CLOSE WINDOW

Ty073-002: 'byung po 'dul ba zhes bya ba'i rgyud kyi rgyal po chen po
Wyliee-texts produced with BDRC’s OCR application

བསོད་ནམས་འཛིན་བཅས་རྣམས་ལ་བྱིན།། @རྒྱ་གར་སྐད་དུ། བྷཱུ་ཏ་ནཱ་མ་ར་མ་ཧཱ་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ ་འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ།། དེ་ནས་འདིར་ནི་བཤད་བྱ་བ། འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ།། འབྱུང་པོ་འབྱུང ་མོ་ཀུན་སྒྲུབ་པའི།། ཆོ་ག་རབ་ཏུ་རྒྱས་པའོ།། རྡོ་རྗེ་འཆང་ཆེན་པོ་འཇིག་རྟེན་གསུམ་གྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ཆུ་བོའི་འགྲམ་དང་དུར་ཁྲོད་དང་། ཤིང་གཅིག་པ་དང་། ་ལྷ་གནས་པའི་ཁང་པ་དང་། དཔལ་རྡོ་རྗེ་འཆང་གི་ཁྱིམ་དང་། རིགས་ཀྱི་གནས་རྣམས་སུ་བསྒྲུབ་པར་བྱ་བ་སྐད་ཅིག་ཉིད་ཀྱིས་འགྲུབ་པར་འགྱུར་རོ།། གལ་ཏེ་མ་གྲུབ་ན་འབྱུང་པོ་དང་འབྱུང་མོ ་རིགས་དང་བརྒྱུད་དང་བཅས་པ་མ་ལུས་པ་ཕུང་བར་འགྱུར་རོ།། དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། ཁྲོ་བོའི་བདག་པོ་ཆེན་པོ་གདུག་པ་དང་མ་རུངས་པ་རྣམས་གསོད་པར་བྱེད་པ་བཤད་དུ་གསོལ། དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ ་བྱིན་ནས། འབྱུང་པོ་ཐམས་ཅད་གསོད་པའི་སྔགས་ཀྱི་ཚིག་གསུངས་པ་ཨོཾ་བཛྲ་ཛྭ་ལི་ཧ་ན་ཧ་ན་སརྦ་བྷཱུ་ཏན་ཧཱུ~ཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་བ་སྤུའི་བུག ་རྣམས་ནས་རྡོ་རྗེ་འབར་བ་དུ་མ་བྱུང་བར་གྱུར་ཏེ། འབྱུང་པོ་ཐམས་ཅད་ཀྱི་ལུས་བསྐམས་ཤིང་། བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པ་ལྔ་ཐམས་ཅད་བསད་པར་གྱུར་ཏོ།། དེན། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངོ་མཚར་དང་བཅས་པས་འདི་སྐད་ཅེས་གསུངས་སོ།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ་འོངས་པའི་དུས་ན་འབྱུང་པོ་དང ་འབྱུང་མོ་ཚར་གཅོད་པར་བྱེད་པ་ནི་ལེགས་སོ།། དེ་ནས་ཡང་སླར་རོའི་རྣམ་པར་ཤེས་པ་འགུགས་པའི་སྔགས་གསུངས་པ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་སཱ་རཱ་སྨིན་དེ་ནས་གསུངས་པ་ཙམ་གྱིས་དཔལ་རྡོ ་རྗེ་འཆང་གི་ཤངས་ཀྱི་བུ་ག་ནས་རླུང་ཆེན་པོ་རོ་འཚེ་བར་བྱེད་པ་བྱུང་བར་གྱུར་ཏེ། དེ་བྱུང་བ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་རྣམས་ཀྱི་ལུས་ལ་ཞུགས་སོ།། ཞུགས་པ་ཙམ་གྱིས་འབྱུང་པོ་དང་འབྱུང ་མོ་རྣམས་ལངས་ཏེ་ཆེར་འཇིགས་ཤིང་རབ་ཏུ་འདར་བར་གྱུར་པས། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་བབྱེད ་དོ་ཞེས་སྨྲས་སོ།། དེ་ནས་འབྱུང་པོའི་བདག་པོ་གཞན་གྱིས་མི་ཐུབ་པ་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཁྲོ་བོའི་བདག ་པོ་ཆེན་པོ་དཔལ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འབྱུང་པོའི་བདག་པོ་གླིང་བཞི་པ་ཐམས་ཅད་ཀྱི་མི་རྣམས་ལ་དངོས་གྲུབ་རྫོགས་པར་བྱིན་ཅིག། འཛམ་བུ་གླིང་པའི་མི་རྣམས་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་པའི་རྫས་རྣམས ་སྒྲུབ་ཅིང་བདེ་བར་བྱིན་ཅིག། དབྱིག་དང་། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། པདྨ་རཱ་ག་དང་། མེ་དང་ཆུའི་ཤེལ་དང་། སྤོས་དང་། ལྷའི་ན་བཟའ་རྣམ ་བྱིན་ཅིག། འདི་ཟློས་པའི་འབྲས་བུ་འགྲུབ་པར་གྱིས་ཤིག། བསྙེན་བཀུར་གྱིས་ཤིག། དེ་བཞིན་གཤེགས་པ་ཐམས་ཅད་ཟློས་པའི་རིན་པོ་ཆེའི་ཅོད་པན་དང་། གོས་དང་། དྲི་དང་། བདུག ་པ་དང་། མེ་ཏོག་ལ་སོགས་པ་དང་། ཡོ་བྱད་དང་། རྫས་ཐམས་ཅད་བགེགས་མེད་པར་བྱིན་ཅིག། རྒྱལ་པོའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། སེང་གེའི་འཇིགས་པ་དང་། ་སྟག་གི་འཇིགས་པ་ཐམས་ཅད་ཟློག་ཅིག། ཀྱེ་ཀྱེ་གཞན་གྱིས་མི་ཐུབ་པ་འབྱུང་པོའི་དབང་ཕྱུག་ཆེན་པོ་མྱུར་དུ་མྱུར་དུ་ཉོན་ཅིག་ཉོན་ཅིག། ལེ་ལོ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། སྡིག ་པ་བྱེད་པ་དང་། བརྫུན་སྨྲ་བ་རྣམས་ལ་ངེས་པར་དངོས་གྲུབ་བྱིན་ཅིག། གལ་ཏེ་རིག་སྔགས་འཆང་ལ་དངོས་གྲུབ་མི་བྱིན་ན་ཀླུ་མོ་དང་། གནོད་སྦྱིན་མོ་དང་། ས་ལ་འཇོམས་མ་དང་། ལྷམ ་ཡོན་མོ་དང་། མི་འམ་ཙོ་མོ་དང་། ནམ་མཁའ་ལྡིང་མོ་དང་། ལྟོ་འཕྱེ་ཆེན་མོ་དང་། ཤ་ཟ་མོ་དང་། འབྱུང་མོ་དང་། དྲི་ཟ་མོ་རྣམས་ཀྱི་སྤྱི་བོ་མོ་ཕྱེད་པའི་རྡོ་རྗེས་འགས་པར་བྱ་ཞིང་། ་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་དུ་ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེ་ལེགས་པར་བཤད་དོ།། མི་རྣམས་ལ་ཕན་པའི ་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དང་། སྟོབས་དང་། ཕ་རོལ་གནོན་པ། མི་ཕྱེད་པར་གྲགས་པ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁམས་གསུམ ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གྲུབ་པར་བྱེད་པ། ཆོས་ཀྱི་འཁོར་ལོ་ཐམས་ཅད་སྐོར་བར་བྱེད་པ། སྡུག་བསྔལ་ཐམས་ཅད་འཇོམས ་པར་བྱེད་པའི་སྒྲུབ་པའི་ཐབས་རྒྱ་ཆེན་པོ་ཆོ་ག་སྣ་ཚོགས་པ། ཕྱག་རྒྱ་དང་སྔགས་ཀྱི་ཚིག་གིས་སྒྲུབ་པའི་ཐབས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་བདག་པོས ་ཤོད་ཅིག་ཅེས་གསུངས་སོ།། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་རོ་མཚོ་བར་བྱེད་པའི་སྔགས་གསུངས་པ། ཨོཾ་ཀརྡྷ་ཀརྡྷ་མི་ཏྲ་ས་ཛཱི་པ་ཡ་ཏི་དྷཱ་ཡེ། དེ་ནས་འདི་གསུང ་པ་ཙམ་གྱིས་ལྷ་ཐམས་ཅད་མྱོས་ཏེ་བརྒྱལ་ཞིང་འགྱེལ་ནས་ཆེར་འཇིགས་ཤིང་རབ་ཏུ་འདར་བར་གྱུར་ཏེ་གནས་སོ།། དེ་ནས་ལྷ་ཆེན་པོས་གསོལ་པ། བྱང་ཆུབ་སེམས་དཔའ ་ཆེན་པོ་སྐྱོབས་ཤིག་སྐྱོབས་ཤིག། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ།། མ་འཇིགས་ཤིག་མ་འཇིགས་ཤིག། ཀྱེ་འབྱུང་པོའི་བདག་པོ།། ་ཁྱེད་རྣམས་གཞན་ལས་རྒྱལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་དབང་དུ་བསྡུ་ཞིང་འབྱུང་པོ་ཐམས་ཅད་ཚ་ར་ག་ཅད་པར་བྱའོ།། དེ་ནས་རིག་སྔགས་འཆད ་གི་དབང་པོ་དང་ལྷའི་དུད་མེད་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོས་བསྐྱབ་ཏུ་གསོལ། ་དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང་གིས་འདི་སྐད་ཅེས་གསུངས་སོ།། ཀྱེ་བུད་མེད་རྣམས་གོ་བར་གྱིས་ཤིག། དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོ་ལ་སོགས་པའི་བསྙེན་བཀུར་བྱོས་ཤིག། ་དབྱིག་དང་། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་དང་། བཻ་ཌཱུཪྻ་དང་། པདྨ་ར་ག་དང་། རྫས་ཐམས་ཅད་ཕུལ་ཅིག། དེ་ནས་ལྷའི་བུད་མེད་ལ་སོགས་པ་ལྷའི་བུ་མ ་དང་གནོད་སྦྱིན་མོ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འགུམ་མོ་འགུམ་མོ།། དཔལ་རྡོ་རྗེ་ཁྲོ་བོ་ཟློས་པ་རྣམས་ཀྱི་དྲན་མོ་བགྱིད་དོ།། གལ་ཏེ་ཁྲོ་བོ་ཟློས་པའི། ་བསྙེན་བཀུར་མ་བགྱིས་ན་རིགས་དང་བརྒྱུད་དུ་བཅས་པ་རླག་པར་གྱུར་ཅིག། དམ་པའི་ཆོས་སྤངས་པར་གྱུར་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྨད་པར་གྱུར་ཅིག་བཅོམ ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་རྡོ་རྗེས་སྤྱི་བོ་ཁོས་ཤིག། ལན་བརྒྱད་རྣམ་པར་གཤེགས་ཤིང་ཤི་ནས་མྱུར་བ་ཉིད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག། དེ་ནས་བྱང་ཆུབ་སེམས། ་དཔའ་སེམས་དཔའ་ཆེན་པོ་ཕྱགན་རྡོ་རྗེས་ལྷའི་བུད་མེད་ཐམས་ཅད་དང་། ཀླུ་མོ་དང་གནོད་སྦྱིན་མོ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་མོ་དང་ཀླུ་མོ་དང་། གནོད་སྟུ། ་མོ་རྣམས་ལེགས་སོ་ལེགས་སོ།། མ་འོངས་པའི་ཚེ་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ཟློས་པའི་མི་རྣམས་ཀྱི་བསྙེན་བཀུར་གྱིས་ཤིག། དེ་ནས་འབྱུང་པོའི་དྲན་རྣམས་ཀྱི་འབྱུང་པོ ་རྒྱལ་པོ་གཞན་གྱིས་མི་ཐུང་བ་ལ་སོགས་པ་འཁོར་དང་བཅས་པ་ལངས་ཏེ། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་མགོ་བོས་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཤྲཱིམ་ཧཱ་ཛྫཿ ་ཀུ་ལ་སུནྡ་རི་ཧཱུཾ་ཨོཾ་ཤྲཱི་བི་ཛ་ཡ་སུནྡ་རི་ཧྲིཿ། ཨོཾ་ཤྲཱི་བི་མ་ལེ་སུནྡ་རི་ཨ་ཨོཾ་ཤཱི་ར་ཏི་སུནྡ་རི་དྷ་ཨོཾ་ཤྲཱི་མ་ནོ་ཧ་ར་སུནྡ་རི་ཨི་ཨོཾ་ཤྲཱི་བྷུ་ཥཾ་སུནྡ་རི་མཱཾ་ཨོཾ་ཤྲཱི་བ་ལ་སུནྡ་རི་ནཱ ་ཨོཾ་ཤྲཱི་ཙ་ཀྵུར་མ་དྷུ་མ་སུནྡ་རི་ཏི། ཞེས་པ་འདི་རྣམས་ནི་འབྱུང་པོའི་རྒྱལ་མོ་ཆེན་མོ་སྟེ། དཔལ་གྱི་སྒྲ་ཡིས་རབ་ཏུ་གྲགས་པའོ།། དེ་ནས་དཔལ་གྱི་སྒྲུབ་པའི་ཐབས་བཀླགས་པ་ཙམ་གྱིས་དངོས ་གྲུབ་སྟེར་བ་སྟེ། དཔལ་རྡོ་རྗེ་འཆང་གི་མཚན་བརྗོད་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་ཐམས་ཅད་མངག་གཞུག་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་དམ ་ཚིག་ལས་འདས་ན་འཕྲལ་དུ་འབྱུང་པོ་དང་འབྱུང་མོ་ཐམས་ཅད་རིགས་དང་བརྒྱུད་དུ་བཅས་ཏེ་ཕུང་བར་བྱའོ།། དེ་ནས་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པས་འདི་སྐད་ཅེས་གསོལ་ཏོ།། ལྷ། ་ཆེན་པོའི་དམ་ཚིག་ལ་གནས་ཤིང་འཇིག་རྟེན་པའི་སྔགས་དང་ཕྱག་རྒྱའི་ཆོ་ག་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བར་བགྱིའོ།། དཔལ་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་ཐམས། ་ཅད་འགྲུབ་པར་འགྱུར་ཏེ། གལ་ཏེ་མ་གྲུབ་ན་རིགས་དང་བརྒྱུད་དུ་བཅས་པ་རླག་པར་གྱུར་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ཉམས་པར་གྱུར་ཅིག། དེ་བཞིན ་གཤེགས་པའི་ཁྲོ་བོའི་རྡོ་རྗེས་སྤྱི་བོ་བཀས་པར་གྱུར་ཅིག། མྱུར་བ་ཉིད་དུ་ཤི་སྟེ་རྣམ་པ་ཐམས་ཅད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག། དེ་ནས་ཡང་དག་བཤད་བྱ་བ།། སྒྲུབ་པ་པོ་ལ། ་གནས་མཆོག་སྟེ། ཆུ་བོའི་འགྲམ་དང་དུར་ཁྲོད་དང་། ཕྱག་ན་རྡོ་རྗེའི་ཁྱིམ་དག་སྟེ།། དེར་ནི་འབྱུང་པོ་འབྱུང་མོ་ཀུན།། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། འབྱུང་པོའི་རྒྱལ་མོ་ཆེན་པོ་བརྒྱད ་ཀྱི་སྦུབ་པའི་གནས་སོ།། དེ་ནས་ཕྱག་རྒྱ་བཤད་བྱ་བ།། འབྱུང་མོ་བརྒྱད་ཀྱི་སྒྲུབ་པ་སྟེ། ལག་གཡོན་ཁུ་ཚུར་དམ་བཅངས་ནས།། གུང་མོ་རབ་ཏུ་བརྐྱང་བྱས་པ།། སྤྱན་དྲངས་མཆོད་པའི་ཕྱག་རྒྱ། ་སྟེ་རིགས་ཀྱི་མཆོག་ནི་སྒྲུབ་བྱེད་པའོ།། ཁུ་ཚུར་ཕན་ཚུན་བཅངས་ནས་ནི།། མཛུབ་མོ་རབ་ཏུ་བརྐྱང་བྱས་པ།། རང་གི་དེམ་ཚིག་སྲུང་བ་ཡི།། འབྱུང་མོ་སྐད་ཅིག་དེ་ལ་སྒྲུབ།། ལག་གཡོན་ཁུ་ཚུར་དམ ་བཅངས་ནས།། མཐེའུ་ཆུང་རབ་ཏུ་བརྐྱང་བྱས་པ།། ཉེ་བར་བྱེད་པའི་ཕྱག་རྒྱ་སྟེ།། འབྱུང་པོ་ཐམས་ཅད་རྗེས་འབྲང་བའོ།། ལག་པ་གཡོན་པ་བརྐྱང་ནས་ནི།། མཛུབ་མོ་བསྐྱིལ་བ་བྱས་ནས་སུ ་མཐེ་བོང་གཡས་ནི་མནན་བྱས་པ།། འབྱུང་ཀུན་དབང་དུ་བྱེད་པའོ།། ལག་གཡོན་དུ་ཚུར་བཅངས་པ་ལས།། སྲིན་ལག་རབ་ཏུ་བརྐྱང་བ་ནི།། འབྱུང་མོ་ཐམས་ཅད་འགུགས་པ་སྟེ།། བགེགས་ཀུན། ་ཟློག་པར་བྱེད་པའོ།། ལག་གཡོན་ཁུ་ཚུར་བཅངས་ནས་ནི།། མཛུབ་མོ་རབ་ཏུ་བརྐྱང་བྱས་པ།། འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ།། གདུག་པ་ཐམས་ཅད་ཟ་བྱེད་པའོ།། ལག་པ་གཡོན་པས་ཁུ་ཚུར ་བཅངས་ཏེ་མཐེའུ་ཆུང་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ།། ལག་པ་གཉིས་ཀའ་སོར་མོ་རྣམས་གཅིག་གི་སྟེང་དྲུགཅིག་བསྟོན་པ་བྱས་པ་ལ་ལག། ་པ་གཡས་པ་རྐེད་པ་གཡས་པར་བཞག་ལ། ལག་པ་གཡོན་པས་གཡས་མནན་པའི་སྟེང་དུ་བཞག་པ་ནི་མཆོག་གི་སྙིང་པོ་སྟེ་འབྱུང་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་འདི་དག་བཅིངས་པ་ཙམ་གྱིས་འབྱུང ་མོ་རྣམས་མྱུར་དུ་འོང་སྟེ། གལ་ཏེ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་གྱུར་ཅིག། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་པ། ་གལ་ཏེ་འབྱུང་མོ་རྣམས་དམ་ཚིག་ལས་འདའ་བར་བྱེད་ན་ཁྲོ་བོ་འདི་དང་བ་ཅས་པས་དགུག་པའི་ཕྱིར་བཟླས་ཏེ། ཨོཾ་ཀ་ཊུ་ཀ་ཊུ་སྲྀ་ཏྲཾ་ཧྲཱི་ཆེ་གེ་མོ་བྷཱུ་ཏི་ནི་ཧཱུཾ་ཕཊ། ཁྲོ་བོ་འདི་དང་བཅས་པས་བརྒྱ་ཕྲག་བརྒྱད ་བཟླས་ན་མྱུར་བར་འོང་འགྱུར་རོ།། གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་པ་འམ་བསྐམས་ཏེ་འཆིའོ།། དེ་ནས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པ་ཆུ་བོའི་འགྲམ་དུ་སོང་སྟེ་ཙན་དན་གྱི ་དཀྱིལ་འཁོར་བྱས་ནས་མེ་ཏོག་གཅལ་དུ་བཀྲམ་སྟེ། གུ་གུལ་གྱི་དུང་པས་འདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོའང་སྟོང་བཟླས་ན་འོང་སྟེ ་འོངས་ནས་འདོད་པ་སྦྱིན་པར་འགྱུར་ཏེ་ཆུང་མར་འགྱུར་རོ།། གསེར་སྲང་བ་རྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོ་བར་བྱེད་དོ།། ཉི་མ་རེ་རེ་འདི་ལྟར་བྱས་ན་ཟླ་བ་གཅིག་གི་བར་དུ་ངེས་པར་འགྲུབ་བོ།། ་ཆུ་བོའི་འགྲམ་དུ་སོང་སྟེ། ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཞོ་དང་འབྲས་ཆན་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ངེས་པར་འོང་ངོ་།། འོངས་ནས་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་གྱུར་ཏེ། སྡུག ་པ་ངེས་ཅི་བྱ་ཟེར་ཏེ། སྒྲུབ་པ་པོས་རྒྱལ་སྲིད་སླང་ཞིག་ཅེས་སྨྲའོ།། དེ་ནས་ཡུལ་འཁོར་ཡང་ཡོངས་སུ་སྐྱོང་བར་བྱེད་དོ།། གོས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་མཐུན་པར་སྦྱིན་པར་བྱེད་དོ།། ་དཔལ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ཀ་ར་ཝཱི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་བདུག་པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་ཏེ། མཚན་མོའང་སྟོང་བཟླས་ན་ངེས་པར་འོང་ངོ་།། འོངས ་པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པ་འོངས་སོ་ཞེས་བརྗོད་ན་ཆུང་མར་འགྱུར་ཏེ། ལྷའི་དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དགྲ་ཐམས་ཅད་འཇོམས་པར་བྱེད་དོ།། ་རྒྱབ་ཏུ་ཞོན་ན་མཐོ་རིས་སུའང་འཁྱེར་བར་བྱེད་དོ།། ལོ་སྟོང་ཕྲག་བཅུར་འཚོའོ།། ཆུ་བོའི་འགྲམ་དུ་སོང་སྟེ་སྤོས་དཀར་པོས་དཀྱིལ་འཁོར་བྱས་ནས་མེ་ཏོག་དཀར་པོ་བྱིན་ཏེ། དུ་རུ་ཀ་ས་བདུགས་ལ་སྟོང ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོའང་སྟོང་བཟླས་ན་ངེས་པར་འོང་ངོ་།། འོངས་པ་ལ་མེ་ཏོག་གི་ཆུའི་ཆ་བབྱིན་ནས་བསྒོ་ན་སྲིང་མོར་འགྱུར་རོ།། དངུལ་ཆུ་དང་། བཅུད་ཀྱིས་ལེན་དང ་རྫས་ཀྱི་དངོས་གྲུབ་སྟེར་ཞིང་དཔག་ཆད་སྟོང་དུ་སོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་བར་བྱེད་ཅིང་མཚན་མོ་སླར་ཁྱེར་རོ།། ལྷ་ལང་སྟོང་པར་སོང་ནས་ཇི་ལྟར་གསུངས་པའི་གཏོར་མ་དང་མཆོད་པ་བྱས་ཏེ། སྟོང ་ཕྲག་བརྒྱད་དུ་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོའང་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་ངེས་པར་འོང་ངོ་།། འོངས་པ་ལ་འདོད་པ་བྱས་ན་ཆུང་མར་འགྱུར་ཏེ། ཞི་མ་རེ་རེ་དོང་ཚེ་སྡོང་སྟོང་སྟེར ་ཞིང་རྒྱབ་ཏུ་ཞོན་ན་རི་རབ་ལའང་འཁྱེར་བར་བྱེད་དོ།། གཞན་ཡང་རྒྱལ་སྲིད་སྦྱིན་པར་བྱེད་ཅིང་རྒྱལ་པོའི་བུ་མོ་བཀུག་ནས་སྟེར་ཏེ། ལོ་སྟོང་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ།། ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་ཤའི་བཟའ་བ་དང་། ཀ་ར་ཝཱ་རིའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་དུད་པས་བདུགས་ལ་སྟོང་ཕྲག་བརྒྱད་ད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོ་འང་མཆོད་པ ་རྒྱས་པར་བྱས་ཏེ་མེ་རབ་ཏུ་སྦར་ནས་སྟོང་ཕྲག་བརྒྱད་བཟླས་ན་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ནས་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་ངོ་།། འོངས་པ་ལ་མི་སྨྲ་བར་གྱུར་པས་འདོད་པར་བྱ ་སྟེ་ཆུང་མར་འགྱུར་རོ།། གལ་ཏེ་སྤོང་བར་བྱེད་ན་འཆི་བ་ར་འགྱུར་རོ།། རྒྱབ་ཏུ་ཞོན་ན་ཉི་མ་རེ་རེ་མཐོ་རིས་སུའང་འཁྱེར་བར་བྱེད་དོ།། གཞན་ཡང་རྒྱལ་སྲིད་སྟེར་ཞིང་སྟོང་ཕྲག་ལྔ་འཚོལ ་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ།། ཆུ་བོའི་འགྲམ་དུ་སོང་སྟེ་གུ་གུལ་གྱིས་དཀྱིལ་འཁོར་བྱས་ནས། ཨ་ཀ་རུའི་བདུག་པ་སྦྱིན་ཞིང་ཇི་ལྟར་གསུངས་པའི་གཏོར ་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོའང་མཆོད་པ་རྒྱས་པར་བྱས་ཏེ་སྟོང་བཟླས་ན་རང་ཉིད་འོང་སྟེ་སྣང་བ་ཆེན་པོ་བྱས་ནས་ཙན་དན་གྱི་ཆུས་མཆོད་པོན་བྱིན་ན་དགའ ་བར་འགྱུར་རོ།། སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། སྒྲུབ་པ་པོསམ་གྱིས་ཤིག་ཅེས་སྨྲ་བར་བྱ་སྟེ། མ་བཞིན་དུ་ཡོངས་སུ་སྦྱོང་བར་བྱེད་དོ།། འཁོར་ལྔ་བརྒྱའི་འབྲས་ཆན་དང་། རྒྱན་དང་། གོས ་རྣམས་ཉི་མ་རེ་རེ་སྟེར་ཞིང་ལོ་ཁྲི་འཆོ་ལ། གང་གི་ཚེ་འཆི་བ་ན་བྲམ་ཟེའི་རིགས་སུ་སྐྱེའོ།། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་མཆོད་པ་རྒྱས་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྦར་ཏེ་མཚན་ཐོག་ཐག ་བཟླས་སོ།། དེ་ནས་ནམ་ཕྱེད་ཀྱི་དུས་སུ་འབྱུང་མོ་སྣང་བ་ཆེན་པོ་བྱས་ནས་འོང་སྟེ། སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། དེ་ནས་རྒྱལ་སྲིད་བྱིན་ཅེས་སྨྲས་ན་ཉི་མ་རེ་རེ་དོང་ཚེ་འབུམ་འབུམ་སྟེར་རོ།། ་ལོ་ཁྲི་འཚོ་ཞིང་གང་གི་ཚེ་འཆི་བ་ནས་བདག་གི་རྒྱལ་པོ་བྱེད་དོ།། འབྱུང་མོའི་རྒྱལ་མོ་ཆེན་མོ་བརྒྱུད་ཀྱི་བརྟག་པ་རྫོགས་སོ།། ། དེ་ནས་འབྱུང་མོ་ཆེན་མོ་དུང་ཁྲོད་དུ་འཇུག་པ ་རྣམས་ལངས་ཏེ་དཔལ་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཧྲཱི་ཧཱུ~ཾ་ཧ། མཆོག་གི་སྙིང་པོའོ།། ཨོཾ་ཧཱུཾ་ཀཊྚ་ཀཊྚ་སརྦ་བྷཱུ་ཏ་ནཱ་མ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧ་ར་ཧ ་བན་དྷ་བན་དྷཱ། ཨ་ཀྲ་མ་ཨ་ཀྲམ་བྷོ་ཌྷོ་མ་ཧཱ་ར་དྲཱ་སྭ་བཱན་པས་ནི་ཨཱ་ག་རྦ་ཨཱ་ནཙྪ་ནཱ་རྨཱ་ཛྙཱ་ཧཱ་ཧཱུ~ཾ་ཕ། འབྱུང་པོ་ངུར་ཁྲོད་ན་གནས་པ་རྣམས་དཀྲུག་པའི་སྔགས་སོ།། ཨོཾ་བན་དྷ་བནཿ། དྷུན ་དྷྱཱ་ན། ཙ་ལ་ཙ་ལ། ཙཱ་ལ་ཡ་ཙཱ་ལ་ཡ། པྲ་པཱ་ཤ་པྲེ་པཱ་ཤ། ཏཱ་ར་ཏུ་ར། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ས་མ་ཡ་མ་ནུ་པཱ་ལ་ཡ་བྷོ་སྨ་ཤཱན་པྲ་བེ་ཤ་ནི་ཧཱུཾ་ཕཊ་ཕཿསྭཱཧཱ། འབྱུང་མོ་ཐམས་ཅད་ཀྱི་དམ ་ཚིག་གི་སྔགས་སོ།། ཨོཾ་ཙ་ལ་ཙ་ལ། དྷཀྵ་དྷཀ། མནྟ་དྷཱ་ཏི་ནི་ས་དྷ་ཀན་པྲ་ལ། ས་ར་ས་ར། བི་ས་ར་བི་སྔར། རྠཀནྟ། ཛྭ་ལཱ་ལ་ནཱ་ལཱ་ཡཱ། 6། རངྒ་རདྷ། ་ཛྲ་ཧཱུཾ་ཕཊ་ཧྲཱིཿསྭཱཧཱ། མཆེ་བ་གཙིགས་མའིའོ།། ཨོཾ་གྷོ་རཱ་མུ་ཁི་སཱ་ཤཱན་བ་སི་ནི་སཱ་དྷ་ཀ་ཨ་ནུ་ཀུ་ལེ། ཨ་པྲ་ཏི་ཧ་ཏ་སིད་དྷི་དྷ་པ་ཏི་ཀེ། ཨོཾ་ཨོཾ་ཨོཾ་ཨོཾ་ན་མཿསྭཱ་ཧཱ། གདོང་དྲག་མོའིའོ།། ཨོཾ ་རྫ་རྀ་མུ་ཁི་ཙི་ར་ཙི་ར་ཙིནྟ་ཨཱ་བེ་ཤ། སརྦ་ཤ་ཏྲུཾ་བྷ་ཡཾ་ཀ་རི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། མ་མ་ཨ་ཀཱ་ལ་མྲྀ་ཏྱུ་ཀྵ་ཡཾ་ཀ་རི། སརྦ་ནཱ་ག་བྷཱ་ཡཾ་ཀ་རི། ཨཊྚཱ་ཧཱ་སི་ནིས། ་བྷཱུ་ཏེ་ཤྭ་རི། ཐཱ་ཐཱ་ཐཱཐཱ། དྷཱ་དྷཱ་དྷ་དྷ། ཨེ་ཨ~ཾ་ཨ~ཾ་ཨོཾ་སྭཱ་ཧཱ། རྒན་མོ་གདོང་ཤིའོ།། ཨོཾ་ཀ་མ་ལ་ལོ་ཙ་ནི་མ་ནུ་ཥཱ་བ་ཙ་ལི། སརྦ་དུ། ཁ་ནི་ནཱ་ཤ་ནི། སཱ་དྷ་ཀ་པྲི་ཡ་ཛ་ཡ་ཛ་ཡ། དེ་བྱ་རཱ ་ཧྲཱིཿ། གྲྀཧྞ་གྲྀཧྞ། ཛ་ཛ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕ་ཊན་མཿསྭཱཧཱ། པདྨའི་མིག་ཅན་མའིའོ།། ཨོཾ་བི་ཀང་དུ་མུ་ཁི་དོཥྚ་ཀར་ལོ་ཛྭ་ལི་ཏ་ལོ་ཙ་ནི། སརྦ་ཡཀྵ་བྷ་ཡཾ་ཀ་རི། དྷ་པ་དྷ་པཱ་གཙུ་ག་ཙྪ་བྷོ་བྷོ་སཱ་དྷ་ཀཱན ་ཨ་ཛྙཱ་པ་ཡ་ཏི་སྭཱཧཱ། མི་སྡུག་གདོང་མའིའོ།། ཨོཾ་དྷུ་དྷུ་རི་ཀརྞ་པི་ཤཱ་ཙི་ནི་ཀ་ཌྷ་ཀནྱ། དྷུ་ན་དྷུ་ན་མ་ཧཱ་སཨཱརྱ་པཱུ་ཛ~ཾ་ཏེ། ཙྪིན་ད་ཙྪིན་ད་མ་ཧཱ་ཀརྞ་པི་ཤཱ་ཙཱི་ནི། བྷོ་བྷྱོ་སརྦྦ ་ཀ་ཀི་ཀ་ད་མི་ཊི། ཧཱུཾ་ཧཱུ~ཾ་ཕཊ་བཛྲ་སྭཱ་ཧཱ། སྤྱོད་ངན་མའིའོ།། ཨོཾ་ས་ར་ས་ར། ཀཊུ་ཀཊྚ། ཛཾ་བྷ་ཡ་ཛ་བྷ་ཡ། སྠཱམྦྷ་ཡ་སྭམྦྷ་ཡ~ཾ། མོ་ཧ་ལ་མོ་ཧ་ཡ། བི་དྷ་ཏ་ཀ་རཱ་ལི་ཨ་པྲ་ཏི་ཧ་ཏ་བ་ར་སོང ་དྷི་ད་ཡ་ཀེ་ཧ་ཧ་ཧ་ཧཱུཾ་སྭཱ་ཧཱ། གློག་ལྟར་འཇིགས་མའིའོ།། ཨོཾ་སཽ་མྱ་མུ་ཁི་ཨཱ་ཀ་ཪྵ་ཡ། སརྦ་བྷཱུ་ཏ་ན་ཛ་ཡ་ཛ་ཡ། བྷྱོ་བྷོ་མ་ཧཱ་སཱ་དྷི་ཀ་ནི་ཏིཥྛ་ཏིཥྛ་ས་མ་ཡ་མ་ནུ་པཱ་ལ་ཡ་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བཞིན། ་མཛེས་མའིའོ།། དུར་ཁྲོད་དུ་འཇུག་མ་ཆེན་མོ་བརྒྱད་ཀྱི་སྔགས་ཀྱི་ཚིག་གོ།། དེ་ནས་འདིར་དུར་ཁྲོད་དུ་འཇུག་མ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་རྣམ་པར་བཤད་པ། ཁུ་ཚུར་ཕན་ཚུན་བཅངས་ནས ་མཛུབ་མོ་གཉིས་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་འདི་ཉིད་ཀྱིས་དགུག་པར་ཡང་བྱའོ།། དུར་ཁྲོད་དུ་འཇུག་པའི་ཤ་ཟ་མོ་འབྱུང་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ་གཡོན ་པའི་མཛུབ་མོ་བརྐྱང་བ་ནི་གདོང་དྲག་མའི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་བཅངས་ནས་མཐེའུ་ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་ནས་ཁའི་ཕྱོགས་སུ་སྦྱར་བ་ནི་མཆེ་བ་གཙིགས་པའི་ཕྱག་རྒྱའོ།། ་ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བརྐྱང་བ་ནི་རྒན་མོ་གདོང་གི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གུང་མོ་བཀུག་ཅིང་སྲིན་ལག་བརྐྱང་བ་ནི་པདྨའི་མིག་ཅན་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་སྲིན ་ལག་བཀུག་ནས་མཐེའུ་ཆུང་བརྐྱང་བ་ནི་མི་སྡུག་གདོང་མའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ནས་མཛུབ་མོ་བརྐྱང་བ་ནི་སྤྱོད་ངན་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་བཀུག ་ཅིང་གུང་མོ་བརྐྱང་བ་ནི་གློག་ལྟར་འཇིགས་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་བཞིན་མཛེས་མའི་ཕྱག་རྒྱའོ།། དུར་ཁྲོད་དུ་འཇུག་མའི་འབྱུང་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱའི། ་མཚན་ཉིད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། ། དེ་ནས་འདིར་ནི་བཤད་བྱ་བ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ།། དུར་ཁྲོད་འཇུག་པའི་འབྱུང་ཆེན་མོ།། བརྒྱད་པོ་སྒྲུབ་པའི། ་ཆོ་ག་སྟེ།། དབུལ་པོ་རྣམས་ལ་ཕན་དོན་དུ།། བྲན་མོའི་སྒྲུབ་ཐབས་དམ་པའོ།། དུར་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་སྒྲུབ་པ་བརྩམ་པར ་བྱ་སྟེ། མཚན་མོ་དུར་ཁྲོད་དུ་སོང་ནས་སེང་ལྡེང་གི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བྱུགས་པས་སྦྱིན་སྲེག་བརྒྱ་བྱས་ན། དེ་ནས་འབྱུང་མོ་དུར་ཁྲོད་དུ་འཇུག་མ་མྱུར་དུ་འོང་སྟེ། ངས་ཅི ་བྱ་ཞེས་མངག་གཞུག་བྱེད་པར་འགྱུར་རོ།། ཞིང་བསྐྱེད་པའི་ཞིང་གི་ལས་བྱེད་ཅིང་ཉི་མ་རེ་རེ་དོང་ཚེ་རེ་རེ་སྟེར་རོ།། མཚན་མོ་ཞིང་གི་གསེབ་ཏུ་སོང་སྟེ་ཉ་དང་ཤས་ཇི་ལྟར་གསུངས་པའི་གཏོར་མ་སྦྱིན་ཞིང ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ན་ལས་ཀྱི་ཤ་ཟ་མོ་ཇི་ལྟར་བསྟན་པའི་ལས་ཐམས་ཅད་བྱེད་དོ།། མཚན་མོ་དུར་ཁྲོད་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣ་མ་མྱུར་དུ་བཟང་མོའི ་གཟུགས་ཀྱིས་འོང་སྟེ་མངག་གཞུག་མར་འགྱུར་རོ།། ཁྱིམ་གྱི་ལས་དང་། བྱ་བ་དང་། ཤགས་དང་། དྲག་པོའི་ལས་ལ་སོགས་པ་བྱེད་དོ།། མཚན་མོ་དྲར ་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣམ་འབྱུང་མོའི་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་མྱུར་དུ་འོང་ངོ་།། འོངས་པ་ལ་ཉ་དང་ཤ་ལས་བྱས་པའི་གཏོར་མ་དམར་པོ་བྱིན་ན་དགའ་བར ་འགྱུར་རོ།། ཟན་གྱི་ལས་བྱེད་ཅིང་རས་དྲུང་གཅིག་དང་། དོང་ཚ་གཅིག་དང་། འབྲས་ཆན་དང་། རྒྱན་ལ་སོགས་པ་སྒྲུབ་པ་པོ་དང་འགྲོ་བ་ལྔ་ལ་ཉི་མ་རེ་རེ་སྟེར་རོ།། དཔག་ཚད་བརྒྱ་ནས་ཀྱང ་བུད་མེད་བཟང་མོ་བླངས་ནས་སྟེར་རོ།། མདོར་ན་བྲན་དང་བྲན་མོ་དང་འདྲ་བར་ཇི་སྲིད་འཚོའི་བར་དུ་ལས་ཐམས་ཅད་བྱེད་དོ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། ལས་ཀྱི་ཤ་ཟ་མོའི་ཆོ་ག་རྒྱས ་པའི་ལེའུའོ།། ། དེ་ནས་འབྱུང་མོ་གཏུམ་མོ་ཆེན་མོ་ཀ་ཏ་ཡ་ན་གཏུམ་མོ་ཆེན་མོ་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དར་དཔལ་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་ཕྱག ་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོཾ་ཏྲཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཀ་ཏ་ཡན་ཞི་བ་མའིའོ།། ཨོཾ་བྷུ་ཛ་ལ་ཧཱུཾ་ཕཊ། ཀ་ཏ་ཡན་ཆེན་མོརའོ།། ཨོཾ་ཨོཾ་ཧྲཱི་ཧྲཱི་ཙྪ་ཧཱུཾ་ཧེ་ཧེ་ཕཊ་ཕཊ་སྭཱ་ཧཱ། དྲག་མོ་ཀ་ཏ་ལ་ན ་འོ་ཨོཾ་རོ་དྲྀ་དྷ་མ~ཾ་ཀ་ར~ཾ་ཨ་ཊྚཿས་མས་རྒྱཀཔྲི་ལ་མ་ཧཱ་བ་ཙ་ཏ་རཱ་པེ་ར་ཏཱ་ཀ་རི་སུ་བརྞ་ཧ་ཧེ་ལ་མན་གྲིརྟེན། སརྦ་དུཿ་ལ་པྲ་ཤ་མ་ནི། ཨོཾ་ཨོཾ་མ་ཨོཾ། ཧཱུཾ་ཧཱུཾ་ཧཱུ~ཾ་ཧཱུ~ཾཤཱནྡ། སིད་དྷི་པྲ ་ཧྲཱིཿཛཿསྭཱཧཱ་ཀའབྱུང་པོའི་དབང་ཕྱུག་མ་ག་ཏུམ་མོ་ཀ་ཏ་ཡནའིའོ།། ཨོཾ་ཡ་མ་ནི་ཀྲིནྟ་ནི་ཨ་ཀཱ་ལ་མྲྀ་ཏྱཱ་ནི་བཱ་ར་ཎི། ཁངྒ་ཤཱུ་ལ་ཧ་སྟེ་ཤཱིགྷྣ་པྲ་སིད་དྷིདྷཱ་ཏྱ་སཱ་དྷ་ཀ་ནཱ་ཛྙཱ་པ་ཡ་ཏི་ཧྲཱིཿསྭཱ་ཧཱ། ཀ་ཏ་ཡ་ན་དྲེགས ་མའི་འོ།། ཨོཾ་ཧེ་མ་ཀུཎྜ་ལི་དྷ་ཀ་དྷ་ཀ་ཛྭ་ལ་ཛྭ་ལ་དི་བྱ་ཀཎྜ་ལི་བྷཱུ་ཥི་ཏེ་ད་མ་ནི་མ་ཐ་ནི་བྷ་ག་བ་ན་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཀ་ཏ་ཡ་ན་རྣ་ཆ་ཅན་གྱིའོ།། ཨོཾ་བྷྲི་ཀུ་ཊི་མུ་ལི་ཀ་ཧ་ཀ་ཧ། དྷ་བ་དྷ་བ། ཛྭ་ལ་ཛྭ་ལ། ་ཧུ་ཏ་ཨ་ས་ན་མུ་ཁི་ཨ་གཙྪ་ཨ་གཙྪ་བེ་ཏ་ཧོད་ཐ་བ་ནི། ཨཱ་བི་ཤ་ཨཱ་བི་ཤ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བྷཱ་ག་བ་ན་ཨཱ་ཛྙཱ་པ་ཡ་ཏི་ཧྲཱིཿསྭཱ་ཧཱ། ཀ་ཏ་ཡ་ན་རྒྱལ་བའི་བཞིན་ཅན་མའིའོ།། ཨོཾ་རྡྷ། ་ཀུ་མ་ཐ་ནི་ཀ་ཧ་ཀ་ཧ་ཛ་ཡ་ཛ་ཡ། སརྦ་ཨ་སུ་ར་པ་ཙ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཀ་ཏ་ཡ་ན་མཛེས་མའི་འོ།། ཨོཾ་སུ་ར་ཏ་པྲི་ཡེ་དི་བྱཱ་ལོ་ཙ་ནེ་ཀཱི་མེ་ཤྭ་རེ་ཛེ་ག་ད་མོ་ཧ་ནི་སུ་བྷ་གེ་ཀཱཾ་ཙ་ན། ཨ་ལཾ་བྷཱུ་ཥི་ཎི་ན་པུ་ར་ཤཱ ་ཨཱ་བེ་ཤཱ་བི་ཤ། བི་པུ་ར་པུ་ར། སཱ་དྷ་ཀ་པྲི་ཡེ་ཧྲཱིཿསྭཱ་ཧཱ། ཀ་ཏ་ཡ་ན་དེས་ན་མའིའོ།། ཀཱ་ཏ་ཡ་ནའི་འབྱུང་མོ་བརྒྱད་ཀྱི་རིག་སྔགས་བཀླགས་པ་ཙམ་གྱིས་འགྲུབ་པའོ།། དེ་ནས་མཆོག་ཏུགས ་བའི་འབྱུང་པོ་ཆེན་པོ་གདུལ་བའི་རྒྱུད་ཆེན་པོ་ལས། ཀ་ཏ་ཡ་ན་བརྒྱད་པོའི་ཕྱག་རྒྱའི་མཚན་ཉིད་འབྱུང་མོ་ཐམས་ཅད་སྒྲུབ་པར་བྱེད་པ་བཤད་པར་བྱ་སྟེ། སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ནས ་མཛུབ་མོ་བརྐྱང་སྟེ་བཀུག་པ་ནི་ཀ་ཏ་ཡ་ན་ཞི་བ་མའི་ཕྱག་རྒྱའོ།། སོར་མོ་རྣམས་ནང་དུ་བཀུག་ནས་མཛུབ་མོ་གཉིས་བསྐྱིལ་བ་ནི་ཀ་ཏ་ཡ་ན་ཆེན་མོའི་ཕྱག་རྒྱ་སྟེ། འབྱུང་མོ་མ་ལུས་པ་འགུགས་པའོ།། ་ཕྱག་རྒྱ་འདི་ཉིད་ལས་གུང་མོ་ཁར་གཏད་ནས་མཐེའུ་ཆུང་གཉིས་བཀུག་པ་ནི་འབྱུང་མོ་ཐམས་ཅད་གསོད་པ་སྟེ། རིགས་འཇོམས་པར་བྱེད་པ་སྒྲུབ་པ་པོ།། ་ཆེན་པོ་དགའ་བའི་འབྱུང་པོའི་དབང་ཕྱུག་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་བཅིངས་པ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད་དོ།། ཁུ་ཚུར་གཉིས་པོ་སོ་སོར་བཅངས་ནས། མཛུབ་མོ་གཉིས ་བརྐྱང་བ་ནི་ཀ་ཏ་ཡ་ན་དྲེགས་མའི་ཕྱག་རྒྱ་སྟེ། དྲི་དང་། སྤོས་དང་། དེ་བཞིན་དུ་མེ་ཏོག་གིས་མཆོད་ཅིང་ཉ་དང་ཤའི་གཏོར་མའང་བྱིན་ན་འབྱུང་པོ་ཐམས་ཅད་སྐད་ཅིག་དེ་ལ་བྲན་མོར་འགྱུར། ་རོ་ཁུ་ཚུར་གཉིས་དམ་དུ་བཅིངས་ནས་མཛུབ་མོ་གཉིས་འཁྱུད་པ་ནི་འབྱུང་མོའི་ཕྱག་རྒྱ་སྟེ། དེ་ཉིད་ཀ་ཏ་ཡ་ན་གཏུམ་མོ་མིག་འགེབས་མའི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི ་འབྱུང་མོ་ཐམས་ཅད་སྒྲུབ་ཅིང་འབྱུང་མོ་རྣམས་འགྱེལ་ཞིང་གསོད་པའི་ཕྱག་རྒྱ་སྟེ། རིགས་དང་བརྒྱད་དུ་བཅས་པ་སྒྲུབ་པ་རྒྱལ་བའི་བཞིན་ཅན་མའི་ཕྱག་རྒྱ་སྟེ། འབྱུང་མོ་མ་ལུས་པ ་དབང་དུ་བྱེད་པའོ།། ཁུ་ཚུར་སོ་སོར་བཅངས་ནས་མཐེའུ་ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་པ་ནི་འཇིག་རྟེན་གསུམ་འགུགས་པར་བྱེད་པའི་ཕྱག་སྟེ། དྲག་པོ་དང་། ་ཚངས་པ་དང་། བརྒྱ་བྱིན་དུ་བཅས་པའང་གུགས་ན། འབྱུང་མོ་ཕྲན་ཚེགས་རྣམས་ལྟ་ཅི་སྨོས་ཏེ། དེ་ནི་ཀ་ཏ་ཡ་ན་མཛེས་མའི་ཕྱག་རྒྱའོ།། འབྱུང་མོ་ཆེན་མོ་ཀ་ཏ་ཡ་ན་བརྒྱད ་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འདིར་མཆོག་ཏུ་གསང་བ་གསང་ཆེན་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའིའིབྱུང་མོ་ཀ་ཏ་ཡ་ན་རྣམ། ་ཀྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། འབྱུང་མོ་ཀ་ཏ་ཡ་ན་རྣམས་ཀྱི་སྒྲུབ་པའི་ཐབས་ནི་དུར་ཁྲོད་དུ་སོང་ནས་བརྒྱ་ཕྲག་བརྒྱད་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་ཐམས་ཅད་མྱུར་དུ ་འོང་སྟེ། འོངས་པ་ལ་ཐོད་པ་ཁྲག་གིས་ཡོངས་སུ་བཀང་སྟེ་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། སྡུག་པ་ངས་ཅི་བྱ་ཞེས་སྨྲ་སྟེ། སྒྲུབ་པ་པོས་མ་གྱིས་ཤིག་ཅེས་སྨྲས་ན་མ་དང་འདྲ་བར ་ཡོངས་སུ་སྐྱོང་བར་བྱེད་དོ།། རྒྱལ་སྲིད་སྟེར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ། སྒྲུབ་པ་པོ་རྣམས་ཀྱི་བདག་པོར་འགྱུར་རོ།། ལོ་བརྒྱ་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ ་རིགས་སུ་སྐྱེའོ།། དེ་ནས་རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། མཚན་མོའང་དཔལ་རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་བཟླས་ན་བུད ་མེད་བཟང་མོའི་གཟུགས་ཀྱིས་འདུག་ནས་མཆོག་སྟེར་རོ།། མཚན་མོ་ལིང་ག་གཅིག་པར་སོང་སྟེ་སྟོང་ཕྲག་གཅིག་བཟླས་ན་ཉི་མ་གཅིག་ན་རྐང་གདུབ་ཀྱི་སྒྲ་ཐོས་སོ།། ཉི་མ་གཉིས་ན་བུད་མེད་བཅ ་མོ་མདུན་དུ་འདུག་སྟེ་སེམས་སུན་མི་དབྱུང་ཞིང་སྨྲ་བར་ཡང་མི་བྱའོ།། ཉི་མ་གསུམ་པ་ལ་ཚིག་སྨྲ་བར་བྱེད་དེ།། ཀྱེ་སྒྲུབ་པ་པོས་བཀའ་ཅི་སྩ་ལ་ཞེས་སྨྲ་སྟེ། སྒྲུབ་པ་པོས་ཀྱེ་ལྷ་མོ་ཆེན་མོ་བསྙེན ་། བཀུར་གྱིས་ཤིག་ཅེས་སྤྲས་ན། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་མར་འགྱུར་རོ།། རྒྱབ་ཏུ་ཞོན་ན་རི་ར་འདང་རྒྱ་མཚོ་ལ་སོགས་པར་འཁྱེར་རོ།། གཞན་ཡང་ངལ ་བསོ་བའི་ཁྱིམ་དུ་སོང་སྟེ་འདུག་ན་རྫས་བླངས་ཏེ་སྟེར་བར་བྱེད་དོ།། འཛམ་བུའི་གླིང་གི་ཁོངས་སུ་གཏོགས་པ་ན་གཟུགས་མཆོག་དང་ལྡན་པའི་བུ་མོ་བླངས་ནས་སྟེར་རོ།། དེ་ནས་འདོད་པར་བྱས་ན། ་ལོ་ལྔ་བརྒྱ་འཚོ་ཞིང་ཤིང་ན་རྒྱལ་ཕྲན་གྱི་རིགས་སུ་སྐྱེའོ།། མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་འབྱུང་མོ་བུད་མེད་བཟང་མོའི་གཟུགས་ཅན་དུ་འཁོར་དང ་བཅས་ནས་འོང་སྟེ། འོངས་པ་ལ་འབོད་པར་མི་བྱ་ཞིང་སུན་དབྱུང་བར་མི་བྱ་སྟེ། མི་སྨྲ་བར་གྱུར་པས་ཆགས་པ་སྤྱད་ན་ཉི་མ་རེ་རེ་རྟག་ཏུ་གནས་པར་འགྱུར་རོ།། དོང་ཚེ་ལྔ་དང་རས ་ཕྲུགས་གཅིག་སྟེར་རོ།། མཚན་མོ་སྐྱེད་མོས་ཚལ་དུ་སོང་སྟེ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ན་རྐང་གདུབ་ཀྱི་སྒྲ་ཟོས་སོ།། ཉི་མ་བཞིན་འབྱུང་མོ་འོང་བ་མཐོང་ངོ་།། ཉི་མ་ལྡན་མདུན་ན ་འཇུག་གོ།། ཉི་མ་དྲུག་ན་དོང་ཚེ་ལྔ་སྟེར་རོ།། ཉི་མ་བདུན་ནའང་འོང་སྟེ་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ནས་ཆུང་མར་འགྱུར་རོ།། དེ་བཞིན་དུ་ཉི་མ་བརྒྱད་པ་ལ་སྔས་སུ ་མཎྜལ་བྱས་ལ་གུ་གུལ་གྱི་བདུག་པ་བྱིན་ཏེ། སྟོང་ཕྲག་བརྒྱད་བཟླས་ནི་འབྱུང་མོའི་བུ་མོའི་གཟུགས་ཀྱིས་ཁྱིམ་དང་བཅས་ནས་འོང་སྟེ། འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ།། ་ལྷའི་མུ་ཏིག་གི་དོ་ཤལ་མལ་དུ་བོར་ནས་ཐོ་རངས་ཀྱིས་འགྲོ་སྟེ། དེས་ཀྱང་མུ་ཏིག་གི་དོ་ཤལ་བླང་བར་བྱའོ།། བླངས་པ་ཙམ་གྱིས་དོང་ཚེ་ཉི་ཤུ་རྩ་ལྔ་དང་རས་ཟུང་གཅིག་སྟེར་རོ།། དགྲ་ཐམས། ་ཅད་འཇོམས་པར་བྱེད་ཅིང་ཚེ་ལོ་སྟོང་ཐུབ་པར་འགྱུར་ཏེ་ཤི་ནས་རྒྱལ་རིགས་སུ་སྐྱེའོ།། ལྷ་ཁང་སྟོང་པར་སོང་ནས་མཚན་མོ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་རང་ཉིད་སྣང་བ་ཆེན་མོ། ་བྱས་ནས་འཁོར་བརྒྱད་བརྒྱ་ས་ཡོངས་སུ་བསྐོར་ཏེ་ངེས་པར་འོང་ངོ་།། འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ་ཆུང་མར་འགྱུར་ལ། དངུལ་ཆུ་དང་། བཅུད་ཀྱིས ་ལེན་དང་། རྫས་ཀྱི་གྲུབ་པ་སྟེར་རོ།། འཁོར་བརྒྱད་བ་རྒྱས་གོས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ།། ལོ་ལྔ་སྟོང་འཚོ་ཞིང་གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེའོ།། ། ་མཚན་མོ་རྒྱལ་པོའི་ཁབ་ཏུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། ནུབ་ལྔར་ཀ་ར་ཝཱ་རིའི་ཤིང་གིས་མེ་རབ་ཏུ་སྦྱར་ཏེ། མ་ལ་ཏའི་མེ་ཏོག་ཞོ་མར་གྱིས ་བྱུགས་ཏེ་བརྒྱད་བརྒྱ་བསྲེགས་ན། འབྱུང་མོའི་རྒྱལ་མོ་འཁོར་ལྔ་བརྒྱའི་རྐང་གདུབ་ཀྱི་སྒྲ་ཆེན་པོས་མྱུར་དུ་འོང་ངོ་།། འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ནམ་དང་། སྲིང་མོ་དང་། ་ཆུང་མར་འགྱུར་རོ།། གལ་ཏེ་མར་གྱུར་ན་སེམས་སུན་འབྱུང་བར་མི་བྱ་སྟེ། ལྷས་འདོད་པའི་བཟའ་བ་སྟེར་ཞིང་གསེར་སྲང་འབུམ་སྟེར་རོ།། གལ་ཏེ་སྲིང་མོར་གྱུར་ན་ནི་རྒྱལ་སྲིད ་། སྟེར་ཞིང་དཔག་ཚད་སྟོང་ནས་ཀྱང་བུད་མེད་བླངས་ནས་སྟེར་རོ།། གལ་ཏེ་ཆུང་མར་གྱུར་ན་ནི་བུད་མེད་མཛེས་མ་ལྟ་བུས་ལུས་ཀྱི་ལོངས་སྤྱོད་སྟེར་ཞིང་རེ་བ་ཐམས་ཅད་ཡོང། ་སུ་རྫོགས་པར་བྱེད་དོ།། ལོ་ཁྲིའིའཚོ་ཞིང་གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེ་བར་བྱེད་དོ།། དེ་ནས་བླང་ཀབ་ལ་ཁྲི་བཟླས་པ་བྱས་ནས་མཚན་མོ་ལྷ་ཁང་དུ་སོང་སྟེ་མཆོད་པ་རྒྱས་པར ་བྱས་ནས་མཚན་ཐོག་ཟག་བཟླས་ན་ཟོ་རངས་ངེས་པར་འོང་ངོ་།། འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཞིང་མངག་གཞུག་པར་འགྱུར་རོ།། ཉི་མ་རེ་རོ་དོང་ཚེ་ལྔ་ལྔ་སྟེར་ཞིང་ལྷའི་འདོད ་པའི་བཟའ་བ་སྟེར་རོ།། ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ།། འདི་ནི་ཀ་ཏ་ཡ་ན་བརྒྱད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། ། དེ་ནས་རྣམ་པར་བཤད་བྱ་བ།། འབྱུང་པོ་འདུལ་བའི ་རྒྱུད་ཆེན་གྱི།། བྲན་ཕོ་དང་ནི་བྲན་མོ་དག། སྒྲུབ་པར་བྱེད་པའི་ཆོ་གའོ།། ཨོཾ་རཱ་ཕུ་རཱ་ཧུ་མ་ཧཱ་ཙེ་ཏུ་ཀ་ནནྡ་རི་དྷ་ནན་ཧི་ཏ་ཧ་ར་ཐཱ་ཡ། ཨོཾ་ཧྲ་ཧྲཾ་ཧྲ་ཧྲ་ཧྲགྲྀཧྞ་གྲྀཧྞ་མཱཾ་ས་སིདྡྷི་མྨེ་པྲ་ཡ་ཙྪ་སྭཱཧཱ། ་ར་སྐྱེས་ནག་པོའི་ཤི་བཙོང་བའི་སྔགས་ཏེ། མཚན་མོ་དུར་ཁྲོད་དུ་སོང་ནས་བརྒྱ་རྩ་བརྒྱད་བཟླས་ན། ཤ་ཐམས་ཅད་བཙོང་བའི་ལས་འགྲུབ་པར་འགྱུར་རོ།། མཚན་མོ་དུར་ཁྲོད་དུ་སོང་ནས་ཤ་སྲང ་བརྒྱད་དཁྱེར་ནས་ཕྱོགས་བཞིར་རྣམ་པར་བལྟས་ཏེ། ཀྱེ་ཀྱེ་དུར་ཁྲོད་ན་གནས་པའི་འབྱུང་མོ་རྣམས་ཤ་ཉོའམ་ཞེས་བོས་ནས་བྲམ་ཟེའི་གཟུགས་ཀྱིས་མདུན་དུ་འདུག་སྟེ། ཀྱེ་སྐྱེས་བུ་ཆེན་པོ་ཅི་བཞེད ་ཅེས་སྨན་སྒྲུབ་པ་པོས་གསེར་འདོད་ང་ཞེས་སྨྲ་སྟེ། གསེར་སྲང་བརྒྱ་སྟེར་བར་བྱེད་དོ།། དེ་ནས་ཤ་སྦྱིན་ཏེ། གལ་ཏེ་མི་འདོད་ན་མིག་དང་སྤྱི་བོ་འགས་པའམ་འཆི་བར་འགྱུར་རོ།། དེ་ནས་དབང ་ཕྱག་ཆེན་པོ་ལྷ་ཆེན་པོ་རིག་འཛིན་བྱེ་བ་དུ་མས་ཡོངས་སུ་བསྐོར་ཏེ། ལྷའི་བུ་མོ་དུ་མ་དང་། གནོད་སྦྱིན་དང་། ཀླུ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཁྲི་བརྒྱད་སྟོང་དུ་མ་དང་ལྷན་ཅིག་ཏུ་འཁོར ་དཀྱིལ་འཁོར་ཆེན་པོ་དེར་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མི་ཕྱེད་པར་བསྟན་པ། ཁམས་གསུམ་པའི་རྒྱལ་པོ་ཆེན་པོ་འབྱུང་པོ་དང་། ཀླུ་དང་། གནོད་སྦྱིན་དང་། རིག་འཛིན་རྣམས་འཇིག་པར་བྱེད་པ། ་བགེགས་ཐམས་ཅད་འཇོམས་པ། སྡུག་བསྔལ་བ་དང་ཉོན་མོངས་པ་ཐམས་ཅད་སེལ་བ། གདོན་ཐམས་ཅད་དང་། རོ་ལངས་དང་། ལུས་སྲུལ་པོ་རྣམས་གསོད་པ། དཀྱིལ་འཁོར་གས། ་ཆེན་ཐམས་ཅད་གྲུབ་པར་བྱེད་པ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་འབྱུང་པོའི ་དབང་ཕྱུག་ལྷ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ།། ལྷ་ཆེན་པོ་མ་འོངས་པའི་དུས་ན་འཛམ་བུའི་གླིང་གི་མི་རྣམས་ལ་ཕན་པའི་དོན་དུ་འབྱུང་པོ་ཐམས་ཅད་དང་། ་ཀླུ་དང་། གནོད་སྦྱིན་དང་། མི་འམ་ཅི་རྣམས་བྲན་མོར་སྒྲུབ་པའི་ཐབས་ཁྲོ་བོའི་བདག་པོ་ཆེན་པོས་གསུངས་ཤིག། དེ་ནས་འདིར་ནི་བཤད་བྱ་བ།། དཀྱིལ་འཁོར ་ཆེན་པོ་དམ་པ་སྟེ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་དག་ནི་བཞིས་བརྒྱན་ཅིང་།། ཆ་རྣམས་བཅུ་དྲུག་དག་དང་ལྡན།། རྡོ་རྗེ་རབས་མཛེས་བྱ་བ།། དེ་དབུས་དགོད་བྱ་དྲག་པོ་སྟེ།། འབར་བའི། ་འཕྲེང་བ་ཡང་དག་འཁྲུག། ཁྲོ་བོ་ཆེན་པོ་ཕྱག་བཞི་པ།། མིག་སྨན་སྦྱངས་པའི་འོད་འདྲ་ཞིང་།། ཕྱག་གཡས་ཀྱིས་ནི་རྡོ་རྗེ་གསོར།། གཡོན་པའི་ཕྱག་གིས་སྡིགས་མཛུབ་མཛད།། ཞལ ་གྱི་མཆེ་བ་གཙིགས་པ་སྟེ། སྦྲུལ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། ཟོད་པའི་འཕྲེང་བའི་ཅོད་པན་ཅན།། འཇིག་རྟེན་གསུམ་ཡང་འཇིགས་བྱེད་ཅིང་།། སྒྲ་ཆེར་དྲག་ཏུ་བཞད་མཛད ་ལ་འཇིག་རྟེན་གསུམ་པོའི་བདག་པོ་སྟེ།། གཡོན་བརྐྱང་བ་ཡིས་ལེགས་པར་བཞུགས།། ཉི་མ་བྱེ་བའི་གཟི་ལྡན་ལ།། གཞན་གྱིས་མི་ཐུབ་ཞབས་ཀྱིས་མནན།། ཕྱག་རྒྱ་འཆིང་བས ་བཞུགས་པ་སྟེ།། སྲིན་ལག་གཉིས་ནི་འཁྱུད་ནས་སུ།། མཛུབ་མོ་གཉིས་ནི་བཀུག་བྱས་ཏེ།། མཐེའུ་ཆུང་དང་ནི་གུང་མོ་དག། མཐེ་བོང་གིས་ནི་མནན་བྱས་པ།། དཔལ་ལྡན་འདི་འདྲའི ་རྒྱ་འཛིན་ཅིང་།། འཇིག་རྟེན་གསུམ་གྱི་འབྱོར་འགྲུབ་པའོ།། ཁྲོ་བོའི་མདུན་དུ་ཨུ་མ་ཡི།། བདག་པོ་ཡང་དག་བྲི་བར་བྱ།། ལྷོ་རུ་ཁྱབ་འཇུག་བྲི་བྱ་སྟེ།། ནུབ་ཏུ་ཚངས་པ་ལྷ་ཉིད་དོ།། ་བྱང་དུ་བདག་པ་སྤྲིན་དྲུག་གོ།། དབང་ལྡན་དུན་ཚོགས་བདག་པོ།། འོད་ཟེར་སྟོང་གིས་མཛེས་པ་ནི།། མེ་ཡི་གྲཝར་ནིགྲོ་བར་བྱ།། སྒྲ་གཅན་བདེན་བྲ་ལ་གྲཝ་རུ་ཊི།། དགའ་བའི་དབང་ཕྱུག་རླུང་གི་བྷ་ར། ་གསེར་གྱི་ཁ་དོག་ལྟ་བུའི་ལུས།། རྒྱུན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ཅུང་ཟད་དགོད་ཅིང་ཆགས་པ་ཡིས།། བཅོམ་ལྡན་འདས་ལ་ལྟ་བ་ཡི།། མཆོད་པའི་ལྷ་མོ་གནས་པ་རྣམས།། དཀྱིལ ་འཁོར་ཕྱི་རོལ་བྲི་བྱ་སྟེ། ཁྲོ་བོ་ཡི་ནི་གཡོན་ལོགས་སུ།། ལྷ་མོ་ཨུ་མ་བྲི་བར་བྱ།། ཁྲོ་བོ་ཡི་ནི་མདུན་ཉིད་དུ།། དཔལ་གྱི་ལྷ་མོ་བྲི་བར་བྱ།། ལག་པ་མེ་ཏོག་ཐོགས་པའོ།། ཁྲོ་བོ་ཡི་ནི་གཡས ་ལོགས་སུ།། རྒྱན་ཀུན་གྱིས་ནི་བརྒྱན་བྱས་ཤིང་།། ལག་པ་ན་ནི་སྤོས་ཐོགས་པའི།། ཐིག་ལེ་མཆོག་ནི་ལེགས་པར་བྲི།། ཁྲོ་བ་ཡི་ནི་རྒྱབ་ཀྱི་ཆར།། ལྷ་ཡིརྣ་ཆས་བརྒྱན་པ་ཡི།། ལེག་ན། ་མར་མེ་ཐོགས་པར་ནི།། ཟླ་བའི་ལྷ་མོ་བྲི་བར་བྱ།། ལྷ་ཡི་རྣ་ཆས་བརྒྱན་པ་ཡི།། ལག་ན་དྲི་ཡི་སྣོད་ཐོགས་པ།། རིན་ཆེན་རྒྱན་གྱིས་བརྒྱན་པ་ཡི།། ལྷ་མོ་མེ་ཡི་གྲ་རུ་བྲིས།། གླུ་དང་སྙན་དང་། ་མང་སྨྲ་བའི།། ཚིག་དབང་ལྷ་མོ་སྲིན་པོར་བྲི།། གནོད་སྦྱིན་ཀུན་གྱི་དབང་ཕྱུག་མ།། སྡུག་གུ་མཛེས་མ་ཞེས་གྲགས་པ།། ལག་ན་རིན་ཆེན་འཕྲེང་ཐོགས་པ།། རླུང་གི་གྲཝ་ར་ནི་བྲི་བར་བྱ།། འབྱུང ་བོ་ཀུན་གྱི་དབང་ཕྱུག་རྒྱ་ལ།། མི་དབྱུང་ཞེས་བྱའི་འབྱུང་མོ་ནི།། རྒྱན་རྣམས་ཀུན་གྱི་ས་བརྒྱན་པ་རུ།། དབང་ལྡན་གྲཝ་རུ་བྲི་བར་བྱ།། བཞིན་བཟང་མིག་གི་དཀྱུས་རིང་ཞིང་།། གཟུགས་དང ་ག་ལང་ཆོས་བརྒྱན་པ་ལ།། མདོག་ནི་གསེར་དང་འདྲ་བ་སྟེ།། སྐ་ནི་མཐོན་མཐིང་འཁྱིལ་བ་ལ།། ཡན་ལག་ཀུན་མཛེས་ལྷ་མོ་ནི།། སྒྲུབ་པའི་རིགས་ལ་དགའ་རྣམས་སོ།། ་བརྒྱ་བྱིན་ཤར་དུ་བྲི་བྱ་སྟེ།། མེ་ནི་མེ་རུ་ལེགས་པར་བྲི།། ལྷོར་ནི་གཤིན་རྗེའི་རྒྱལ་པོ་སྟེ།། སྲིན་པོའི་བདག་པོ་བདེན་བྲལ་དུ།། ནུབ་ཏུ་ཆུ་ཡི་རྒྱལ་པོའོ།། རླུང་དུ་རླུང་གི་ལྷ་ཉིད་དོ།། བྱང་དུ་ལུས ་ངན་རྒྱལ་པོ་བདག། དབང་ལྡན་ཟླ་བ་དྲི་བྱ་སྟེ།། རང་རང་གནས་སུ་དགོད་པར་བྱ།། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་བདག་ཉིད་གཙུག་གཏོར་སྔོན ་པོ་བཅིངས་ཏེ། རས་སྔོན་པོ་ཟུང་གཅིག་བགོས་ནས་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དོ།། སེམས་ཅན་ཀུན་ལ་ཕན་དོན་དུ།། མྱུར་དུ་དངོས་གྲུབ་སྦྱིན་མཛད་པ། གྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ། ་ལྷ་ཉིད་དམ་ཚིག་ལ་ཞུགས་ཤིག། དེ་ནས་དཔལ་ཁྲོ་བོ་ཆེན་པོ་ལྷ་ཉིད་དམ་ཚིག་ལ་ཞུགས་ཤིག་ཅེས་བརྗོད་དོ།། དེའི་འོག་ཏུ་དཔལ་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་བཅིངས་ཏེ་གཞུག་ཅིང་འདི་སྐད་ཅེས ་བརྗོད་དོ།། ཧཱུཾ་བཛྲ་ཕཊ། འདི་སྐད་བརྗོད་པ་ཙམ་གྱིས་བདག་ཉིད་ཁྲོ་བོ་འཇུག་གོ།། དེ་ནས་སློབ་མ་གཞག་པར་བྱ་སྟེ། རས་སྔོན་པོས་གདོང་གཡོགས་ནས་ཁྲོ་བོའི་ཕྱག་རྒྱ་སྤྱི་བོར་བ་ཞག་སྟེ། ་རྡོ་རྗེའི་ཆུ་ལར་སྦྱིན་པར་བྱའོ།། ཨོཾ་ཏིཥྛ་ཏིཥྛཥྛ་སིད་དྷི་ཧཱུཾ་ཧཱུཾ། འདིས་སྦྱིན་པར་བྱའོ།། ཨོཾ་པྲ་བེ་ཤ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་ཨ། འདི་དང་ཁྲོ་བ་དབབ་པའི་ཕྱག་རྒྱས་དབབ་པར་བྱ་སྟེ། ཡི་ག་ཞུགས ་རི་རབ་ཀྱི་སྟེང་ན་འཇུག་པའང་འབེབས་ཤིང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་འང་སྨྲ་བར་བྱེད་དོ།། དེ་ནས་མེ་ཏོག་དོར་བར་བྱས་ནས། དེའི་འོག་ཏུ་གདོང་གཡོག། ་བཀྲོལ་ཏེ་ལྷའི་རིགས་བསྟན་ཅིང་མིང་གི་དབང་བསྐུར་ཏེ་མཆོད་པར་བྱ་ཞིང་ཕྱག་རྒྱ་དང་སྔགས་ཀྱང་བསླབ་པར་བྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། དངོས་གྲུབ་ཀྱི་ཆོ་ག། ་རྒྱས་པའི་ལེའུ་རྫོགས་སོ།། ། དེ་ནས་འདིར་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཆོ་ག་རྒྱས་པར་བཤད་པ་དང་པོ་རེ་ཞིག་ལག་པ་གཉིས་ལ་ཟླ ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་དག་གི་དབུས་སུ་ཡི་གེ་ཧཱུཾ་འབར་བའི་འཕྲེང་བ་འཁྲུགས་པ་བསམས་ཏེ་སྔགས་འདི་ཟླ་བར་བྱའོ།། ཨོཾ་སིད་དྷི་བཛྲ་ཧཱུཾ། དེ་ནས་སྡིག་པ་ཐམས་ཅད ་འཇོམས་པའི་སྔགས་བཟླས་ཏེ། སྙིང་ཁར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་ར་དམར་པོ་ཐིག་ལེ་དང་བཅས་པ་འབར་བའི་འཕྲེང་བ་འཁྲུགས་པར་བསམས་ནས། ་སྡིག་པ་ཐམས་ཅད་འཇོམས་པའི་སྔགས་འདི་བཟླས་སོ།། ཨོཾ་ཧ་ན་བི་དྷ་ན་ས་ཡ་བི་དྷཱ་ན་ས་ཡ། ན་ཤ་ཡ་སཱ་བཾ་ཧཱུཾ་ཕཊ། འདིའི་རྗེས་ཐོགས་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། མདུན་དུ་མེ ་ཏོག་ཀུ་ནད་དང་ཤེལ་ལྟ་བུར་བལྟས་ནས་དེའི་དབུས་སུ་ཡི་གེ་ཧཱུཾ་དང་པདྨ་འདབ་མ་བརྒྱད་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་ཡི་གེ་ཧཱུཾ་འབར་བའི་འཕྲེང་བ་ཀུན་ནས་འཁྲུགས་པ་རྣམ ་པར་བསམས་ལ། ཁྲོ་བོ་དབབ་པའི་སྔགས་འདིས་དབབ་པར་བྱའོ།། ཨོཾ་ཀྲོ་དྷ་ཨཱ་དེ་ཤ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཨ། དེ་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅིངས་ཏེ་སྔགས་འདི་བཀྲ ་བར་བྱའོ།། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། པཱ་ཏ་ཡ་པཱ་ཏ་ཡ་ཧཱུ~ཾ། དེ་ནས་རང་ལྷའི་སྐུར་བསམས་མོ།། དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱས་ཡན་ལག་དྲུག་ཏུ་དགོད་པར་བྱ་སྟེ། ་ཨོཾ་ཧ་ན་བཛྲ་ཧཱུཾ་སྤྱི་བོར་རོ།། ཨོཾ་དྷ་ར་བཛྲ་ཧཱུཾ། སྤྱིག་ཙུག་ཏུའོ།། ཨོཾ་དཾཔྟ་བཛྲ་ཧཱུཾ། མིག་ཏྲའོ།། ཨོཾ་བཛྲ་རོ་ཥ་ན་ཧཱུཾ། སྙིང་ཁར་རོ།། ཨོཾ་བཛྲ་དྲྀ་ཌྷཱ་བཛྲ་ཏྲཱུཾ། གོ་ཆའོ།། ་ཨོཾ་ཧ་ན་ད་ཧ་པ་ཙ་ཀྲོ་དྷ་བཛྲ་སརྦ་དུཥྚཱན་མཱ་ར་ཡ་ཧཱུ~ཾ་ཕཊ། མཚོན་ཆའོ།། ཁྲོ་བོའི་རྒྱལ་པོ་འདི་དག་ཡན་ལག་དྲུག་ལ་དགོད་པར་གསུངས་སོ།། དེ་ནས་དཀྱིལ་འཁོར་གྱི་ལྷའི་སྙིང་པོས་སྤྱན་དྲངས ་ཏེ་སོར་མོ་ཕན་ཚུན་དུ་བཀུག་ནས་མཛུབ་མོ་གཉིས་རྩེ་མོ་བཀུག་པའི་ཕྱག་རྒྱ་འདི་ལ་སྔགས་སྦྱར་བར་བྱའོ།། ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ས་མ་ཡ་མ་ནུ་པཱ་ལ་ཡ་ཤཱི་གྷྲཾ། ཨཱ་གཙྪ་ཧྲཱིཿཛཿཧཱུ~ཾ་ཕཊ ་སཱུཧཱ། འདིས་ལྷ་ཐམས་ཅད་སྤྱན་དྲང་བར་བྱའོ།། ཨོཾ་སརྦ་པ་ཏ་པྲ་སིདཿཛཱ་ཨ། ཨོཾ་ནཱ་ཤ་ཡ་ས་ཥཱན་ད་ཧཱ་པ་ཙ་དྲཥྚཱན་བྷ་སྟྲཻ་ཀུ་རུ་ཧཱུཾ་ཛྙཱ་ཕཿ་ཕཊ། སྟང་སྟབས་ཀྱིའོ།། ཨོཾ ་ཀྲོ་དྷ་མ་ཧཱ་ཙཎྜ། བན་དྷ་བནཿ། དག་ག་ཧཱུཾ་ཕཊ། ཕྱོགས་བཅིང་བའོ།། ཨོཾ་བྷ་ཙྪ་བ་སྭཱ་ཧཱ། ལྷ་ཆེན་པོའིའོ།། ཨོཾ་ཨཱ་ཤྲཱི་བོ་ཛྲི་ཧན་ཡ~ཾ་སྭཱཏྲ། ཁྱབ་འཇུག་གིའོ།། ཨོཾ་དེ་བཀྲ ་དྷེ་དྷ་རེ་ཡ་སཱ་ཧཱ། སྐྱེ་དགུའི་བདག་པོའིའོ།། ཨོཾ་ནཱིཿཀྲོ་ཙ་ཤཀྵེ་དྷཱ་ར་ཎི་ལཊ་ཕཊ། གཞོན་ནུའི་སྔགས་སོ།། ཨོཾ་གྲུག་ཎ་པ་ཏ་ཡེ་སྭཱ་ཧཱ། ཚོགས་བདག་གའོ།། ཨོཾ་ཤྲཱི་ཙ་མ་ཨ་ཛ་ཀི་ཎེ་སྣརོན། ་ཉི་མའིའོ།། ཨོཾ་ནརྟི་ཤྭ་རཱ་ཡ། ནཱ་ཏ་ནཱ་ཏ་ཧྲཱིཿསྭཱཧཱ། དགའ་བའི་དབང་ཕྱུག་གིའོ།། ཨོཾ་ཙནྡྲ་ཤཀྵ་པ་རཱ་ཀྲ་མ་ཡེ་ཧཱུཾ་ཕཊ། སྒྲ་གཅན་གྱིའོ།། ཨོཾ་ས་ར་སྭཱ་ཏྱཾ་གཱ་ཏཱ་ཡ་སརྦེ་སྭཱཧཱ། དབྱངས ་ཅན་མའིའོ།། ཨོཾ་ཤཱི་ཙ་ན་མ། རྩོམ་མ་མོའིའོ།། ཨོཾ་ཙནྡ་ཡ་ཤྲཱི་སྭཱ་ཧཱ། སྟེང་གི་ཟླ་བའིའོ།། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་སྙིང་པོ་བཤད་པ། ཨོཾ་ན་མཿལྷ་མོ་ཨུ་མའིའོ།། ་ཨོཾ་ཤྲཱི་ན་མཿདཔལ་གྱི་ལྷ་མོའིའོ།། ཨོཾ་ན་མཿ། ཐིག་ལེ་མཆོག་མའི་འོ།། ཨོཾ་ཤྲཱི་ན་མཿ། ཟླ་བ་མའི་འོ།། ཨོཾ་ཡཀྵ་ཤཱི་རིཀྵ་སྭཱ་ཧཱ། སྡུག་གུ་མཛེས་མའི་འོ།། ཨོཾ་ཨཱ་བྷཱུ་ཏི་ནི་ཧྲཱིཿ། ་མི་འབྱུང་མའིའོ།། དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱིའོ།། ཨོཾ་ཨ་ཤྲཱི་བ་མཾ་སྭ། འབྱུང་པོ་བརྒྱད་ཀྱི་སྙིང་པོ་སྟེ་སྔ་མ་བཞིན་ནོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས ་དངོས་གྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་ལེའུ་རྫོགས་སོ།། །། དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བཤ། ་པ་སོར་མོ་ཕན་ཚུན་བསྣོལ་ནས་མཛུབ་མོ་གཉིས་བཀབ་པ་ལྟར་བརྐྱང་བ་བྱས་པ་ནི་སྡིག་པ་འཇོམས་པའི་ཕྱག་རྒྱའོ།། ཁུ་ཚུར་ཕན་ཚུན་བཅངས་ནས་མཛུབ་མོ་གཉིས་འཁྱུད་པ་ནི་ཁྲོ་བོ་དབབ ་། པའི་ཕྱག་རྒྱ་སྟེ། འཇིག་རྟེན་གསུམ་སྐད་ཅིག་གིས་འབེབས་པའི་ཕྱག་རྒྱ་ཆེན་ཟའོ།། དེ་ནས་ཡན་ལག་དྲུག་ས་ཕྱག་རྒྱ་བཤད་པ། ཁུ་ཚུར་ཕན་ཚུན་བཅངས་ཏེ་གྲང་ཚན། ་སོར་མོ་བརྐྱང་བ་ནི་སྤྱི་བོའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གུང་མོ་ནང་དུ་བཅུག་ནས་མཛུབ་མོ་ཁ་བལྟར་བྱས་པ་ནི་སྤྱི་གཙུག་གི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོའི་རྩར་མཐེ་བོང་བཞག་སྟེ། ་མཐེ་བོང་གཡས་པ་མིག་གཡས་པར་བཞག་སྟེ། མཐེ་བོང་གཡོན་པ་མིག་གཡོན་པར་བཞག་པ་ནི་མིག་གི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ལ་མཛུབ་མོ་གཉི། ་བརྐྱང་བ་ནི་སྙིང་ཁའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བསྐྱིལ་བ་བྱས་པ་ནི་གོ་ཆའི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ།། སྙིམ་པ་མཉམ་པར་བྱས་ནས ་མཐེ་བོང་གཉིས་མཛུབ་མོ་ལ་བཅངས་པ་ནི་ཡོན་ཆབ་ཀྱི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་བཅངས་པ་ལ་མཐེ་བོང་བརྐྱང་བ་ནི་སྟང་སྟབས་ཀྱི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་ཐ་དད་པར་བཅངས་ཏེ་མཛུབ ་མོ་གཡོན་པ་བརྐྱང་ནས་དཔུང་པ་གཡས་པའི་རྩ་བར་གཞག་གོ།། གཡས་པས་མཐེ་བོང་མཐེའུ་ཆུང་གི་སོར་མོ་མནན་ཏེ་སོར་མོ་ལྷག་མ་བརྐྱང་ནས་ཕྱོགས་བཅུར་བསྐོར་བ་ནི་བཅིང་བའི་ཕྱག་རྒྱའོ།། དེན། ་ལྷ་ཆེན་པོའི་ཕྱག་རྒྱ་བཤད་པ། ཐལ་མོ་མཉམ་པར་སྦྱར་ཏེ་མཐེའུ་ཆུང་དང་སྲིན་ལག་བཀུག་པ་ནི་དྲག་པོའི་ཕྱག་རྒྱའོ།། ཐལ་མོ་མཉམ་པར་སྦྱར་ནས་མཛུབ་མོ་གཉིས་འཁྱུད་དེ་བཀུག་པ་ནི་སྲེད ་མེད་ཀྱི་བུའི་དུང་གི་ཕྱག་རྒྱའོ།། སོར་མོ་ཕན་རྐུན་བསྣོལ་ནས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་སྐྱེ་དགུའི་བདག་པོའི་སྤྱི་ཐུགས་ཀྱི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་སོ་སོར་བརྐྱང་། ་བ་ནི་ཁྲུང་ཐུང་འཇོམས་པའི་མདུང་གི་ཕྱག་རྒྱའོ།། གུང་མ་སེར་མོའི་ཚོགས་བཀུག་པ་ནི་ཚོགས་ཀྱི་བདག་པོའི་དགྲ་སྟའི་ཕྱག་རྒྱའོ།། ཐལ་མོ་མཱཉམ་པར་བྱས་ནས་བཀྲ་ཤིས་ཀྱི་ལག་པར་བྱས་ཏེ ་གཡོན་པའི་མཐེའུ་ཆུང་གིས་སྙིང་པོ་བྱས་ནས་གཡོན་པའི་མཐེ་བོའི་རྩེ་མོར་བཞག་ཅིང་། གཡས་པའི་མཐེ་བོང་དེའི་སྟེང་དུ་བཞག་པ་ནི་ཉི་མའི་ཤིང་རྟའི་ཕྱག་རྒྱའོ།། ལག་པ་གཡས་པ་བརྐྱང་ནས། ་སམ་མཛུབ་མོ་དང་སྲིན་ལག་བཀུག་པ་ནི་སྒྲ་གཅན་གྱི་ཕྱག་རྒྱའོ།། ལག་པ་གཡས་པ་གར་གྱི་ཚུལ་གྱིས་གཡོན་པའི་སྟེང་དུ་བཞག་ཅིང་ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ ་བརྐྱང་ནས་མཐེ་བོང་གིས་མཐེའུ་ཆུང་དང་སྲིན་ལག་གི་སེན་མོ་མནན་པ་ནི་དགའ་བའི་དབང་ཕྱུག་གི་ཕྱག་རྒྱའོ།། ཁུ་ཚུར་སོ་སོར་ཐ་དད་པར་བཅངས་ཏེ་མཐེའུ་ཆུང་འཁྱུད་པ་ནི་ལྷ་མོ་དཀའ་བཟློག ་མའི་ཕྱག་རྒྱའོ།། ལག་པ་གཉིས་ཀ་གདེངས་ཀ་ལྟར་བསྟན་ཏེ་སྤྱི་བོར་བཞག་པ་ནི་དཔལ་ལྷ་མོའི་ཕྱག་རྒྱའི་མཚན་ཉིད་དོ།། ཐལ་མོ་སྦྱར་ནས་ནམ་མཁའ་ལ་བསྐྱོད་པ་ནི་ཟླ་བའི་ཕྱག་རྒྱའོ།། ཁུ་ཚུར་སོ།། ་སོར་བཅངས་ལ་མཐེའུ་ཆུང་དང་མཛུབ་མོ་འཁྱུད་པ་ནི་ལྷ་མོ་ཟླ་བ་མའི་ཕྱག་རྒྱའོ།། དེ་ནས་རིན་ཆེན་རྒྱན་ཅན་མའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་གཉིས་བརྐྱང་ནས་རིན ་པོ་ཆེའི་རྣམ་པས་དཔྲལ་བའི་ཕྱོགས་སུ་འཕྲེང་བ་བཅིངས་ཏེ་བཞག་པ་ནི་རིན་ཆེན་རྒྱུན་ཅན་མའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་རཏྣ་ཤཱིསྭཱ་ཧཱ། དེ་ནས་དབྱངས་ཅན་མ། ་ཕྱག་རྒྱ་བཤད་པ། སོར་མོ་ཕན་ཚུན་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་ནས་ཁར་བཞག་པའོ།། ཐིག་ལེ་མཆོག་མའི་ཕྱག་རྒྱ་བཤད་པ། སོར་མོ་ཕན་ཚུན་དྲི་པདྨ་འཁོར་བའི་སྦྱོར་བས་བསྐོར་ཏེ ་སྤྱི་བོར་བཞག་པ་ནི་ཐིག་ལེ་མཆོག་མའི་ཕྱག་རྒྱའོ།། དེ་ནས་རྩོམ་པ་མོའི་ཕྱག་རྒྱ་བཤད་པ། ལག་པ་སོ་སོར་སོར་མོ་གཅིག་ལ་གཅིག་བསྐོར་བའི་སྦྱོར་བས་སྙིང་ཁར་བཞག་པ་ནི་རྩོམ་པ་མོའི ་ཕྱག་རྒྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་ཤ་ཀྲཱ་ཡ་སྭཱ་ཧཱ། ཤ་ར་དུ་བརྒྱ་བྱིན་ནོ།། ཨོཾ་ཨགྣ་ཡེ་སྭཱ་ཧཱ། མེར་མེ་ལྷའི་འོ།། ཨོཾ་ཡ་མཱ་ཡ་སཱ་ཧཱ ་གཤིན་རྗེའི་ཕྱོགས་སུ་གཤིན་རྗེའོ།། ཨོཾ་རཀྵ་ས་ཨ་དྷི་པ་ཏ་ཡེ། ཛ་ཡ་ཛ་ཡ་སྭཱ་ཧཱ། བདེན་བྲལ་དུ་སྲིན་པོའི་བདག་པོའོ།། ཨོཾ་བ་རུ་ཎ་ནཱ་ག་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ནུབ་ཏུ་ཆུ་ལྷའོ།། ་ཨོཾ་བཱ་ཡ་བེ་ཙ་ལ་ཙ་ལ་སྭཱ་ཧཱ། རླུང་དུ་རླུང་གི་ལྷའོ།། ཨོཾ་ཀུ་བེ་རཱ་ཡ། ཡཀྵ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། བྱང་དུ་ལུས་ངན་པོའིའོ།། ཨོཾ་ཙནྡྲཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་ཟླ་བའོ།། ་ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་དབང་ལྡན་ཉིད་དོ།། དེ་ནས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དབང་ཕྱུག་མ་སྡུག་གུ་མཛེས་མའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས ་ཏེ་མཐེའུ་ཆུང་རབ་ཏུ་བརྐྱང་བའོ།། དེ་ནས་འཐུང་མོའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ནས་སྡིགས་མཛུབ་བྱས་ཏེ་འཛིན་པ་ནི་འབྱུང་པོའི་དབང ་ཕྱུག་འབྱུང་མོ་ཐམས་ཅད་ཀྱི་རྒྱལ་མོའི་ཕྱག་རྒྱའོ།། དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་གཉིས་འཁྱུད་པ་ནི་འབྱུང་མོ་བརྒྱད ་ཀྱི་ཕྱག་རྒྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་ནི། ལག་པ་གཡས་པའི་ཐལ་མོ་མཉམ་པར་བྱས་ཏེ་མཐེ་བོས་མཐེའུ་ཆུང་གི་སོར་མོ་མནན་ནས་སོར་མོ་ལྷག་མ ་བཀྲམ་པ་ནི་བརྒྱ་བྱིན་གྱི་རྡོ་རྗེའི་ཕྱག་རྒྱའོ།། ལག་པ་གཡོན་པའི་ཐལ་མོ་མཉམ་པར་བྱས་ཏེ་ཅུང་ཟད་བསྐྱོད་པ་ནི་མའི་ཕྱག་རྒྱའོ།། ལག་པ་གཡས་པར་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱང་བ ་ནི་གཤིན་རྗེའི་དབྱུག་ཏོའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་སྲིན་པོའི་བདག་པོའི་རལ་གྲིའི་ཕྱག་རྒྱའོ།། ལག་པ་གཡོན་པའི་ཁུ་ཚུ ་བཅངས་ཏེ་མཛུབ་མོ་བརྐྱང་ནས་བསྒྲིལ་བ་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ།། ལག་པ་གཡོན་པའི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་རླུང་ལྷའི་བ་དན་གྱི་ཕྱག་རྒྱུའོ།། ་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཐེ་བོང་བརྐྱང་བ་ནི་རྣམ་ཐོས་ཀྱི་གླང་པོ་ཆེའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་མཟེའུ་ཆུང་གིས་སེར་མོ་མ་ན་ན་ནས་སོར་མོ་ལྷག་མ ་བརྐྱང་བ་ནི་དབང་ལྡན་གྱི་ཧྲཱི་ཤྭ་ལའི་ཕྱག་རྒྱའོ།། དེ་ནས་རྫོགས་པར་བྱེད་པའི་ཕྱག་རྒྱ་བཤད་པ། ཐལ་མོ་སྦྱར་བ་ནི་རྫོགས་པར་བྱེད་པའི་ཕྱག་རྒྱའོ།། སྔགས་བཤད། ་པ་ཨོཾ་སིད་དྷི་བཛྲ། ཨ་སུར་ཡ་ཨ་སུ་ར་ཡ་ཧཱུ~ཾ། རྫོགས་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་དངོས་གྲུབ་དགུག་པའི་སྔགས་དང་ཕྱག་རྒྱ་བ་ཤད་པ། ཁུ་ཆུ་རས་སར་བཅངས ་ནས་མཐེའུ་ཆུང་གཉིས་འཁྱུད་དེ་མཛུབ་གཉིས་བརྐྱང་ནས་བསྐྱིལ་བ་ནི་དངོས་གྲུབ་དགུག་པའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་བཛྲ་རོ་ཥ་ཎ་མ་ཧཱ་ཀྲོ་དྷ་སིད་དྷ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿ། དངོས་གྲུབ ་དགུག་པའི་སྔགས་སོ།། རྒྱལ་པོ་ཆེན་པོའི་དངོས་གྲུབ་ནི། ཁྲོ་བོའི་བསྟན་པའི་དངོས་གྲུབ་སྟེ།། ལྷ་རྣམས་ཀུན་གྱི་དངོས་གྲུབ་མཆོག། བདག་ལ་མྱུར་དུ་སྒྲུབ་ཏུ་གསོལ།། རྡོ་རྗེ ་གསོར་ཞིང་སྔགས་དེ་དང་འདི་བརྗོད་པར་བྱའོ།། དེ་ནས་འབྱུང་མོའི་གདོང་གི་ཕྱག་རྒྱ་བཤད་པ། ལག་པ་གཡོན་པའི་ཐལ་མོ་མཉམ་པར་བྱས་ནས་མཐེ་བོང་བ་སྒྲེང་སྟེ། ལག་པ ་གཡས་པའི་ཁུ་ཚུར་གྱིས་ལག་པ་གཡོན་པའི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་བཙངས་ཏེ། གཡས་པའི་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་འཆང་གི་འབྱུང་པོ་གདན་གྱི་ཕྱག་རྒྱའོ།། ཨོཾ ་ཛ་ཡ་ཛ་ཡ་མ་ཧཱ་ཀྲོ་དྷ་ཨ་དྷི་པ་ཏི་ཀྲོ་དྷ་རཱ་ཛ་ཨོཾ་མ་བྷཱུ་ཏ་ཨཱ་སན། དཪྴ་ཡ་རཀྵ་སྭཱ་ཧཱ། གདན་གྱི་སྔགས་སོ།། དེ་ནས་ལྷའི་གདན་གྱི་ཕྱག་རྒྱ་བཤད་པ། ཟིལ་མ་སྐྱེར་བ་བྱས་ཏེ་སོར ་མོ་ཐམས་ཅད་བཀྲམ་པ་ནི་བཛྲའི་ཕྱག་རྒྱར་བརྗོད་པ་སྟེ། འདི་ནི་ཕྱག་རྒྱའོ།། སྔགས་ནི། ཨོཾ་པདྨོ་བྷག་པ་ནི་ཥན་ཎ་སརྦ་དེ་བ་ཏྲཾ་སྭཱ་ཧཱ། ལྷ་ཐམས་ཅད་ཀྱི་གདན་གྱི་པདྨའི་ཕྱུག་རྒྱ་དང ་སྔགས་སོ།། པདྨའི་ཕྱག་རྒྱ་འདི་ཉིད་ལས་མཐེ་བོང་གཡོན་པ་བསྐུལ་བས་ལྷ་ཐམས་ཅད་སྤྱན་དྲང་བ་དང་གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་ས་ར་ས་ར། བི་ས་ར་བིས་ར། ་གཙྪ་གཙྪ་སརྦ་དེ་བ་ཏཱ་ནཱཾ། ཤྲཱི་བཛྲ་དྷ་ར་ས་མ་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ།། ཁྲོ་ཆེན་ཐམས་ཅད་གྲུབ་མཛད་པ། དངོས་གྲུབ་བདེ་བར་སྦྱིན་མཛད ་པ་མཐུ་ཆེན་བླ་ན་མེད་པ་ནི།། བདག་ལ་སྩལ་ཏེ་གཤེགས་སུ་གསོལ།། བསྟོད་པ་འདིས་བསྟོད་པར་བྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དངོས་གྲུབ ་ཀྱི་ཆོ་ག་དཀྱིལ་འཁོར་གྱི་སྒྲུབ་པ་རྫོགས་སོ།། །། དེ་ནས་ཁྲོ་བོའི་བདག་པོ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། དཀྱིལ་འཁོར་ཆེན་པོ་འདི་མཐོང་བ་ཙམ ་གྱིས་ཁམས་གསུམ་པའི་རྒྱལ་སྲིད་འཐོབ་ཅིང་། འདིའི་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་རོ།། གལ་ཏེ་མ་གྲུབ་ནའང་གླིང་བཞི་པའི་འཁོར་ལོས་སྒྱུར། ་བའི་རྒྱལ་པོར་འགྱུར་རོ།། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ།། གལ་ཏེ་སྔགས་པ་ཁྲོས་ན་ཁྲོས་པ་ཙམ་གྱིས་འཇིག་རྟེན་པའི ་ལྷ་ཐམས་ཅད་དུམ་བུ་བརྒྱར་ཞིག་པར་འགྱུར་རོ།། ཀླུ་དང་གནོད་སྦྱིན་ཐམས་ཅད་མཐོང་བ་ཙམ་གྱིས་གསོད་ཅིང་འཇིག་རྟེན་པའི་ལྷ་ཐམས་ཅད་ཧཱུཾ་ག་སྒྲ་ཙམ་གྱིས ་འབྲོས་པར་བྱེད་དོ།། དེ་ནས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་སྔོན་དུ་བསྙེན་པ་བྱ་བ་བཤད་པ། བདག་ཉིད་སྲུང་བའི་སྔགས་འབུམ་བཟླས་ན་མྱུར་དུ་འགྲུབ་པར་བྱེད་པའོ།། དེ་ནས་དཔལ། ་རྡོ་རྗེ་འཆང་སྒྲུབ་པར་འདོད་ན་ཟླ་བ་གཅིག་ཏུ་དུས་གསུམ་དུ་སྟོང་ཕྲག་རེ་བཟླས་ནས་དེ་ནས་ཟླ་བ་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ་མཚན་ཐོག་ཐ་ག་བཟླས ་སོ་དེ་ནས་ཐོ་རངས་ས་གཡོ་བ་དང་ཕྱག་རྒྱ་འབར་བ་ར་འགྱུར་ཏེ། འབར་བ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་ཞིང་། རྒ་བ་དང་འཆི་བ་མེད་ལ་ལྷའི་གཟུགས་སུ་འགྱུར་རོ། ་དེ་ནས་ལྷ་མོ་སྒྲུབ་པར་འདོད་ན་ལྷ་མོ་དཀའ་བཟློག་རྐང་པ་གཡོན་པས་མ་ནན་ན་ས་ཁྲི་བཟླས་ན་ལྷ་མོ་རང་ཉིད་འོང་ཞིང་དངོས་གྲུབ་ཀྱི་རྫས་དང་དངུལ་ཆུ་དང་བཅུད་ཀྱིས་ལེན་གྱི་གྲུབ་པ་སྟེར་ཞིང ་ཆུང་མར་འགྱུར་རོ།། གལ་ཏེ་མ་གྲུབ་ན་དུག་དང་ལན་ཚྭས་བྱུགས་ཏེ་རྐང་པ་གཡས་པས་མནན་ནས་ཁྲོ་བོའི་སྔགས་འདི་བཟླ་བར་བྱ་སྟེ། ཨོཾ་ཧཱ་ན་ཧ་ན་བཛྲ་མཱ་ར་ཡ་ཆེ་གེ་མོ་ཛུ་བཊ། ཁྲོ་བོན། ་དང་བཅས་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན། བཟླས་པ་ཙམ་གྱིས་སྤྱི་བོ་འགས་པའམ་བསྐམས་ནས་འཆིའོ།། དེ་བཞིན་དུ་ཁྲོ་བོའི་སྔགས་ཀྱིས་གསད་པ་ཐམས་ཅད་ལ་སྦྱར་བར། ་བྱའོ། དེ་ནས་དཔལ་ལྷ་མོ་སྒྲུབ་པར་འདོད་ན་དཔལ་ལྷ་མོ་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན་དཔལ་ལྷ་མོ་འོང་སྟེ། མེ་ཏོག་གི་སྟན་བྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ལ་ཆུང་མ ་གྱིས་ཤིག་ཅེས་བསྒོ་ནས་ཇི་ལྟར་འདོད་པ་ལྟར་སྤྱན་ན་རྒྱལ་སྲིད་སྟེར་བར་བྱེད་དོ།། དེ་ནས་འཇིགས་བྱེད་མ་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན་འཇིགས་བྱེད་མ་རང་གི་གཟུགས་ཀྱིས ་འོང་སྟེ་བྲན་མོའི་ལས་རྣམས་བྱེད་དོ།། ཙ་མུན་ཏི་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན་ཙ་མུན་ཏི་རང་གི་གཟུགས་ཀྱིས་འོང་སྟེ་ཙ་མུན་ཏི་བྲན་མོར་འགྱུར་རོ།། དེ་བཞིན་དུ་མ་མོའི ་སྒྲུབ་པ་ཐམས་ཅད་ལ་མ་ནན་ཏེ་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་རོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་དང་། ་པོ་རྫོགས་སོ།། ། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ།། དེ་ནས་ཤིན་ཏུ་འདའ་བར་དཀའ་བ་མཆོག་ཏུ་དྲག་པོ་ཆེན་པོའི་སྒྲུབ་པའི་ཐབས་ཤིན་ཏུ་དྲག་པོ་ལས ་ཐམས་ཅད་སྒྲུབ་པར་བྱེད་པ་གསུངས་པ་ལིང་ག་གཅིག་པ་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་ལྷ་ཆེན་པོ་དེ་མྱུར་དུ་འོང་ངོ་།། གལ་ཏེ་མ་འོངས་ན་དེའི ་མོད་ལ་འཆིའོ།། སྲེད་མེད་ཀྱི་བུ་མནན་ཏེ་ཉི་མདུན་དུ་སྟོང་ཕྲག་མདུན་བཟླས་ན་ཉི་མ་བདུན་པ་ལ་ངེས་པར་འོང་ངོ་།། གལ་ཏེ་མ་འོངས་ན་སྤྱི་བོ་འགས་པ་འམ་བསྐམས་པར་འགྱུར་རོ།། ་ངེས་པར་སྲེད་མེད་ཀྱི་བུ་འཁོར་དང་བཅས་པ་མངག་གཞུག་པར་འགྱུར་རོ།། ཚངས་པ་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་མྱུར་བར་འོང་སྟེ། གལ་ཏེ། ་མ་འོངས་ན་བསྐམས་ཏེ་མཆིའོ།། མངག་གཞུག་པར་འགྱུར་རོ།། བརྒྱ་བྱིན་རྐང་པ་གཡོན་པས་མནན་ཏེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་མདུན་ན་ངེས་པར་འོང་སྟེ། ་གལ་ཏེ་མ་འོངས་ན་ངེས་པར་འཆི་བར་འགྱུར་རོ།། འདིས་བརྒྱ་བྱིན་མངག་གཞུག་པར་འགྱུར་ཞིང་པང་ན་གནས་པ་བླངས་ཏེ་སྟེར་བར་བྱེད་དོ།། གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང ་དུམ་བུ་བརྒྱར་འཇིག་ལ། རང་གི་རིགས་པ་རྒྱུད་རྣམས་རླག་པར་འགྱུར་རོ།། གཞོན་ནུ་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ་གཞོན་ནུ་མངག་ག་ཞུག་པར ་འགྱུར་རོ།། གཞོན་ནུའི་གདོན་ཐམས་ཅད་བྲན་དུ་འགྱུར་ཞིང་ཆེ་གེ་མོ་འཚོ་བར་གྱིས་ཤིག། ཆེ་གེ་མོ་སོང་ཅིག་ཅེས་སྨྲས་ན་དེ་དག་ཐམས་ཅད་བྱེད་དོ།། ཚོགས་ཀྱི་བདག་པོ་མནན་ཏེ ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ། གལ་ཏེ་མ་འོངས་ན་རིགས་བརྒྱུད་རླག་ཅིང་འཆི་བར་འགྱུར་རོ།། ལོག་འདྲེན་ཐམས་ཅད་མངག་གཞུག་པར་འགྱུར་རོ།། ཉི་མ ་རྐང་པ་གཡོན་པས་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ་རྒྱལ་སྲིད་སྟེར་རོ།། གལ་ཏེ་མ་འོངས་ན་འཆི་བ་འམ་རང་གི་བརྒྱུད་རླག་པར་འགྱུར་རོ།། ཟླ་བ་མནན་ཏེ་བརྒྱད ་སློང་བཟླས་ན་ཉི་མ་བདུན་ན་སླར་དུ་འོང་ཞིང་མངག་གཞུག་པར་འགྱུར་ལ་གསེར་སྲང་བརྒྱ་སྟེར་རོ།། གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་འགྱུར་རོ།། རང་གི་རིགས ་དང་བ་རྒྱུ་ཕུང་བར་ཡང་འགྱུར་རོ།། འདི་ནི་ཟླ་བ་འཁོར་དུ་སྒྲུབ་པར་བཤད་པའོ།། འཇིགས་བྱེད་རྐང་པ་གཡོན་པས་མནན་ཏེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཡང་མཚན་མོ་མཆོད་པ ་ཆེན་པོ་བྱས་ཏེ་ཤ་ཆེན་པོས་མཆོད་པ་བྱས་ནས་ཤ་ཆེན་པོའི་གཏོར་མ་བྱས་ཏེ། ཤ་ཆེན་པོ་ཉིད་ཀྱི་ཏིལ་གྱི་ས་མར་མེ་རབ་ཏུ་སྦར་ཏེ། ནམ་ཕྱེད་ན་སྒྲ་ཆེན་པོ་བྱུང་སྟེ་དྲག་ཏུ་དགོད་ཅིང་བསྡད ་ན་ཀྱེ་སྐྱེས་བུ་ཆེན་པོ་འདི་བཟའ་ཡིས་སླང་ཞིག་ཅེས་ཟེར་རོ།། དེས་སྐྲག་པར་མི་བྱ་སྟེ། གལ་ཏེ་སྐྲག་པར་གྱུར་ན་ཡི་གེ་ཧཱུཾ་བཟླས་ན་བདེ་བར་གནས་པར་འགྱུར་རོ།། འཇིགས་བྱེད ་འཁོར་དང་བཅས་པ་བྲན་དུ་འགྱུར་རོ།། ཁམས་གསུམ་པའི་རྒྱལ་སྲིད་སྟེ་ར་ཞིང་ཡི་གེ་ཧཱུཾ་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་འཇོམས་སོ།། གར་གྱི་དབང་ཕྱུག་རྐང་པ ་གཡོན་པས་མ་ནན་ཏེ་ཉི་མ་བདུན་དུ་བརྒྱད་སྟོང་བཟླས་ན་སྐད་ཅིག་དེ་ལ་འོང་ཞིང་མ་ངག་གཞུག་པར་འགྱུར་རོ།། གལ་ཏེ་མ་འོངས་ན་བསྐམས་པ་འམ་འཆི་བར་འགྱུར་རོ།། ནག་པོ་ཆེན་པོ་རྐང ་པ་གཡོན་པ་ས་མ་ནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་།། གལ་ཏེ་མ་འོངས་ན་སྐད་ཅིག་དེ་ཉིད་ལ་འཆི་ཞིང་རང་གི་རིགས་པརྒྱུད་བུང་བར་འགྱུརརོ།། ། ་ལྷ་ནག་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་མངག་གཞུག་པར་འགྱུར་རོ།། གདོང་བཞི་པ་ཕྱུག་པོའི་ཁང་པར་སོང་སྟེ་རྐང་པ་གཡོན་པས་མནན་ནས་ཁྲི་ཕྲག ་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་།། གལ་ཏེ་མ་འོངས་ན་རིགས་དང་བརྒྱུད་རླག་པར་འགྱུར་རོ།། རྣམ་པ་ཐམས་ཅད་ཀྱི་ས་གཡོག་འཁོར་དུ་འགྱུར་ལ། རྒྱབ་ཏུ། ་ཞོན་ན་མཐོ་རིས་སུའང་འཁྱེར་རོ།། པང་པ་ན་གནས་པ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་བཟང་པོ་སྟེར་རོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས ་སོ་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མངག་གཞུག་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོགས་སོ།། །། དེ་ནས་སྟོབས་དང་ཕ་རོལ་གནོན་པ་དཔག ་ཏུ་མེད་པ་འཇིག་རྟེན་གསུམ་གྱིས་ཕྱག་བྱས་པའི་བྲན་མོ་སྒྲུབ་པའོ་ཐབས་ཁྲོ་བོ་ཉིད་ཀྱིས་མི་རྣམས་ལ་ཕན་པའི་དོན་དུ་གསུངས་པ་དངོས་གྲུབ་ཀྱི་མཆོག་རྒྱས་པ་ར་བཤད་པར་བྱ་སྟེ། ་ལེ་ལོ་ཅན་དང་། སྡིག་པ་བྱེད་པ་དང་། རྫུན་དུ་སྨྲ་བས་ཀྱང་འགྲུབ་པར་བྱེད་དོ།། ཚུལ་ཁྲིམས་དང་ལྡན་པ་དང་ཟང་ཟིང་སྤངས་པ་དང་། ཚངས་པར་སྤྱོད་པ་ལ་རྟག་ཏུ་གནས ་པ་དང་། རྟག་ཏུ་ཁྲོ་བོའི་བཟླས་པ་ལ་གནས་པ་ས་འབྱུང་མོ་དང་། ཀླུ་མོ་དང་། གནོད་སྦྱིན་མོ་སྒྲུབ་པར་འདོད་ན་སྔགས་ཀྱི་ཚོགས་ཀྱི་ས་དགུག་པ་ལ་སྦྱར་བར་བྱའོ།། ལྷ་མོ་ཨུ་མ་སྒྲུབ ་པར་བྱེད་པ་རྣམས་ལ་ཕན་པའི་དོན་དུ་བསྙེན་བཀུར་མར་བྱ་བར་བཤད་པའོ།། དང་པོར་བསྒྲུབ་པར་བྱ་ཞིང་དེའི་འོག་ཏུ་དངོས་གྲུབ་ཀྱི་མཆོག་བཟང་པོ་རིག་འཛིན་དང་། ཕྱོགས་ཀྱི་བདག་པོ། ་དང་ནོར་གྱི་ཆར་དང་། གཏེར་ཆེན་པོ་དང་། ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལ་སོགས་པ་དང་། གནོད་སྦྱིན་མོའི་སྒྲུབ་པ་དང་ཤ་ཟ་མོ་དང་། ས་ལ་འཇོམས ་མ་ལ་སོགས་པ་གསུངས་པ་རྣམས་འགྲུབ་སྟེ། སངས་རྒྱས་ཉིད་ཀྱང་འགྲུབ་ན་ཐ་མལ་པ་འབྱུང་མོ་བྲན་དུ་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་མོད་ལ་འགྲུབ་པར་འགྱུར་རོ།། ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ཆེན་པོ་ལ་ནི་སྒྲུབ་པ་པོ་རྟག་ཏུ་ཁྲོ་བོའི་ཟློས་པ་ལ་གནས་ན་སློབ་དཔོན་ལ་སྨོད་པ་དང་། ལྷ་ཐམས་ཅད་སྨོད་པ་དང་། དམ་པའི་ཆོས་སྤོང་བ་དང་། ཐམས་ཅད ་དུ་དམ་ཚིག་ཉམས་པ་དང་། མེད་པ་དང་། སྔགས་དང་། རྒྱུད་སྤངས་པས་ཀྱང་གལ་ཏེ་འདོད་ན་ངེས་པ་ར་དེའི་མོད་ལ་མྱུར་དུ་འགྲུབ་པར་འགྱུར་པ་ར་ཁྲོ་བོ་ཉིད་ཀྱིས་གསུངས་སོ།། ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ས་འདི་སྐད་ཅེས་གསུངས་སོ།། དེ་ནས་འདིར་མཆོག་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོའི་སྒྲུབ་པའི་ཐབས ་གསུངས་པདང་པོ་རེ་ཞིག་བཀླགས་པ་ཙམ་གྱིས་འགྲུབ་པར་བྱེད་པ། བྲན་པོ་དང་བྲན་མོ་ཐམས་ཅད་སྒྲུབ་པར་བྱེད་པ་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ ་གྱིས་མྱུར་དུ་འགྲུབ་པར་བྱེད་པ། དོན་ཡོད་ཅིང་བགེགས་འཇོམས་ལ་གྲུབ་པར་བྱེད་པའི་སྔགས་ཀྱི་ཚིག་རྣམས་སོ།། ཨོཾ་ཧྲཱི་ཧཱུ~ཾ་ཀ་ཊུ་ཀ་ཌྷ། ཆེ་གེ་མོ་ཧཱུཾ་ཧཱུཾ་ཧཱུཾ་ཛ། ་ཁྲོ་བོ་འདི་དང་བཅས་པས་བརྒྱད་བརྒྱ་བཟླས་པ་ཙམ་གྱིས་མྱུར་དུ་འོང་སྟེ། ཐམས་ཅད་བྲན་དང་བྲན་མོར་འགྱུར་རོ།། གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆིལ། རིགས། ་དང་རང་གི་རིགས་པརྒྱུད་རླག་པར་འགྱུར་རོ།། འབྱུང་མོའི་གཟུགས་པ་ལང་གི་གིའུ་ཝང་གིས་བྲིས་ཏེརྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་སྐད་ཅིག་དེ་ལ་ཀྱེ་མ་ཀྱེ་མ་ཞེས ་ཟེར་ཞིང་འོང་སྟེ། འགུམ་མོ་འགུམ་མོ།། ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་ཟེར་རོ།། སྒྲུབ་པ་པོས་ཀྱེ་འབྱུང་མོ་བདག་གི་ཁོལ་མོ་གྱིས་ཤིག་ཅེས་སྨྲས་ན་དེ་ཁོལ་མོའི་ལེས་ཐ་མས་ཅད་བྱེད་དེ།། ་གྲོ་བའི་ཤུན་པ་ལ་བ་ལང་གི་གིའུ་ཝང་གིས་གཟུགས་བ་རཱ་ན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་དེའི་མོད་ལ་འོང་ངོ་།། གལ་ཏེ་དེའི་མོད་ལ་མ་འོངས་ན་ཉུངས་ཀཱ་ར ་གྱིས་ཁ་ལ་བསྣུན་ཅིང་སྒྲ་ཆེན་པོས་བསྒུལ་ན་འབྱུང་མོ་དེ་རིམས་དྲག་པོས་འཆིའོ།། ཕྱིར་གསོ་བ་ནི་མ་ར་དང་སྦྲང་རྩི་ཁར་བཅུག་ན་སླར་འཚོའོ།། འབྱུང་མོ་འདིས་བྲན་མོའི་ལས་བྱེད་ཅིང ་སྒྲུབ་པ་པོ་བདག་ཉིད་དང་གསུམ་ལ་གོས་དང་། རྒྱན་དང་། བཟའ་བ་ཉི་མ་རེ་རེ་སྟེར་རོ།། གཙུག་ལག་ཁང་གི་སྒོར་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་འདིས་བགྲང་མོའི་བློ་གྲོས་ཞེས་བྱ ་བའི་འབྱུང་ངོ་འོང་། འོངས་པ་ལ་གཏོར་མ་བྱིན་ན་སྡུག་པ་ངས་ཙི་བྷ་ཞེས་སྨྲའོ།། མ་གྱིས་ཤིག་ཅེས་བསྐོན་མ་དང་འདྲ་བར་ཡོངས་སུ་སྟོང་ཞིང་བདག་ཉིད་དང་ལྔ་ལ་གོས་དང་། རྒྱན་དང ་བཟའ་བ་ལ་སོགས་པ་སྟེར་རོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བྲན་མོ་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོགས་སོ།། ། དེ་ནས་མཆོག་ཏུ ་གསང་བ་ཤིན་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། འབྱུང་མ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། འབུལ་པོ་རྣམས་ལ་ཕན་པའི་དོན་དུ ་དངོས་གྲུབ་ཀྱི་སྒྲུབ་པའི་ཐབས་ཁྲོ་བོ་ཉིད་ཀྱི་ས་གསུངས་པའོ།། དེ་ལ་འབྱུང་མོ་རྣམས་ཀྱི་མིང་བཤད་པ། རྒྱན་ཅན་མ་དང་། རྣ་ཅནཱ་མ་དང་། དོ་ཤལ་ཅན་མ་དང ་སེང་གེ་མ་དང་རྒོད་བྱེད་མ་དང་། གར་བྱེད་མ་དང་། དགའ་བ་མ་དང་། འདོད་པའི་དབང་ཕྱུག་མ་དང་། ལྷ་མོ་རྣམས་སོ།། འབྱུང་མོ་བརྒྱད་པོ་རྣམས་ཆུང་བར་དོན་དུ ་གཉེར་རམ་མ་ར་གཉེར་རམ། ཡང་ན་སྲིང་མོར་གཉེར་ན་སྒྲུབ་པ་པོ་ཤིང་གཅིག་པར་སོང་སྟེ། མཚན་མོ་དང་ཉིན་མོ་དུས་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་ནས། བཟླས ་པའི་མཐར་མཆོད་པ་ཆེན་པོ་བྱས་ནས་གུ་གུལ་གྱི་འདུག་པ་བྱིན་ཏེ་བཟླས་ན་དེ་ནས་ནམ་ཕྱེད་ཀྱི་དུས་སུ་རྒྱན་ཅན་མ་ངེས་པར་འོང་ངོ་།། འོངས་པ་ལ་ཙན་དན་གྱི་ཆུའི་ཡོན་ཆབ ་བྱིན་ན་དགའ་བར་འགྱུར་རོ།། མ་དང་། སྲིང་མོ་དང་། ཆུང་མར་འགྱུར་ཏེ། གང་མངོན་པར་འདོད་པ་དེ་སྨྲ་བར་བྱའོ།། གལ་ཏེ་མར་གྱུར་ན་ནི་འཁོར་བརྒྱད ་བརྒྱའི་གོས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ།། གལ་ཏེ་ཆུང་མར་གྱུར་ན་ནི་དོང་ཆེ་སྟོང་སྟོང་སྟེར་ཞིང་། དངུལ་ཆུ་དང་བཅུད་ཀྱི་ས་ལེན་སྟེར་རོ།། གལ་ཏེ་སྲིང་མོར་གྱུར་ན་ནི ་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ལ། ལྷའི་གཏེར་སྟེར་རོ།། མཚན་མོ་དུར་ཁྲོད་དུ་སོང་སྟེ་ཁྲི་བཟླས་ནས། བཟླས་པའི ་མཐར་རྣ་ཆ་དང་དོགལ་ཅན་གྱི་འབྱུང་མོ་ངེས་པར་འོང་ངོ་།། འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་རོ།། མ་གྱིས་ཤིག་ཅེས་བསྒོ་ན་མ་དང་འདྲ་བར་ཡོངས་སུ་སྐྱོང་བར་བྱེད་དོ།། ། ་མཚན་མོ་ལྷ་ཁང་སྟོང་པར་སོང་སྟེ་ཁྲི་བཟླས་ན་འབྱུང་མོ་དོ་ཤལ་ཅན་མྱུར་དུ་འོང་ངོ་།། འོངས་པ་ལ་ཆགས་པ་སྤྱད་ན་ཆུང་མར་འགྱུར་རོ།། འགྲོ་བ་བཅུ་གཉིས་ཡོངས་སུ་སྐྱོང་བར་བྱེད་ཅིང་དོང་ཚེ ་ཉི་ཤུ་རྩ་ལྔ་དང་ར་ས་ཟུང་གཅིག་སྟེར་རོ།། དེ་ནས་སེང་གེ་མའི་སྒྲུབ་ཐབས་བཤད་པ། མཚན་མོ་ལིང་ག་གཅིག་པར་སོང་སྟེ་ཁྲི་བཟླས་ན་རང་ཉིད་འོངས་ཤིང་། ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས ་སྨྲ་ཞིང་སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་། དོང་ཆེ་བརྒྱད་དང་རས་ཟུང་གཅིག་སྟེར་རོ།། དེ་ནས་རྒོད་བྱེད་མའི་སྒྲུབ་ཐབས་བཤད་པ། ་ཕྱག་ན་རྡོ་རྗེའི་འང་བར་སོང་སྟེ་ཕྱག་ན་རྡོ་རྗེ་དང་ཉེ་བར་འདབ་མ་ལ་བྲིས་ལ། ཀ་ར་ཝཱ་རའི་མེ་ཏོག་བྱིན་ཏེ་ནམ་བྱེད་ཀྱི་བར་དུབ་ཟླས་ན། རང་ཉིད་རྡོ་རྗེ་འཆང་གི་ཁྱིམ་དུ་རིམ་པར་འོང་ངོ་།། འོངས་པ་ལ་ཙན། ་དན་གྱི་ཆུའི་མཆོད་ཡོན་བྱིན་ན། ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་སྨྲའོ།། སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བརྗོད་ན་རྟག་ཏུ་རྗེས་སུ་འབྲང་ཞིང་རས་དང་། རྒྱན་དང་། བཟའ ་བ་ལ་སོགས་པ་སྟེར་རོ།། དེ་མ་ལུས་པ་ཟད་པར་བྱས་ཏེ། གལ་ཏེ་ཅུང་ཟད་བཞག་ན་ཕྱིས་འབྱུང་བར་མི་འགྱུར་རོ།། མཚན་མོ་གཞལ་ཡས་ཁང་སྐྱེད་པར་བྱེད་དོ།། དེ་ནས་གར་བྱེད་མའི་སྒྲུབ ་པའི་ཐབས་བཤད་པ། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། བརྒྱས་སྟོང་བཟླས་ནས་ཉི་མ་བདུན་ན་མཆོད་པ་ཆེན་པོ་བྱས་ལ་ཉི་མ་ཤ་ར་བ་ཙམ་གྱིས་བཟླས་པ་རྫོགས་པར་བྱ་སྟེ། ཙན ་དན་གྱི་བདུག་པ་བྱིན་ནས་ཡང་བཟླས་ན་ནམ་ཕྱེད་ཀྱི་དུས་ན་ངེས་པར་འོང་ངོ་།། འོངས་པ་ལ་འདོད་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ།། ལྷའི་གསེར་སྲང་བརྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོའོ།། ། ་དེ་བཞིན་དུ་ཉི་མ་རེ་རེ་རྟག་ཏུ་གནས་པར་འགྱུར་རོ།། དེའང་མ་ལུས་པར་ཟད་པར་བྱས་ཏེ། གལ་ཏེ་ཅུང་ཟད་ལུས་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ།། དེ་ནས་ཟན་མོ་ཆེན་མོ་སྒྲུབ་པའི་ཐབས ་ཀྱི་ཆོ་ག་རྒྱས་པ་དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ། བཟླས་པ་ཙམ་གྱིས་རྟག་ཏུ་འགྲུབ་ཅིང་སྦྱིན་སྲེག་གི་ལས་མི་དགོས་ལ། སྔོན་དུ་བསྙེན་པ་བྱས་པས་ཕྱག་ན་རྡོ་རྗེས་ཇི་ལྟར་གསུངས་པ ་ལྟར་སྐད་ཅིག་དེ་ལ་འགྲུབ་པའི་དགའ་བྱེད་མའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་རང་གི་ཁྱིམ་སྒོར་བཟླས་ན་ཉི་མ་གསུམ་ན་ངེས་པར་འོང་ངོ་།། བྲན་མོའི་ལས་བྱེད་ཅིང་། ་ས་བོན་ཐམས་ཅད་དང་། ཞིང་གི་ལས་དང་། ཁྱིམ་གྱི་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ།། དེ་ནས་འདོད་པའི་དབང་ཕྱུག་མའི་སྒྲུབ་པའི་ཐབས་བཤད་པ་ཤའི་ཟས་ཁྱེར་ཏེ་མ་མོའི་གནས་སུ ་སོང་ནས་མཚན་མོ་ཉ་དང་ཤེས་བྱ་བ་བྱས་ཏེ་ལན་སྟོང་བཟླས་ན་ཉི་མ་བདུན་ན་ངེས་པར་འོང་ངོ་།། འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་བདག་པོ་བཀའ་ཅི་སྩལ་ཞེས་སྨྲ་བར་བྱེད་དོ།། སྒྲུབ་པ་པོས་ལྷ ་མོ་ཆུང་མར་གྱུར་ཅིག་ཅེས་སྨྲས་ན་ཆུང་མར་འགྱུར་ཞིང་རེ་བ་ཐམས་ཅད་སྐོང་ལ་རྒྱལ་སྲིད་སྟེར་བར་བྱེད་དོ།། དེ་ནས་ལྷ་མོའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལྷ་མོའི་ཁང་པར་སོང་སྟེ་སྟན ་བཤམས་པ། ཙན་དན་དཀར་པོ་དང་སྣ་མའི་མེ་ཏོག་གིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་ངེས་པར་འོང་ངོ་།། འོངས་པ་ལ་འཁྱུད་པ་དང ་འོ་བྱས་པ་དང་། ཇི་ལྟར་དགའ་བ་འདོད་པ་བྱས་ན་ལྷ་མོ་གསེར་གྱི་མདོག་ཅན་གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆུང་མར་འགྱུར་རོ།། དོང་ཚེ་བརྒྱད་དང་། རས་ཟུང་གཅིག་དང་། ་གནས་རྣམས་དང་། བཟའ་བ་བཟང་པོ་རྣམས་འཁོར་དང་བཅས་པ་ལ་སྟེར་རོ།། འདི་ཉིད་ཀྱིས་རྣམ་ཐོས་སྲས་ཀྱི་ཁང་པར་འཇུག་ན་གསང་བའི་མཐའ་དང་། བཟླས་པའི་མཐའ་ལ་ཤིན། ་ཏུ་མྱུར་བར་རྫས་བླངས་ནས་སྟེར་བར་བྱེད་དོ།། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། འབྱུང་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི། ་ཆོ་ག་རྒྱས་པའི་ལེའུའོ།། ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། དེ་ནས་ཤིན་ཏུ་འདའ་བར་དཀའ་བའི་སྒྲུབ་པའི་ཐབས་ལྷ་ཆེན་པོ་ཐམས་ཅད་གསོད་པར་བྱེད་པའི་སྔགས ་ཀྱི་ཆོ་ག་གསུངས་པ། ཨོཾ་ཧ་ན་ཧ་ན། སརྦ་མཱ་ར་ཡ་བཛྲ་ཛྭ་ལེ་ཧཱུཾ་ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་རྣོན་པོ་འབར་བའི་འཕྲེང་བ་འཁྲུག ་པས་གང་བར་གྱུར་ཏོ།། ཧཱུཾ་ཧ་ན་ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་ཐམས་ཅད་དང་། རིག་འཛིན ་དུ་མ་དང་། ཀླུ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ཡི་དགས་དང་། ལྷའི་བུ་མོ་དང་། ཤ་ཟ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་རྣམས ་དུམ་བུ་བརྒྱར་བྱས་ཏེ་དགུག་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད ་པའང་འཁོར་དེར་འདུས་པ་རྣམས་ངོ་མཚར་དུ་གྱུར་ཏེ་འདི་སྐད་ཅེས་སྨྲས་སོ།། དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ་འོངས་པའི་དུས་ན། གདུག་པ་དང་ལྷ་ཐམས་ཅད ་ཚར་གཅོད་པ་ནི་ལེགས་སོ་ལེགས་སོ།། དེ་ནས་ལྷའི་བུ་མོ་རྣམས་ལངས་ཏེ་འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་རང་གི་སྙིང། ་པོ་ཕུལ་བ། ཨོཾ་ཤྭཱ། ཟླ་བའི་ལྷ་མོའིའོ།། ཨོཾ་ཤྲཱི། ཐིག་ལེ་མཆོག་མའིའོ།། ཨོཾ་ཤཱི། གསེར་གྱི་འཕྲེང་བ་མའིའོ།། ཨོཾ་ཤཱི། འཁྱིལ་བའི་འཕྲེང་བ་མའིའོ།། ཨོཾ་དྲུཾ། རིན་ཆེན ་འཕྲེང་བ་མའིའོ།། ཨོཾ་ས། རྩོམ་པ་མའིའོ།། ཨོཾ་སྲུ་། བྲང་ན་གནས་པ་མའིའོ།། ཨོཾ་བཾ། དཔལ་རྒྱན་མའིའོ།། དེ་ནས་ལྷའི་བུ་མོ་བརྒྱད་ཀྱི་དངོས་གྲུབ་ཀྱི་སྒྲུབ་པ་ཐམས་ཅད་ཀྱི་ཆོ་ག་བཤད། ་པ་རིའི་རྩེ་མོ་ལ་སོང་སྟེ་འབུམ་བཟླས་ན་འགྲུབ་པར་འགྱུར་རོ།། དེ་ནས་ཟླ་བ་ཉ་བ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་ཐོག་ཐག་བཟླས་ན་ཟོ་རངས ་ལྷ་མོ་རང་ཉིད་འོང་ངོ་།། འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་ཚིག་སྨྲ་བར་བྱེད་དོ།། སྒྲུབ་པ་པོས་བདག་གི་ཆུང་མ་གྱིས་ཤིག་ཅེས་སྨྲས་ན་དངོས་གྲུབ་ཀྱི་རྫས་དང ་དངུལ་ཆུ་དང་། བཅུད་ཀྱིས་ལེན་ལ་སོགས་པ་སྟེར་རོ།། དེའི་བཅུད་ཀྱིས་ལེན་གྱིས་ནི་ལོ་སྟོང་འཚོའོ།། དེ་ནས་ཐིག་ལེ་མཆོག་མའི་སྒྲུབ་ཐབས་བཤད་པ། ཙན་དན་དང་འོ་མའི་ཟས ་ཀྱིས་ཁྲི་བཟླས་ནས་ཉི་མ་བདུན་ན་མཆོད་པ་རྒྱས་པར་བྱ་སྟེ། ཡར་གྱི་ངོརོ་ཚེས་བརྒྱད་ལ་རིའི་རྩེ་མོར་སོང་ལ་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་སྟེ་ཅུང་ཟད་རྒོད་པས་ཆགས་པ ་བྱས་ནས་མདུན་དུ་སྡོད་དོ།། འཁྱུད་པ་དང་འོ་བྱས་ཤིང་དགའ་བས་ཆགས་པར་བྱས་ནས་འདི་ལྟར་འགྲུབ་པར་འགྱུར་ཏེ། གང་འདོད་པ་དེ་སྟེར་ཞིང་རྒྱབ་ཏུ་ཞོན་ན་མཐོ་རིས་སུའང་འཁྱེར་བར་བྱེད་དོ།། ་གཞན་ཡང་རྒྱལ་སྲིད་སྟེར་བར་བྱེད་དོ།། དེ་ནས་གསེར་གྱི་འཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཉི་མ་བདུན་པ་ལ ་མཆོད་པ་རྒྱས་པར་བྱས་ཏེ། གུ་གུལ་གྱི་བདུག་པ་བྱིན་ནས་མཚན་ཐོག་ཟག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་སྟེ་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ།། དེ་ནས་འཁྱིལ་བའི་འཕྲེང་བ་མའི་སྒྲུབ ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཚེས་གྲངས་མི་དགོས་ཤིང་རྒྱུ་སྐར་ཡང་མི་དགོས་ལ། སྨྱུང་བའང་མི་དགོས་པར་འགྲུབ་པར་བྱེད་པ་སྟེ། རིའི་རྩེ་མོར་སོང་སྟེ་ཁྲི་བཟླས་ན་དེ་ནམ་ཕྱེད་ན ་ངེས་པར་འོང་ངོ་།། ཆུང་མར་གྱུར་ལ་དོང་ཚེ་སྟོང་སྟེར་ཞིང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་། གྲུབ་པའི་རྫས་སྟེར་རོ།། དེ་ནས་རིན་ཆེན་འཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ལྷའི ་ཁང་པར་སོང་སྟེ་ཟླ་བ་གཅིག་ཏུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཟླ་བ་དེའི་ཐ་མ་ལ་ཟླ་བ་ཉའི་བར་དུ་བཟླས་ན་ནམ་ཕྱེད་ན་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་ངོ་།། འོངས་པ་ལ་མེ་ཏོག་གི་མཆོད་ཡོན ་བྱིན་ན། ལྷ་མོ་ལེགས་པར་འོངས་སམ་ཞེས་སྨྲས་ན་བདག་པོ་བདག་གིས་ཅི་བྱ་ཞེས་ཟེར་ཏེ། སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན། ཆུང་མའི་ལས་བྱེད་ཅིང་ལྷ་མོས་འདོད་པ་སྦྱིན་པར ་བྱེད་དོ།། ལོ་སྟོང་འཚོ་བར་བྱེད་དོ།། དེ་ནས་རྩོམ་པ་མོའི་སྒྲུབ་པའི་ཐབས་བཤད་པ། ཚེས་གཅིག་ལ་བརྩམས་ཏེ་མཆོད་པ་བྱས་ནས་ཙན་དན་གྱི་ཆུས་དཀྱིལ ་འཁོར་བྱས་ཏེ། གུ་གུལ་གྱི་བདུག་པ་སྦྱིན་ཞིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཤིང་ཟླ་བ་ཉལ་མཆོད་པ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་ནས་ངེས་པར་འོང་ངོ་།། ་གལ་ཏེ་མྱུར་དུ་མ་འོངས་ན་འཆི་བར་འགྱུར་རོ།། འོངས་པ་ན་ཆུང་མར་འགྱུར་ལ། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ཇི་ལྟར་འདོད་པས་ཆགས་པར་བྱེད་ལ་ལོ་ཁྲི་འཚོའོ།། གང་གི། ་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེའོ།། དེ་ནས་བྲང་ན་གནས་པའི་སྒྲུབ་པའི་ཐབས་བཤད་པ་མཚན་མོ་ལྷའི་ཁང་པར་སོང་སྟེ། ཙན་དན་གྱི་བདུག་པ་སྦྱིན་ཞིང་ཁྲི་ཁྲི་བཟླས་ནས་ཟླ་བ་དེ ་འདས་པ་དང་། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མཚན་ཐོག་ཟག་བཟླས་ན་ཟོ་རངས་མྱུར་དུ་འོང་ངོ་།། འོངས་པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་སྒྲུབ ་པ་པོ་བཀའ་ཅི་སྩལ་ཞེས་ཟེར་རོ།། སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་སྨྲས་ན་དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་། དངོས་གྲུབ་ཀྱི་རྫས་སྟེར་རོ།། གཞན་གྱི་བུད་མེད་ལ་མངོན་པར ་བགྲོད་པ་སྤང་བར་བྱ་སྟེ། ལོ་སྟོང་ཕྲག་ལྔ་འཚོའོ།། མཚན་མོ་གཅིག་གཙང་སྦྲ་བྱས་ཏེ་ཐོ་བའི་འདབ་མ་ལ་གུར་ཀུམ་གྱིས་དཔལ་གྱི་རྒྱན་ཅན་བྲིས་ཏེ་ཙན་དན་གྱི་བདུག་པ་སྲེག་ཅིང་བཟླས་ལ། ་ཟླ་བ་དེའི་ཐ་མ་ལ་མཆོད་པ་རྒྱ་ཆེར་བྱས་ཏེ་རེ་ཞིག་བཟླས་ན་ནམ་བྱེད་ན་ངེས་པར་འོང་ངོ་།། འོངས་པ་ལ་མྱུར་དུ་ཆགས་པར་བྱས་ན་དགའ་བར་འགྱུར་ཏེ། དབྱིག་དང་། གསེར་དང་། མུ ་ཏིག་ལ་སོགས་པ་སྟེར་རོ།། ཉི་མ་རེ་རེ་ཟས་བཟང་པོ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར་བྱེད་དོ།། བཅོམ་ལྡན་འདས་ཀྱིས་གསུངས་སོ།། ལྷའི་བུ་མོ་རྣམས་ཀྱི་ཆོ་ག ་རྒྱས་པའི་ལེའུའོ།། །། དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། གལ་ཏེ་ལྷའི་བུ་མོ་རྣམས་མ་གྲུབ་དེའི་ཚེ་འགྲོ་བ་འདི་དང་བཅས་ཏེ ་བཟླ་བར་བྱའོ།། ཨོཾ་ཧྲཱིཿཱ་ཀབྡྷ་ཨཱ་ཀརྞྞ། ཆེ་གེ་མོ་ཧཱུཾ་ཛཿཕཊ། ཁྲོ་བོ་འདི་དང་བཅས་ཏེ་བཟླས་པ་ཙམ་གྱིས་སྤྱི་བོ་འགས་ཤིང་དུམ་བུ་བརྒྱད་དུ་འཇིག་གོ། སྔགས་འདིས་བཅིང་བར་བྱའོ།། ་ཨོཾ་བན་དྷ་བན་དྷ་ཧ་ན་ཧ་ན། ཆེ་གེ་མོ་ཧཱུ~ཾ་ཕཊ། སྔགས་འདིས་དབང་དུ་བྱའོ།། ཨོཾ་ཙ་ལ་ཙ་ལ། ཆེ་གེ་མོ་ས་མ་ཡ་ན་ཡེ་ཧཱུཾ་ཕཊ། ལྷ་མོ་ཐམས་ཅད་སྒྲུབ་པའོ།། དེ་ནས་འདིར་ནི་མ ་རྣམས་ལ་ཕན་པའི་དོན་དུ་ལྷ་མོ་བརྒྱད་ཀྱི་ཕྱག་རྒྱ་རབ་ཏུ་བཤད་པར་བྱ་སྟེ། དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ། དཀོན་མཆོག་གསུམ་གནས་པར་བྱེད་པ། སྔགས་བཟླས ་པ་བདེ་བར་གྲུབ་པའི་ཕྱག་རྒྱ་ཁྲོ་བོ་ཉིད་ཀྱིས་བཤད་པ། རྒྱུད་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འབྱུང་པོ་འདུལ་བྱེད་ཀྱིས་གསུངས་པ་འདི་ཉིད་ལ་མྱུར་དུ་བདེ་བ་སྦྱིན་པའི་ལྷ་མོ་རྣམས ་གྲུབ་པར་བྱེད་པ། བཟླས་པ་ཙམ་གྱིས་འབྱུང་མོ་རྣམས་དང་། སྲིང་མོ་དང་། དེ་བཞིན་དུ་ཆུང་མ་དང་བྲན་མོ་སྒྲུབ་པར་བྱེད་པ། ཟླ་བ་ཟློས་པ་རྣམས་ལ་འཇིག ་རྟེན་འདིའི་བདེ་བ་སྦྱིན་པའི་བསྙེན་བཀུར་མར་སྒྲུབ་པའི་ཐབས་སོ།། ཁུ་ཚུར་སོ་སོར་བཅངས་ཏེ་ལག་པ་གཉིས་ཀ་པདྨ་འཁོར་བའི་ཚུལ་དུ་བྱས་ནས། གུང་མོའི་སོར་མོ་ཁབ་ལྟར་བྱས ་པ་བརྐྱང་བ་ནི་ལྷ་མོ་བརྒྱད་པོའི་ཕྱིའི་བདེ་བ་ཐམས་ཅད་སྒྲུབ་པར་བྱེད་པའོ།། ལག་པ་གཉིས་ཀ་སོར་མོ་གཅིག་གི་སྟེང་དུ་གཅིག་བསྐྱོན་པའི་སྦྱོར་བས་གཟུང་བ་ནི་ལྷའི་བུ་མོ་ཐམས་ཅད ་དབང་དུ་བྱེད་པའི་ཕྱག་རྒྱ་སྟེ། ཉེ་བར་བྱེད་ཅིང་མངོན་དུ་ཕྱོགས་པར་བྱེད་ལ། ཐམས་ཅད་དུ་འདོད་པ་སྒྲུབ་པར་བྱེད་པའི་ཕྱག་རྒྱའོ།། ལག་པ་གཉིས་ཀ་པདྨ་འཁོར་བའི་སྦྱོར་བས་གཟུང ་བ་ནི་ལྷའི་བུ་མོ་ཐམས་ཅད་རྨོངས་པར་བྱེད་པའི་ཕྱག་རྒྱ་སྟེ། བཅིངས་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ལ་བྲན་མོར་འགྱུར་རོ།། ཨོཾ་སརྦ་ཨ་བ་ས་ར་ས་ར། ཨོཾ་ཨཱ་གཙྪ་ཧཱུཾ་ཛཿཛཿ ་སྔགས་འདིས་ལྷའི་བུ་མོ་ཐམས་ཅད་བོད་པར་བྱའོ།། ཨོཾ་སརྦ་སདྡྷི་བྷོ་གེ་ཤྭ་རི་སྭཱ་ཧཱ། ཉེ་བར་བྱེད་པའི་སྔགས་སོ།། ཨོཾ་ཀཱ་མ་པྲི་ཡེ་སྭཱ་ཧཱ། མངོན་དུ་བྱེད་པའི་སྔགས་སོ།། ཨོཾ་བཾ་ཧཱུཾ་ཧཱུ~ཾ། ་ཧཱུཾ་ཛཿཛཿ། ལྷའི་བུ་མོ་ཐམས་ཅད་རྨོངས་པར་བྱེད་པའི་སྔགས་སོ།། འབྱུང་པོའི་འདུལ་བའི་རྒྱུད་ཆེན་པོ་ལས། ལྷའི་བུ་མོ་རྣམས་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུའོ།། ། ་དེ་ནས་གནོད་སྦྱིན་མོ་ཐམས་ཅད་ལངས་ཏེ། དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་རང་གི་སྙིང་པོ་ཕྲལ་བ། ཨོཾ་ཨཱཀྵཙྪ་སུར་སུ་ནཱད་རི་སྱཱཧཱ། སྡུག་གུ་མཛེས་མའ། ་ཨོཾ་ན་མོ་ཧ་རི་ན་མཿསྭཱ་ཧཱ། ཡིད་འཕྲོག་མའིའོ།། ཨོཾ་ཀ་ན་ཀ་མེ་བྷུན་པྲི་ཡེ་སྟྭ~ཾ་ཧཱ། གསེར་ལྡན་མའིའོ།། ཨོཾ་ཨཱ་གཙྪ་ཀཱ་མེ་ཤྭ་རོ་སྭཱ་ཧཱ། འདོད་པའི་དབང་ཕྱུག་མའིའོ།། ཨོཾ་ར་ཏི་པྲ་ལ ་སྭཱ་ཧཱ། རྒན་མའིའོ།། ཨོཾ་པདྨི་ནཱ་ཡེ་སྭཱ་ཧཱ། པདྨ་མའིའོ།། ཨོཾ་ནརྟི་མ་ཧཱ་ཏི་ནི་སུ་རཱུ་པ་མ་ཏི་སྭཱ་ཧཱ། གར་བྱེད་མའི་འོ།། ཨོཾ་ཨ་ནུ་རཱ་གི་ནི་མཻ་ཐུ་ནི་སྭཱ་ཧཱ། རྗེས་སུ་ཆགས་མའིའོ།། ་དེ་ནས་གནོད་སྦྱིན་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་གུ་གུལ་གྱི་བདུག་པ་སྦྱིན་ཞིང་དུས་གསུམ་དུ་སྟོང་ཕྲག་རེ་བཟླས་ན་ཟླ་བ་གཅིག་གི་ནང་དུ ་ངེས་པར་འོང་ངོ་།། འོངས་པ་ལ་ཙན་དན་གྱི་ཆུས་མཆོད་ཡོན་བྱིན་ནམ་དང་། སྲིང་མོ་དང་། ཆུང་མའི་ལས་བྱེད་དོ།། གལ་ཏེ་མར་གྱུར་ན་སེམས་སུན་དབྱུང་བར་མི་བྱ་སྟེ། དངུལ་ཆུ་དང་བཅུ ་ཀྱིས་ལེན་སྟེར་ཞིང་ཉི་མ་རེ་རེ་དོང་ཚེ་སྟོང་སྟེར་རོ།། གལ་ཏེ་སྲིང་མོར་གྱུར་ན་ནི་གྲུབ་པའི་རྫས་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་ལྷའི་བུ་མོ་བཟང་མོ་བླངས་ནས་སྟེར་ལ། འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲ་བར་བྱེད་དོ།། གལ་ཏེ་ཆུང་མར་གྱུར་ན་བསམ་པ་ཐམས་ཅད་རྫོགས་པར་བྱེད་ཅིང་ནོར་གྱི་བདག་པོ་ཆེན་པོ་བྱེད་དོ།། དེ་ནས་ཡིད་འཕྲོག་མའི་སྒྲུབ་པའི་ཐབས ་བཤད་པ། ཆུ་བོའི་འགྲམ་དུ་སོང་སྟེ་ཙན་དན་གྱིས་མཎྜལ་ཉེ་བར་བྱུགས་ཏེ། མཆོད་པ་ཤིན་ཏུ་ཆེན་པོ་བྱས་ན་ཨ་ཀ་རུའི་བདུག་པ་སྦྱིན་ཞིང་ཉི་མ་བདུན་དུ་ཁྲི་བཟླས་ནས་ཉིམ ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། ནམ་ཕྱེད་ཀྱི་བར་དུ་བཟླས་ན་དེ་ནི་ངེས་པར་འོང་ངོ་།། གལ་ཏེ་མ་འོངས་ན་འཆི་བར་འགྱུར་རོ།། བཀའ་སྩོལ་ཅིག་ཅེས་སྨྲ་བར་བྱེད་ཅིང་། དེས་བདག་གི་ཟན་མོ ་གྱིས་ཤིག་ཅེས་བསྒོ་ན་འཁོར་བརྒྱད་བརྒྱའི་ཞལ་ཏ་བྱེད་ཅིང་དོང་ཚེ་བརྒྱ་ཉི་མ་རེ་ལ་སྟེར་ཏེ། དེས་ཀྱང་མ་ལུས་པར་ཟད་པར་བྱའོ།། གལ་ཏེ་ཅུང་ཟད་འཇོག་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ།། དེ་ནས ་གསེར་ལྡན་མའི་སྒྲུབ་པའི་ཐབས་བཤད་པ། བ་རུ་རའི་ཤིང་གནས་པར་སོང་སྟེ། ཉ་དང་ཤས་སྒྲུབ་ཅིང་ཆང་ཡང་བྱིན་ནས་བདག་ཉིད་ཀྱང་བཏུང་ཞིང་སྤགས་པར་གནས་པར་བཟླ་བར་བྱ་སྟེ། སྟོང ་ཕྲག་རེ་རེ་བཟླས་སོ།། དེ་བཞིན་དུ་ཉི་མ་བདུན་པའི་མཚན་མོ་བསྒྲུབ་པར་བྱ་སྟེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་འཁོར་བརྒྱད་བརྒྱས་བསྐོར་ནས་རང ་ཉིད་འོང་ངོ་།། འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ།། འཁོར་བཅུ་གཉིས་ཀྱི་གོས་དང་། རྒྱན་དང་། བཟའ་བ་བཟང་པོ་རྣམས་ཉིན་གཅིག་བཞིན་དུ་སྟེར་ཞིང་དོང་ཚེ་བརྒྱད་སྟེར་རོ།། ་དེ་ནས་འདོད་པའི་དབང་ཕྱུག་མའི་སྒྲུབ་པའི་ཐབས་བཤད་པ། གྲོ་གའི་འདབ་མལ་བ་ལང་གི་གིའུ་ཝང་གིས་གཟུགས་བརྙན་བྲིས་ཏེ་གཅིག་པུ་སྟན་ལ་འཇུག་ལ་སྟོང་ཕྲག་རེ་རེ་བཟླས་སོ།། དེ་ནས་ཟླ་བའི། ་ཐ་མ་ལ་མཆོད་པ་རྒྱས་པར་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མི་སྨྲ་བར་གྱུར་པས་བཟླས་ན་མཚན་མོ་དེའི་ཕྱེད་ན་ངེས་པར་འོང་ངོ་།། འོངས་པ་ལ་ཆགས་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ།། ་ལྷའི་རྒྱན་མ་ལ་དུ་དོར་ཏེ་ཐོ་རངས་ཀྱིས་འགྲོ་བར་འགྱུར་རོ།། གཞན་གྱི་ཆུང་མ་ལ་མི་བགྲོད་པར་ཡང་བྱ་སྟེ། གལ་ཏེ་བགྲོད་ན་རྣམ་པར་འཇོམས་པར་བྱེད་དོ།། དེ་ནས་རྒན་མོའི་སྒྲུབ་ཐབས་བཤད་པ ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་མ། ལག་ན་ཨུཏྤལ་ཐོགས་པ། གཞོན་ནུ་མ་རས་ལ་རི་མོ་བྲིས་ཏེ་སྣ་མའི་མེ་ཏོག་གིས་མཆོད་ཅིང་གུ་གུལ་གྱི་འདུག་པ་བྱིན་ལ་སྟོང་ཕྲག་བརྒྱད་བརྒྱད་བཟླ། ་ཏེ་ཟླ་བ་ཐ་མ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྦར་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་།། འོངས་པ་ལ་དགའ་བས་ཆགས་པ་བྱས་ན་ཆུང ་མར་འགྱུར་རོ།། སྒྲུབ་པ་པོ་འཁོར་དང་བཅས་པ་ཡོངས་སུ་སྐྱོང་བར་བྱེད་ཅིང་། ལྷས་འདོད་པར་བྱ་བའི་ཟས་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དོང་ཚེ་ཉི་ཤུ་རྩ་ལྔ་སྟེར་བར་བྱེད་དེ། ་དེ་ནས་པདྨ་མའི་སྒྲུབ་ཐབས་བཤད་པ། རང་གི་ཁྱིམ་དུ་མགོའི་གནས་སུ་ཙན་དན་གྱི་དཀྱིལ་འཁོར་བྱས་ཏེ། གུ་གུལ་གྱི་བདུག་པ་སྦྱིན་ཞིང་ཟླ་བ་ཕྱེད་དུ་བཟླ་བར་བྱའོ།། དེ་ནས་ཟླ་བ་ཉལ་ཅི་འབྱོར་པའི ་མཆོད་པ་བྱས་ཏེ་ཇི་སྲིད་ནམ་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་།། འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། ལྷ་མོས་འདོད་པ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར ་བྱེད་དོ།། དེ་ནས་གར་བྱེད་མའི་སྒྲུབ་པའི་ཐབས་བཤད་པ། ཨ་ཤོ་ཀའི་ཤིང་གི་རྩར་སོང་སྟེ་བསླབ་པར་བྱའོ།། ཤའི་བཟའ་བ་དང་། སྤོས་དང་། དྲི་དང་། མེ་ཏོག་སྦྱིན ་ཞིང་སྟོང་ཕྲག་བརྒྱད་བཟླས་ན་ཟླ་བ་གཅིག་གི་ནང་དུ་ངེས་པར་འོང་ངོ་།། མདོར་བསྡུས་ན་འོངས་ན་མ་དང་། སྲིང་མོ་དང་། ཆུང་མར་འགྱུར་རོ།། གལ་ཏེ་ཆུང་མར་གྱུར་ན་བཟའ་བ་དང་། རས་ཟུང ་རེ་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དོང་ཚེ་བརྒྱད་སྟེར་བར་བྱེད་དོ།། གལ་ཏེ་མར་གྱུར་ན་བཟའ་བ་བཟང་པོ་དང་རས་ཟུང་རེ་སྟེར་ཞིང་གསེར་སྲང་བརྒྱ་སྟེར་རོ།། གལ་ཏེ་སྲིང་མོར་གྱུར ་ན་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་གོས་དང་། རྒྱན་དང་། བཟའ་བ་བཟང་པོ་སྟེར་རོ།། དངུལ་ཆུ་དང་བཅུད་ཀྱིས་ལན་ཡང་སྟེར་བར་བྱེད་དོ།། དེ་ནས་སྲིང་མོ་སྒྲུབ་པའི་ཐབས། ་བཤད་པ། གུར་ཀུམ་གྱིས་གྲོ་གའི་འདབ་མ་ལ་གནོད་སྦྱིན་མོའི་གཟུགས་བྲིས་ཏེ། དེ་ནས་ཚེས་གཅིག་ནས་བརྩམས་ནས་སྤོས་དང་། མེ་ཏོག་དང་། མར་མེ་སྦྱིན་ཞིང་དུས་གསུམ་དུ་བཟླས་པ། ་བྱས་ནས་ཟླ་བ་ཉལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ་མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་ཐོག་ཟག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་ངོ་།། འོངས་པ་ལ་འདོད་པས་ལོངས་སྤྱད་ན་ཆུང་མར ་འགྱུར་རོ།། ལྷའི་དོང་ཚེ་སྟོང་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ལོ་སྟོང་འཚོའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གནོད་སྦྱིན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག ་རྒྱས་པའི་ལེའུའོ།། ། དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། གལ་ཏེ་དམ་ཚིག་ལ་མི་གནས་ན་ཁྲོ་བོ་འདི་དང་བཅས་ཏེ་དགུག་པའི་ཕྱིར། ་བཟླ་བར་བྱའོ།། ཨོཾ་དྷྲྀ་ཀ་ཊུ་ཀ་ཊུ་ཆེ་གེ་མོ་ཡཀྵི་ཎི་ཧྲཱིཿཛཿཛཿ། ཁྲོ་བོ་འདི་དང་བཅས་ཏེ་སྔགས་སྟོང་བཟླས་ན་མྱུར་དུ་འོང་ངོ་།། གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་དེའི་མོདོ་ལ་འཆི་སྟེ ་དམྱལ་བ་ཆེན་པོ་བརྒྱད་དུ་ལྷུང་ངོ་།། དེ་ནས་ཁྲོ་བོའི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ནས་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་པ་འདི་ནི་ཁྲོ་བོའི་མི་ཕྱེད ་པའི་ལྕགས་ཀྱུའི་ཕྱག་རྒྱའོ།། ཕྱག་རྒྱ་འདིས་འཇིག་རྟེན་གསུམ་ཡང་འགུགས་པར་བྱེད་དོ།། དེ་ནས་གནོད་སྦྱིན་མོའི་ཕྱག་རྒྱ་བཤད་པ། གུང་མོའི་སོར་མོ་གཉིས་མི་མཉམ་པར་བྱས་ཏེ་སྲིན་ལག ་རྣམ་པར་བརྐྱང་ཞིང་མཛུབ་མོ་གཉིས་སྦྱར་བར་བྱས་ནས། མཐེའུ་ཆུང་གཉིས་སྙིང་པོར་བྱས་པ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་རྩ་བའི་ཕྱག་རྒྱ་དམ་པ་སྟེ། འདི་བཅངས་པ་ཙམ་གྱིས་གནོད་སྦྱིན ་མོ་ཐམས་ཅད་འོང་ངོ་།། ཕྱག་རྒྱ་འདི་ཉིད་ལ་མཐེ་བོང་གཡས་པས་བོད་པར་བྱའོ།། ཨོཾ་ཧྲཱིཿཱ་གཙྪ་ཨཱརྒྷཾ། སརྦ་ཡཀྵི་ཎི་སྭཱ་ཧཱ། བོད་པའི་སྔགས་སོ།། ཕྱག་རྒྱ་འདི་ཉིད་ལས་མཐེ་བོང ་གཡོན་པས་སླར་གཏང་བར་བྱའོ།། ཨོཾ་ཡཀྵི་ཨཱ་གཙྪ་ཨཱ་གཙྪ། ཆེ་གེ་མོ་ལཀྵི་ཎི། ཤཱི་གྷྲ~ཾ་པུ་ན་རཱ་ག་ན་མ་ཡ་སྭཱ་ཧཱ། ཁུ་ཚུར་སོ་སོར་བཅངས་ཏེ་གུང་མའི་སོར་མོ་རབ་ཏུ་བརྐྱང་བ་ནི་གནོད ་སྤྲིན་མོ་ཐམས་ཅད་མངོན་དུ་ཕྱོགས་པར་བྱེད་པའི་ཕྱག་རྒྱའོ།། ཨོཾ་མ་ཧཱས་དྷཱ་མཐུན་ཚྭ་ཡ་ཧཱ་དྷ། ཐཱ་རྦུ་རབན་ཚུན་བཅངས་ལ་མྱེ་ཆུང་བརྒྱ་སྨྱེ་ཁྲུག་པ་ན་ཀཛཿ། ་སྦྱིན་མོ་ཐམས་ཅད་ཉེ་བར་བྱེད་པའི་ཕྱག་རྒྱའོ།། ཨོཾ་ཀཱ་མ་བྷོ་ག་ཤྭ་ར~ཾ་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་བསྣོལ་ཏེ་ལག་པ་གཉིས་མཛུབ་མོ་གཅིག་གི་སྟེང་དུ་གཅིག་བསྐྱོན་པའི་སྦྱོར་བ་གཞག་པ་ནི་གནོད་སྦྱིན་མོ་ཐམས ་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ།། ཀྵི། སྙིང་པོའོ།། ཁུ་ཚུར་ཕན་ཚུན་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་བདུག་པ་དང་། མེ་ཏོག་དང་། དྲི་དང་། མར་མེའི་ཕྱག ་རྒྱའོ། ཨོཾ་སརྦ་མེ་ནོ་ཧ་ར་པྲི་ཡེ་སྭཱ་ཧཱ། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གནོད་སྦྱིན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། ། དེ་ནས་ཀླུའི ་རྒྱལ་མོ་རྣམས་ལངས་ཏེ་འཁོར་གྱི་དཀྱིལ་འཁོར་དེར། དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་མངོན་པ་རབ་ཏུད་ནས་རང་གི་སྙིང་པོ་ཕུལ་བ་ཨོཾ་ཨ། ཨོཾ་པུ། ཨ་ན་དྷ་མུ་ཁི་ཕུ། ཤྲཱི་ཕུ་བཱ་སུ་ལ། ་མུ་ཁི་ཕུ། ཨི་ཕུ་པདྨ་མ་ཎི་པུ། ཨ་ཕུ་མ་ཧཱ་པདྨ་མ་ཎི་པུ། དྷི་པུ་ཀརྐོ་ཊེ་མུ་ཁི་པུ། ས་པྲ་ཤང་ཁི་ནི་བུ། ཛུ་པུ་ཛ་ལ་མུ་ཁི་ཕུ། ཏྲུ་ལུ་དྲུ་མ་མུ་ཁི་ཕུ། ཀླུ་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆ ་ག་རྒྱས་པར་བཤད་པ། ཀླུའི་ཁང་པར་སོང་སྟེ་འབུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། ཀླུ་མོ་རྣམས་དགའ་བར་འགྱུར་ཞིང་ཀླུ་མོ་ཐམས་ཅད་འཚིག་པར་འགྱུར་རོ།། ་སྒྱུས་ཡང་པར་རྒྱུལ་གས། དང་། དང་། དང་། འམ་རྣམས་ཀྱི་ས་བརྗུ་པ་ས་ཚད་པ་མྦྷ་། རྣས་ཅུ ་ན་མྱུར་དུ་ཀླུ་མོའི་བུ་མོ་རྣམས་རང་གི་ཁྱིམ་ནས་འོང་ངོ་།། འོངས་པ་ལ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་། བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོན་ཉི་མ་རེ་རེ་དོང་ཚེ་བརྒྱད་བརྒྱད་སོ་སོར་སྟེར་བར ་བྱེད་དོ།། ཆེ་གེ་མོ་འཚོ་བར་ཤོག་ཅིག། ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་གྲུབ་པར་བྱེད་དོ།། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་འོ་མའི་བཟའ་བས་སྟོང་ཕྲག་བརྒྱད་བཟླས ་ནབཟླས་པའི་མཐར་ཀླུའི་བུ་མོ་བཟང་མོ་འོང་ངོ་།། འོངས་པ་ལ་སྤྱི་བོར་མེ་ཏོག་སྦྱིན་ཞིང་ཆུང་མར་གྱིས་ཤིག་ཅེས་བསྒོ་བར་བྱའོ།། ལྷའི་བཟའ་བ་བཟང་པོ་དང་དོང་ཚེ་ལྔ་ལྔ་ཉི་མ་རེ་རེ་སྟེར ་བར་བྱེད་དོ།། ཀླུའི་གནས་སུ་མཚན་མོ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་སྐད་ཅིག་དེ་ཉིད་ལ་ཀླུ་མོ་སྤྱི་བོའི་ནད་ཆེན་པོ་དང་ཚ་བར་གྱུར་པས་འོང་ཞིང་། སྡུག་པ་ངས་ཅི་བྱ་ཞེས་སྨྲ ་བར་བྱེད་དོ།། ཆུང་མར་གྱུར་ཅིག་ཅེས་སྨྲས་ན། བདག་ཉིད་དང་ལྔ་ལ་རས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་ཞིང་དོང་ཚེ་ལྔ་ལྔ་སྟེར་རོ།། མཚན་མོ་པདྨའི་ཚལ་དུ་སོང་སྟེ་སྟོང་ཕྲག ་བརྒྱད་བཟླས་ན་ཀླུའི་བུ་མོ་རྣམས་མྱུར་དུ་འོང་ངོ་།། འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ།། དོང་ཚེ་བརྒྱད་བརྒྱད་སྟེར་ཏེ་དེས་ཀྱང་མ་ལུས་པར་ཟད་པར་བྱའོ།། གལ་ཏེ་ཅུང་ཟད ་འཇོག་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ།། མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐའ་ལ་ཀླུའི་བུ་མོ་ངེས་པར་འོང་ངོ་།། ་འོངས་པ་ལ་གསེར་གྱི་པདྨའི་གདན་བྱིན་ཏེ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་བདག་གི་ཆུ་ངམ་གྱིས་ཤིག་ཅེས་བསྒོ་ན། ཉི་མ་རེ་རེ་གསེར་སྲང་རེ་རེ་སྦྱིན་པར་བྱེད་དོ།། མཚན་མོ་རྒྱ་མཚོ་ཆེན་པོར། ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེ་ནམ་བཟླས་པའི་མཐའ་ལ་ཀླུའི་བུ་མོ་འོང་ངོ་།། འོངས་པ་ལ་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་དོང་ཚེ་གཅིག་དང་རས་ཟུང་གཅིག་སྟེར་བར་བྱེད་དོ།། ་ཀླུའི་ཁང་པར་སོང་སྟེ་ལྟེ་བ་ནུབ་ཙམ་དུ་ཆུར་ཞུགས་ཏེ་སྟོང་ཕྲག་བརྒྱད་པཟླས་ན་དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་འོང་ངོ་།། འོངས་པ་ལ་སྤྱི་བོར་མེ་ཏོག་བྱིན་ཏེ་ལེགས་པར་འོངས་སོ་ཞེས ་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྒོ་ན། དོང་ཚེ་བརྒྱད་དང་ལྷའི་ཟས་བཟང་པོ་སྟེར་བར་བྱེད་དོ།། མཚན་མོ་ཀླུའི་ཁང་པར་སོང་སྟེ་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་རྒྱན་ཐམས ་ཅད་ཀྱིས་བརྒྱན་ཏེ་ཀླུའི་བུ་མོ་སྐད་ཅིག་དེ་ལ་འོང་ངོ་།། འོངས་པ་ལ་མེ་ཏོག་དང་ཙ་ན་དན་གྱི་མཆོད་ཡོན་བྱིན་ཏེ་ལེགས་སོ་ཞེས་བརྗོད་ཅིང་ཆུ་ངམ་གྱིས་ཤིག་ཅེས་བསྒོ་ན། ལྷའི་དངུལ་ཆུ་དང ་བཅུད་ཀྱིས་ལེན་དང་། གྲུབ་པའི་རྫས་སྟེར་ཞིང་བ་སམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་རྒྱལ་སྲིད་སྟེར་བར་བྱེད་དོ།། མཚན་མོ་ཀླུའི་གནས་སུ་སོང་སྟེ་ཁྲི་བཟླས་ན་ཀླུའི་བུ་མོ་ངེས ་པར་འོང་ངོ་།། ཀླུའོངས་པ་ལ་མྱུར་དུ་ཆགས་པར་བྱས་ནས་ཆུང་མ་གྱིས་ཤིག་ཅེས་བརྙན། ཉི་མ་རེན་དང་ཆ་བརྒྱད་དང་། ལྷའི་བྱབ་འབ་བཟང་པོ་དང་། གོས་རྣམས་སྟེར་བར་བྱེད་དོ།། མ ་མོ་ཀླུའི་ཁང་པར་སོང་ལ་སྟོང་ཕྲག་བརྒྱད་བཟླས་ན། དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་རིངས་པར་འོང་ངོ་།། འོངས་པ་ལ་ཀླུའི་མེ་ཏོག་སྤྱི་བོར་བྱིན་ན་ཆུང་མར་འགྱུར་ཞིང་། ལྷའི་རས་དང ་རྒྱུན་དང་བཟའ་བ་ལ་སོགས་པ་སྟེར་རོ།། དེ་ནས་ཀླུ་མོའི་དམ་ཚིག་གི་སྔགས་བཤད་པ། ཨོཾ་པུ། ཨཱ་གཙྪ་ནཱ་ག་ནི་ཕུ། བོད་པའི་སྔགས་སོ།། ཨོཾ་ཨི་ཕུ། སྤོས་དང་མེ་ཏོག་གི་སྔགས་སོ།། ་ཨོཾ་ཕུ་ཨ་ཕུ། དྲི་དང་མཆོད་ཡོན་གྱི་སྔགས་སོ།། ཨ་དྲ། ཨི་ཕུ། ཧེ་ལུ། བ~ཾ་ཕུ། ཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་སོ།། པྲ་ཨཱ་གཙྪ་ཨཱ་གཙྪ། ཤཱི་གྷྣཱཾ་ཕུ་ནཱ་ཡ་སྭཱ་ཧཱ། སླར ་གཏང་བའི་སྔགས་སོ།། དེ་ནས་ཀླུ་མོ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཐལ་མོ་མཉམ་པར་བྱས་ཏེ་སོར་མོ་རྣམས་མགོ་བོའི་ཚུལ་དུ་སྦྱར་ལ་མཛུབ་མོ་ཁ་བསྒྱུར་བས་མཐེ་བོའི་སོར་མོ་བརྐྱང་བ་ནི ་ཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ།། ལས་ཐམས་ཅད་བྱེད་ཅིང་གྲུབ་པའོ།། དགུག་པའི་ཕྱག་རྒྱ་དང་། སླར་གཏང་བ་དང་། མཆོད་པའི་ཕྱག་རྒྱ་ནི་ཁུ་ཚུར་སོ་སོར་བཅངས་ཏེ། མཐེའུ་ཆུང་གི ་སེན་མོ་མཐེ་བོས་མནན་ནས་སོར་མོ་ལྷག་མ་བརྐྱང་བ་ནི་ཀླུ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀླུ་མོ་རྣམས་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུ ་འོ་དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་ཞིང་གསོར་ཏེ་ཁྲོ་བོ་འདི་དང་བཅས་ནས་གསུངས་པ། ཨོཾ་བྷཱ་ར་ཎ་བཛྲ་ཧཱུཾ་ཆེ་གེ་མོ་ནཱ་གི་ནི་ཨཱ་ཀཪྵ་ཡ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ། དེ་ནས་འདྲ། ་བཤད་པ་ཙམ་གྱིས་ཀླུ་ཐམས་ཅད་བརྒྱལ་ཞིང་འགྱེལ་ཏེ་སྤྱི་བོའི་ནད་ཆེན་པོས་ཤིའོ།། གལ་ཏེ་དམ་ཚིག་ལས་འདས་ན་ཁྲོ་བོ་འདི་དང་བཅས་ཏེ་བཟླས་པས་མྱུར་དུ་འཆི་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར ་འགྱུར་རོ་ཞེས། དཔལ་རྡོ་རྗེ་འཆང་གིས་གསུངས་སོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀླུ་མོ་རྣམས་སྒྲུབ་པར་བྱེད་པའི་ཆོ་ག་རྒྱས་པའི་ལེའུའོ།། ། ་དེ་ནས་འཁོར་གྱི་དཀྱིལ་འཁོར་དེར་མི་འམ་ཅི་མོ་དྲུག་ལངས་ཏེ་ཀབཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་མ་ནོ་ཧ་རི་སྭཱ་ཧཱ། ཨོཾ་སུ་བྷ་གེ་སྭཱ་ཧཱ། ་ཨོཾ་བི་ཤཱི་ལ་ནེ་ཏྲི་སྭཱ་ཧཱ། ཨོཾ་སུ་ར་བྷི་པྲི་ཡེ་སྭཱ་ཧཱ། ཨོཾ་ཨ་ཤ་མུ་ཁི་སྭཱ་ཧཱ། ཨོཾ་པི་པྲ་ཀ་ར་མུ་ཁི་སྭཱ་ཧཱ་དེ་ནས་མི་འམ་ཅི་མོ་དྲུག་གི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པ་ར་བཤད་པ་རིའི་རྩེ་མོ་ལ་སོང་སྟེ་སྟོང་ཕྲག། ་བརྒྱད་བཟླས་ན་མི་འམ་ཅི་མོ་དྲུག་གི་བཟླས་པ་རྫོགས་པ་དང་མཆོད་པ་ཤིན་ཏུ་ཆེན་པོ་བྱས་ཏེ། བ་ལང་གི་ཤ་དང་གུ་གུལ་དང་ལྡན་པའི་བདུག་པས་བདུག་ཅིང་ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས ་པར་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་སྨྲ་བར་བྱེད་དོ།། སྒྲུབ་པ་པོས་ཀྱང་ཀྱེ་བཟང་མོ་བདག་གི་ཆུང་མ་གྱིས་ཤིག་ཅེས་སྨྲས་ནས། རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ ་འཁྱེར་བར་བྱེད་ཅིང་བཟའ་བ་བཟང་པོ་སྟེར་བར་བྱེད་དོ།། དེ་ནས་སྒྲུབ་པའི་ཐབས་ཕྱི་མ་བཤད་པ། རོའི་དྲུང་ངམ་གཙུག་ལག་ཁང་དུ་ཁྲི་བཟླས་ན་བཟླས་པའི་མཐའ་ལ་རང་ཉིད་འོང་ཞིང་། ལྷ་མོའི་ལག ་པ་འཇམ་པོས་རྐང་པ་ལ་ཉུག་པར་བྱེད་ཅིང་མྱུར་དུ་ཆགས་པ་བྱས་ན་ཆུང་མར་འགྱུར་ཞིང་། དོང་ཚེ་བརྒྱད་དང་གོས་ཟུང་གཅིག་སྟེར་བར་བྱེད་དོ།། ཆུ་བོའི་འགྲམ་དུ་སོང་ནས་ཁྲི་བཟླས་ནས་ཡང་མཚན ་ཐོག་ཟག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་།། འོངས་ནས་ཆུང་མར་འགྱུར་ཞིང་ཉི་མ་རེ་རེ་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་དོ།། མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐའ ་ལ་ངེས་པར་འོང་ཞིང་ལྟ་བར་བྱེད་དོ།། ཉི་མ་གཉིས་པ་ལ་མདུན་དུ་འདུག་ཅིང་གཏམ་སྨྲ་བར་བྱེད་དོ།། ཉི་མ་གསུམ་པ་ལ་ཆགས་པ་སྤྱད་ན་ངེས་པར་འགྲུབ་ཅིང་ཆུང་མའི་ལས་ཐམས་ཅད་བྱེད་ལ་དོང་ཚེ་བརྒྱད ་དང་རས་ཕྲུགས་གཅིག་སྟེར་བར་བྱེད་དོ།། ཉིན་གཅིག་བཞིན་དུ་རིའོ་རྩེ་མོར་ཤ་ཟ་ཞིང་ཁྲི་ཁྲི་བཟླས་ན་ལྷ་མོའི་གཟུགས་ཀྱིས་མྱུར་དུ་འོངས་ཤིང་མདུན་དུ་སྡོད་དོ།། འཁྱུད་ཅིང་འོ་བྱས་ཏེ་མི་སྨྲ་བས་ཆགས་པ་བྱས ་ན་ཆུང་མར་འགྱུར་ཏེ། དོང་ཚེ་བརྒྱད་སྟོང་སྟེར་ཞིང་ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་བར་བྱེད་དོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མི་འམ་ཅིའི་བུ་མོ་སྒྲུབ་པའི་ཐབས་ཀྱི་ཆོ་ག ་རྒྱས་པའི་ལེའུའོ།། ། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྱོད་ཉོན་ཅིག། འཇིག་རྟེན་གསུམ་གྱི ་བདག་པོ་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ་མངག་གཞུག་མ་ལུས་པ་སྒྲུབ་པར་བྱེད་པ། མ་རུངས་པ་རྣམས་དང་ལྷ་རྣམས་ལ་བསྟན་པར་བྱའོ།། དེ་ནས་དབང་ཕྱུག་ཆེན་པོ། ་ལྷ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མི་བྱེད་པ་བསྟན་པ། འཇིག་རྟེན་གསུམ་གྱི་ལྷ་རྣམས་ཀྱིས་འདའ་བར་བྱབ་མ་ཡིན་པ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུ་དང་། བྱས ་རྒྱ་དང་། སྔགས་ཀྱི་རིམ་པར་ཕྱེ་བ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ན་གནས་པ་རྣམས་ཀྱིས། ལྷ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤིན་ཏུ་གདུལ་དཀའ་བ་རྣམས ་འདུལ་བར་བྱེད་པ་གསོལ་བ་བཏབ་པ་ནི་ལེགས་སོ་ལེགས་སོ།། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ཁྲོ་བོའི་དཀྱིལ་འཁོར་དམ་པ་ནི།། གྲུ་བཞི་པ་ལ་སྒོ་བཞི་པ ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཆ་རྣམས་བཅུ་དྲུག་དག་དང་ལྡན།། རྡོ་རྗེ་རབས་མཛེས་པའོ།། དེ་ཡི་དབུས་སུ་དྲག་པོ་ཆེ།། རྡོ་རྗེ་ཁྲོ་བོ་དགོད་བྱ་བ།། འབར་བའི་འཕྲེང་བ་འཁྲུག་ཅིང་གསལ། ་བསྐལ་པ་མཐའ་མའི་མེ་འོད་འདྲ།། ལྷ་ཆེན་མིག་སྨན་སྦྱར་འདྲ་ཞིང་།། ཐོད་པའི་འཕྲེང་བས་རྒྱན་དུ་བྱས།། དྲག་ཤུལ་བཞད་ཅིང་ཆེར་འཇིགས་པ།། འཇིག་རྟེན་གསུམ་པོ་འཇིག་མཛད་པའོ།། ་བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ།། ལྷ་ཆེན་པོ་ནི་བྲོ་བྱ་སྟེ།། བཞོ་མུ་ཏིག་ལྟར་དཀར་ཞིང་།། དེ་བཞིན་དཀར་པོ་དུང་འདྲ་ཞིང་།། མིག་གསུམ་པ་ལ་ལག་བཞི་པ།། ཞི་ཞིང་ལག་པ་གཡོན་པ་ན། ་མདུང་རྩེ་གསུམ་པ་ཐོགས་པའོ།། གཡོན་པའི་ཕྱོགས་ཀྱི་མ་རུ་ནི།། སྲེད་མེད་ཀུན་ཕྲ་བྱ་སྟེ།། གཡས་པ་ནནི་རྔ་ཡབ་དང་།། གཡོན་ན་འཁོར་ལོགས་ལ་ཤིང་ངོ་།། རྒྱབ་ཏུ་བརྒྱ་བྱིན་རྒྱལ་བ་སྟེ། དེངན། ་སྤྲིན་དྲུག་མདུན་དུའོ།། ཚངས་པ་ལག་ན་གདུགས་འཛིན་པ།། ཁ་བ་མེ་ཏོག་ཀུན་ད་དང་།། ཟླ་འདྲ་བརྒྱ་བྱིན་མདུན་བྲི་སྟེ།། རང་གི་སྟན་ལ་འཁོད་པར་རོ།། ཡང་ན་སྔགས་པས་མུ་ཏིག་དང་།། བ་ལི། ་ཞོ་འདྲ་དཀར་པོ་ནི།། རྔ་ཡབ་ཐོགས་པར་སྨིན་དྲུག་བྲི།། ཚངས་པ་ཁ་དོག་དམར་པོ་ཟ།། བརྒྱ་བྱིན་ཁ་དོག་གསེར་པོ་བྲི།། རྒྱན་ཀུན་གྱིས་ནི་རྣམ་སྨྲས་ཤིང་།། རྔ་ཡབ་ཐོགས་པར་ཁྱད་འཇུག་བྲི།། ་དེ་བཞིན་ཁྱུ་མཆོག་ལ་ཞོན་པར།། ལྷ་ཆེན་པོ་ནི་བྲི་བྱ་སྟེ།། ཀུན་འགྱེད་ལག་ན་འཁོར་ལོ་ཅན།། ངང་པ་ལ་ཞོན་བྲི་བར་བྱ།། བརྒྱ་བྱིན་གླང་ཆེན་ཞོན་པ་སྟེ།། སྨིན་དྲུག་རྨ་བྱ་ཞོན་པའོ།། ཕྱི་རོལ་དང་ནི ་གྲཝ་རྣམས་སུ།། འབྱུང་མོ་བརྒྱད་ནི་བྲི་བར་བྱ།། པདྨ་ཅན་དང་པད་ཆེན་དང་།། རྣམ་འབྱུང་མ་དང་ལྷ་འཇོམས་མ།། འཕྲོག་མ་མཆོག་དང་རིན་པོ་ཆེ།། རྒྱན་མ་འགྲོ་བ་སྐྱོང་མ་རྣམས།། དཔལ་གྱི་སྒྲ ་ཡིས་རབ་གྲགས་པའི།། འབྱུང་མོ་ཆེན་མོ་བརྒྱད་པོ་སྟེ།། པདྨ་ཅན་དང་པད་ཅན་མ།། པདྨ་དཀར་པོ་ལྟ་བུར་བྲི།། རྣམ་འབྱུང་མ་དང་ལྷ་འཇོམས་མ།། ཁ་དོག་དམར་པོར་བྲི་བར་བྱ།། འབྱུང ་བཞི་རྣམས་མཚུངས་པར་ནི།། གསེར་གྱི་མདོག་ཏུ་བྲི་བར་བྱ།། རྫུ་འཕྲུལ་ཆེ་ལྡན་འབྱུང་མོ་བརྒྱད།། ཇི་ལྟར་བསྟན་བཞིན་དེ་ལགས་བྲི།། དེ་ནས་འདིར་དཀྱིལ་འཁོར་གྱི་ཆོ་ག་བཤད་པ། རྡོ་རྗེ་སློབ ་དཔོན་བདག་ཉིད་མེ་ཏོག་སྔོན་པོའི་འཕྲེང་བས་བརྒྱན་ཅིང་གཙུག་ཏོར་སྔོན་པོ་བཅིངས་ནས་རས་སྔོན་པོ་ཐུང་གཅིག་བགོས་ཏེ། སྔོན་བཞིན་དུ་ཟླ་ཟའི་སྙིང་པོ་འདི་བརྗོད་པར་བྱསྟེ། སེམ། ་ཅན་ཀུན་ལ་ཕན་དོན་དུ།། མྱུར་དུ་དངོས་གྲུབ་སྦྱིན་མཛད་པ།། གྲུབ་པའི་རྡོ་རྗེ་ཁྲོ་བོ་སྟེ།། ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག། ཨོཾ་ཧཱུཾ་བཛྲ་ཕརྫས། འདི་བརྗོད་པ་ཙམ་གྱི་ལྷ་ཐམས་ཅད་གྲུབ་པར་བྱེད་དོ།། ་དེ་ནས་འདིར་རྡོ་རྗེ་གསོར་བ་བཤད་པ།། འདི་ལྟར་ཡི་གེ་ཧཱུཾ་ཟློས་ཤིང་ཕྱག་ན་རྡོ་རྗེས་གསུངས་པ་ལྟར། ལྷ་ཐམས་ཅད་གཞོམ་ཞིང་ལྷའི་བུ་མོ་ཐམས་ཅད་དང་། གནོད་སྦྱིན་མོ་དང་། ཀླུ་མོ་དང་། འབྱུང་། ་མོ་རྫུ་འཕྲུལ་ཆེན་མོ་ཅན་རྣམས་སྐད་ཅིག་དེ་ཉིད་ལ་གཞོམ་པར་བྱ་སྟེ་ག། རྡོ་རྗེ་གསོར་བའི་སྦྱོར་བ་དང་ལྡན་པས་ཨོཾ་བཛྲ་དཱིཔྟ་མ་ཧཱ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བརྒྱ་རྩ་བརྒྱད་བཟླས་ཏེ། ་སྐད་ཅིག་དེ་ཉིད་ལ་ལྷ་ཐམས་ཅད་གསོད་ཅིང་འཁྲུག་པར་བྱེད་དོ།། ཧཱུཾ་ཧཱུཾ་ཕཊ་ཕཊ། སྦྱོར་བ་འདིས་ཀྱང་ངེས་པར་སངས་རྒྱས་རྣམས་ཀྱང་ཞིག་པར་བྱེད་དོ།། དེ་ནས་སློབ་མ་གཞུག་པར་བྱ་སྟེ། ་བོའི་ཕྱག་རྒྱ་གོ་ཆ་བྱས་པ་སྔགས་འདིས་དབབ་པར་བྱའོ།། ཨོཾ་བི་ཤྱ་ཀྲོ་དྷཱ་ཧཱུཾ་ཧཱུཾ་ཨ་ཛྭ་ལཾ། མ་ལ་ཨ་ཀུ་ལ། བྷཱི་ཥ་ཎ་བཛྲ་ཨ། འདི་བརྗོད་པ་ཙམ་གྱིས་ཕྱི་རོལ་གྱི་དབབ་པ་དང་། དགུག་པ་དང་། ་ལྷུང་བར་བྱ་བ་རྣམས་ནུས་པར་འགྱུར་རོ།། དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་བྷཱུ་ཤྲཱི་སིང་ཧ་དྷ་ཛ་དྷི་རི་ཛཱཿ། ཁྲོ་བོའི་མདུ། ་དམ་མཛྙཱཛྫ། མཧཱ་པ་བ་ཏིན་ནུ་བནཿདྷ། རྒྱགའོ།། ཨ་ནྡྲཿནྣཏི། ཨ.ུ་ཥྚས་དྷརྨཱ་ཥཱདཱ། བྷྱནའོ།། དྷཱུཊྚས་རཱ་ཧཱ་། !དྷཱ!། གསན ་ཨོཾ་ཤྲཱི་བ་ར་ཧ་རི་ཎི་པུཥྤ་ཧ་རེ་ཧཱུཾ། མེ་ཏོག་དབང་ལྡན་གྱི་གྲཝ་རུའོ།། ཨོཾ་ཤྲཱི་རཏྣེ་ཤྭ་རི་དྷཱུ་པ་ཧ་སྟེ་ཧཱུ~ཾ། སྤོས་མའི་གྲཝ་རུའོ།། ཨོཾ་ཤྲཱི་བྷཱུ་ཥི་ཎི་གུན་དྷ་ཧསྟྲི་ཧཱུཾ། བྲི་བདེན་ཐལ་དུའོ།། ཨོཾ་ཤྲཱི་ཛགས། ་པཱ་ལི་ནི་ཨཱ་དཱི་པ་ཏེ་ཧཱུཾ། མར་མ་རླུང་དུའོ།། དེ་ནས་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པར་བཤད་པ། ཁུ་ཚུར་ཕན་ཚུན་བཅིངས་ཏེ་མཛུབ་མོ་གཉིས་བརྐྱང་བ་ནི་སེང་གེའི་རྒྱལ ་མཚན་མའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་རྐྱང་བ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་རྐྱད་པའི་ཕྱོགས་སུ་གཞག་པ་ནི། ་གཞུ་དང་མདའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱང་བ་ནས་བསྐྱིལ་བ་ནི་ལྕགས་ཀྱུའི་ཕྱག་རྒྱའོ།། ཐལ་མོ་མཉམ་པར་བྱས་ཏེ་མཛུབ་མོ་གཉིས་བཀུག་པ་ནི་མཾ ་ཏོག་གི་ཕྱག་རྒྱའོ།། སོར་མོ་རྣམས་ཕན་ཚུན་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་བ་ནི་སྤོས་ཀྱི་ཕྱག་རྒྱའོ།། ལག་པ་སོ་སོར་བརྐྱང་སྟེ་དཔུང་པའི་རྩ་བ་གཉིས་སུ་གཞག་པ་ནི་དྲིའི་ཕྱག་རྒྱའོ།། ་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་གུང་མོའི་སོར་མོ་རབ་ཏུ་བརྐྱང་བ་ནི་མར་མེའི་ཕྱག་རྒྱའོ།། འབྱུང་མོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས ་པའི་ལེའུའོ།། ། དེ་ནས་འབྱུང་པོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཨོཾ་ནཱཛཿ། གཞན་གྱིས་མི་ཐུབ་པའིའོ།། ཨོཾ། ་ཧཱུཾ་ཛཿ། རྒྱལ་བའིའོ།། ཨོཾ་ཧྲཱི་ཛཿ། རྫོགས་བྱེད་ཀྱིའོ།། ཨོཾ་སྲུ་ཛཿ། དུར་ཁྲོད་ཀྱི་བདག་པོའིའོ།། ཨོཾ་རུ་ཛཿ། རིག་སྔགས་ཀྱི་དབང་ཕྱུག་གིའོ།། ཨོཾ་ཧྲཱིཿཧཱུཾ་ཛཿ། འབྱུང་པོ ་དབང་ཕྱུག་གིའོ།། ཨོཾ་ཨཾ་ཛཿ། མངག་གཞུག་མཆོག་གིའོ།། འབྱུང་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་སྔོན་དུ་འབུམ་བཟླས་ཏེ་སྔོན ་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཇི་ལྟར་གསུངས་པའི་འབྲས་ཆན་དཀར་པོ་དང་། སྦྲང་རྩི་དང་། ཞོ་དང་། བུ་རམ་དང་། འོ་མ་དང་། ཤ་རྣམ ་ཀྱིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས་མཚན་ཐོག་ཟག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་།། གལ་ཏེ་ངེས་པར་མ་འོངས་ན་སྐད་ཅིག་དེ་ལ་འཆིའོ།། འོངས་ན་བསྒོ་བ་དོན་མེད་པར་མི་བྱེད་དོ།། ་སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྐོན་དེ་མན་ཆད་མངག་གཟུག་གི་ལས་བྱེད་ལ། རིག་པ་འཛིན་པའི་རྒྱལ་སྲིད་སྟེར་བར་བྱེད་ཅིང་དགྲ་ཐམས་ཅད་ཚར་གཅོད་པར་བྱེད་དོ།། ཐ་བའི ་མཐངས་ནས་སྟེར་ཞིང་རྒྱབརྒྱ་ནན་ལྷའི་འཇིག་རྟེན་དུའང་འཁྱེར་བར་བྱེད་དོ།། བརྒྱ་བྱིན་ཉིད་ཀྱང་སྟེར་བར་བྱེད་ཅིང་བསྐལ་པ་བདུན་འཆའོ།། དེ་ནས་རྒྱལ་བའི་སྒྲུབ་པའི་ཐབས་བཤད་པ ་མཚན་མ་སྦྱིན་བྱེད་མའི་མདུན་དུ་སོང་སྟེ། ཉི་མ་རེ་རེ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། གཏོར་མ་སྦྱིན་ཞིང་གུ་གུལ་གྱི་འདུག་པ་བྱིན་ནས་བཟླས་ན། བཛྲས། ་པའི་མཐའ་ལ་ངེས་པར་འོང་སྟེ། ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་སྨྲ་བར་བྱེད་དོ།། སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ནས་རྒྱབ་ཏུ་ཞོན་ན་གླིང་བཞི་པ་རྣམས་སུའང་འཁྱེར་བར་བྱེད ་ཅིང་དུ་གཞན་ཡང་རྒྱལ་སྲིད་སྟེར་ལ་ལོ་ལྔ་སྟོང་འཚོའོ།། དེ་ནས་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཕོ་བྲང་དུ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས ་ནས་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། འབྲས་ཆན་དཀར་པོ་དང་ཞོས་ཇི་ལྟར་གསུངས་པ་ལྟར་བྱིན་ནས། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རང་ཉིད་འོང་ངོ་།། ་འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ་རྒྱལ་སྲིད་སྟེར་བར་བྱེད་དོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་ལོ་སྟོང་འཚོའོ།། ཇི་སྲིད་འཚོ་བ་དེ ་སྲིད་དུ་མངག་གཞུག་གི་ལས་བྱེད་དོ།། ཆེ་གེ་མོ་འཚོ་བར་གྱིས་ཤིག། ཆེ་གེ་མོ་སོད་ཅིག་ཅེས་སྨྲས་ན་དེ་དག་ཐམས་ཅད་བྱེད་དོ།། ཀུན་ཏུ་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ། ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཁྲི་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཟླ་བ་ཉལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། ཇི་སྲོད་ནམ་ཕྱེད་ཀྱི་བར་དུ་བཟླས་ན། ་ནམ་བྱེད་ན་རིངས་པར་འོངས་ནས་མདུན་དུ་སྡོད་དོ།། ཀྱེ་སྡུག་པ་ངས་ཅི་བྱ་ཞེས་སྔ་བར་བྱེད་དོ།། སྒྲུབ་པ་པོས་མངག་གཟུག་གྱིས་ཤིག་ཅེས་བསྐོན་དེ་ཕན་ཆད་མངག ་གཞུག་གི་ལས་ཐམས་ཅད་བྱེད་དོ།། གནོད་སྦྱིན་གྱི་བུ་མོ་བཟང་མོ་བླངས་ནས་སྟེར་ཞིང་གཏེར་ཐམས་ཅད་སྟེར་ལ་ལྷས་འདོད་པའི་བཟའ་བ་སྟེར་རོ།། ཉིན་གཅིག་བཞིན་དུ་རས་དམར་པོ་ཟུང ་རེ་སྟེར་ཞིང་དོང་ཚེ་ལྔ་སྟེར་ལ་ལོ་ལྔ་བརྒྱ་འཚོའོ།། དེ་ནས་དུར་ཁྲོད་ཀྱིས་བདག་པོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། མཚན་མོ་དུར་ཁྲོད་དུ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག ་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་འབྱུང་པོ་ལ་ཤ་དང་། ཉ་དང་། ཏིལ་དང་། འཛམ་པཱུ་ཏི་དང་མངར་གསུམ་ཟན་གྱིས་གྲིལ་བའི་རིལ་བུ་དང་ཀ་རྟག་ཁམ་ཚད་དུ་གཏུབས་པ་བསྲེགས། ་ནས་མ་རལ་བརྔོས་ལ་འཛམ་བུ་ཏི་ཀ་དང་། འབྲས་ཆེན་དང་། ཞོ་དང་། བུ་རམ་དང་། འོ་ཟུག་དང་། སྲན་ཚོད་དང་། སྣུམ་འཁུར་རྣམས་ཀྱིས་ཇི་ལྟར་གསུངས་པ་བྱིན་ནས ་གུ་གུལ་གྱི་བདུག་པའང་བྱིན་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་བྱེད་དོ།། འཇིགས་པར་མ་བྱས་ན་རང་གི་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར ་འོང་ངོ་།། འོངས་པ་ལ་གཏོར་མ་བྱིན་ན་དགའ་བར་འགྱུར་ཏེ་འབྱུང་པོའི་མངག་གཞུག་བྱེད་དོ།། ཉི་མ་རི་རེ་དོང་ཚེ་བརྒྱད་བརྒྱད་སྟེར་ཞིང་དགྲ་ཐམས་ཅད་འཇོམས་ཏེ་ལོ་ལྔ་སྟོང་འཚེར། ་དེ་ནས་རིགས་ཀྱི་དབང་ཕྱུག་གི་སྒྲུབ་པའི་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ་སྤོས་དམར་པོ་དང་། མེ་ཏོག་དམར་པོ་དང་། གུ་གུལ་གྱི་འདུག་པ་སྦྱིན་ཞིང་ཁྲི་བཟླས་ན་སྔོན་དུ་བསྙེན། ་པ་བྱས་པར་འགྱུར་རོ།། མཚོན་མོ་ནག་པོའི་ཚེས་བཅུ་བཞི་ལ་ཉ་དང་། ཤ་དང་། ཏིལ་དང་། འཛམ་བུ་ཏི་དང་། འབྲས་ཆན་དམར་པོས་ཇི་ལྟ་བར་སྒྲུབ་ཅིང་། དུ་རུ་ཀ་དང་མེ་ཏོག ་སྦྱིན་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་སྣང་བ་ཆེན་པོ་དང་། འཇིགས་པར་བྱེད་པའི་གཟུགས་ཀྱིས་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན་སྡུག་པ་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། ་སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན། ཉི་མ་རེ་དུས་གསུམ་དུ་དོང་ཚེ་ལྔ་ལྔ་སྟེར་བར་བྱེད་དོ།། ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་བར་བྱེད་ཅིང་ལོ་ལྔ་སྟོང་འཚོའོ།། དེ་ནས ་འབྱུང་པོ་དབང་ཕྱུག་གི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལིང་ག་གཅིག་པར་སོང་སྟེ། གཅིག་པུ་ནུབ་གསུམ་དུ་འབྲས་ཆན་དམར་པོ་དང་། ཉ་དང་། ཤས་གཏོར་མ་སྦྱིན་ཞི་བར་སྐྱེས་ཀྱི ་ཤ་དང་། གུ་གུལ་དང་། སྦྲང་རྩི་དང་ལྡན་པའི་བདུག་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་དང་པོ་ལ་རྨི་ལམ་དུ་མཐོང་བར་བྱེད་དོ།། ཉི་མ་གཉིས་པ་ལ་རང་ཉིད་མཐོང་བར་བྱེད་དོ།། ་ཉི་མ་གསུམ་པ་ལ་རིངས་པར་འོང་ཞིང་མདུན་དུ་འདུག་ནས་འདི་སྐད་སྨྲ་བར་བྱེད་དོ།། བཀའ་ཅི་སྩོལ། དེ་ནས་སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བརྗོད་པར་བྱའོ།། རྟག་ཏུ་ཕྱི་བཞིན ་འབྲང་བར་འགྱུར་ཞིང་། རང་ཉིད་སོང་ནས་མི་ཟད་པའི་གཏེར་སྟེར་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་སྦ་བར་བྱེད་དོ།། གོས་དང་། རྒྱན་དང་། ་བཟའ་བ་བཟང་པོ་རྣམས་སྟེར་བར་བྱེད་ཅིང་ལོ་ཉིས་སྟོང་འཚོ་བར་བྱེད་དོ།། དེ་ནས་ཕོ་ཉ་མཆོག་གི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཁང་པར་སོང་སྟེ་ནག་པོའི་ཚེས་བཅུ་བཞི་ལ། ་ཁྲི་བཟླས་ནས་ཉི་མ་བདུན་པ་ལ་སྒྲུབ་པ་བརྩམ་པར་བྱ་སྟེ། ཙན་དན་གྱི་དཀྱིལ་འཁོར་སྒྲུབ་པར་བྱས་ནས་གུ་གུལ་གྱི་བདུག་པ་སྦྱིན་ཞིང་མེ་ཏོག་དཀར་པོ་དང་། འབྲས་ཆན་དཀར་པོ་དང ་མར་དང་འོ་ཐུག་སྦྱིན་ཞིང་ཀུ་ཤའི་ཁྲི་ལ་འདུག་སྟེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་མོ་ཇི་སྲིད་ན་མ་ཕྱེད་ཀྱི་བར་དུ་བཟླས་ན་མངག་གཞུག་མཆོག་རང་ཉིད་འོང་སྟེ། འོངས་པ་ལ ་ཙ་ན་དན་གྱི་མཆོད་ཡོན་བྱིན་ན། ཀྱེ་སྒྲུབ་པ་པོས་བདག་གིས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། དེ་ནས་སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན། དེ་ཕན་ཆད་མངག་གཞུག་པར ་འགྱུར་ཞིང་ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་རོ།། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་གཏེར་རྙེད་པར་བྱེད་ལ་རྒྱབ་ཏུ་ཞོན་ནུས་མཐོ་རིས་སུའང་འཁྱེར་བར་བྱེད་ཅིང་། གཞན་ཡང ་རྒྱལ་སྲིད་སྟེར་བར་བྱེད་དོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མངག་གཞུག་སྒྲུབ་པའི་ཆོ་ག་རྒྱས་པའི་ལའུའོ།། ། དེ་ནས་འདིར་ཡང་དག་པར། ་བཤད་པ་ནི། དངོས་གྲུབ་སྣ་ཚོགས་སྒྲུབ་པར་བྱེད་པ་སློབ་དཔོན་རྣམས་ལ་ཕན་པའི་དོན་དུ་ཇི་ལྟར་གསུངས་པ་མངག་གཞུག་པའི་ཐབས་ཏེ། བསྟེན་པར་བྱ་བ་མ་ཡིན་པའི་ལེ་ལོ་ཅན་དང ་སྡིག་པ་བྱེད་པ་དང་། རྫུན་དུ་སྨྲ་བ་དང་། ཚུལ་འཆོས་ཅན་དང་། དབུལ་པོ་དང་། ནད་ཀྱིས་གདུངས་པ་དང་། ཚེ་ཐུང་བ་དང་། སེམས་མི་བརྟེན་པའི་མི་རྣམས་ཀྱང་སྤང་བར་མི་བྱ་སྟེ། ་གལ་ཏེ་ལོངས་སྤྱོད་དང་། ནོར་དང་། གྲགས་པ་འདོད་ནའང་སྐད་ཅིག་གིས་ཕུན་སུམ་ཚོགས་པར་སྟེར་རོ།། སྔགས་འདིས་དངུལ་ཆུ་དང་། བཅུད་ཀྱིས་ལེན་པའི་དངོས་གྲུབ་དང་། ལྷའི ་རྒྱལ་སྲིད་ཀྱི་དངོས་གྲུབ་ཀྱང་གྲུབ་པར་བྱེད་ན། མི་རྣམས་ཀྱི་རྒྱལ་སྲིད་གྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་དུ་འདི་ལྷའི་བུ་མོ་ཐམས་ཅད་སྐད་ཅིག་ཙམ་གྱིས་གྲུབ་པར་བྱེད་དོ། ་གསང་སྔགས་འདི་ནི་བཀླགས་པས་གྲུབ་པར་བྱེད་ཅིང་ཤིན་ཏུ་བརྩོན་འགྲུས་དམན་པ་རྣམས་ལའང་ཇི་ལྟར་བདེ་བ་ལྟར་མྱུར་དུ་གྲུབ་པར་བྱེད་ཅིང་། སེམས་ཅད་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན ་པ། ཡི་གེ་བཞི་པོ་ཆེར་གསང་བ། དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ། བཀླགས་པ་ཙམ་གྱིས་མངོན་པར་གྲུབ་པར་བྱེད་པ་སྟེ། འདི་ལ་ཐེ་ཚོམ་མི་བྱའོ།། འབྱུང་པོ་འདུལ་བའི ་རྒྱུད་ཆེན་པོ་ལས། དངོས་གྲུབ་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། འབྱུང་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན ་ཉིད་བཤད་པ། སོར་མོ་རྣམས་ཕན་ཚུན་འཁྱུད་དེ། གུང་མོ་བརྐྱང་ནས་ཁ་བ་ལྟར་གཟུང་བ་ནི་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད། ་ལས་གུང་མོ་བཀུག་ཅིང་མཛུབ་མོ་བརྐྱང་ནས་བཀུག་པ་ནི་རྒྱལ་བའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡོན་པ་བསྐྱིལ་ཞིང་མཐེའུ་ཆུང་བརྐྱང་སྟེ་སོ་སོར་གཟུང་བ་ནི་རྫོགས་བྱེད་ཀྱི་ཕྱག་རྒྱའོ།། ་སོར་མོ་ཕན་ཚུན་འཁྱུད་དེ་གཟུང་བ་ནི་ཀུན་ཏུ་རྫོགས་པར་བྱེད་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་དང་མཐེ་བོང་ནང་དུ་བཀུག་སྟེ་གཟུང་བ་ནི་དུར་ཁྲོད་ཀྱི་བདག་པོའི་ཕྱག་རྒྱའོ།། ་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་གཟུང་བ་ནི་རིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱའོ།། ཐལ་མོ་ཁ་སྦྱར་ཏེ་མཛུབ་མོ་གཉིས་བཀུག་པ་ནི་ཕོ་ཉ་མཆོག་གི་ཕྱག་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ ་པོ་ཆེན་པོ་ལསའབྱུང་པོའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་རྫོགས་སོ།། ། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱིས་འདི ་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་ལ་ཕན་པའི་དོན་དུ་བསྙེན་བཀུར་མའི་སྒྲུབ་པའི་ཐབས་དཔལ་ཆེན་པོ་ཞེས་བྱ་བའི་འབྱུང་མོ་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་པར་བྱ་སྟེ། འབྱུང་མོ་རྣམས ་ཀྱིས་ནི་ཡིད་ལ་དགའ་བ་སྐྱེད་ཅིང་ཕན་ཚུན་ཚིམ་པར་བྱེད་པའོ།། དེ་ནས་འབྱུང་པོ་འདུལ་བའི་རྒྱད་ཆེན་པོ་ལས། འབྱུང་མོ་དཔལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བ་ཤན་པ། ་དཔལ་རྩ་བ་བདག་པོ་བཅོམ་ལྡན་འདས་ཀྱི་མདུན་དུ་འབུམ་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཟླབ་ཉལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། གུ་གུལ་གྱི་བདུག་པ་སྤྱོམ་ནི ་མཚན་ཐོག་ཐག་བཟླས་སོ།། དེ་ནས་ཐོ་རངས་ངེས་པར་འོང་ངོ་།། འོངས་པ་ལ་ཙན་དན་གྱི་མཆོད་ཡོན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན། ཀྱེ་སྒྲུབ་པ་པོ་ཙ་བཀའ་སྩོལ་ཞེས་སྦའོ།། སྒྲུབ ་པ་པོས་བདག་ཉིད་ཀྱི་ཆུང་མ་གྱིས་ཤིག་ཅེས་བརྗོད་ན་ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་། དངོས་གྲུབ་ཀྱི་རྫས་དང་། གཏེར་དང་། རྒྱལ་སྲིད་རྣམས་སྟེར་བར་བྱེད་དོ།། ཞི་བའི་སྒྲུབ་པའི ་ཐབས་ཀྱི་ཆོ་ག་རྒྱས་པ་དང་པོའོ།། ། དེ་ནས་གཞན་ཡང་ནན་ཏུར་གྱིས་སྒྲུབ་པའི་ཐབས་བཤད་པ། གྲོ་གའི་འདབ་མ་ལ་འབྱུང་མོ་དཔལ་ཆེན་མོ་བྲིས་ཏེ། མཚན་མོ་གཅེར་བུར་གྱུར ་པས་དཔལ་རྡོ་རྗེ་འཆང་གི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་མྱུར་དུ་འོང་ངོ་།། འོངས་པ་ལ་ཆགས་པ་བྱས་ན་དགའ་བར་འགྱུར་རོ།། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱང་སྟེར་བར་བྱེད་དོ།། བརྒྱ ་བྱིན་ཡང་སྟེར་རོ།། རྒྱབ་ཏུ་ཞོན་ན་མཐོ་རིས་སུའང་འཁྱེར་ཞིང་ལོ་ཁྲི་འཚོའོ།། གལ་ཏེ་མ་གྲུབ་ན་མིག་དང་སྤྱི་བོ་འགས་ཤིང་བསྐམས་ལ། སྐད་ཅིག་དེ་ཉིད་ལ་འཆིའོ་ཞེས་ཁྲོ་བོ་ཉིད་ཀྱིས ་གསུངས་སོ།། གུར་ཀུམ་གྱིས་མིང་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུཾ་ཧཱུཾ་ཕཊ་ཕཊ་ལན་བདུན་བརྗོད་ན་བརྗོད་པར་གྱུར་པས་ངེས་པར་སྐད་ཅིག་གིས་འཆི་བར་བྱེད་དོ།། ་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའོ།། ། གུ་གུལ་གྱི་འཇུག་པ་སྦྱིན་ཞིང་གཏོར་མ་བཤམས་ཏེ་རས ་དཀར་པོས་བཀབ་ལ་སྔགས་འདི་ལན་ག་སུམ་བརྗོད་དོ།། དེ་བ་སཾ་བྷཱུ་ཏ་མ་ཧི་ཏ། པྲ་ཎི་པ་ཏ་ཡ། བི་བ་ཛ་ཡེད་པྲི་ཐག་མ་ཧཱ་བྷཱུ་ཏ། སྭ་སྠ་ན་མ། ཏ་ཏྲ་གཙྪ་ཏི་སྭ་ཤཱ་ནི་དེ་བ་ཨ་ལ་ཡེ་ཥྱ་ན་དཱི་ཏ་ཏེ། ་ཙཏུམ་ཐེ། ཨེ་ཀ་ལི་གཻ་ཝ། དེ་བ་ཨ་ཡ་ཏ་ནེ་ཝ། ཤཱི་གྷྲ་གཙྪ་ནྟུ། བྷཱུ་ཏཱ་ན་མ་མ་ས་མཱ་ཡ། པྲ་ཏཱི་པཱ་ལ་ནུ་ཡ། ཡ་ས་ཨི་བེན་གཙྪ་ཏི་ཏཀྵེཎྚ། མཱུརྷ་ནི། མལ་ཡེད། བྷུཏཱ་ནཱ་རར། ་ཝ་ན་ར་ཀ་པ་ཏེད། ཡ་ཐ་ཡ་ཐ། སྭ་སྠཱ་ནེ་གཙྪནྶ། ཡ་ཐ་སུ་ཥི་སྭཱ་ཧཱ། རྡོ་རྗེ་སློབ་དཔོན་གྱིས་ས་རྣམས་ཉེ་བར་བསྡུ་བར་བྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རིམ་པར། ་ཕྱེ་བ་གཉིས་པ་རྫོགས་ཏེ། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རྣམས་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བུདྷ་ཨཱ་ཀ་ར་བརྨ་དང་། ་ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། རྒྱ་གར་སྐད་དུ། ཨཱརྱཱ་ནཱི་ལཱམ་བར་དྷ་ར་བཛྲ་པཱ ་