་གཅིག་ཉིད་ཅེས།། སྔགས་རིག་རང་རང་བློ་ཡིས་རྣམ་པར་འཆད།། སངས་རྒྱས་རྒྱུད་ལ་ཆོ་ག་གཉིས ་#ཀྱིས་འགྲུབ།། སྒྲུབ་པ་གང་ཞིག་རང་གི་ཡོན་ཏན་རྫོགས།། བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང་།། གཞན་གྱིས་རྙེད་པ་དག་ལ་ཕྲག་དོག་མེད།། འདོད་ལ་མ་ཆགས ་ལུས་ཀྱི་ཉོན་མོངས་བཟོད།། གུག་ཀྱང་ཀྲང་ཀོར་ཚང་བ་ཟུར་ཕྱིན་ལ།། གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས།། སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡིས།། གནས་སུ ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ།། ཇི་ལྟར་རི་དགས་དབང་པོ་བཀྲེས་པ་དག། མཐུ་སྟོབས་ཆེན་པོས་གླང་ཆེར་གསོད་པ་དང་།། དེ་བཞིན་སྤྱང་ཀི་ཕག་དང་རི་དགས་དག་ཝ་རྣམས་ཀྱང་ནི་མྱུར་དུ ་གསོད་པ་ལྟར།། དེ་བཞིན་སྔགས་པ་སེང་གེའི་ཚུལ་གྱིས་སུ།། རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ།། བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང་།། འབད་པའི་མཆོག་རྣམས་ཀྱིས་ཀྱང་།། ་བསྟེན་པར་བྱ།། རྫ་རྔའི་སྒྲ་དང་དུང་རྔའི་སྒྲ་དང་ནི།། ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང་།། གད་རྒྱངས་སྤྱུགས་གླུ་དག་དང་གླུ་གར་དང་།། གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་སྒྲ། ཁྱ་བྲན་སྣ་ཚོགས་སྒྲ ་དང་ཆུ་སྒྲ་དང་།། བུད་མེད་རྒྱད་ཀྱི་སིལ་ཁྲོལ་སྒྲ་རྣམས་དང་།། ཤ་སྦྲང་ཚ་གྲང་རླུང་གིས་གདོད་པ་ཡི།། མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད།། བཟླས་བརྗོད་བྱེད་རོ་མི་མྱུར་མི་དལ་ཞིང་།། སྒྲ་ཆེར་མི་འགྱུ ་ཧ་ཅང་ཆུང་བའང་མེད།། སྨྲ་བཞིན་མ་ཡིན་གནད་དུ་གཡེངས་བཞིན་མིར།། གུག་ཀྱང་ཀླད་ཀོར་ཚིག་རྣམས་རྣམས་པར་མིན།། ཇི་ལྟར་ཆུ་ཀླུང་ཉིད་མཚན་རྟག་ཏུ་ནི།། རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྷ་དདེ། ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས།། བསོད་ནམས་ལུས་ཅད་ལ་ནི་འཕེལ་བར་འགྱུར།། ལེ་ལོ་འདོད་ཆགས་མི་དགེར་ལྡན་པའི་སེམས།། གང་ནས་གང་དུ་གཡེང་ནིང་རྒྱུ་བ་དག ་དང་དེ་ནས་མྱུར་དུ་བཟློག་ནས་ནི།། གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར།། སྣ་རྩེར་ལྷ་ཞིང་རྣམ་པར་རྟོག་པ་སྤོང་།། རང་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ།། དེ་ཚེ་དམིགས་ལ་གནས ་པ་ཐོབ་པ་སྟེ།། སེམས་ནི་ལས་སུ་རུང་བར་འགྱུར་བ་ངེས།། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི།། ཡིད་ལས་འབྱུང་བའི་དགའ་བ་རབ་ཏུ་སྐྱོ།། དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་འཐོབ། ་ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར།། ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས།། དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་འགྱུར།། ཚེ་རབས་གཞན་དུ་གང་དང་གང་བྱས་པའི།། སྡིག་པ ་མ་ལུས་བཟླས་བརྗོད་བྱས་པས་འབྱུང་།། བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ན།། དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར།། དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས།། ཆོས་འདི་ཀུན་གྱི་ཆ ་བ་སེམས་ཞེས་གསུངས།། སེམས་ནི་དང་བས་ལྷ་མིའི་བདེ་བ་དང་།། མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར།། སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང་།། སེམས་དམྱལ་བསད་ཅིང་མི་སྡུག་དབུལ ་བོར་འགྱུར།། སེམས་ནི་རབ་ཏུ་དང་བར་འགྱུར་བའི་མིས།། ས་ཆུ་མེ་རླུང་སྐྱེ་རྒན་འཆི་སོགས།། བར་དང་ཐ་མར་གནོད་པ་ཀུན་བྲལ་བ།། རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར།། གསང་སྔགས་དངོས ་ཀུན་ཀུན་དང་ཐུན་མོང་དང་།། བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ།། ཉོན་མོངས་དུག་བཅས་རྣམ་པར་འཇིག་པར་འགྱུར།། དང་བའི་སེམས་ཀྱིས་ཐོབ་པར་འགྱུར་བ ་ཡིན་ན་འདོད་རྒྱལ་ལས་ལས་མ་བྱུང་དུས་ལས་མིད།། རང་བཞིན་དབང་ཕྱུག་ལས་ཀྱང་འབྱུང་བ་མིད།། རྒྱུ་མེད་ཅན་མིད་སྐྱེས་བུས་མ་བྱས་ཀྱང་།། ལས་དང་ཁྲོད་མོངས་པ་ལས་སེམས་ཅན་འབྱུང་།། ་གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན།། དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན།། གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ།། གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས།། ་གཟུགས་ནི་དབུ་པ་དག་དང་འདྲ་བ་སྟེ།། ཚེར་བ་ཆུ་བུར་བཞིན་དུ་རྟག་པ་མེད།། དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིད།། གང་ནིག་གནད་གྱུར་དེ་རི་ལྟ་ངན་གསུང་།། དེ་ལྟར་ཟློས་པའི་གསང་སྔགས་ཉེར་གྱུར ་ནད། མཚན་མོ་ཉལ་ན་རྨི་ལམ་འདི་དག་མཐོང་།། ཁང་བཟང་ལྗོན་ཤིང་རྒྱལ་མཚར་སེང་གེ་རྦ།། རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་ཐུ།། སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ།། རྨི་ལམ་ན་ནི་དགའ་བས ་ཞོན་པ་དང་།། མེ་ཏོག་འཕྲེང་བ་སྤོས་དང་དྲི་རྣམས་དང་།། ཤ་ཆང་ཞྭ་དང་འབྲས་བུ་གླེགས་བམ་དང་།། ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་།། ཤིང་རྟ་གང་བ་འམ་པ་གནོད་བེརུ་ཕྲུག་ཅན། ་གདུགས་དཀར་རྔ་ཡབ་ལྷམ་དང་རལ་གྲི་དང་།། བསིལ་ཡབ་གསེར་ཡུ་ཅད་དང་འགྲེང་བ་དང་།། ནོར་བུ་མུ་ཏིག་ཎ་ཕྱིས་དུང་དང་དངུལ།། བུད་མེད་གཟུགས་བཟང་ཡིད་འོང་བུ་མོ་དང་།། རིན་ཆེན ་ཚོགས་རྣམས་ཀྱིས་སྦས་པའི་རྒྱད།། མལ་སྙན་དཀར་པོ་བཏིང་བ་རྙེད་པ་དང་།། ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང་།། འབབ་ཆུའམ་རྒྱ་མཚོ་དང་ནི་རྫིང་བུ་དང་།། ལུ་མ་ལ་ནི་འཐུང་ངམ་རྒྱལ་རྨི་དང་།། དེ་བཞིན། ་ཁྲག་གིས་ལུས་ཁྲུས་བྱེད་པའམ།། ལྷ་ཁང་མཆོད་རྟེན་འདུག་ནས་རྒྱལ་བའི་གཟུགས།། བྱང་ཆུབ་སེམས་དཔའ་མཆོག་དང་རང་སངས་རྒྱས།། ཟག་མེད་དགེ་འདུད་དགེ་སློང་དགེ་སློང་བ།། དགེ ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་།། མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་།། མེ་དང་མི་མཆོག་ཕྱུག་ཅིང་འབྱོར་དང་བུ།། ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིད་དང་།། གྲུབ་པའི་ལྷང ་ད་ཆུང་ཚོགས་རྣམས་དང་།། ཇི་སྙེད་ཉི་མ་ཟླ་བ་ཟ་བ་དང་།། ས་ཡི་རང་འགྲོ་ས་བོད་འཐུང་བ་དང་།། མེ་ལ་རྫི་ཞིང་ཤ་དི་ཟ་བ་དང་།། ལུས་ཀྱི་རང་ནས་བུད་མེད་ཞུགས་པ་མཐོང་།། རྨི་ལམ་བཟང་པོ་འདི ་དག་མཐོང་བ་གང་།། དེ་དག་རིང་པོར་མི་ཐོགས་གྲུབ་པར་འགྱུར།། ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་།། སྐད་ཅིག་གིས་ནི་ཕྱི་ཕྱིར་ཉེ་བར་འགྱུར།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་ལྔ། ་པའོ།། ། དངོས་གྲུབ་ཉེར་ཟློས་ལ་དགའ་བ་དང་།། སེམས་ནི་ནམ་ཡང་སྡིག་ལ་དགའ་མི་འགྱུར།། བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་ཡི།། སྡུག་བསྔལ་དྲག་པོས་ཉེད་ཀྱང་། ་གཡོ་མི་འགྱུར།། སྦྲང་བུ་ཤ་སྣང་སྲིད་བུ་གྲོག་སྲུར་དང་།། སྡིག་སྦྲུལ་རྐང་བརྒྱ་པ་དང་སྦྲུལ་དང་དྲེད།། ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་དག་གི། ལུས་དང་གྲིབ་པ་ལ་ནི་མི་འགང་ངོ་།། ཚིག་ནི་གཟུང་བར་འོས ་ཤིང་ཡིད་གཞུངས་ལ།། སྨད་དངགས་དང་ནི་དྲི་བ་རྣམས་ལ་མཁས།། ཆོས་ལ་མངོན་དགའ་རྐྱེན་རྣམས་མཐོང་བ་དང་།། ལུས་ཀྱི་ནད་དང་དྲི་མི་མེད་པར་འགྱུར།། སྐྱེ་བོས ་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་།། མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར།། བུད་མེད་འདོད་ལྷའི་མདངས་འཕྲོག་པ་རྣམས་ཀྱིས།། འདོད་ལྷའི་ལོངས་སྤྱོད་ཕྱིར་ནི་འབོད་པར་འགྱུར།། གང་རོ། ་མཁས་པས་ལྷ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་ཡི་བུ་མོའི་གཟུགས་དང་སྒྲ།། མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་ན།། དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན།། ལུས་རེ་དྲི་མེད་དག་པར་རིག་པ་དང་།། གསོ ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས།། ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི།། ཁ་ཟས་སྤང་ཞིང་སྤྱང་པར་གནས་པ་ཡིས།། ཉིན་ཞག་དེ་དག་འདས་པར་བྱས་ནས་སུ།། རང་གི་འབྱོར་ཕྱིར་བསྒྲུབ་ལ་འཇུག ་པར་བྱ།། གསུང་དེ་དཔུང་བཟང་གིས་ཐོས་སླར་གསོལ་པ།། ཟས་ཀྱིས་མི་འདག་ཅེས་སྔར་གསུངས་པ་དང་།། མཆོད་འོས་ཁྱོད་ཀྱིས་ལུས་དག་བགྱི་ཕྱིར་ཡང་།། ཅི་སླད་སྤྱང་བ་མི་བཟད་བགྱི་བར་གསུང་།། ། ་སྲིད་པའི་མཐར་ཕྱིར་བདེ་བར་གཤེགས་པ་ཡིས།། ཤིང་རྟའི་མིག་བསྐུའི་བཟའ་བའང་ཅི་ཕྱིར་གསུངས།། རྡོ་རྗེ་ཅན་གྱིས་དཔུང་བཟང་ཚིག་གསན་ནས།། འབྲུག་སྒྲ་ཟབ་འདྲའི་གསུང་གིས་བཀའ ་སྲུལ་པ།། བུ་གཅིག་ལུས་དག་བྱ་ཕྱིར་སྤྱང་བྱ་བར།། བདེ་གཤེགས་འདིར་རམ་ཡང་མི་གསུང་ཡང་།། ལུས་འདི་མི་གཙང་བགས་པ་ཤ་ཁྲག་རྐང་།། ཀླད་རྒྱས་རྒྱུ་མ་མཆེར་མཆིན་མཁལ་མ་ཞག་། མཁྲིས་པ ་བད་ཀན་ཁུ་ཆུ་བྱིས་དང་།། གཅིན་སྔབས་པ་སྤུ་སྐྲ་དང་རུས་པ་དང་།། མིག་དང་རྣབ་སྣ་དང་ཁ་དང་རི།། བཤང་སྒོ་མཚན་དང་བུག་དགུ་པོ་ཡི།། རྨནས་དྲི་མ་སྣ་ཚོགས་མི་གཙང་བ།། འཛག་པའི་རྒྱུད་ནི་ནག་ཏུ། ་འབྱུང་བ་ཡིན།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་།། ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན།། ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས།། ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་མི ་བཤང་གཅི་སྣབས་དང་མཆིལ་མ་བད་ཀན་དང་།། འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས།། དྲི་མ་ཟད་ནས་མི་ཡི་ལུས་དག་ཏུ།། རང་གི་འབྱོར་ཕྱིར་བསྒྲུབ་ལ་བདེ་བར་འཇུག། འདོད་ཆགས་ཀྱིས ་ནི་གདུངས་པར་གྱུར་ན་ཡང་།། ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ།། དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི།། ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག། དེ་ལྟར་གང་གིས་ངེས་པར་བརྟགས་པ་ན།། ་ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི།། འདོད་ཆགས་རྩད་ནས་ཡོང་ཡེ་ནི་འགྱུར་ཏེ།། ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན།། ཕན་ཡོད་དེ་ཡིས་གསང་སྔགས་ཉེ་བསྙེན་ནས།། རང་གི ་ལུས་ལ་ཉེ་བར་རིག་པ་དང་།། ཡར་གྱི་ཚེས་བརྒྱད་དང་ནི་བཅུ་པ་ནི་འམ།། ཡང་ན་བཅོ་ལྔ་ལ་ནི་བཟླས་བརྗོད་བྱ།། ལྷ་ཡི་གནས་ཀྱིས་དག་བསྐུར་བའི་ཕྱིར།། ས་དང་ལྕི་བསྲེས་པ་ལ་སོགས་པས་བྱུག ་དད་པས་བདེ་གཤེགས་ཀུན་ལ་འཕྲེང་བ་དང་།། ལྷ་བཤོས་མེ་ཏོག་དྲི་དང་མར་མེས་མཆོད།། དེ་ནས་རྡོ་རྗེ་འཛིན་པ་ང་ལ་མཆོད།། དེ་ནས་རང་སྔགས་ལྷ་ལ་དབུལ་བར་བྱ།། བསྟོད་འོས་སངས་རྒྱས ་རྣམས་ལའང་བསྟོད་ནས་སུ།། ཕྱིར་ཞིང་བྱང་ཆུབ་སེམས་ཀྱང་དྲན་བྱས་ཏེ།། སེམས་ཅན་སྐྱེ་རྒན་འཆིས་གཟིར་བ་ལ།། ཇི་ལྟར་རིགས་པར་སྙིང་རྗེའང་བསྒོམ་པར་བྱ།། འདུས་ཆེན་མདེ ་སྡེ་བཀླག་པ་འམ་བཀྲ་ཤིས་ཀྱི།། ཚིགས་སུ་བཅད་པའམ་ཆོས་ཀྱི་འཁོར་ལོ་མཆོག། དེ་བཞིན་གཤེགས་པའི་གསང་བའམ་སྒྲོན་མ་ཆེ།། གང་ཡང་རུང་བ་གཅིག་ནི་རིམ་བཞིན་བཀླག། དེ་ནས་བླ་འོག ་ཕྱོགས་རྣམས་བཅིངས་ནས་སུ།། ལུས་ལ་གོ་ཆ་བགོ་བར་བྱས་ནས་ནི།། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས།། གཅིག་ཅིག་ཚོན་རྩི་རྣམས་ཀྱིས་བྲི་བར་བྱ།། རྡོ་རྗེ་མེ་ཆུ་རླུང་དང་མདུང་ཐུང ་དག་རིམ་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ།། ར་བར་བྲིས་ལ་ལྷ་དང་ལྷ་མིན་དང་།། སྡང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར།། སེང་གེའི་གདན་གྱིས་མངོན་པར་བསྔགས་པའི་སྤྱན།། ་དེ་ནི་དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། བདག་ཉིད་བསྲུང་བ་བྱས་ཏེ་དེར་འདུག་ནས།། རྫས་བླངས་ཉུང་ངུ་བཟླས་བརྗོད་བྱས་ནས་ནི།། བདུག་པའི་སྦྱིན་སྲེག་སྦྱོང་ཡང་སྦྱིན་སྲེག་བྱ།། དེ་ནས་དེ་ནི་དྲི་ཆུས ་བཀྲུས་ནས་སུ།། བགེགས་མང་རྣམས་ཀྱང་རབ་ཏུ་བསལ་བྱས་ནས།། བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་གཞག། བཞི་ཡིས་བཀབ་ནས་ཇི་སྲིད་གྲུབ་པ་ནི།། རྣམ་གསུམ་མཐོང་གི་བར་དུ་གསང ་སྔགས་བཟླས།། དྲོད་དང་དུད་འཕྲུལ་མེ་བཞིན་འབར་བ་འམ།། རིམ་བཞིན་བློ་གནས་འབྱུང་ནའང་གྲུབ་པར་གསུངས།། དྲོ་བས་འགྲོ་བ་ཐམས་ཅད་དབང་གྱུར་ཏེ།། དུད་པ་འཐུལ་བས་ལུས་ནི་མི་སྣང ་འགྱུར།། འབར་བས་མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ།། མི་ཡི་ལུས་རི་ལྷ་ལྷར་གསལ་བར་འགྱུར།། ཇི་ལྟར་ལུས་ལ་གྲང་བ་འཇུག་པ་དང་།། ཇི་ལྟར་མངལ་དུ་དྲི་ཟ་འཇུག་པ་དང་།། ཉི་ཟེར་མེ་ཤེལ་ཞུགས ་ནས་མེ་འབྱུང་ལྟར།། དེ་བཞིན་དངོས་གྲུབ་ལུས་ལ་འཇུག་པར་འགྱུར།། མར་མེ་མཆེད་ཅིང་ཤིན་ཏུ་འབར་བ་དག། སུམ་ཞིང་དཀྱུས་རིང་གསེར་གྱི་མདོག་ལྟར་དང་།། འབྲུ་མར་ཟད་ཀྱང་འབར་བར་གྱུར་དནི། ་དེ་ཚེ་སྔགས་པས་དངོས་གྲུབ་ཐོབ་འགྱུར་ཏེ།། དེ་དག་རྫས་ལས་བྱུང་བའི་དངོས་གྲུབ་བོ།། མིས་ནི་རི་མོའི་སྐུ་གཟུགས་འགུལ་བ་འམ།། འཕྲེང་བ་སྨིན་མ་མིག་དང་རྔ་ཡབ་བམ།། གལ་ཏ་རྒྱན ་རྣམས་གཡོ་བར་གྱུར་པ་འམ།། མཁའ་ལས་མེ་ཏོག་ཆར་རམ་རྫི་ཆར་འབག། ས་ནི་མྱུར་དུ་གཡོ་བར་གྱུར་པ་འམ།། ལུས་མི་སྣང་བར་མཁའ་ལས་ཚིག་ཏུ་ནི། བུ་གཅིག་དམ་པ་ཅི་འདོད ་སློངས་ཤིག་ཅེའམ།། ལྷ་ཡི་རྔ་སྒྲའམ་ལུས་ཀྱི་བ་སྤུ་ལྡང་།། རྒྱན་གྱི་ཆར་ཆེན་རབ་ཏུ་འབབ་པ་འམ།། ཅི་སྟེ་མཁའ་ལ་ལྷ་དང་ལྷ་མིན་དང་།། གསང་སྔགས་གཟུགས་ནི་མངོན་དུ་མཐོང་ར ་འགྲུབ།། མ་ཉམས་མེ་ཏོག་དབྱིག་དང་ཆུབསྲེས་ཤིང་།། བསྟོད་དང་བཅས་པར་མཆོད་ཡོན་རྒྱུད་སྦྲེངས་ནས།། རྩེ་གཅིག་སེམས་ཀྱིས་མགོ་བཏུད་ཕྱག་བྱས་ཏེ།། དད་དང་འབད་པའི་རྗེས་མཐུན་མཆོག ་བླང་ངོ་།། མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ།། དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ།། གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ།། གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིད་དོ།། ་གང་ཞིག་སེམས་སྟོབས་མཆོག་ཏུ་ལྡན་པ་དེ།། འདིར་ནི་འཇིགས་དང་བཅས་པའི་ལས་བྱའོ།། སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས།། གླགས་མཐོང་ནས་ནི་ཕུང་བར་འགྱུར། ་དཔའ་བོ་གོ་བགོས་མཚོན་ཆའི་ཐབས་མཁས་པ།། ཆས་པའི་གླང་ཆེན་མཆོག་ཞོན་གཞུ་ཐོགས་ནས།། མདའ་འཕེན་མཐུ་དང་ལྡན་པ་གཅིག་པུས་ཀྱང་།། དགྲ་ཡི་ཚོགས་ཀུན་ལས་ནི་རྒྱལ་བར ་ནུས།། དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱིས།། གོ་བགོས་ལེགས་བསྲུངས་གླང་ཆེན་ཞོན་ནས་སུ།། གསང་སྔགས་གཞུ་ཐོགས་བཟླས་བརྗོད་མདའ་འཕེན་པས།། འབྱུང་པོ ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ།། སྒུར་པོའམ་ཡན་ལག་ལྷག་ཆད་ཐུང་ངུ་དང་།། དེ་བཞིན་རིང་པོའམ་ཡང་ན་སྦོམ་པོ་འམ།། སྨད་པའི་མངལ་ལས་སྐྱེས་པའམ་མ་ནིང་ངམ།། རྣམ་པ་དེ ་འདྲའི་རོ་དག་སྤང་བར་བྱའོ།། མ་ནུ་བ་དང་རིམས་དྲག་ཚད་བ་དང་།། འཁྲུ་སྐྱུག་བཅིངས་དང་ཆུ་དང་གསལ་ཤིང་དང་།། སྦྲུལ་གྱིས་བསད་དམ་དུག་གི་སོ་ཤི་བ་འམ།། བད་ཀན་རླུང་སོགས་མཐོང ་མིན་བསད་པ་ལ།། ཡན་ལག་ཚང་ཞིང་ཁ་སྣ་མ་སྨད་པ།། ལུས་ལ་རྨ་མེད་སྐྱེས་པའི་རོ་མཐོང་ནས།། རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས།། ཉིད་པར་ཐོག་ཐག་ཏུ་ནི་བསྲུང་བར་བྱ།། དུར་ཁྲོད་ཁང ་སྟོང་དང་ནི་ཤིང་གཅིག་དང་།། བཞི་མདོའམ་འབབ་ཆུ་དག་གི་ཆུ་ཀླུང་ངམ།། མཚོ་འམ་རྒྱ་མཚོ་འམ་ནི་རི་བོ་ལ།། སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར།། གང་ཡང་རུང་བའི་གནས ་གཅིག་བརྟགས་ནས་ནི།། ས་དང་ལྕི་བ་ལ་སོགས་བྱུག་པར་བྱ།། གཙང་མ་དེར་ནི་དཀར་ནག་དམར་པོ་འམ།། ཚོན་རྩི་སྣ་ཚོགས་རྣམས་ཀྱིས་དམ་ཚིག་བྲི།། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས། ་ལས། སེམས་ནས་འདོད་པར་གང་ཡང་རུང་བ་ཞིག། དད་པ་ཆེན་པོས་རིགས་ཀྱི་ཡུལ་གྱི་མཆོག། ཟློས་ཤིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ།། འཇིགས་པ་མེད་པའི་གཡོག་གིས་དེ་བླངས ་ནས། ཁྱེར་ཏེ་འོངས་ནས་ཀུ་ཤའི་སྟེང་བཞག་སྟེ།། སྐྲ་དང་ཁ་སྤུ་རྣམས་ཀྱང་བྲེགས་བྱས་ནས།། དེ་ཡི་མོད་ལ་འབྲུ་མར་དག་གིས་བསྐུ།། དེ་ནས་བུམ་པ་ཞབས་མི་གནག་པ་བཞི།། ་གཙང་མའི་ཆུས་བཀང་ཁྲུས་རྩིས་སྦྱར་ཏེ་བཀྲུ།། དེ་ནས་གོས་གསར་ཕྲུགས་གཅིག་བསྐོན་ནས་སུ།། དེ་ནས་དཀྱིལ་འཁོར་དབུས་སུ་རྩཝ་སྙན་དང་།། མ་ཉམས་མེ་ཏོག་སྟེང་དུ་རོ་གཞག་ཅིང་། ་རོ་ཡི་མགོ་བོ་ཤར་རམ་བྱང་དུ་བསྟན།། དྲི་ཡིས་བྱུག་ཅིང་བདུག་པ་ས་བདུག་པར་བྱའོ།། འཕྲེང་བ་གདགས་ཤིང་མེ་ཏོག་སིལ་མས་གཏོར།། ཤ་དང་ཉ་ཤ་མར་ཁུ་ཏིལ་བསྲེས་པའི།། འཁུར ་པ་ལ་སོགས་ཇི་སྙེད་བུངས་བསྐྱེད་དེ།། འབྱུང་པོ་ཀླུ་དང་ཤ་ཟ་གནོད་སྦྱིན་དང་།། འདྲེལ་བླ་འོག་ཕྱོགས་སུ་སྦྱིན་པར་བྱ།། གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱ་སྟེ།། རྩེ་གཅིག་སེམས་ཀྱིས ་གསང་སྔགས་བཟླས་བརྗོད་བྱ།། རོ་ནི་ལྡང་དུ་ཉེ་བའི་ཚེ་ན་ནི།། འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང་།། གཙུག་ཏོར་རྒྱལ་པོའི་སྔགས་ཀྱིས་ཐལ་བའམ།། མ་གྲུགས་ཡུངས་ཀར ་#སོགས་ལ་བསྔགས་ནས་སུ།། གཏོར་ན་ཕྱོགས་བཞི་དག་ནས་འོངས་པའི་བགེགས།། གསང་སྔགས་མཐུ་ཡིས་དེ་དག་འབྱེར་བར་འགྱུར།། དེ་དག་ཞི་བར་བྱ་ཕྱིར་ཁྲོ་བོ་ནི། ་བདུད་རྩི་ཐབ་སྦྱོར་དྲག་ཤུལ་ལས་ཅན་སྦྱར།། བགེགས་རྣམས་བཅོམ་པས་དེ་ནས་རོ་དེ་ཡང་།། གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར།། གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས།། ་མཐོང་བ་དེ་ནི་དོགས་མེད་ངེས་པར་འགྲུབ།། གལ་ཏེ་རོ་དེ་ལངས་པར་གྱུར་པ་ལས།། དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ནའང་།། གསང་སྔགས་གཞན་དུ་བསྟན་པའི་ཆོ་ག་ཡིས།། ལངས་པ་དེ་ལ ་རང་གིས་དངོས་གྲུབ་བླང་།། གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང་།། རལ་བྲི་ཨཉྫ་བཞོན་པ་མངག་གཞུག་དང་།། འབྱུང་ཁུངས་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། མཁའ་ལ་འགྲོ་བའི ་དངོས་གྲུབ་རབ་ཏུ་སྟེར།། སྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང་།། དཀའ་ཐུབ་སྟོབས་མེད་སེམས་སྟོབས་མེད་པ་ཡི།། བློ་ནན་གང་ཞིག་རོ་ལ་ངས་དངོས་གྲུབ་ཚོལ།། དེ་ནི་མཚན་མོ་རྒྱུ་བཛྲ། ་ཀྱིས་བསད།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དྲུག་པའོ།། ། མི་གང་མི་ཡི་ཤ་ནི་འཚོང་འདོད་དེས།། མར་གྱི་རོལ་དུར་ཁྲོད་སོང་ནས་སུ།། ཤིང་རྡོ་མཆེད་དང ་དུག་དང་དབྱུག་ཏོ་སྨན།། བགེགས་ལ་སོགས་པས་ཤི་བར་གྱུར་པ་ཡི།། བྱིན་པའམ་བརླ་དང་མགོ་དང་སྐེ་དག་དང་།། འཇིགས་པ་མེད་པས་མཚན་མོ་བླངས་ནས་སུ།། གཏུབས་ཏེ་སྐོན་བུའམ་གྱོ་དུམ ་གསར་པ་འམ།། གཙང་མ་དེར་ནི་མི་ཉུང་གཞན་པར་བྱ།། ལུས་ལ་ཁྲག་གིས་ལག་རྗེས་བྲིས་ནས་སུ།། རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ།། ལུས་ལ་མི་ལྤགས་གསར་པ་བགོས་ནས་ཀྱང་།། ལག ་གཡོན་ཤས་བཀང་གྱོ་མོ་དེ་ཐོགས་ནས།། ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས།། རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང་།། སྒྲ་ཆེར་འབོད་ཅིང་ཚིག་ཏུ་ཤ་འདི་དག། ཁྱེད་ཅག་སུ ་ཞིག་ཉོ་བར་བྱེད་འདོད་ཅེས།། ཤར་དང་བྱང་དང་ལྷོ་དང་ནུབ་ཕྱོགས་སུ།། མྱུར་དུ་བསྐོར་ཞིང་ཤིན་ཏུ་བརྗོད་པར་བྱ།། ཅི་སྟེ་ལུས་ནི་སྣང་ངམ་མི་སྣང་བར།། ཚིག་གིས་ཁྱོད་ནི་ནོར་རམ་རིག་པའམ།། ་བཅུད་ཀྱིས་ལེན་པའམ་གྲོང་ངམ་རྒྱལ་སྲིད་དམ།། ཕུག་ཏུ་འགྲོའམ་ཅི་འདོད་ཅེས་ཟེར་ན།། སྔར་ནི་གང་ཞིག་སེམས་ཀྱིས་བསམས་པའི་དོན།། དེ་ཉིད་སྨྲ་ཞིང་གཞན་དུ་སྨྲ་མི་བྱ།། རིག་པ ་མང་པོས་བསྙེན་པའི་དུར་ཁྲོད་འདིར།། དོན་འདི་ཡི་ཕྱིར་སྡུག་བསྔལ་དྲག་པོ་ཡིས།། བདག་ཀྱང་གདུངས་བཞིན་འོངས་ཀྱི་འདི་ཉིད་ན།། ཡོད་ན་ཤ་འདིར་ཁྱེར་ལ་བདག་ལ་བྱིན།། ཅི་སྟེ་སྲང ་ལ་བཙལ་ཏེ་མ་གང་ན།། རང་གི་ཤ་ཡིས་དེ་ནི་དགང་བར་བྱ།། གལ་ཏེ་དུར་ཁྲོད་འདི་ནི་སྟོང་པ་སྟེ།། ནོར་མེད་བུ་ཁྱོད་གཞན་དུ་སོང་ཞིག་ཅེས།། མཚན་མོ་རྒྱུ་བས་དེ་སྐད་བསྒོ ་ན་ནི་དེ་ལ་བདག་ནི་གང་དུ་འགྲོ་ཞེས་དྲི།། ལན་ཐོབ་དེ་ནི་རང་གིས་བརྟགས་ནས་སུ།། ཤ་དེ་བོར་ནས་དེ་ནས་འགྲོ་བར་བྱ།། ཤ་ཡི་ཆོ་ག་ངས་གསུངས་དེ་དག་ནི།། གསང་སྔགས ་མ་བཟླས་པས་ནི་བསྙེན་མི་བྱ།། རིག་མཆོག་གཙུག་ཧོར་རྫོབས་ཆེན་ལ་སོགས་པས།། དུར་ཁྲོད་དུ་ནི་སྲུང་བར་ངས་གསུངས་སོ།། གསང་སྔགས་དྲག་པོས་གང་ཞིག ་ཟ་བ།། དེ་ལ་དུར་ཁྲོད་མི་ཤའི་སྦྱིན་སྲེག་བྱ།། རལ་གྲི་སོར་གཉིས་སོར་གསུམ་ཚད་ཙམ་དུ།། གཏུབས་ནས་མེ་ལ་སྦྱིན་སྲེག་སྟོང་བྱའོ།། མེ་ཏོག་མ་ཉམས་འབྲས་ཡོས་ཤ་ཁྲག་ཉ།། ཆང་དང ་སྦྲང་རྩི་བུ་རམ་ཆན་དང་ཏིལ།། བདུག་པ་འཕྲེང་བ་མར་མེ་བྱུག་པ་ཅན།། ལྷ་བ་ཤོས་གཏོར་མ་དུར་ཁྲོད་གཏོར་བར་བྱ།། དབབ་དང་བསྐྲང་དང་གཉིད་ཀྱིས་སྐྱེས་བྱ་དང་།། དམག་གནོམ་གྲོང་ཁྱེར ་ཕུང་བར་བྱ་བ་ལ།། ཤ་ཟ་མ་མོ་དྲག་མོའམ་སྲིན་མོའི་ཚོགས།། གནོད་སྦྱིན་རྣམས་ལ་ཤ་ཡི་སྦྱིན་སྲེག་བྱ།། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན།། བ་ལང་ཤ་ཡི་སྦྱིད་སྲེག་དེ་བཞིན་ཤིས།། མ་ཧེའི་ཤ ་འམ་ཁྱི་ཤ་མར་བསྲེས་ལ།། ཚེས་གྲངས་དག་ལ་སྨྱུང་བྱས་སྦྱིན་སྲེག་བྱ།། གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི།། གསང་སྔགས་མཉེས་བྱས་གྲུབ་པ་འདི་རྣམས་སྟེར།། མ་དང་སྒྱུག་མོ་སྲུ་མོ་གྲོགས ་མོ་དང་།། བུ་མོ་ཆུང་མ་མནའ་མར་གྲུབ་པར་འགྱུར།། མི་དང་སྒྱུག་མོ་སྲུ་མཽ་གང་ཡིན་དེ།། ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག། ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང་།། ཆུང་མ་མནའ་མ་གྲུབ ་པ་ཐ་མར་བསྒྲགས།། དུས་གསུམ་དུ་ནི་མེ་ཏོག་འཕྲེང་བ་དྲི།། མར་རམ་འབྲུ་མར་མར་མེ་ཙན་དར་དང་།། ཨ་ཀར་དྲོ་ཞིམ་བདུག་པས་མཆོད་པ་དང་།། གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན། ་གནོད་སྦྱིན་མོ་ནི་དགའ་ནས་མངོན་ཕྱོགས་ནས།། རྙེད་པ་རྙེད་ཅིང་ས་བོན་འབྱུང་བར་བྱེད།། འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་ཀྱང་།། གནོད་པར་བྱེད་པ་ངེས་པར་གནས་པར་འགྱུར།། ཟུང ་མེད་གནོད་པ་བྱེད་ཚེ་འགྲོ་མི་བྱ།། རྙེད་པ་མང་ཆུང་ལ་ཡང་འདོད་མི་སྐྱེད།། སྔགས་པ་མཚན་མོ་ཁུ་བ་དགག་བྱས་ལ།། བརྩོར་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ།། སེམས་རྨོངས་གང ་ཞིག་གཞན་དུ་བརྩམ་བྱས་ན།། གནོད་སྦྱིན་མོས་ནི་མྱུར་དུ་ཕུང་བར་བྱེད།། བསམ་ན་ཕུང་བར་ཡང་ནི་འགྱུར་བ་ཉིད།། ཤ་ཟའི་གནོད་སྦྱིན་མོ་ལའང་དེ་ཉིད་དེ།། དེ་ལས་ཆོ་ག་ལྷག་པ་འདི་རྣམས ་བྱ། ཤ་ཆང་ལ་ཕུག་ཚོད་མ་ཅུང་པོང་དང་།། ནས་ཆན་མ་ཤ་ཆན་དང་འབྲས་ཆན་ཉ།། གཏོར་མ་དེ་དག་ཀུན་ཏུ་འདུག་པ་དབུལ།། གནས་ནི་ཁང་སྟོང་དག་གམ་དུར་ཁྲོད་ཤིས།། མེ་ཏོག ་ཤིར་ཤ་ཀུན་རུར་ཨརྒ་དང་།། བིལ་བ་བྲི་ཧ་ཀུ་ཤ་ར་ཛརྐ།། ཨ་ཀས་ཨུཏྤལ་ཨ་ཊ་རུ་ཤ་ཀ། སེའུ་ཅན་མྱ་ངན་ཚང་སོགས་མེ་ཏོག་དབུལ།། ཀླུ་ལ་བུ་རམ་འོ་མ་མར་སྦྱར་བའི།། བདུག་པ་དྲི ་ཞིམ་ཨ་ཀར་ཙན་དན་དྲི།། འཕྲེང་བ་མེ་ཏོག་དྲི་ཞིམ་སྣ་ཚོགས་དང་།། འབྲས་ཆན་ཞོ་དང་འབྲས་ཡོས་འབྲས་བུ་དབུལ།། བ་དན་སྔོན་པོ་བུམ་པ་སྔོན་པོ་དང་།། གོས་ཀྱང་སྔོན་པོ་ལྷ་བཤོས་གཏོར ་མ་དྲི། འཕྲེང་བ་བྱུག་པ་མེ་ཏོག་སྔོན་པོ་དག། ཇི་སྙེད་བྲང་གིས་འགྲོ་བ་རྣམས་ལ་དབུལ།། མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ།། མར་མེ་ས་གཞི་བཅས་དང་ནམ་མཁའ་དང་།། ལྷུང་བཟེད་ནོར་བུ ་དག་དང་མེ་འབར་བ།། འདི་ལ་གསལ་བར་སྨོན་པ་རྟག་ཏུ་འབྱུང་།། འདས་པ་དང་ནི་མ་འོངས་ད་ལྟར་བྱུང་།། མཐོ་རིས་ས་སྙེངས་དུས་དང་མི་ལྡན་ཡང་།། ལྷ་དང་ལྷ་མིན ་དགེ་དང་མི་དགེ་བའི།། ལས་རྣམས་ཐམས་ཅད་གསལ་བར་སྟོན་པར་རྟོགས།། ཚི་ག་ཉམས་པ་འམ་ཡང་ན་ཕྱེད་བཟླས་པའམ།། ཡི་གེ་ཆད་དམ་ཡི་གེ་ལྷག་པའམ།། བཟླས་བརྗོད་མ་བྱས ་དད་པ་མེད་པ་དང་།། མཆོད་པ་མེད་ཅིང་ས་གནི་མི་གཙང་དང་།། སྤྲིན་གྱི་ཚོགས་ཀྱིས་ཉི་ཟེར་བསྒྲིམས་པ་དང་།། བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང་།། དེ་ལྟ་བུ་ལ་མི་ཡི་གསོལ་སྟོད་པ།། ་འབབ་པར་མི་འགྱུར་དགོས་པ་ཡོང་མི་སྟོད།། གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན།། བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང་།། སྨྱུང་བྱས་དགོངས་ཀར་ས་དང་ལྕི་བ་ཡིས།། ་བ་ཀོ་ཙམ་གྱི་ས་གཞི་ལེགས་པར་བྱུག། བྱུག་སྤོས་དང་ནི་མེ་ཏོག་བདུག་སྤོས་དང་།། ལྷ་བཤོས་མར་མེ་དག་ཀྱང་ཕུལ་ནས་སུ།། བྱིས་པ་གཞོན་ནུ་སྟེ་གོན་གནས་པར་བྱ།། དེ་ནས་ནང་པར་ཆོ་ག ་འདི་ཀུན་བྱ།། ཁྲུས་བྱས་ལུས་ལ་གོས་དཀར་གཙང་བགོས་ཏེ།། ཤར་ཕྱོགས་ཁ་བལྟས་ཀུ་ཤའི་གདན་སྟེངས་སུ།། འདུག་ནས་གསང་སྔགས་རྗེས་སུ་དྲན་པར་བྱ།། མེ་ལོང་ཐལ་བ་གཙང་།། ་མས་ལན་བདུད་ནམ།། བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ནས་སུ།། རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ།། བྱིས་པ་གཞོན་ནུ་ནུབ་ཏུ་ཁ་བསྟན་པས།། ལྷ་ཡི་མིག་གིས་བལྟས་ན ་འདས་པ་དང་།། ད་ལྟར་དང་རི་མ་འོངས་མཐོང་བར་འགྱུར།། མེ་ལོང་ཞེས་བྱའོ་ཆོ་ག་མཐའ་དག་ནི།། རལ་གྲི་གསལ་བར་སྤྱོད་པ་སྦྱར་བར་བྱ།། མཐེ་བོང་རྒྱུ་སྐྱེགས་ཁུ་བས་བསྐུས་ནས་སུ།། འབྲུ་མར ་དྲི་ཞིམ་དག་གིས་གདབ་པར་བྱ།། བུམ་པ་གཙང་མ་ཆུས་བཀང་མི་ཡོར་གཞག། ས་བཙགས་ལྷུང་བཟེད་ནོར་བུ་ཆུ་ཡིས་གདབ།། སྐུ་གཟུགས་ལ་ནི་བདུག་སྤོས་མེ་ཏོག་དབུལ།། དེ་ནས་བྱིས ་པ་གནོད་རུས་བལྟ་བར་བྱ།། གསལ་བར་སྟོན་དམ་རྨི་ལམ་ལ་སོགས་པས།། དངོས་གྲུབ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ།། གལ་ཏེ་ཡིད་ནི་ཆེས་པར་མ་གྱུར་ན།། དེ་ནས་རིག་སྔགས་མི་གདུག ་བཟླས་བརྗོད་བྱ།། ང་ཡི་གསང་སྔགས་དག་པ་གང་ཡང་རུང་།། གསོ་སྦྱོང་བྱས་ནས་ནན་ཏན་བཟུང་ནས་སུ།། རྒྱལ་བའི་རིང་བསྲེལ་མཆོད་རྟེད་དྲུང་དུ་བཟླས།། ཡང་ན་སྐུ་གཟུགས་མ་ཉམས ་སྤྱན་སྔར་བཟླས།། ལུས་དང་ངག་ཡིད་ལག་པ་མིག་དང་ནི།། སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དག། རབ་ཏུ་བསྡམས་རས་དེ་ལ་ཡིད་གཞོལ་ཞིང་།། བྱམས་ལ་གནས་ཤིང་ཀུ་ཤའི ་ཁྲོས་ལ་འདུག། ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ།། དེ་སྲིད་དུ་ནི་འབུམ་མ་མཉིས་འབུམ་བཟླས།། ང་ཡི་གསང་སྔགས་ཧཱུཾ་ཞེས་བྱ་བ་འདིས།། ཤིང་ལའང་འབབ་དམི་ལ་སྨོས་ཅི་དགོས།། དེ ་ནས་དབབ་པའི་སྣོད་རྣམས་བརྟགས་པར་བྱ།། བུ་མོ་གཞོན་ནུ་ལོ་བཅུའམ་བཅུ་གཉིས་པ།། བཅུ་འམ་བརྒྱད་དམ་བདུད་ནམ་བནི་འམ་གསུམ།། ཡང་དཁྱེའུའང་རུང་སྟེ་གཉིས་སམ་ལྔ།། ཚིགས ་རུས་རྩ་མི་མངོན་ཅིང་གཟུགས་བཟང་བ།། ཡན་ལག་རྫོགས་ཤིང་མིག་དཀྱུས་རིང་ལ་དཀར།། ཁ་བཞིན་ཟླ་འདྲ་མཆེ་བ་མཉམ་ལ་རྡོ།། སོར་མོ་ཐགས་བཟང་མཛེས་ལ་ལོང ་བུ་ནུག།། ལྟེ་བ་ཟབ་ཅིང་མཛེས་ལ་རུ་འཇིང་ལེགས།། བ་སྥུ་རེ་རེ་སྐ་ཡང་གནག་ལ་སྟུག། ལྟོ་བ་མི་རློ་གཉེར་མ་གསུམ་དང་ལྡན།། མདོག་ཀྱང་བཟང་ཞིང་མངའ་བྱད་དང་ཡང་ལྡན།། གང་ལ་ཡིད་དགའ ་ལྟ་བ་བསྟན་པར་འགྱུར།། བལྟ་བས་ཀྱང་ནི་ངོམས་པར་མི་འགྱུར་དང་།། ལྷ་གཞན་དག་ལ་མི་ཕྱོགས་དབབ་པའི་སྣོད།། ཚེས་གྲངས་བཟང་ལ་ཉིད་ནག་གཅིག་ཏུ་ནི།། སྨྱུང་བ་བྱས་པས ་བདུག་སྤོས་འཕྲེང་བ་དང་།། ཙན་དན་མར་མེ་མེ་ཏོག་རྣམས་ཀྱིས་མཆོད།། བཟའ་དང་འབྲས་ཆད་ལ་སོགས་གཏོར་མ་མང་།། ལྷ་དང་ལྷ་མིད་གནོད་སྦྱིན་རྣམས་ལ་སྐྱིད།། དབབ་པའི་སྣོད་རྣམས་ཁྲུས ་བྱས་གོས་དཀར་བསྐོར།། ཤར་ཕྱོགས་ཁ་བལྟས་རྒྱད་ནི་རྣམ་པར་སྤང་།། བྱུག་སྤོས་མེ་ཏོག་ལ་སོགས་དེ་ལ་སྦྱིན།། བདུག་པས་བདུག་ཅིང་གསང་སྔགས་བཟླས་བརྗོད་བྱ།། ཧཱུཾ་གི་གསང་སྔགས ་ཐོག་མར་བཟླས་ནས་སུ།། གྲྀཧྞ་ཨ་བི་ཤ་ཞེས་བརྗོད་པར་བྱ།། མིག་ནི་གདངས་ཤིང་འཛུམས་པར་མི་བྱེད་དེ།། རྫོགས་པར་གྱུར་པར་ཤེས་པར་བྱས་ནས་སུ།། འཇིགས་པ་མེད་དེ་དེ་ཚེ་དྲི་བར་བྱ།། ་མཆོད་པ་དང་ནི་བདུག་པ་ཕུལ་ནས་སུ།། རིག་པ་མཆོག་གི་གསང་སྔགས་དྲན་བྱས་ནས།། ཕྱག་འཚལ་ནས་ནི་ལྷ་ཚོགས་གང་ཡིན་དྲི།། དུས་གསུམ་དག་གི་བདག་གི་དགོས་པ་གང་།། ་དེ་ནི་ལེགས་པར་དགོངས་ནས་བཀའ་སྩོལ་ཅིག། བདེ་དང་སྡུག་བསྔལ་ངོས་གྲུབ་ཐོབ་མི་ཐོབ།། ཤེས་ནས་དེ་ཡང་དེ་བཞིན་བཟུང་ནས་སུ།། དེ་མ་ཐག་ཏུ་སླར་ཡང་གཏང་བར་བྱ།། ་མི་གདུག་སྔགས་བཟླས་ཆོ་ག་འདི་རྣམས་ཀྱིས།། དབབ་པའི་དོད་ལ་སེམྦ་ནི་ཕེབས་འགྱུར་གྱི།། གང་ཞིག་བླུན་པས་གཞན་དུ་བརྩམས་ན་ནི།། དེ་ནི་མི་ཀུན་རྣམས་ཀྱིས་དཔྱས་པར་འགྱུར།། ་ནི་ཞིང་གཞུངས་ལ་རྒྱ་ཆེར་དཀྱུས་ཀྱང་རིང་།། བརྟན་ཞིང་གཟི་ཆེ་མདངས་ལྡན་དམར་བར་སྡང་།། འཛུམས་ཤིང་འབྱེད་མེད་ལྷ་ཡི་མིག་འདྲ་བ།། དམ་པའི་སྣོད་ལ་ལྦ་བབས་དེ་ལྟར་འགྱུར།། ་མིག་ནི་རབ་ཏུ་དམར་ནིང་ཟླུམ་པོར་འདུག། བགྲད་ཅིང་མི་སྡུག་རབ་ཏུ་འཇིགས་འཇིགས་ལྷ།། འཛུམས་པ་མེད་ཅིང་འཇིགས་མེད་ལྟ་བ་ནི།། སྲིན་པོ་ལྷོ་འཕྱེ་གནོད་སྦྱིན་བབས་པའི ་མིག། གལ་ཏེ་བབས་པ་སྣོད་ནི་མི་གཏོང་ན།། ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བརྗོད་པའམ།། སྟོབས་པོ་ཆེ་འམ་དགོད་པའམ་ལྕགས་ཀྱོ་བཟླས།། ཡང་ན་རབ་ཏུ་འདུས་པའི་མདོ་སྡེ། ་བཀླག། སེང་གེའི་གདན་གྱི་ཨརྠ་རམ་པ་ལ་ཤའི།། ཡམ་ཤིང་མར་གྱིས་བསྐུས་པ་བརྒྱ་རྩ་བསྲེག། མ་གྲུགས་ཏིལ་ནི་སྦྲང་རྩིའམ་མར་གྱིས་བསྐུས།། གཏུམ་པོས་སྒྱིད་སྲེག་ཉི་ཤུ་རྩ་གཅིག། ་བྱད་བ་སྔ་མ་བཞིན་དུ་གསང་སྔགས་ཆོ་ག་དག། དམ་ཚིག་ཆོ་ག་ཇི་བཞིན་སྤྱད་ནས་ནི།། བདག་གིས་ཡིད་དང་མཐུན་པའི་དངོས་གྲུབ་ཐོབ།། སྔགས་པ་ཡུད་རིང་ཉོན་མོངས་མི་འགྱུར་རོ།། འཕགས་པ་དཔུང ་བཟང་གིས་ནུས་པའི་ལེའུ་བདུན་པའོ།། ། སངས་རྒྱས་ཀྱིས་གསུངས་ཡང་ལག་བརྒྱད་ལམ་ནི།། ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག། ་རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས།། སོ་སོ་སོ་སོར་ཡང་དག་བསྙེན་པར་བྱ།། ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་།། དེ་བཞིན་འདིས་ནི་མཐོ་རིས་ཐར་པ་ཐོག། རྒྱལ་སྲས་སྔོན ་གྱི་རྒྱལ་བ་འདས་པ་དག། འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར།། དོགས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས།། གུས་པར་བསོད་ནམས་གང་དག་བསགས་པ་ཡང་།། བདེ། ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ན།། དགེ་བའི་ལམ་དེ་ཡང་དག་བསྐྱེད་པ་ཡིན།། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ།། ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང་།། ་སྨན་དང་མལ་སྤྱན་ངན་ངོན་ཙམ་གྱིས་ཀྱང་།། ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ།། བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང་།། སེམས་ཅན་གཞན་ལ་སྨད་པར་མི་བྱའོ།། སྟུག ་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་དག། བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ།། བུད་མེད་མཚན་ཉིད་སྐྱེས་བུའི་མཚན་ཉིད་དང་།། སྨན་དང་གླང་ཆེན་བརྟག་པ་འམ་སྐར་མའི་དཔྱད།། ་མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ།། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང་།། གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི།། གོང་མོ་སྲེག་པ་འུག་པ་སྐྱེས་པ་དང་།། བུད་མེད་བུ་མོ་བྱིས་པ ་ར་ལུག་སོགས།། འཐབ་མོ་འགྱེད་པ་མི་བལྟ་མི་བྱའོ།། ཡུལ་སའི་གཏམ་དང་མི་དབང་བསྟེན་པ་དང་།། དམག་དང་གྱང་དང་ན་ཆུང་གཏམ་དག་དང་།། སྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་དང་།། ་འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ།། སྔགས་པ་གསང་སྔགས་བཟླས་པ་མནོས་པ་ནི།། གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང་།། མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས།། ་ཀུན་དགའ་ལུ་མའམ་རྫིང་བུར་འགྲོ་མི་བྱ།། སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ནས།། ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ།། རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང་།། ནག་ཚལ་སྟོང་པ་དག་དང ་ཡུལ་སྟོང་དང་།། གནས་གང་རུང་བར་བསྔགས་པར་གནས་ཤིང་བཟླས།། ཡང་ན་གནས་ནི་ངེས་པར་མ་བྱས་ན།། ཕྲ་བ་བརྒྱད་པོ་འདི་ཡིས་དུས་དག་ཏུ།། གནས་འདི་གང་ཡང་རུང་བ་གཅིག་ཏུ ་བརྩོན།། མཚོ་དང་ཤིང་དང་རི་བོ་དགོན་པའི་གནས།། མཚེའུ་དང་ཁང་པ་གནས་སམ་ཆུ་ངོགས་སུ།། དགུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས།། སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱ་སྟེ། ་ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ།། ཚུལ་ཞུགས་གནས་གཞན་མི་འགྲོ་གསུངས་པ་བཞིན།། དེ་བཞིན་བཅོམ་ལྡན་འདས་ཀྱིས་བསྔགས་པ་ཡང་།། ཟླ་བ་གསུམ་དུ་གཅིག་ཏུ་གནས་པར ་གསུངས།། སྔགས་པས་དབྱར་ནི་སྒྲུབ་ལ་མི་འཇུག་པར།། བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདས་པར་བྱ།། དབྱར་འདས་ནས་ནི་གསང་སྔགས་གཟི་བསྐྱེད་པས།། བདག་ཉིད་བསྲུང་བྱས་སྒྲུབ་ལ ་འཇུག་པར་བྱ།། མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང་།། པདྨ་ལྟ་བུར་བྱས་ཤིང་དབྱིབས་ལེགས་ཤིང་།། འཇམ་ཞིམ་ཤིན་ཏུ་མཉམ་པར་བྱས་ནས་སུ།། དེ་དགས ་དང་ལྕི་བས་ལེགས་པར་བྱུག། ཟླུམ་པོར་དབང་ཐེང་བསྐྱེད་དང་ནོར་དགུག་དང་།། སྤྱན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས།། གྲུ་གསུམ་དུ་ནི་དགར་བསྐྲད་གསད་པ་དང་།། གཤེད་བྱེད་ལ་སོགས ་དྲག་པོ་རྣམས་ཀྱང་བྱ།། གྲུབ་ནི་པར་ནི་ཀླུ་དང་གསང་བ་པའི།། སྲོག་བསྐམ་པ་འམ་ཡན་ལག་གཞིག་པར་བྱ།། པདྨའི་དབྱིབས་སུ་བུད་མེད་བུ་མོའི་གྲོང་།། ཡུལ་ཀུན་ཐོབ་པའམ་དོར་ཀུན་སྒྲུབ ་པ་ཤིས།། མེ་ཐབ་ལྕི་བ་གཙང་མ་ས་བྱུགས་ནས་ཀྱང་།། ཐ་མ་ཐོག་ཐག་ཀུ་ཤ་དགྲམ་པར་བྱ།། དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་དང་།། ཡུམ་ལ་དད་པས་འཕྲེང་བ་བདུག་པ་དང་། ་དྲི་དང་མ་ཉམས་མེ་ཏོག་ཇི་སྙེད་པས།། ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱ།། ཡམ་ཤིང་མང་པོ་ཐབ་ཀྱི་དྲུང་བ་ནག་སྟེ།། རླུང་ཡབ་ཀྱིས་ནི་མེ་ནི་སྦར་ནས་ཀྱང་།། སངས་རྒྱས་རྣམས ་མ་ཕྱག་བྱས་ཁྲོ་བོར།། བདུད་རྩི་འཛུས་པས་མཉམས་པ་འམ།། མ་ཐུགས་ཏིས་ནག་ལས་ནི་བདུན་ནམ་བརྒྱད།། བཅུ་འམ་ཉི་ཤུར་སྲིག་ཟུགས་མོས་སྒེག། སུ་ཤ་བ་ཏིང་བའམ་ཞེས ་སམ་ཅུ་གྱུ་ས།། འདུག་ནས་ཤར་ཕྱོགས་ཁ་བརྒྱས་རྫས་རྣམས་ནི།། མར་རམ་སྤང་རྩི་འོམ་ལས་བསྲེགས་ནས།། རང་གི་གསང་སྔགས་པ་སྒྲུབ་ཕྱིར་སྦྱིན་སྲེག་བྱ།། མེ་མི་མཚན་ཆིན ་ཉེ་བར་བརྟག་པ་ནི།། མེ་སྡུག་དུ་བ་མེ་ལྕེ་སྒྲ་རྣམས་ལས།། དེ་བཞིན་འགྲུབ་དང་མི་འགྲུབ་ཐམས་ཅད་ཀྱང་།། སྔགས་ཀྱིས་བྱིན་པར་བྱས་མེས་ནི་སྤྱོད་པར་བྱེད།། དུ་བ་མེད་ཅིང་གསེར་གྱི་མདོག ་ལྷར་དངས།། མེ་ལྕེ་རབ་ཏུ་ཆེ་ལ་གཡས་སུ་འཁྱིལ།། ཁ་དོག་གནའ་འདྲ་ཡང་ན་དཀར་ཡང་རུང་།། ཡང་ན་བྱུ་རུ་བཅག་པའི་ཁ་དོག་འདྲ།། ཤིན་ཏུ་སྣུམ་ལ་མེ་ལྕེ་འགབ་ནས་འགྲོ།། ར ་འབར་བ་ཉི་མའི་འོད་ཟེར་འདྲ།། དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་དང་འདྲ།། དཔལ་བེའུ་དང་པདྨ་དྲུགས་གཟར་འདྲ།། མེ་ལྕེ་ཏྲི་ཤཱུ་ལ་རྡོ་རྗེ་རལ་གྲི་འདྲ།། ཡང་ན་ཤིང་རྩ་མཆོག་དང་རྫམ ་འདྲ་རྫ་རྔརྔ་ཆེན་དང་ནི་གླིང་བུའི་སྒྲ།། དུ་བ་མེ་ལྕེ་དྲི་ནིམ་མེ་ལྷག་བཟང་།། ཡང་ནམ་སྦར་བར་ཡང་འབར་གྱུར་ན།། དེ་ཚོ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར།། དྲ་བ་ཆེ་ཞིང་མེ་སུག་རྒོད་པ་དང་། ་འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར།། མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད།། རྩུབ་གནག་སྤྲིན་དང་པ་ལ་ཤ་ཡི་མདོག། གསལ་ཤིང་འདྲ་ཞིང་ཞིབ་མོའི་གཟུགས་དང་འདྲ།། ་ཕྱུགས་ཀྱི་མགོ་འདྲ་སྒྲ་ཡང་རབ་ཏུ་རྩུབ།། མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པ་འཚིག། མི་རེའི་དྲིང་དངོས་གྲུབ་མེད་པར་གྱོན།། མེ་ཡི་མཚན་མ་འདི་རྣམས་མཐོང་ནས་ནི།། སྟོབས་པོ་ཆེ་ཡིས ་མར་གྱི་སྤྱོད་སྲེག་བྱ།། བྱིན་པ་དག་དང་མཆན་ཁུང་སྤུ་རྣམས་ནི།། ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང་།། མེ་ཡིས་མེ་སྲེག་སྤུ་གྲིས་དྲེག་མི་བྱ།། སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ ་ཇི་ལྟར་རལ་གྲི་སོ་མ་འཛིན་པའི་མིས།། ལེགས་པར་མ་བཟུང་ལག་པ་ཆོད་པ་ལྟར།། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན།། འབྲས་བུ་མེད་པ་འམ་ཡང་ན་ཕུ ་བར་འགྱུར།། མི་ནི་ཚུལ་ཁྲིམས་གཙང་སྦྲ་མི་ལྡན་ཡང་།། གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་མཛད།། ལྷ་དེའི་འཁོར་དུ་གྱུར་པ་གང་ཡིན་རྣམས།། མི་ཡི་གྲགས་མཐོང་ནས་ནི་ཕུང ་བར་བྱེད།། སྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི།། ལྷ་བ་ཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ།། སྔགས་པའི་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ།། རང་གི་ཉམས་ཀྱིས་ཇི་སྙེད་དབུལ་བར་བྱ།། ་ལྷ་དང་ལྷ་མིན་གནོད་སྦྱིན་ལྷོ་འཕྱེ་གྲུལ།། ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ།། དྲི་ཟ་འབྱུང་པོ་གདོན་གྱི་རིགས་རྣམས་དང་།། གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན།། བུ ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ།། བདག་གིས་པུས་མོ་ས་ལ་བཙུགས་ནས་སུ།། ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས།། གསན་ནས་ཕན་གདགས་ཕྱིར་ནི་ལོངས ་སྤྱོད་ཅིག། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་།། དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་།། ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་།། རི་བོ་ཀུན་ལ་གང་དག་གནས་པ་དང་།། ཆུ་བོ ་ཀུན་དང་ཆུ་བོའི་མདོ་རྣམས་དང་།། རིན་ཆེན་གནས་ན་ལྷག་པར་གང་གནས་དང་།། མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་།། གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་།། གྲོང་དང་བྱུགས་ལྷས ་གྲོང་ཁྱེར་སྤོང་བ་དང་།། ཁང་སྟོང་དག་དང་ལྷ་མི་ཁང་པ་དང་།། གཙུག་ལག་ཁང་ངས་མཆོད་རྟེན་གནས་དག་བྱམ།། དཀའ་ཐུབ་གནས་དང་གླང་ཆེན་བྲེས་དག་དང་།། རྒྱལ་པོའི་དཀོར་ཡང་དག། ་གང་གནས་དང་།། ལམ་ཐང་འདུམ་ཁང་དང་ནི་བནི་མདོ་དང་།། གང་དག་ལམ་པོ་ཆེ་དང་ཤིང་གཅིག་དང་།། དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོ་དང་།། སེང་གེ་དྲེད་དང་གཅན་གཟན་གནས་དག ་དང་།། འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་།། གང་དག་གླིང་མཆོག་རྣམས་ན་གནས་པ་དང་།། ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས།། རབ་ཏུ་དགྱེས་ཤིང་གོ་བར་གྱུར་ནས ་སུ།། འཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། བསྟོད་དང་གཏོར་མ་མར་མེ་གུས་འབུལ་བ།། འདི་བཞེས་ནས་ནི་བཏུང་ཞིང་བསྣམས་ནས་སུ།། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར ་མཛོད།། དེ་ལྟར་གདོད་ལ་མཆོད་པ་བྱས་ནས་སུ།། དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ།། དབང་པོ་འབྱུང་པོའི་ཚོགས་དང་བཅས་པ་ཡིས།། གཏོར་མ་ཕུལ་བ་འདི་དག་བཞེས་སུ ་གསོལ།། མེ་དང་གཤིན་རྗེ་སྲིན་པོ་ཆུ་བདག་དང་།། རླུང་དང་ལུས་ངན་འབྱུང་པོ་གདོན་དང་བཅས།། གླེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།། ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་།། རི་ཡེ ་དང་གནོད་སྦྱིན་ཚོགས་རྣམས་ལ།། སོ་སོ་སོ་སོར་གཏོར་མ་ཕུལ་འདི་རྣམས།། རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་།། རང་རང་ཕྱོགས་སུ་ལེགས་པར་འཞུགས་ནས་སུ།། རང་གི་བུ་སྨད་མཛས ་བ་ཤེས་གཉེན་འདུན་དང་།། ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ།། མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས།། འདི་རྣམས་བརྡུང་ཞིང་ལེགས་པར་གསོལ་ནས་ཀྱང་།། ་བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད།། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ།། གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི།། དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད།། ཡིད་དུ ་འོང་བའི་འདོད་པའང་ཐོབ་པར་འགྱུར།། འཕགས་པ་དཔུང་བཟང་གིས་ནུས་པའི་ལེའུ་བརྒྱད་པའོ།། །། གང་ཞིག་དགྲ་བཅོམ་པ་མ་གསོད་པ་དང་།། མཐུན་པའི་དགེ་འདུན ་དབྱེན་ནི་བྱེད་པ་དང་།། དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ།། ནམ་ཞིག་མི་དག་སྐུ་འཚལ་འབྱིན་པར་བྱེད།། ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས།། རྒྱལ་བས་མཚམས་མེད་ལྔ ་པོ་ཡིན་པར་བཤད།། གཏི་མུག་ཅན་གྱིས་སྡིག་པ་བྱས་ན་ཡང་།། ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར།། མཆོད་རྟེན་བཤིག་ཅིང་བྱང་ཆུབ་སེམས་དཔའ་གསོད།། ཉོན་མོངས་ཟད་པའི ་མ་ནི་སུན་འབྱིན་དང་།། སློབ་པ་གསོད་ཅིང་དགེ་འདུན་མངའ་བ་ལ།། གང་ཞིག་འདོད་པས་མང་ཉུང་ངུ་འཕྲོག་པ།། མཚམས་མེད་ཉེ་ལྟར་དེ་བཞིན་གཤེགས་པས་གསུངས།། ཚུལ ་ཉམས་མི་ནི་གང་ཞིག་འདི་བྱེད་པ།། བསྐལ་པའི་བར་དུ་མནར་མེད་སྡུག་བསྔལ་མྱོང་།། གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོང་མི་འཐོབ།། གང་ཞིག་བདེ་གཤེགས་གསུང་གི་གླེག ་བམ་དག། ཆུད་གསོན་པ་དང་མེས་ནི་སྲེག་པ་དང་།། བསམ་པ་ངད་པས་ཆུར་ནི་འདོར་བ་དང་།། ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བ་འམ།། བསླབ་ཚིག་མ་ལུས་པས་ནི་བརྒྱད་པ་ཡི།། དགེ་སློང་དགག་ས། ་དགེ་སློང་མ་གསོད་དམ།། དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དམ།། ངན་པའི་སེམས་ཀྱིས་ལྷ་ཁང་སྲེག་ཀྱང་རུང་།། མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ།། དཀའ་བར་སྤྱོད་པ་ལྔར་ཡང་གྲུབ ་མི་འཐོབ།། གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི།། བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང་།། བདག་ཉིད་ངན་པ་དམྱལ་བར་བཙོས་པར་འགྱུར།། དེ་ནས་ཤི་ནས་ལས་ཀྱི་དབ ་གིས་ཀྱང་།། རིགས་ངན་མི་དང་དུད་འགྲོར་སྐྱེ་བ་འཐོབ།། འདི་དག་ངས་ནི་ཁྱོད་ལ་མདོར་བཤད་པའོ།། གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས།། རྨོངས་པས་འཇིག་ཆེན་ལྷ་ཚོགས་ཕྱག་བྱས ་། དེ་དག་དེ་ལ་མི་དགར་གྱུར་ནས་སུ།། དེ་ཡི་གསང་སྔགས་དངོས་གྲུབ་ཉམས་པར་བྱེད།། གང་གི་ཚེ་ན་སེམས་ནི་དང་བ་ཡིས།། མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ།། དེ་ནི་ཕྱིན་ཆད ་ལྔ་དང་ལྷ་མིང་དང་།། འཇིག་རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱར་འོས།། མེ་ནི་མངོན་པར་མཐོ་བ་མ་ལུས་པའོ།། བསླབ་པ་མཐའ་དག་བླངས་པར་གྱུར་པ་དང་།། སེམས་ཅན་ཀུན་ལ་མི་འཇིགས ་སྤྱོད་པ་དང་།། དཀོན་མཆོག་གསུམ་གྱི་གདུང་ཡང་བབ་ལས་པ་ཡིས།། གང་ནིག་མི་བ་འང་ལས་བྱང་རྔུབ་པ་གསོང་།། རིག་སྔགས་གཅོད་ངམ་གདོད་པར་བྱེད་པའམ་། ཁསམ་པངན་པས་གས་རྫམ ་ཚོགས་མི་མཆོད།། དོན་མེད་བཞིན་དུ་སེན་མོས་རྩཝ་གཅོད་དང་།། རྐང་པས་རྐང་པ་ཉེད་པར་བྱེད་པ་དང་།། ཕྱུགས་ལ་སོགས་པ་སྣ་ཚོགས་སྔ་འབིགས་དང་།། འཕགས་པ ་དགེ་འདུན་ལ་ནི་མི་གུས་པ།། འབྱུང་པོར་བྱིན་ནམ་ལྷ་ཡི་གཏོར་མ་འམ།། ས་ལ་ལྟུང་བ་སྔགས་པས་བཟའ་མི་བྱ།། འདོད་ཆགས་ཟིལ་གྱིས་ནོན་པས་དུད་འགྲོ་དང་།། བུད་མེད་བགྲོ་བྱ་མིན། ་པར་འགྲོ་མི་བྱ།། གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང་།། རྟ་རྒྱུག་གློ་རྡེབས་ལྕུག་གིས་གཞུ་མི་བྱ།། ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི།། དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར ་རོ། སེམས་ཅན་ནད་ཀྱིས་གདུངས་དང་སྡུག་བསྔལ་ལ།། རྟག་ཏུ་བྱམས་པའི་སེམས་ནི་ཡིད་ལ་བྱ།། དཔེར་ན་ནམ་མཁའ་མཐར་ཐུག་མེད་པ་ལ།། འདོམ་གྱིས་གཞལ་བར་མཐའ་རྟོགས་མི་ནུས ་ལྷར།། དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི།། ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས།། རྒྱ་དང་སྙི་དང་པོང་རྒྱ་འཛེལ་བུ་ཡིས།། ཁྱི་ལ་སོགས་པའི་སེམས་ཅན་གསོད་པ་དང་།། ་བྱ་རོག་ལ་སོགས་གཟེབ་ཀྱིས་བཅིངས་བྱས་ན།། འདི་དང་ཕ་རོལ་ཏུ་ཡང་གྲུབ་མི་ཐོབ།། བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས།། རྐང་པས་མྱི་བརྫི་མགོ་ལ་གདགས་མི་བྱ།། བཀྲེས་པས་གདུངས ་ཀྱང་དེ་དག་རྣམས་ལ་ནི།། ཕུལ་བའི་ལྷ་བོ་ཤོས་རྣམས་ཀྱང་བཟའ་མི་བྱ།། འཇིགས་ཀྱང་ཚངས་པ་བརྒྱ་བྱིད་ཁྱབ་འཇུག་དང་།། དྲང་པོ་ཆུང་ལྷ་སོགས་ལ་ཕྱག་མི་བྱ།། དེས་བཤད་པ་མི་ཆོས་ལ་མི ་བརྟེན་ཞིང་།། དེ་དག་དགའ་ཐུབ་མི་སྤྱད་རྟགས་མི་མཆོད།། དེ་དག་ཆོས་ལའང་ང་ན་སེམས་མི་བྱ་ནིང་།། དེ་མི་སྤྱོད་ལ་རྣམ་ཡང་དགའ་མི་བྱ།། དེ་དག་བསྐྱོད་པ་མི་གདོན་སྔགས་མི་བཟླས།། སྦྱིད་པ་སྤྱིར། ་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིད།། བདེ་བར་གཤེགས་པ་རྣམས་ཀྱིས་བསྟན་པ་ཡི།། གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ།། རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས།། དེ་དག་རྟག་ཏུ ་ཕྱག་བྱའི་གནས་ཡིན་ནོ།། ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི།། ཕྱག་འཚལ་ཉལ་ལུས་ཅན་ཕྱག་མི་འཚལ།། དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ།། ཕྱག་བྱ་དེ་ལྟར་བདེ་བར་གཤེགས་ལ ་མིནདའཇིག་རྟེན་ཀུན་གྱི་མངོན་མཐོ་བསླབ་པ་ཅན།། སྙིང་རྗེའི་བདག་ཉིད་འགྲོ་བའི་དོད་དུ་ནི།། སྐྱེ་བ་ལེན་པ་དེ་ལ་ཅི་ཡི་ཕྱིར།། བུ་གཅིག་བདག་ཉིད་ཀུན་གྱིས་ཕྱག་མི་བྱ།། སྐྱེས་བུ་བསམ་ཡས་རྨད།། ་བྱུང་རྫུ་འཕྲུལ་ཅན།། དེ་ལ་མི་ངན་གང་ཞིག་མི་འདུད་པ།། དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས།། དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ཏོ།། དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི།། ་ཡིད་འོང་བྱི་ནས་འབྲས་བུར་འགྱུར་བ་ལྟར།། སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས།། འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས།། གང་ཞིག་རང་བཞིན་ཆགས་སྡང་རྣམ་བྲལ ་ཡང་།། བརྩེལ་སྙིང་བརྩེ་ཁྲོལ་ཁྲོ་བ་དང་།། འདོད་ཆགས་ཅན་ལ་ཆགས་ཅན་ལྷར་སྟོད་པ།། བྱང་ཆུབ་ཚུལ་གནས་དེ་ལ་ཕྱག་འཚལ་ལོ།། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡི།། འགྲོ ་བ་ཀུན་ལ་ཇི་ལྟར་མཐུན་པ་ཡི།། གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ།། སྔགས་ཀྱི་རྣམ་འདྲེད་དེ་ལ་ཕྱག་འཚལ་ལོ།། འཕགས་པ་དཔུང་འབང་གིས་ནུས ་པའི་ལེའུ་དགུ་པའོ།། ། ལྷ་དང་ལྷ་མིན་མི་ལ་ཕར་གདགས་ཕྱིར།། གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ།། རིག ་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས།། ངས་ནི་གསུང་བ་པ་རྣམས་གཞོམ་པ་དང་།། དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར།། དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ ་ཡི།། གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད།། མོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུད།། དེ་བནི་ཕྱག་བརྙན་དྲུག་ཅུ་རྩ་བནི་དང་།། ང་མི་སྙིང་པོ་དམ་པ་བརྒྱད་རྣམས་དང་།། ཁྲོས ་དྲག་པོ་བདུད་རྩི་ཐབ་སྦྱོར་དང་།། རིག་པ་མཆོག་ལ་སོགས་པ་མཐུ་བོ་ཆེ།། རིག་པའི་བདག་པོ་གསང་སྔགས་རྗེས་འབྲང་བཅས།། དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ།། དེར་ནི་འདི་དག ་ང་ཡིས་རྒྱ་ཆེར་བཤད།། སྤྱན་རས་གཟིགས་ཀྱི་གསང་སྔགས་བྱེ་བ་ཕྲག། གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད།། དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང་།། དེ་ཡི་མིང ་ཅན་དཀྱིལ་འཁོར་དམ་པ་གསུམ།། བཅུ་གཉིས་ཕྱག་དང་བཅུ་དྲུག་པ་དང་ནི།། ཐོར་ཙུགས་ཅོད་པར་འདོད་པ་འབྱོར་བྱེད་དང་།། ཞལ་བཞི་དོར་ཡོད་ནགས་པར་བདུན་བསྟན་པ།། ས་སྟེངས ་གསང་སྔགས་ཉི་མ་བདུད་ལྷར་འབར།། དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ།། མི་ལ་མཆོག་སྦྱིན་འཇིག་རྟེན་གསུམ་གྱིས་འདུད།། སྒྲོལ་མ་དཀར་མོ་གོས་དཀར་ཅན་མ་དང་། ་རྣམ་གཟིགས་རལ་པ་གཅིག་མ་དཀར་ཤ་པ་དང་།། གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས།། པདྨའི་རིགས་ཀྱི་རིག་སྔགས་རྒྱལ་མོ་མཆོག། དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས ་ཅན་དང་།། ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན།། རྒྱས་པའི་གསང་སྔགས་རྒྱུད་དུ་འོད་དཔག་ཅན།། རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་བསྒོམ།། དེ་ཡིས་གསང་སྔགས་མི་ལ ་གྲུབ་མཆོག་སྟེར།། དེ་ལ་ལྔས་རྩེན་ཡང་ནི་མངོན་པར་དགའ།། གནོད་སྦྱིན་དབང་ཕྱུག་དེ་དང་རྟག་མཐུན་པས།། དེ་ཡི་བཀའ་ཡིས་གསང་སྔགས་མཆོག་རྣམས་བཤད།། ལྔས་རྩེན་གྱིས་ནི་སྟོང ་ཕྲག་ཉི་ཤུ་སྟེ།། དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ།། ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ།། གང་པོའི་ཕ་ཡིས་ཀྱང་ནི་འབུམ་བཤད་དོ།། ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ།། དད་པ་རྣམས ་ཀྱིས་གསང་སྔགས་མཐའ་ཡས་བཤད།། ཁ་ཅིག་དུ་ཡི་རིགས་སུ་གཏོགས་པ་སྟེ།། ཁ་ཅིག་ཀྱང་ནི་པདྨའི་རིགས་སུ་གཏོགས།། ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན།། གཞན་ཡང་ཁ་ཅིག ་གནས་མེད་རྣམ་པར་འཁྱམ།། ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས།། ང་ནི་རྡོ་རྗེའི་རིགས་ལས་རབ་ཏུ་བསྟན།། སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ།། རིགས་བཞི་པ་ནི ་འདིར་ནི་ལྔས་རྩེད་ཡིན།། གསང་སྔགས་མདོ་སྡེ་ངས་བཤད་གང་ཡིད་དེས།། བཞི་པོ་འདིར་ནི་རྣམ་པར་སྦྱར་བར་བྱ།། གཞན་ཡང་འདི་ནི་ཁ་ཅིག་གནས་མེད་པར ་བདེ་བར་གཤེགས་ལ་བརྟེད་ཅིང་ཡོངས་འཁྱམ་པའི།། མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང་།། འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར།། ལམ་འདི་ཉིད་དུ་ཞུགས་པའི་སྔགས་པས་ནི། ་ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར།། སྲིད་གསུམ་དང་ན་རྒྱལ་བ་དཀོན་མཆོག་སྟེ།། དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས།། དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ།། སྲིད་པ་གསུམ ་ན་དཀོན་མཆོག་གསུམ་པོ་གཙོ།། སྲིད་གསུམ་བསོད་ནམས་རྣམ་འཕེལ་རྒྱུ་ཡིན་པས།། དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་གདོན།། བསོད་ནམས་ཆེ་དང་ལོག་འདྲེན་རྨོངས་བྱའི་ཕྱིར།། ་ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས།། གསང་སྔགས་རྣམས་ཀྱི་མགོ་ལ་སྦྱར་བར་བྱ།། གནོད་སྦྱིན་མགོན་པོ་ངས་ནི་བཤད་པ་ཡིན།། ནོར་གྱི་རིགས་དང་པདྨའི་རིགས་ལ་ཡང་།། རང ་གི་གསང་སྔགས་བདག་པོར་ལྡན་པར་བྱ།། བདེར་གཤེགས་པ་མིན་ཉན་ཐོས་ལམ་ཞུགས་དང་།། རང་རྒྱལ་རྣམས་ཀྱི་ལམ་ལ་གདས་པ་དང་།། དད་པ་མེད་ཅིང་ཚུལ་ཁྲིམས་འཇུངས་པ་ཡིས། ་ང་ཡི་རྡོ་རྗེ་རྣམས་ཀྱང་བཅང་མི་བྱ།། གང་ཞིག་ཐེག་པ་མཆོག་ལ་སྡང་བ་དང་།། བདུད་ཀྱིས་བཤད་པ་ཡིན་ཞེས་སྨྲ་བ་དང་།། རྨོངས་ནས་ང་ལ་གནོད་སྦྱིད་ཞེས་སྨྲ་དང་།། བྱང་ཆུབ་སེམས་དཔའ་ལ་ནི་མི། ་འདྲུད་པའི།། དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་།། དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས།། ང་ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན།། དེ་དག་རྣམས་ཀྱི་ལུས་ནི་མྱུར་དུ་འཇིག ་གང་ཞིག་ངའི་རིགས་རྗེས་སུ་འབྲང་བའི་གདོན།། འབྱུང་པོ་གདོད་སྦྱིན་བུ་དང་ཤ་ཟ་ཡིས།། ང་ཡི་སྔགས་ཟློས་རྡོ་རྗེ་ཐོགས་པ་དག། མཐོང་ནས་ཁྲོས་ནས་ཕུང་བར་བྱེད་པར་འགྱུར།། གང་ཞིག ་ཐེག་མཆོག་རྒྱ་ཆེན་ཀློག་པ་དང་།། དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ།། བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ།། དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིར་མཇེད།། ངས་ནི་འགྲོལ་བར ་ཕྱིར་སངས་རྒྱས་པའི།། གསང་སྔགས་ཡངས་ཤིང་རྒྱས་པར་བཤད་པ་ཡིན།། དེ་ནས་གཞན་ཡང་འཇིག་རྟེན་པ་བསྡུས་ནས།། ཞར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོམ།། དྲག་པོ་ཡིས་ནི་བྱེ་བ ་ཕྲག་བཅུ་བཤད།། ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་ཅུ་སྟེ།། ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་ཅུ་ཉིད།། ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ།། ནམ་མཁའ་ལྡིང་གིས་སྟོང་ཕྲག་བཅོ་བརྒྱད་དེ། ་གཏུམ་བྱེད་མས་ནི་སྟོང་ཕྲག་བརྒྱད་བཤད་དོ།། མེ་ཡིས་ཀྱང་ནི་བརྒྱ་ཕྲག་བདུན་ཉིད་དང་།། ཕུར་བུ་གསུམ་པ་ཡིས་ནི་སྟོང་བཤད་དོ།། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ།། མཚན་མོ་རྒྱུ་བས་སྟོང ་ཕྲག་བཅུ་གཉིས་བཤད།། འགྲོ་ལ་ཕན་ཕྱིར་འཇིག་རྟེན་བདག་པོ་བཞིས།། འབུམ་ཕྲག་བཞི་ནི་རབ་སུ་བཤད་པ་ཡིན།། ལྷ་མ་ནི་དབང་པོས་འབུམ་ཕྲག་གཉིས་ཉིད་དེ།། ལྷ་ཡི་བདག་པོས་ཀྱང་ནི་འབུམ་ཕྲག། ་གསུམ།། གསང་སྔགས་ཕྱག་རྒྱ་སྣ་ཚོགས་ཆོ་གར་ལྡན།། སོ་སོའི་གཞུང་གི་དཀྱིལ་འཁོར་རྣམས་དང་བཅས།། རང་སྔགས་རྡོ་རྗེའི་རྗེས་འབྲངས་དང་བསྐྱེད་ན།། མ་བསྒྲིམས། ་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ།། དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ།། སྡུག་བསྔལ་མང་པོ་ཡང་ནི་འཐོབ་པར་འགྱུར།། འཕགས་པ་དཔུང་བཟང་གི་ཞུས་པའི་ལེའུ་བཅུ་པའོ།། ། ་བཅུད་ཀྱིས་ལེན་དང་གཏོར་དང་ཕུག་འགྲོ་དང་།། ནོར་བསྒྱུར་འབྱུང་ཁུངས་སྔགས་དང་གསེར་བསྒྱུར་རྩི།། རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ།། བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲས ་པ་ཡིན།། སྔགས་དང་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན།། སྡིག་པ་སྤོང་བར་བྱེད་པ་མཆོག་ཏུ་བསྟན།། རིནི་ཆེན་དང་ནི་གཏེར་དང་འབྱུང་ཁུངས་འབྲིང་།། གསེར་བསྒྱུར་རྩི་དང་ནོར་བསྒྱུར་ཐ་མ ་འོ།། མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན།། དཀའ་ཐུབ་ཀྱིས་ཕྱུག་དང་པོར་བསྟན་པའི་སྣོད།། རྡུལ་ཤས་ཆེ་བ་ལ་ནི་འབྲིང་པོར་གསུངས།། ཐ་མ་ལ་ནི་མུན་པ་ཅན་གྱིས་བསྟེན།། གང་ཞིག ་མཆོག་ཏུ་བསྟེན་པ་བསྟན་འདོད་པ།། དེས་ནི་ཐ་མར་བསྟན་པ་རྣམ་པར་སྤང་།། གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས།། གདུངས་ན་འབྲིང་པོ་ལ་ནི་སྟེར་བར་བྱ།། ལྷ་ཡི་བདེན་པ་དང་ནི་འབྱོར་པ་དང་།། ་ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང་།། ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང་།། དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ།། ཆགས་དང་རྣམ་བྲལ་དགེ་ལ་དགའ ་བདང་།། དྲུག་ཏུ་དཀོན་མཆོག་གསུམ་ལ་སེམས་གནོལ་དང་།། སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡི།། མི་ལ་གྷ་དྷཱ་ས་དངོས་གྲུབ་རིང་བ་མེད།། རྡོ་རྗེ་མཚོན་མྱེ་གནམ་ལུགས་འདྲ་བ་ཡི།། གས ་སྔགས་མི་ཡི་འཇིག་རྟེན་མཆོག་སྦྱིན་མཛད།། འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང་།། སྡུག་བསྔལ་སེལ་ཅིང་སྡིག་འཇོམ་གཞད་མེད་དོ།། གང་ཞིག་དཔག་བསམ་ལྡོན་པའི་ཤིང་ལྟ་བུ།། ལ་ལར ་དངོས་གྲུབ་ལ་ལར་བསོད་ནམས་དང་།། གཞན་ལ་གཟུགས་སྤོབས་ཚེ་དང་བདེ་བ་དག། ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ།། གསང་སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་རས། ་གང་ཞིག་སྡུག་བསྔལ་གང་ཞིག་སྐྲག་པའམ།། རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི།། འགྲོ་བའི་ཚོགས་ཆེར་མཐའ་དག་སྐྱོབ་པར་མཛད།། གང་ཞིག་ཡུལ་དང་ཁྱིམ་ལ་བརྟེན་ཀྱང ་རུང་དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི།། ཉིན་ཞག་གཅིག་ཏུ་ཅུང་ཟད་སྔགས་བཟླས་ན།། དེ་ཡི་གསང་སྔགས་དུ་སང་ཤིག་ན་ནི་འགྲུབ།། ཆོ་ག་བཞིན་དུ་དང་པོར་འབུམ་བཟླས ་ནས།། དེ་ནས་སྔགས་པས་བསྒྲུབ་ལ་འཇུག་པར་བྱ།། དེས་ན་དངོས་གྲུབ་མྱུར་དུ་ཐོབ་འགྱུར་ལ།། གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས།། ལུས་ལ་ས་ཡི་དྲིལ་བྱིས་བྱས་ནས ་སུད་ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང་།། ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ།། བྱུང་ནས་ཤར་རམ་བྱང་དུ་ཁ་བལྟས་ནས།། ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ།། པུས་མོ་ཕྱི་རོལ་དུ ་ནི་བསྟད་བྱས་ཏེ།། བར་དུ་ལག་བན་གཅོག་ཙོག་པུར་འདུག་ནས།། སྒྲ་མེད་དབུ་བ་མེད་པས་ཉེ་རེག་བྱ།། ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང་།། མཆུལ་ལན་གཉིས་མོངས། ་སུ་ཕྱི་བར་བྱ།། ས་ལ་ཆགས་པ་ལྕེ་ཡིས་རེག་པ་དང་།། སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ།། རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་།། གཞོན་ནུ་མ་དང་བྲམ་ཟེ་རྒད་མོ་རྣམས།། དེ་ལ་ནམས་ཀྱང ་སྔགས་པས་རེག་མི་བྱ།། སྔགས་པས་དེ་དག་རྣམས་ལ་མི་བསམ་མོ།། བརྒྱ་ལ་དེ་དག་རྣམས་ཀྱིས་རིག་གྱུར་ཏམ།། སྒྲུབ་པོས་དེ་དག་རྣམས་ལ་རེག་གྱུར་ན།། སླར་ཡང་ཁྲུས་དང་འཐོར་འཐུང ་བྱས་ནས་སུ།། དེ་ནས་ཕྱིར་ཡང་བཟླས་ལ་འཇུག་པར་བྱ།། གཙང་སྦྲ་ལ་དང་ཟློས་དགའི་སྙིང་རྗེ་ཅན།། རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་།། སློང་མོའི་ཟས་ཟ་ལྷ་ཡི་ཟས་ལ་བརྩོན།། དེ་ཡི་ལུས ་ལ་གསང་སྔགས་འཇུག་པར་འགྱུར།། འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང་།། བཞོན་པ་རྒྱན་དང་བྱུག་པ་བཟའ་བཏུང་དང་།། མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན།། དེ་ལ་སྒྲུབ་ལ་གནས ་པས་མི་རུང་ངོ་།། ས་ཕུང་བ་ཤང་སྐོར་ལྔ་སྟེ་མཚན་ལ་གསུམ།། གཡོན་ལ་གསུམ་སྟེ་ལག་གཉིས་ལ་བདུན།། ཡང་ནས་དང་ཆུ་ཡིས་ཇི་སྲིད་དུ།། དྲིམ་དྲི་བྲལ་དེ་སྲིད་བར་དུ་བྱ།། སོས་ཀ ་ནགས་མེ་མཆེད་པའི་མེ་ལྕེ་ཡིས།། མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་སྲེག་གྱུར།། བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦ་ར།། བརྩོན་འགྲུས་ཆེན་མོའི་མེ་ལྕེས་སྡིག་པ་སྲེག། རི་ཊར ་གངས་ལ་ཉི་མའི་འོད་ཟེར་གྱིས།། གདུངས་ན་གཟི་བརྗིད་མི་བཟོད་འཇུབ་བཞིན།། ཚུལ་ཁྲིམས་ཉི་མའི་འོད་ཟེར་གཟི་བརྗིད་ཀྱིས།། གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར།། མུར ་ནག་སྨག་ལ་མར་མེ་ཕྱུང་བ་ཡིས།། མུད་ནག་མ་ལུས་སེལ་བ་བྱེད་པ་ལྟར།། ཚེ་རབས་སྤྱོང་ནས་གནས་པའི་སྡིག་པའི་མུར།། བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད།། ཅི་སྟེ་སྒྱིད ་སྲེག་དང་ནི་བཟླས་བརྗོད་ཀྱིས།། གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན།། འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ།། ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ།། དེས་ནི་དེ་མི ་སྡིག་པ་སྲིད་གཞན་ལ།། བྱས་པ་གང་ཡིན་དེ་ནི་ཟད་འགྱུར་ན།། དེས་ན་གསང་སྔགས་མཐུ་ཡིས་འདི་ཉིད་དུ།། མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ།། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམ ་ཧེད་དདེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་།། རྒྱལ་བ་ལ་ནི་བཟོད་དང་བྱང་ཆུབ་སེམས།། གསང་སྔགས་དང་ནི་ལེ་ལོ་མེད་པའོ།། དེ་ལྟར་མི་དབང་ཡན་ལག་བདུན་ལྡན་པ།། སྐྱོ་བ་མེད་པར ་སྐྱེ་དགུ་འདུལ་བར་བྱེད།། དེ་བཞིན་སྔགས་པས་ཡན་ལག་འདི་བདུན་དང་།། ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད།། དང་པོར་བཟླས་བརྗོད་ཕལ་ཆེར་བྱས་ནས་སུ།། དེ་ཡི་འོག་ཏུ་འདིར་ནི ་སྦྱིན་སྲེག་བྱ།། སྦྱིར་སྲེག་དག་གིས་གསང་མཆོག་མྱུར་དུ་སྩོལ།། ཡིད་དུ་འོང་བའི་འདོད་པའང་སྦྱིན་པར་མཛད།། གང་གིས་དཔག་ཚད་བརྒྱ་ཡི་ཕ་རོལ་ནས།། གསང་སྔགས་མཐུ་ཡིས ་བུད་མེད་བཀུག་ཀྱང་ནི།། བུད་མེད་མ་ཡིན་གནོད་སྦྱིན་བུ་མོ་སྟེ།། དེ་གཟུགས་ཆ་བྱད་ཀྱིས་ནི་བསྔགས་པ་བསྟེན།། འདོད་པའི་དོན་ཕྱིར་བསྒྲུབས་པ་གང་ཡིན་ཏེ།། གྲུབ ་ནའང་གནོད་སྦྱིན་བུ་མོ་སྦྱིན་པར་བྱེད།། དེ་ནི་བུད་མེད་དེ་ཡི་ལུས་སུ་ཡང་།། སྤྲུལ་ནས་མཚན་མོ་འདོད་པ་སྟེན་པར་བྱེད་པའོ།། ཇི་ལྟར་མི་དག་འདོད་ཕྱིར་བུད་མེད་ལ།། བརྟེན་པའི་མིནི་ནར། ་ནི་ཟད་འགྱུར་ལྷོར།། དེ་བཞིན་གནོད་སྦྱིན་མོའམ་བྲང་མོ་དག། གསང་སྔགས་མཐུས་བཀུག་སྟེད་པར་བྱེད་པའོ།། གཞན་གྱིས་ཆུང་མར་ཡིད་ལ་བཞག་ནས་སུ།། གང་ཞིག་དེ་ལ་འདོད་གདུངས་སྟེར། ་བྱེད་པ།། མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ།། འདོད་པ་སྤྱད་པས་སྡིག་པ་མང་དུ་ཐོབ།། རྒྱལ་བ་ལ་དང་གནད་ལ་ཕན་བརྩོན་པའི།། ལྷ་ཀླུ་ལྷ་མིན་གནོད་སྦྱིད་དྲི་ཟ་དང་།། གྲུབ་པར་བཅས ་པའི་སྔགས་བཤད་གང་ཡིན་པ།། དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས།། དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས།། མ་འོངས་སེམས་ཅན་མགོར་སྐྱབས་མེད་རྣམས ་རབ་ཏུ་གཟིགས་ནས་བྱིན་གྱིས་བརླབས་པ་མཛད།། དེ་དག་འབྲས་བུ་རབ་དང་འབྲིང་དང་ནི།། ཐ་མར་དབྱེ་བ་རྣམ་པ་གསུམ་དུ་བསྟན།། མཁའ་ལ་འགྲོ་དང་དཔལ་གྱི་ཕུག་ཏུ་འཇུག། འདོད ་དགུའི་གཟུགས་ཅན་མི་སྡང་རྣམ་པ་དང་།། གནོད་སྦྱིན་མོ་ཡི་ཁྱོ་དང་བཅུད་ཀྱིས་ལེན།། མིག་འཕྲུལ་སྒྱུ་མ་མཚན་མོ་རྒྱུ་བ་སྟེ།། དེ་དག་མཆོག་ཡིན་འབྲིང་ནི་ས་བདག་གོ།། གྲོང་དང་ནོར་དང ་དབྱེ་དང་དགུག་པ་དང་།། དགར་དང་བསྐྲད་པ་དང་ནི་གསད་པ་དང་།། ཀླུ་མི་གདོན་གྱིས་ཟིན་པ་གསོ་བ་དང་།། གང་ཡང་འདི་ལྟ་བུ་དང་མཐུན་པའི་ལས།། དེ་ནི་མཁས་པས་ཕྲན་ཚོགས་ཡིན་པར། ་བསྟན།། བྱེ་བྲག་ཏུ་ནི་ཀླུ་དང་གནོད་སྦྱིན་དང་།། བྱིས་པ་གདོན་གྱིས་ཟིན་དང་གང་དག་ཏུ།། ལུས་ཅན་རྣམས་ལ་ངོ་མཚར་སྣ་ཚོགས་དག། སྟོན་པར་བྱེད་པ་ཕྲ་མོ་ཕྲན་ཚེགས་ཡིན།། བྱ་བ་དང་། ་ཁུ་ཚུར་ཐལ་ལྐུག་སྒྲ་དྲང་དང་།། རྣམ་པར་བཟླས་དང་དབང་དང་བསྐྲད་པ་དང་།། གསད་དང་བཅིང་ལ་སོགས་པས་ཚར་གཅད་དང་།། འོད་དང་རིག་པའི་གོས་དང་།། རྡོག་པས་བསྣུན་དང ་རྣམ་པར་བསྐྱོད་པ་དང་།། མིག་ཏུ་དུག་སོ་ལྟར་ནི་གཞུག་པ་དང་།། ཁབ་ཀྱིས་གཟུགས་དང་ཁ་ཅིག་སྐྱུག་ཏུ་གཞུག། ཕུ་ཞེས་བུད་དང་ཡན་ལག་གཞན་པ་དང་།། ཟང་གིས་འགྲོ་བ་དག་དང་། ་དགུག་པ་དང་།། ཕྱིར་ཡང་བཅིང་དང་གནན་པར་བྱ་བ་དང་།། རྨོངས་པར་བྱ་དང་དུག་ཟར་གཞུག་པ་དང་།། དུག་ནི་གཞན་ལ་སྤོ་བར་བྱ་བ་དང་།། ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བ་འམ། ་ལུས་ལ་ཞེན་པའི་དུག་ནི་བསླང་བ་འམ།། ཟོས་པར་བཟའ་དང་ཟོས་པ་གཅད་པ་དང་།། ས་བཅིང་བ་དང་པོ་ཉ་གཏང་བ་དང་།། བསྐྲད་པ་དང་ནི་ཀླུ་ལ་བསྟེན་པ་དང་།། དུང་དང་རྫ་རྔའི ་སྒྲས་ནི་བསླང་བ་སྟེ།། རྣམ་པ་འདི་དག་དུག་གི་རྒྱུད་དུ་བཤད།། ས་ཡི་སྟེང་གི་སྦྲུལ་ནི་བརྒྱད་ཅུ་དག། གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་འཁྱམ།། དེ་དག་རྣམས་ནི་ཉི་ཤུ་གདེངས་ཀ་ཅན ་འཁྱིལ་བ་དྲུག་དང་དུད་མེད་བཅུ་གཉིས་དང་།། དེ་བཞིན་སྦྲུལ་ནི་ཁྲོ་བོ་བཅུ་གསུམ་སྟེ།། སུམ་ཅུ་གང་ཡིན་རིགས་དེའི་ནང་དུ་གཏོགས།། སྦལ་པའི་མགོ་དང་སྡིག་པ་ཁ་བརྒྱད། ་དང་།། རྣམ་པར་དབྱེན་རབ་ཏུ་མང་པོ་ཡོད།། གཅིན་དྲུག་ཁ་ཆུ་རེག་དང་མཐོང་བ་དང་།། མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང་།། དེ་ལ་དུག་ནི་རྒྱུད་ལ་མཁས་པ་ཡིས།། རབ་འབྲིང ་ཐ་མ་རྣམ་པ་གསུམ་དུ་དབྱེ།། དུག་མདོ་ཁྲོ་བའི་དབང་སྒྱུར་སྐྲག་པ་དང་།། དེ་བཞིན་སྔགས་པའམ་བཀྲེས་པའི་ཟས་ཕྱིར་རམ།། ཤ་ཁོན་ཡོད་པའམ་གཤིན་རྗེས་བསྟན་པའམ།། ལུས་ལ ་བརྫིས་ན་དེ་དག་ཟ་བར་བྱེད།། ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ།། མཆེ་བས་འཛིན་དང་སོས་བཅད་གཏད་པའོ།། གང་དུ་མཆེ་བ་གཅིག་གིས་ཁྲག་ཕྱུང་རྗེས།། དེ་ནི་དུག་ཆུང་བས་ནི ་འཛིན་པར་བཤད།། གང་དུ་མཆེ་བ་གཉིས་ཀྱིས་བཏབ་ནས་སུ།། ཁྲག་དག་བྱུང་བར་གྱུར་པ་ཟོས་པའོ།། གལ་ཏེ་མཆེ་བ་གསུམ་གྱིས་ཤ་བཅད་ན།། དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན།། ། ་གང་དུ་མཆེ་བ་བཞི་ཡིས་བཏབ་ནས་སུ།། སྦྲུལ་གྱིས་ལུས་ནི་བཟློག་པར་གྱུར་པ་དེ།། གཏད་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ།། དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་དཀའ།། མེ ་རང་བཞིན་གནད་རྣམས་བྲལ་བའི་དུག། མཚོན་དང་མེ་དང་གཟི་བརྗིད་མཚུངས་པ་དག། ཇི་ལྟར་སྔགས་ཀྱིས་རབ་ཏུ་ནི་འགྱུར་བ།། དེ་ལྟར་སྨན་པས་སྦྱོར་བར་མི་ནུས་སོ།། ཇི་ལྟར་མེ་དཔུང ་ཆེར་པོས་བུད་ཤིང་ལ།། ངེས་པར་སྲེག་ལ་ཆར་འབབ་སྐད་ཅིག་གིས།། ཞི་བར་གྱུར་པ་དེ་བཞིན་དྲུག་དག་གིས།། མེ་དཔུང་ལྟ་བུའང་སྔགས་ཀྱི་སའི་བར་བྱེད།། དུག་གི་མཐུ་སྟོབས་ཤེས་ནས ་རབ་བསྒྲིམས་ཏེ།། གསང་སྔགས་ཆོ་ག་ཇི་བཞིན་བཟླས་ནས་ནི།། བ་ལང་ལྷུ་ན་སེང་གེ་ཇི་ལྟ་བར།། དུག་ཅན་སྦྲུལ་དང་དོགས་མེད་ལྷན་ཅིག་རྩེ།། ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པ་དང་།། དྲིམ ་འབྱུང་པོ་མཚུན་དང་གསང་བ་པ།། ཡི་དགས་ཤ་ཟ་དག་དང་ལུས་སྲུལ་པོ།། སྨྱོ་བྱེད་དག་དང་འཕྲོག་མ་གྲིབ་གནོད་དག། ས་ཡི་སྟེང་ན་གདོན་ནི་སྣ་ཚོགས་པ།། མི་ཡི་ཤ་ཚོལ་ཟ་ཞིང་ཁྲག་ཀྱང ་འཐུང་།། མི་ངན་འདོད་གདུངས་ཁྲོ་བས་ཉམ་ཐག་པའི།། གླགས་སྐབས་རྙེད་ནས་ལུས་ལ་འཇུག་པར་བྱེད།། དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཅིང་།། གླུ་ལེན་གར་བྱེད་དགོད་ཅིང་ཁྲོ་བ་དག། ་དགའ་ཞིང་རྔམ་པ་ཆེ་ལ་སྨྲ་འདོད་དང་།། སྤྱོད་པ་སྣ་ཚོགས་བྱེད་ཅིང་ལྷ་རྣམས་དང་།། ལྷ་མིན་ལྷར་བཅོས་སྐྱེ་བོ་བཞད་གང་བྱེད།། གཏོར་མ་འདོད་པའམ་རྩེད་མོ་བྱེད་འདོད་པས།། གསད་པའི་དོན་དུ ་ལུས་ལ་འབབ་ཅིང་འཇུག། གསང་བ་པ་རྣམས་གཞིག་ཕྱིར་རིགས་ཀྱི་མཆོག། མཐུ་ཅན་མཆོག་སྦྱིན་རྡོ་རྗེ་ལྕགས་ཀྱུ་འམ།། གཞན་ཡང་ང་ཡི་རིགས་ལས་བྱུང་རིག་པའམ།། ཁྲོ་བོ་བདུད་རྩི ་ཟབ་སྦྱོར་སོགས་པས་གསོ།། ཇི་ལྟར་གསང་སྔགས་འཛིན་པའི་མི་དག་ལ།། གདོན་རྣམས་འཇིགས་པར་གྱུར་པ་དེ་ལྟར་ནི།། མེ་མིན་རླུང་མིན་གྲོང་ཁྱེར་སུམ་བརྩེགས་དག། འཇོམས་བྱེད ་གཟི་ཆེན་ཉི་མ་མེས་པོ་དང་།། ཆུ་བདག་མ་ཡིན་ལྷ་མིན་རྣམས་ཀྱིས་མིད།། ནོར་བདག་མ་ཡིན་གནོད་སྦྱིན་རྒྱལ་པོས་མིན།། ལྕུག་མ་མཁའ་ལྡིང་བྱ་ཡི་རྒྱལ་པོ་དང་། ་ས་སྲུངས་བུ་ནོན་ཁྱེར་འཇིག་རྣམས་ཀྱིས་མིན།། འབྱུང་པོའི་རིག་སྔགས་འདིར་ནི་ཀུན་མཐོང་དང་།། གདོན་གྱི་སྤྱོད་པ་མ་ལུས་ཤེས་ནས་སུ།། ཕྱི་ནས་གདོན་རྣམས་དོགས་མེད་དུལ་ན་ནི།། ་གདོན་གྱིས་མི་འཇིགས་སླར་ཡང་ཚུགས་མི་འགྱུར།། རིག་གསུམ་འཕེལ་དང་སྲིད་གསུམ་མཐར་ཕྱིར་དང་།། ཉེས་པ་གསུམ་སྤངས་ལམ་གསུམ་ཐུགས་སུ་ཆུད།། དེ་ཡི་སྲས་དང་དེའི་ལམ ་རྗེས་འགྲོ་བའི།། ལྷ་དང་ལྷ་མིན་སོགས་པས་བཤད་པའི་སྔགས།། བདག་ཉིད་ཆེན་པོ་མུན་པ་སེལ་བ་ཡི།། གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་དེ་ལ།། འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས ་བསྔགས་པ་ཡི།། གསང་སྔགས་མཐུ་ཡིས་དེ་ལ་བསྐྱོད་དུ་མེད།། རྡོ་རྗེ་འཆང་གི་གསུང་ཐོས་ལྷ་དེ་རྣམས།། ཚངས་སོགས་ལྷ་མིན་གནོད་སྦྱིན་གྲུབ་པ་དང་།། རིག་འཛིན་ཀླུ་དང་གནོད་སྦྱིར་དྲི་ཟ་དང་།། ་གསང་བ་པ་དང་མཚན་དང་འབྱུང་པོ་རྣམས།། དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ།། གུས་པས་ཐལ་མོ་སྦྱར་ནས་ཚིག་གསོལ་པོ།། ཀྱེ་མ་སྲོག་ཆགས་རྣམས་ལ་ཐུགས་རྗེས་ལྡན།། ་མའོ་ཁྱོད་ཀྱིས་སྤྱོད་པ་སྣ་ཚོགས་པས།། ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང་།། གཞན་གྱིས་དབྱུག་ཏོ་གཞན་གྱིས་འཁོར་ལོ་ཅན།། དེ་བཞིན་གཞན་གྱིས་རྩེ་གསུམ་ཞགས་པ་ཅན།། གཞན་གྱིས ་རལ་གྲི་གཞུ་དང་བེ་ཅོན་དང་།། འཇིགས་པའི་གཟུགས་ཅན་མཚོན་ཆ་ཀུན་ཐོགས་དང་།། གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང་།། དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར།། ལྷ་དང་གནོད ་སྦྱིན་གྱིས་མཆོད་དེ་ལ་འདུད།། ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ།། བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་འདུད།། རིག་པའི་དབང་ཕྱུག་གཞུ་འགེངས་ཁྱོད་ལ་འདུད།། ཁྱོད ་ལ་བདག་ཅག་ཐམས་ཅད་ཕྱག་འཚལ་འདུད།། ཁྱོད་ལ་བདག་ཅག་དེང་ནས་སྐྱབས་སུ་མཆི།། ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ།། མི་ཡིས་ལེགས་པར་སྤྱད་པར་བགྱིས་ནས་ནི། ་དག་མྱུར་དུ་དབུལ་བའི་མུར་བསལ་ནས།། ཉི་མ་བཞིན་དུ་ཤིན་ཏུ་རབ་འབར་གྱུར།། ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང་།། ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ།། ་ལ་དད་པའི་མིས་ནི་ཐོབ་པར་འགྱུར།། དེ་སྐད་ཀུན་གྱིས་ཚིག་ཏུ་སྨྲས་ནས་ཀྱང་།། རྡོ་རྗེ་འཛིན་ལ་ཡང་ཡང་ཕྱག་འཚལ་ཏེ།། གཞལ་མེད་ཁང་དུ་མངོན་པར་ཞུགས་ནས་ཀྱང་།། ཇི་ལྟར་འོངས ་པའི་ནམ་མཁའི་ལམ་ནས་དོང་།། ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡོས།། དཔུང་བཟང་ལ་ནི་ཚིག་ཏུ་ཡང་གསུངས་པ།། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས།། ཁྱོད་ཀྱིས་འཇིག་རྟེན་འདིར ་ནི་གྲགས་པར་གྱིས།། དེ་སྐད་གསུངས་ནས་དཔུང་བཟང་དེ་ཡིས་ནི།། ལངས་ཏེ་གུས་པར་རབ་ཏུ་ཕྱག་འཚལ་ནས།། གཙང་བྱེད་སྡིག་འཇོམས་དཔལ་ཡོན་ལྡན་པ་འདི།། མི་ཡི་འཇིག་རྟེན ་འདིར་ནི་བསྒྲགས་པར་བགྱི།། འཕགས་པ་དཔུང་བཟང་གིས་ནུས་པའི་ལེའུ་བཅུ་གཅིག་པའོ།། ། འཕགས་པ་དཔུང་བཟང་གིས་ནུས་པའི་རྒྱུད ་རྫོགས་སོ།། རྒྱ་གར་སྐད་དུ། སྭ་དྷྱས་ཧཱ་པ་རི་ཎ་ཏ་རཱ་ཛ་ས་མནྟ།། བོད་སྐད་དུ། འཕགས་པ་ཡོངས་སུ་སྤྲོ་བའི་རྒྱལ་པོ་ཆེན་པོ་སྔགས ་