CLOSE WINDOW

Ty071-030: de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

བཅོས་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་མཱ་ཏ་ནི་ཏཱི་རཱ་བི་ཤྭ་ཀརྨ་བྷ་བ་ཏིནྣ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ ་ལྡན་གྱི་གནས་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཀུ་རུ་ཀུལླེ་དང་། རི་ཁྲོད་མ་ལོ་མ་ཅན་ལ་སོགས་པ་དང་། ཚངས་པ ་དང་བརྒྱ་བྱིན་ལ་སོགས་པ་དཔག་ཏུ་མེད་པ་དག་གིས་ལྷ་རྫས་ཀྱི་མེ་ཏོག་པདྨ་དང་། ཀུ་མུ་ད་དང་། མན་ད་ར་བ་ལ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པ་དག་དང་། དུང་དང་། པི་ཝང ་དང་། རྔ་དང་། རྫ་རྔ་དང་། དགུ་པོ་རྒྱུད་མངས་ལ་སོགས་པ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ། ་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་ཏེ་མཆོད་པ་སྣ་ཚོགས་ཀྱི་མཆོད་པའི་སྤྲིན་གྱིས་མཆོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བཞག་མ་ཐག་ཏུ་ཡང་ས་ཆེན་པོ་གཡོས། བདུད་ཀྱི་དཀྱིལ་འཁོར་ཡང་འཕམ་པར་བྱས་ཏེ་འོད་ཀྱི་སྣང་བ་ཆེན་པོའང་བཀྱེའོ།། དེའང་འདི་ལྟ་སྟེ། དཀར་པོ ་དང་། དམར་པོ་དང་། སེར་པོ་དང་། ལྗང་ཁུ་དང་། མཐིང་ཁ་དང་། འདྲེས་པ་སྟེ། འོད་སྣ་ཚོགས་བཀྱེ་སྟེ། སྡུག་བསྔལ་དང་བཅས་པ་རྣམས་སྦྱངས་ཏེ། སངས་རྒྱས་ཐམས ་ཅད་ཀྱི་ཡུམ་སྒྲོལ་མ་ཀུ་རུ་ཀུལླེའི་གཙུག་ཏུ་ནུབ་པར་གྱུར་ཏོ།། གཙུག་ཏུ་རུ་བ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་པའང་བབ་པར་གྱུར་ཏོ།། དེ་ནས་ལྷ་མོ་དེ་དཔེར་ན་སྤྲིན་དང་བྲལ་བའི་ཉི་མའི ་དཀྱིལ་འཁོར་ལྟ་བུར་གྱུར་ཏོ།། དེའི་ཚེ་བསྟོད་པའི་ཚིགས་སུ་བཅད་པ་འདིས་བསྟོད་པ། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ།། རིན་ཆེན་མེ་ཏོག་མང་པོ ་ཆར་དུ་བག།། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ།། ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་གསུངས་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར ་གྱུར་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཟབ་པའི་ཕྱིར ་ཅིའི་ཕྱིར་བསྐྱེད། གང་གིས་ན་ཡུམ་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་བདེན་མོད་ཀྱི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མ་སྐྱེས་པ། མ་འགགས་པ། ་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད་པ། འཕེལ་བ་མེད་པ། རང་བཞིན་གྱིས་མྱ་ངན་ལས་འདས་པའོ།། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེའོ།། བྱང་ཆུབ་སེམས ་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ནི་མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད ་པ་འཕེལ་བ་མེད་པ། རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ཇི་ལྟར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དོན་དམ་པའོ།། ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ།། ཡང་དག་པའི་མཐའི་ཚིག་བླ་དགས་སོ།། སྙིང་རྗེ་ཆེན་པོའོ།། ཀུན་རྫོབ་ངོ་བོ་འཁོར་བའི་ཚིག་བླ་དགས་སོ།། དེ་ལས་འདས་པ་ནི་དུས་གསུམ། ་གྱི་སངས་རྒྱས་སྐྱེད་པའི་ཡུམ་མོ།། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའོ།། འཇམ་དཔལ་དེ་ལྟར་ན་ཡུམ་དུ་ཡིད་ལ་བྱའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་དེ་བས་ན ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ།། གཟུངས་སྔགས་འདི་བརྗོད་པར་བྱའོ།། ནན་ཏན་དུ་བསྒྲུབ་པར་བྱའོ།། འདིའི་ཡོན་ཏན་ཤེས་པར་བྱའོ།། འདི་མཆོད་པར་བྱའོ།། ་ལུང་ནོད་པར་བྱའོ།། ཐེ་ཚོམ་མེད་པར་བྱའོ།། ལས་ལ་ནན་ཏན་དུ་བྱའོ།། འདིའི་བསྔགས་པ་ཡིད་ལ་བྱའོ།། སོ་སོའི་སྒོ་ནས་བསྒྲུབ་པར་བྱའོ།། དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ ་དཔལ་གཞོན་ནུ་ལ་བསྟན་ཏོ།། དེས་ནི་གླེང་གཞིའི་ལེའུ་བསྟན་པ་སྟེ་ལེའུ་དང་པོའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན ་ལ་གསོལ་པ། བཅོམ་ལྡན་འདས་འདི་ཇི་ལྟར་བསྒོམ་པར་བྱ། འདི་ལ་ཇི་ལྟར་ནན་ཏན་དུ་བགྱི་ཞེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་འདི་ལྟར་ཡིད་ལ ་བྱའོ།། འཇམ་དཔལ་ཆོས་ཐམས་ཅད་ནི་མ་སྐྱེས་པའོ།། ཆོས་ཐམས་ཅད་ནི་མི་འགགས་པའོ།། ཆོས་ཐམས་ཅད་ནི་དྲི་མ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་ཤིང་རང ་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱའོ།། འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ།། ཨོཾ་སྭ་བྷཱ་བ་བི་ཤུདྡྷོ། སརྦ་དྷརྨཱ་སྭ་བྷཱ་བ་བི་ཤུདྡྷོ&ཧཾ། ཞེས་བརྗོད། ་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དག་ལ་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ།། ་སྐྱེས་པ་དང་། རྒས་པ་དང་། ན་བ་དང་། འཆི་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འདུས་མ་བྱས་པ་ལ་དགའ ་བ་དང་བཏང་སྙོམས་བསྒོམ་པར་བྱའོ།། འཇམ་དཔལ་དེ་ལྟ་བས་ན་རྒྱུ་ནི་ཚད་མེད་པ་བཞིའོ།། དེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ།། དེའི་ཕྱིར་དེ་ལ་ན་ན་ཏན་དུ་ཡིད་ལ་བྱའོ།། འཇམ་དཔལ་དེའི་ཕྱིར། ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བོ་དྷི་ཙིཏྟ་ཨུཏ་པཱ་ར་ཡ་ཨ་ཧཾ། ཞེས་བརྗོད་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མཆོད་པ་འདི་རྣམས་ཀྱིས་མཆོད་པར་བྱའོ།། གང་ཡང་ཕྱོགས ་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི།། ཕྱེ་མ་ཕུར་མ་བདུག་པའི་བྱེ་བྲག་རྣམས།། རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བྱའོ།། གང་ཡང་ཕྱོགས ་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དེ་བཞིན་གཤེགས་པའི་ཡུམ་མཆོག་སངས་རྒྱས་སྤྱན།། མེ་ཏོག་སིལ་མ་འཕྲེང་བའི་བྱེ་བྲག་རྣམས།། རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། གང ་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དེ་བཞིན་གཤེགས་པའི་ཡུམ་མཆོག་རིན་པོ་ཆེ།། རིན་ཆེན་མར་མེ་འཕྲེང་བའི་བྱེ་བྲག་རྣམས།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དེ་བཞིན་གཤེགས་པའི་ཡུམ་མཆོག་ན་བཟའ་དཀར།། དྲི་ཞིམ་ཆུ་གཙང་སྤོས་དང་ལྡན་པའི་ཆུ།། རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། རྒྱལ་བ་སྐྱེད་པའི་ཡུམ་མཆོག་འཕྲིན་ལས་ལྡན།། བཟའ་དང་བཅའ་བ་ལ་སོགས་ཞལ་ཟས་རྣམས།། རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར ་བགྱི།། སྡུག་བསྔལ་ཐམས་ཅད་ཞི་བར་མཛད་པ་ཡི།། གླུ་དང་རོལ་མོ་སིལ་སྙན་བཅས་པའི་སྒྲ།། གདུགས་དང་རྒྱལ་མཚན་པ་དན་འཕན་གདུགས་བཅས།། ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས ་གྱུར་ཅིག། དཔག་བསམ་གྱི་ནི་ཤིང་དག་དང་།། ལྗོན་པའི་ཤིང་དང་ཤིང་དག་གིས།། དྲི་ཞིམ་ལོ་འདབ་བཅས་པའི་ཤིང་།། ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག། སྤོས་ཀྱི་ངད་དང་ལྡན་པའི་ཆར། ་འབྲུ་དང་མེ་ཏོག་ལ་སོགས་པའི།། ཡིད་དུ་འོང་བའི་དྲི་ཞིམ་ཆར།། ངེས་པར་ཀུན་ཏུ་འབབ་པར་ཤོག། འབབ་ཆུ་ལྟེང་ཀ་ལུ་མ་དང་། མཚོ་དང་རྫིང་བུ་དག་དང་ནི།། རོ་བརྒྱ་དག་དང་ལྡན་པའི་མཚོ། ་ངང་པ་ལ་སོགས་བཅས་པ་ཡི།། རིན་ཆེན་ཁང་པ་ཡིད་འོང་བའི།། དྲ་བ་དྲ་བ་ཕྱེད་པ་དང་།། ཤར་ནུབ་འོད་བཅས་ཉི་ཟླ་དག་དང་ནི།། ཁང་པ་ཤིན་ཏུ་ཡིད་དུ་འོང་བ་རྣམས།། རྒྱལ་བ་སྐྱེད་པའི་ཡུམ་ལ ་མཆོད་པར་བྱའོ།། འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་བཱ་ཛ་མ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱཿ། ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ།། མཆོད་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་འཇམ ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ། འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ།། འཇམ་དཔལ་དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས ་བསྟོད་པ་འདི་འཇམ་དཔལ་ཁྱོད་ཀྱི་ཡིད་ལ་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་སྔགས་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ། ཏདྱ་ཐཱ། ཨོཾ་ན་མཿསཱུ་ཀ་སཾ་ན་མཿཏཱ་ར་ཡེ ་ཏཱ་ར་མི་ཏཱན་མསྟ་རེ་ཏུ་རེ། བཱི་རེ། ཀྵ་ནཻ་ར་དྱཱ་ཏི་ནི་བྷེ་ཀྵ་ཎེ། ཏྲཻ་ལོ་ཀྱ་ནཱ་ཐཱ་ན་བཀྟ་ཨ་བ་ཛ། བི་ཀ་སཏ་ཀེ་ཤ་རོད་བྷ་བེ་ན་མཿཤ་ཏ་ཤ་ར་ཙཱན་དྲ། སཾ་པཱ་རྞྞ་ཏ་པ་ཊ་ལཱ་ན་ཎེ། ཏཱ་རཱ་ས་ཧ་སྲ་ནི་ཀ་ར། ་པྲ་ཧ་ས་ཏ་ཀི་ར་ནོ་ཨ་ཛྭ་ལེ། ན་མཿཀ་ན་ཀ་ནཱི་ལ་ཨ་བ་ཛ། པཱ་ཎི་པདྨ་བི་བྷུ་ཥེ་ཏེ། དཱ་ན་བཱིརྱ་ཏ་པཿཤཱན་ཏི། ཏི་ཏི་ཀཱ་དྷུ་ན་གོ་ཙ་རེ། ན་མ་སྟ་ཐཱ་ག་ཏོཥྞཱི་ཥ་བི་ཛ་ཡཱ་ན་ན་ཏ་ཙཱ་རི་ཎཱི། ཨ་ཤེ་ཥ་པཱ་ར་མི་ཏཱ་པྲཱ་བྟ། ་ཛིན་པུ་ཏྲ་ནི་སེ་བཾ་ཏེ། ན་མ་སྟུཏྟཱ་ར་ཧཱུཾ་ཀཱ་ར། པཱུ་རི་ཏཱ་ཤཱ་དི་གན་ཏ་རེ། སཔྟ་ལོ་ཀ་ཀྲ་མཱ་ཀཱན་ཏི། ཨ་ཤེ་ཥྚ་ཀ་རཱ་ཎ་ཀཱ་མེ། ན་མཿཤ་ཐ་ཨ་ན་ལ་བྲཧྨ་། མ་རུང་བི་ཤྭེ་ཤྭ་ར་ཨ་རཙྪ་ཏེ། བྷཱུ་ཏ་བེ་ཏཱ་ལ་གན་དྷཿ། ་ག་ཎ་ཡཀྵ་པཱུ་ར་སྠི་ཏེ། ན་མསྶ་ཎི་ཏི་པཊ་ཀཱ་ར། པ་ར་ཡན་ཏྲ་བཱ་མ་ར་ད་ནི། པྲ་ཏུ་ལཱི་ཌྷ་པ་ད་ནྱ་སེ། ཤི་ཁི་ཛྭ་ལཱ་ཀུ་ལེ་ཀཱ་རྞེ། ན་མ་སྟུ་རེ་མ་ཧཱ་གྷོ་རེ། མཱ་ར་བྷི་ར་བི་ནཱ་ཤཱ་ནི། བྷྲྀ་ཀུ་ཊཱི་ཀྲོ་ཏ་བཱཀྵ་ཨ་བ་ཛ། ་སརྦ་ཤ་ཏྲཱ་ན་སཱུ་ད་ནི། ན་མཿཏྲི་རཏྣ་མུ་དྲཱ་ཀ། ཧྲི་དྷི་གུ་ལི་བི་བྷུ་ཥི་ཏེ། བྷུ་ཥི་ཏཱ་ཤེཥཱ་དི་ཀ་ཙཀྲ། ནི་ཀ་ར་སྭ་ཀ་རཱ་ཀུ་ལེ། ན་མཿཔྲ་མུ་དི་ཏཱ་ཊོ་བ་མུ་ཀུ་ཊཱ། ཀཱི་པྟ་མཱ་ལི་ནི། ཧ་སརྦྦ་ཧ་སཏྭཱཏྟཱ་རེ། མཱ་ར་ལོ་ཀ། ་བ་ཤངྐ་རི། ན་མཿས་མ་ཏ་བྷཱ་པཱ་ལ། པ་ཊ་ལཱ་ཀཪྵ་ཎ་ཀྵ་མེ། ཙ་ལང་བྷྲྀ་ཀུ་ཊི་ཧཱུཾ་ཀ་ར་སརྦཱ་པ་ད་བི་མོ་ཙ་ནི། ན་མཿཤི་ཁཎྜ་། ཁཎྜེ་དུ། མུ་ཀུ་ཊཱ་བྷ་ར་ཎོ་ཛྷ་ལེ། ཨ་མི་ཏཱ་བྷ་ཛ་ཊཱ་བྷཱ་ར། བྷཱ་སུ་རེ་ཀི་ར་ཎོ། ་བྷཱུ་བེ། ན་མ། ཀལྤནྟ་ཧཱུ་ཏཾ་བྷུ་ག། ཛྭ་ལཱ་མཱ་ལཱན་ཏ་ར་སྠི་ཏེ། ཨཱ་ལཱི་དྷ་མུ་དི་ཏཱ་བཾ་དྷ། རི་པུ་ཙཀྲ་བི་ནཱ་ཤཱ་ནི། ན་མཿཀ་ར་ཏ་ལཱ་གྷཱ་ཏ། ཙ་ར་ན་ཧ་ཏ་བྷཱུ་ལེ། བྷཱི་ཀུ་ནྡི་ཀྲི་ཏ་ཧཱུཾ་ཀ་ར། སབྷ་བཱ་ཏཱ་བྷེ་དི་ནི། ་ན་མཿཤི་བི་ཤུ་བྷེ་ཤཱན་ཏེ། ཤཱན་ཏ་ནིརྦཱ་ཎ། གོ་ཙ་རེ་སྭཱ་ཧཱ། ཨོཾ་པྲ་ཎ་བ་སཾ་ཡུ་ཀ་ཏེ། མ་ཧཱ་པཱ་ཏ་ཀ་ནཱ་ཤ་ནི། ན་མཿཀྲ་མུ་ཏི་ཏ་བན་དྷ། རི་པུ་གཱ་ཀྲྀ་ཏྲ་པྲ་བྷེ་དི་ནི། ད་ཤཱ་ཀྵ་ཀ་ར་བ་དནྟ་ས། བི་དྷཱ་ཧཱུཾཀ། ་ར་དཱི་པི་ཏེ་ན་མཿསཱུ་རེ་པཱ་དཱ་གྷཱ་ཏ། ཧཱུཾ་ཀཱ་རཱ་ཀཱ་ར་བཱི་ཛཱི་ཏཾ། མེ་རུ་མན་དཱ་ར་ཀཻ་ལཱ་ས། བྷུ་བ་ན་ཏྲ་ཡ་ཙཱ་ལི་ནི། ན་མཿསུ་ར་ས་རཱ་ཀཱ་ར། ཧ་རིཎྜ་ཀ་ཀ་ར་རསྠི་ཏེ། ཏཱ་རཱ་དཱི་རུ་ཏ་སྥུ་ཊ་ཀཱ་རཾ། ཨ་ཤཾ་ཥ ་ཥ་ནཱ་ག་ནི་མམ་སུ་རག་ཎ་དྷཱཀྵ། སུ་ར་ཀིནྣ་ང་སི་བི་ཏི། ཨཱ་བ་དྷཱ་མཱ་ངི་འབྲོག་ཀ་བི། བྱས་པཱ་ནཱ་གནི། ནས་ཅན་དུ་ཡནས་གྲཿ། ན་སན་དྷ་ཏི་དྷ་བུ་དེ། ཡང་ང། ་ཏུདྡྷ་། བིའ་མཛར་ནག་ནི། ན་མ་སྟྲཻ་ཏ་ཏྲ་བ་རྦཱས། ཤི་བ་ཤ་ཀཱ་མ་ཎི་ཏི། གྲཧ་བེ་ཏ་རྦ་ས་ཀྵོཿ། ནཱ་ཤ་ནི་པྲ་བ་ར་དྷ་རེ། མན་བུ་ལ་མིཛ་ཙྪཏ། ནམ་མ་ཆག་ཟག་ཏེ། བ་ཅི་ཏ་པྲ་མཛྫརྨཱ ་མེདེ་བྲཱ་བྷཀྟིཀྵི་ས་མན་བ་ཏཱི། ཤ་ཡ་མཱ་པྲེཏཱ་རུ་ཐཱ་བཱ་ཡཿ། སཱ་རེ་ཏ་སརྦཱ་བྷཱ་ཡ་པྲ་ད། སརྦ་པཱ་བ་པྲ་ཤ་མ་ནི། སརྦ་དུན་ཏི་ནཱ་ཤི་ནི། ཨ་བྷི་ཥི་ཀ་ཏོ་བྷཱ་བེ་ཏ་ཏཱ་རདྦྷ་སཔྟ་བྷ་རི་ཛི་ན་ཀྲོ་ཊི་བྷི། ཨ ་སྨིན་མ་ཧཱ་ཏཱ་མཱ་སཱ་དྱ། སོནྡྷན་ཏེ་བོད་དྷི་བེ་དཾ་པྲ་ཛེ་ཏ། བི་ཥན་ཏ་སྱ་མ་ཧཱ་གྷོ་རཾ། སྭཱ་བ་ར་མ་བ་ཐ་ཛ་ག་མཾ། སྥུ་དྲརྠཱ་ཏ་པྲ་ལ་ཡཾ་ཡཱ་ཏི། ཁཱ་ཧི་ཏ་བི་ཏཱ་མེ་བ་བཱ། གྲ་ཧ་ཛྭ་ར་བ་ཥཱ་རཏྣ་ནཾ། པ་ར་མ ་རཏྣེ་བི་ནཱ་ག་ན། ཨ་ནྱེཥྚོ་ཙེ་བ་སཏྭཱ་ནཱ། དྲི་སྟྲི་སཔྟ་བྷི་བ་རཏཱི་ནཾ། པུ་ཏྲ་ཀཱ་མོ་ལ་བྷཻ་ཏ་པུ་ཏྲཾ། དྷ་ན་ཀ་མོ་ལ་བྷྲྀ་ཏ་དྷེ་ནཾ། སརྦ་ཀཱ་མཱ་ན་པཱ་པ་ན་ཏོ།། ན་བིགྦྷི་པྲ་ཏི་ཧཙྪེ་ཏཻ། ཏེ་ར་གྷཾ་བ་ག་བ་ཏེ་ཡམྲ ་ཏྲ་ས་མྱཀ་སཾ་བུདྡྷ་བ་ཤ་ཏྲ་སརྦ་ཀ་རེ། ས་མ་ཡཱ་ཨུ་ལ་ཀ་ར་ཡེ། བུདྡྷཱ་ནི་ཙི། དྷརྨ། ས་གྷ་ནི་ཙཏཱ་ར་ཡ~ཾ་སྭཱ་ཧཱ། འཇམ་དཔལ་གཟུངས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད ་ཀྱིས་བྱིན་གྱིས་བརླབས་ཤིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེང་པའི་ཡུམ་སྒྲོལ་མ་ལ་མ་རུངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ། ཕན་ཡོན་ནི་བསམ་གྱིས་མི་ཁྱབ་བོ།། འཇམ ་དཔལ་དེའི་ཕྱིར་བརྗོད་པར་བྱའོ།། གཟུངས་འདི་བརྗོད་པའི་གང་ཟག་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་ལ་སོགས་པའི་གནས་སུ་ནམ་ཡང་སྐྱེ་བར་མི་འགྱུར་རོ།། ་ཡུལ་མཐའ་འཁོ་བ་དང་། ཀླ་ཀློ་དང་། དབང་པོ་མ་ཚང་བ་ལ་སོགས་པར་ནམ་ཡང་སྐྱེ་བར་མི་འགྱུར་རོ།། རིམས་དང་། འབྲུམ་བུ་དང་། ནད་འགྲོ་བ་ལ་སོགས་པའི་ནད་ཀྱིས་འཇིགས་པ ་ཐམས་ཅད་ལས་གྲོལ་ཞིང་ནད་ཀྱིས་འཇིགས་པ་མི་འབྱུང་ངོ་།། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་གྲོལ་བར་འགྱུར་རོ།། འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད ་ཀྱིས་བསྟོད་པ་འདི་འཛིན་པའི་གང་ཟག་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ།། འདི་འཛིན་པའི་གང་ཟག་དེ་ནི་མཚམས་མེད་པ་ལ་སོགས་པའི་སྡིག ་པ་མ་ལུས་པ་བྱང་བར་འགྱུར་རོ།། སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ།། དུས་མ་ཡིན་པའི་འཆི་བ་མི་འབྱུང་ཞིང་ན་མ་འཆི་བའི་ཚེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད། ་པའི་ཡུམ་སྒྲོལ་མ་མཐོང་བར་འགྱུར་རོ།། འདི་འཛིན་པའི་གང་ཟག་དེ་ནི་ཡིད་ལ་ཅི་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། གཟུགས་ཕུན་སུམ་ཚོགས་པ་དང་། ཁ་དོག་ཕུན ་སུམ་ཚོགས་པ་ལ་སོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ།། རྨི་ལམ་ངན་པ་དང་། སྡང་བ་དང་། མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ།། དུས་གསུམ་གྱི ་བདེན་པའང་མཐོང་བར་འགྱུར་རོ།། ཡུམ་སྒྲོལ་མའི་སྐུ་དངོས་སུ་མཐོང་བར་འགྱུར་རོ།། ནམཿསརྦ་ཏ་ཐཱ་ག་ཏ་སཾ་མྱག་ས་བུདྷཱ་ཏྲཻ་ཡ་ཏེ་ཏྲལ་ཏེ་ཏྲ་ར་ཏེ་ཏུ་ཏཱ་། ཞེས་བརྗོད། ་བར་བྱའོ།། བསྟོང་པའི་ལེའུ་སྟེ་གསུམ་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས། བཅོམ་ལྡན་འདས་ལ་གསོལ་པ། གཟུངས་སྔགས ་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ་མོའི་དོན་ལ་མོས་པས་ནན་ཏན་དུ་བྱའོ།། དེ། ་ནས་ཏཾ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམས་ཅད་དུ་རྡོ་རྗེར་གྱུར་ཏེ། འཇམ་དཔལ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་ཛྭ་ལ་བཛྲ་ཏ་ན་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ།། དེ་ནས་ཏེ་ལས་བྱུང ་བའི་ཡི་གེ་ཨ་དཀར་པོ་བསྒོམ་པར་བྱའོ།། དེའི་སྟེང་དུ་བཾ་སྟོན་པོ་བསྒོམ་པར་བྱའོ།། དེའི་སྟེང་དུ་ལ་སེར་པོ་བསྒོམ་པར་བྱའོ།། དེའི་སྟེང་དུ་ཡཾ་ལྗང་ཁུ་བསྒོམ་པར་བྱའོ།། དེའི་སྟེང་དུ་རཾ་དམར་པོ་བསྒོམ་པར ་བྱའོ།། དེ་རྣམས་ཀྱི་འོད་ཟེར་འཕྲོ་བ་དང་བསྡུ་བ་བྱས་ཏེ། ཨོཾ་དྷརྨདྷ་ཏུ་བི་ཤུདྡྷ་ཧཱུ~ཾ། ཨོཾ་ཨཱ་དྷཱ་ཏུ་བི་ཤུདྡྷ་ཧཱུཾ། ཨོཾ་ས་མནྟ་བི་ཤུདྡྷ་ཧཱུཾ། ཨོཾ་པཱཀྵ་བི་ཤུདྡྷ་ཧཱུ~ཾ། ཨོཾ་ཀཱ་ཏྲ་བུ་ཐཱ་ན་བི་ཤུདྡྷ་ནཱཾ། ཨོཾ་ན་མཿསརྦ ་ཐཱག་ཏ་མཎྜ་ལ་ས་མནྟ་བི་ཤུདྡྷ་ཧཱུཾ། འཇམ་དཔལ་དེ་ལྟར་སྔག་དེ་བརྗོད་པས་དཀྱིལ་འཁོར་ཁང་པོ་བསྒྲེང་པོར་བྱི་སྟེ། པདྨ་འང་བ་བཞིའི་དོག་སྔ་ཚོགས་པོལ་རྡོ་རྗེ་རབས་བསྐོར་བ་གྲུ་ཚང་བཞི་དང་ལྡན་པས། ་གྲུ་བཞིར་འདུག་ཅིང་སྒོ་བཞི་ཀ་བ་བརྒྱད་དང་ལྡན་པ་དྲ་བ་དྲ་བ་ཕྱེད་པ་དང་། རིན་པོ་ཆེའི་ཆུན་འཕྱང་དང་། ཏཱ་ར་ཎ་ལ་སོགས་པས་མཛེས་པའོ།། དེ་ལྟར་དཀྱིལ་འཁོར་ཁང་པ་དེ་འདྲ་བ་དེ་སྐྱེད་དེ། དབུས་ཀྱི། ་ཟེ་འབྲུ་ལ་ནི་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལྗང་ཁུ་ལས་བྱུང་བའི་ཨུཏྤལ་ཏཾ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། ་འཇའ་མཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མའི་སྐུ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱི་མཆོག་སྦྱིན། གཡོན ་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས་པའི་སྐུ། རིན་པོ་ཆེའི་དོ་ཤལ་དང་། རྣ་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་མ་ལང་ཚོ་ལ་བབ་པ། ཞལ ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ཤར་དུ་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལས་བསྐྱེད་པའི་ཨུཏྤ་ལ་མཐིང་ཁ་ས་བོན་དང་བཅས་པ་ལས ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས ་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་མཐིང་ཁ་ཕྱག་གཉིས་པ། གཡས་ཀྱིས་ཏྲི་ཤཱུ་ལ་འཛིན་པ། ཕྱག་གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ་མཛེས་པའི་སྐུ ་རིན་པོ་ཆེའདག་ལ་དང་། སྙན་རྩ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་དུ་ལ་ཚོལ་ཟབ་པ། ཞལ་འཇམ་པ་དང་བཅས་པ ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ལྷོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་སྐྱེས་པའི་ཨུཏྤ་ལ་སེར་པོ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ ་སྟེ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས ་བྱུང་བའི་སྒྲོལ་མ་སྐུ་མདོག་གསེར་བསྲེགས་པ་ལྟ་བུ་ཕྱག་གཉིས་པ། གཡས་ན་རལ་གྲི་འཛིན་པ། གཡོན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན ་ཆ་དང་། དཔུང་རྒྱན་དང་། རྒྱུན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་ལང་ཚོལ་བབ་པ། ཞལ་འཛུམ་པག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པ། ཟླ་བ་དང་པདྨའི་སྟེང་དུ་བཞུམ། ་པའོ།། ནུབ་ཏུ་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་བྱུང་བའི་ཨུཏྤལ་དམར་པོ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་དང་བཅས་པས་འཇིག་རྟེན ་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་དམར་མོ་ཕྱག་གཉིས་པ ་གཡས་ན་འཁོར་ལོ་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེ་དོཤལ་དང་། སྙན་ན་དང་། དཔུང་རྒྱན་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གནན། ་ནུ་ལང་ཚོལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པ། ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། བྱང་དུ་ཟ་བ་དང་པདྨའི་སྟེང་དུ་ཏཾ་ལས་བྱུང་བའི་ཨུཏྤ་ལ་ལྗང་ལུ ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྦྲུམ་དང་། འཇའ་ཚོན་དང་། སྨིག་ཏུ་དང་། ནུ་རྦ ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ལྗང་ཁུ་ཕྱག་གཉིས་པ། གཡས་ན་གདུགས་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། ་མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ། མཉམ ་བའི་སྐྱིལ་མོ་ཀྲུང་དང་བཅས་པ། གདན་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ཤར་ཕྱོགས་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་ན་ཏི་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས ་ཐམས་ཅད་དུ་འོང་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། ་དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ་ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ན་དང་། དཔུང་དྷཱན ་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོལ་བ་བ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། ར ་སྒོར་པདྨ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། ་སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་མོ་ཕྱག་གཉིས་ཞགས་པ་འཛིན། ་བ་ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་སྐྱེས་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོང་ཁ་དོག ་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་ཆུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས ་བྱུང་བའི་སྒྲོལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤུལ་དང་སྙན་ཆ་དང་། དཔུང་རྒྱན་དང་། དྷན་རྣམ་པ་སྣ་ཚོགས་པས། ་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། བྱང་གི་སྒོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་བྱུང ་བའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། ་སྨིག་རྒྱུ་དང་། མུཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗང་ཁུམ་ཕྱག་གཉིས་ན་དྲིལ་བུ་འཛིན་པ། ཁྲོས་པའི་སྐུ་རིན་པོ ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལང་ཚོལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། འཇམ་དཔལ་དེ་ལྟར་ལྷའི་འཁོར་ལོ་བསྒོམ་པར་བྱའོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ལ་སོགས་པ་རྣམས་ནི་ཇི་ལྟ་བུ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འགྲོ་བ་དྲུག་པོ་རྣམས་ཀྱི་ཉོན་མོངས་པ་དང་བཅས་པའི་ཁམས་སོ།། དེ་ལྟ་བས་ན་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་རིག་པར་བྱའོ།། ལྷའི་ལེའུ་སྟེ་བཞི་པའོ།། ། དེ་ནས་འཇམ་དཔལ་གྱིས་ཞུས་པ ་བཅོམ་ལྡན་འདས་ལྷ་དེས་ལྷ་ཇི་ལྟ་བུས་བྱིན་གྱིས་བརླབ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། འཇའ་ཚོན་ལྟ་བུ་དང་། སྨིག་རྒྱུ་ལྟ། ་བུ་དང་། ཆུ་ཟླ་ལྟ་བུ་དང་། གཟུགས་བརྙན་ལྟ་བུས་སོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ཞེས་བྱ་བ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ། ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་གཉིས་ཀ་འཁྲུལ་པའོ།། སྒྱུ་མ་ནི་གཞན་འཁྲུལ་པའོ།། འཇའ་ཚོན་ནི་སྟོང་པའོ།། སྨིག་རྒྱུ་ནི་ཡུལ་འཁྲུལ་ཅིང་སྟོང་པའོ།། ཆུ་ཟླ་ནི་རྒྱུ་འབྲས་སོ།། ་གཟུགས་བརྙན་ནི་དྲི་ཟའི་གྲོང་ཁྱེར་ཏེ། འཇམ་དཔལ་འཁྲུལ་པ་ནི་དེ་བཞིན་ཏེ་ཉོན་མོངས་པ་དང་བཅས་པའི་ཁམས་དང་དེ་བཞིན་ནོ།། འཇམ་དཔལ་དེ་ལྟ་བས་ན་ལྷས་ལྷ་ལ་བྱིན་གྱིས་བརླབས་པའང་འདྲའོ།། ་འཇམ་དཔལ་སྤྲུལ་པ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ནི་ཐོགས་པ་མེད་ཅིང་ཐོགས་པ་དང་བྲལ་བའོ།། ཐ་དད་པ་མེད་ཅིང་ཐ་དད་པ་དང་བྲལ་བའོ།། ་འཇམ་དཔལ་ངོའི་ཕྱིར་རང་བཞིན་ནི་དེ་དང་འདྲ་བར་ཡིད་ལ་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་མཛད་པ་ནི་ལག་པ་ཐལ་མོ་སྦྱར་ཏེ་གུང་མོ་གཉིས་བརྐྱང་སྟེ་རྩེ་སྦྱར་ནས ་འཛུབ་མོ་གཉིས་དང་སྲིན་ལག་གཉིས་གུང་མོ་ལ་རེག་སྟེ་ཟུར་བཅག་ནས། མཐེའུ་ཆུང་དང་མཐེབ་མོ་རྩེ་སྤྲད་ན་ས་ནང་སྦྱར་བ་ནི་རྡོ་རྗེའི་ཕྱག་གོ།། དེའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཾ་བཛྲ་སྟ་ན་སརྦ་ཏ་ཐཱ ་ག་ཏ་བཛྲ་ཏ་ན་ཧཱུཾ། ཞེས་བརྗོད་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བར་མཛད་པ་ནི་ལག་པ་ཐལ་མོ་སྦྱར་ཏེ་མཐེའུ་ཆུང་དང་སྲིན་ལག་ཕྱིར་བ་ཀན་ཏེ་གུང་མོ་རྩེ་སྤང་ནས་མཐེ་བོས ་མཛུབ་མོ་གཉིས་མནན་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ། མགོ་བོའི་སྟེང་དུ་གཞག་ནས་སྔགས་བརྗོད་པ་ནི། ཨོཾ་ཏ་ཐཱ་ག་ཏ་ཙིནྟ་མ་ཎི་ཛྭ་ལ་ནི་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཤུདྡྷ་པ་རི་ཤུདྡྷ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས ་འདིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་ལག་པ་གཉིས ་ཐལ་མོ་སྦྱར་ཏེ་སོར་མོ་རྣམས་ཕན་ཚུན་དུ་སོ་སོར་བསྣོལ། གུང་མོ་བསྒྲེང་སྟེ་མཐེ་བོང་དང་མཐེའུ་ཆུང་ཡང་གཞིབས་ཏེ་བསྒྲེང་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ ་ཡ་ཧཱུཾ། ཞེས་བརྗོད་པར་བྱའོ།། དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་སྨྲས་པ། ཟླ་བ་ཉི་མའི་སྐུ་འདྲ ་བའི།། ལྗང་ཁུའི་མདོག་ཅན་འགྱིང་བག་ཅན།། པདྨ་ཟླ་བའི་སྟེང་ན་བཞུགས།། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ།། སེམས་ཅན་ཀུན་གྱི་སྐྱབས་གྱུར་པའི།། ཨུཏྤལ་བསྣམས་ལ་ཕྱག ་འཚལ་བསྟོད།། ཅེས་ཡུམ་ལ་བསྟོད་ནས་སྨྲས་པ། བཅོམ་ལྡན་འདས་གསང་སྔགས་ནི་གང་གིས་འགྲུབ་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི། ་གཟུངས་སྔགས་ནི་འདིའོ།། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསྟཱ་དྷ་སརྦ་ཏ་ཐཱ་ག་ཏཱ་ནཱ། ན་མསྟཱ་རཱ་ཡཻ། ན་མསྟཱ་རེ་ཏུ་རེ་བཱི་རེ། ཀྵ་ཎ་དྷཱ་ཏི་ནི། བྷེ་ཀྵ་ཎེ། ཏྲཻ་ལོཀྱ་ན་ཐཱ་བ་ཀ་ཏྲཱ་བ་ཛ། བི་ཀ་སཏ་ཏེ་ཤ་རོད་བྷ་བེ། ན་མཿ ་ཤ་ཏ་ཤ་རཏ་ཙན། དྲ་སཾ་པུཪྴ་པ་ཊ་ལཱ་ན་ནེ། ཏ་ར་ས་ཧ་སྲ་ནི་ཀ་ར་པྲ་ཧ་ས་ཏ་ཀ་རི་ཎོ་ཛྷ་ལེ་ན་མ། ཀ་ན་ཀཱ་ནཱི་ལཱ་བ་ཛ་པཱ་ཎི་པདྨ་བི་བྷུ་ཥོ་ཏེ། དཱ་ན་བཱིདྱ་ཏ་བ། ཤ་ན་ཏི་ཏི་ཏིཀྵ། དྷཱ་ན་གོ་ར་རེ། ན་མཿསརྦ་ཏ་ཐཱ ་ག་ཏོཥྞཱི་ཥ། བི་ཛ་ཡཱ་ནནྟ་ཙཱ་རི་ཎི། ཨ་ཤེ་ཥ་པཱ་ར་མི་ཏཱ་པྲཱཔྟ། ཛི་ན་པུ་ཏྲ་ནི་ཏེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། གཟུངས་སྔགས་ནི་འདིའོ།། སྙིང་པོ་ནི་འདིའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ་ཞེས་བཟླས་པར་བྱའོ།། ཨོཾ་ཏུཏྟཱ་རེ་ཏུ་ཏཱ་རེ་སྭཱ་ཧཱ། པདྨའི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏཱི་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། རིན་པོ་ཆེའི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ལས་ཀྱི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏཱ ་ཏུཏྟཱ་རེ་ཏ་རེ་སྭཱ་ཧཱ། རྡོ་རྗེ་རིགས་ཀྱི་སྙིང་པོའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལས་སྣ་ཚོགས་པའི་སྙིང་པོའོ།། ཨོཾ་ཏུཏྟཱ་རེ་ཏཱ་རེ་ཧཱུཾ་ཀཱ་ར་པུ་རི་ཏ་ཤ་དེ་གཾ་ཙ་རི་ས་བྷ་ལོ་ཀ་ཀྲ་མ་ཀྲནྟི། ཨ་བྷི་ཥ་ཀ་ར་ཤ་ན་ཀྵ་མི་ཛི ་དབང་དུ་བསྡུ་བའི་སྔགས་སོ།། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཀཱ་རཱ་པུ་རེ་ཤ་ཏེ་གཉྩ་རི་སཔྟ་ལོ་ཀ་ཀྲ་མ་ཀྲྀ་ཏི་ཨ་ཤེ་ཥ་པུཥྚིཾ་ཀུ་རུ་ཀ་ར་ཤ་ན་ཀྵ་མི་ཧོ། རྒྱས་པའི་སྔགས་སོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་ཧཱུཾ་ཀ་ར་པུ་རི་ཏ་ཤ་ཏེ་གཾ་ཙ ་རི་སཔྟ། ལོ་ཀ་ཀྲ་མ་གརྟྟི། ཨུཥྞཱི་ཥ་ཨ་ཀཪྵ་ཡ་ཀ་རཱ་ཤཱ་ན་ཀཱ་མི་ཕཊ། དེ་ནི་ལས་ཀྱི་སྔགས་སོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཀཱ་ར་པུ་ཏ་ཤ་དེ་ག་ཙ་རི་སཔྟ་ལོ་ཀ་ཀྲ་མ་ཀྲིདྡྷ་ཨ་ཥེ་ཥ་ཤིནྡ་ཀུ་རུ་ཀ་ར་ཤ་ན་ཀྵ་མི་སྭཱ་ཧཱ ་ཞི་བའི་སྔགས་སོ།། ཨོཾ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཤ་ཀྲ་ནཱི་བྲཧྨ་རོད་དྷེ་ཤེ་ཙེ་ཤ་ར་ཏ་ཙེ་ཏི། བྷུ་ཏ་བེ་ཏཱ་ཌ་གཾ་དྷརྦ་ག་ཎ་ཡཀྵ་དུ་ཥེ་ཏྲི་དེ་བ་ཀ་རི་པ་ར་ན་ཡནྟྲ་པྲ་མཛ་ནི་པྲ་ཏེ་ལི་ཊ་བ་བྱ་ས་ནེ་ཁི་ཛ་ལ་ཛ་ལ། ཀུ་ལི་ཛི་ལི་རིམ ་ཧཱ་གྷོ་མཱ་རཱ་བཱི་ར་བི་ནཱ་ཤ་ནི། བྷྲི་ཀུ་ཊི་ཀྲི་ཏ་བཀྵ་བ་ཛ་སརྦ་ཤ་ཏྲཱ་ནི་སུ་ད་ནི་རཏྣ་མུ་ཛཱ་ཀ་ཧྲི་དྷྲྀ་གུ་ལི་བི་བྷུ་ཥི་ཏེ་བྷུ་ཥི་ཏཱ་ཤེ་ཥ་དི་ཀ་ཙཀྲ་ནི་ཀ་ར་སྭ་ཀུ་ལེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ལས་སྣ་ཚོགས་པའི་སྔགས་སོ།། ཨོཾ་ཨིནྡྲ་ཡ། ་ཡ་མཱ་ཡ་བ་རུ་ཎཱ་ཡ། ཡཀྵ་ཡ། ཨགྣ་ཡེ། བཱ་ཡཾ་བེ། ནཻ་རི་ཏ་ཡེ། རཱ་ཀཱ་སེ། ཨོཾ་ཨིནྡྲ་པཱ་ལཱ་ཡ། སཱུརྱ་ཙནྡྲ་ཡེ། ཨུ་ཏི་ཨ་ཡ་བྷུ་མི་ཡེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུང་བནྣ་ཏཱ་ཏ་ཨཽ ་ཨཱཿཧཱ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ལས་ཐམས་ཅད་གྲུབ་པའི་སྔགས་སོ།། སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། ། འཇམ་དཔལ་ལས་ནི་འདིའོ།། སྤོས་ཀྱི་ཁང་པ་ཡིད་དུ་འོང་བར་དྲི་ཞིམ ་པའི་ཆག་ཆག་བཏབ་སྟེ་མཎྜལ་དཀར་པོའི་ཆུས་བྱུགས་པ་ལ་མེ་ཏོག་སིལ་མ་གཏོར་ཏེ། བུམ་པ་རིན་པོ་ཆེ་ལས་བྱས་པའི་ནང་དུ་རིན་པོ་ཆེ་ལྔ་ནི་གསེར་དང་། མུ་ཏིག་དང་། མན་ཤེལ་དང་། བྱུ་རུ་དང་། ་མེན་གཞུག་པར་བྱའོ།། སྤོས་ལྔ་ནི་ཙན་དན་དང་། ཨ་ཀ་རུ་དང་། དུ་རུ་ཀ་དང་། ག་པུར་དང་། པུ་ཤེལ་ཅི་གཞུག་པར་བྱའོ།། ནས་དང་། གྲོ་དང་། སྲན་མ་དང་། འབྲས་དང་། ཏིལ་མར་གཞུག ་པར་བྱའོ།། བུ་རམ་དང་། སྦྲང་རྩི་དང་། མར་དང་། ལན་ཚྭ་དང་། ཏིལ་གཞུག་པར་བྱའོ།། གཙང་མའི་རས་ཁ་ཚར་མ་ཉམས་པས་དཀྲིས་ཏེ་དབུས་སུ་གཞག་གོ།། གང་བའི་བུམ། ་པ་བཞི་གཞག་པར་བྱའོ།། པོག་པོར་བཞི་དང་། མེ་ཏོག་ལ་སོགས་པ་བཞིའང་གཞག་པར་བྱའོ།། དེ་ལྟར་རྫོགས་པས་འདི་བསམ་གཏན་དུ་བྱའོ།། ཡི་གེ་ཏཾ་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཟླ་བ་རྒྱས་པ་ལ་བཞུགས་པ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ ་དང་དཔུང་རྒྱན་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ། སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ། ཞལ ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤ་ལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལ་འོད་ཟེར་འཕྲོ་ཞིང་པདྨ་དཀར་པོ་གེ་སར ་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་ཟེར་འཕྲོ་བ་ཅན་དུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར ་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ནི་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི ་མཚམས་མེད་པ་ལྔ་དང་། དེང་བཉེ་བ་དང་། སྡང་བ་དང་། རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ།། མི་ཁོམ་པ ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ཚེ་རབས་དྲན་པ་དང་། དབང་པོ་གསལ་བ་དང་། ཡིད་གཟུངས་པར་འགྱུར་རོ།། བཟོའི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ།། ་སྟོབས་དང་། མདངས་དང་། གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ།། འཇིག་རྟེན་སྐྱོང་བ་ཐམས་ཅད་སྲུང་བ་དང་། སྐྱོབ་པ་དང་། སྦེད་བ་དང་། ཕན་པ་བྱེད་དེ། གང་དུ་ཕྱིན་པ་ཐམས་ཅད་དུ ་བཀྲ་ཤིས་པར་འགྱུར་རོ།། ཞི་བའི་ལས་ཀྱི་ལེའུ་སྟེ་བདུན་པའོ།། ། འཇམ་དཔལ་རྒྱས་པའི་ལས་ནི་འདིའོ།། སྤོས་ཀྱི་ཁང་པ་དྲི་ཞིམ་པོ་དང་ལྡན་པའི་གནས་སུ་བ་སེར་སྐྱའི ་རྣམ་ལྔས་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་བྱའོ།། མེ་ཏོག་གི་ཆོམ་བུའང་དགྲམ་པར་བྱའོ།། རྒྱས་པ་ལས་བྱུང་བའི་ཐང་ཀའང་དགྲམ་པར་བྱའོ།། རིན་པོ་ཆེ་རྣམ་པ་ལྔ་དང་། འབྲུ་དང་། ་སྨན་ལ་སོགས་པ་དག་ལ་རིལ་བུ་ཉི་ཤུ་རྩ་གཅིག་བྱས་ཏེ། རིན་པོ་ཆེའི་གའུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ།། པོག་པོར་བཞིའང་གཞག་པར་བྱའོ།། མེ་ཏོག་ལ་སོགས་པའང་བཞག་པར ་བྱས་ནས་བསམ་གཏན་བསྒོམ་པར་བྱ་སྟེ། ཡི་གེ་ཏཾ་ལས་སྐྱེས་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་གཅིག་མ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་རྒྱས་པ་ལས ་བྱུང་ནིང་ཏི་ཟླའི་སྟེང་དུ་རྒྱས་པའི་སྐུ་སྩོ་ཀའི་ཐབ་ལྟར་གསལ་བའི་སྨིན་དང་བྲལ་བའི་ཉིམ་ལྟ་བུར་གནོན་ནུ་ལང་ཚོལ་བབ་པ་ལྟ་བུའི་སྐུ་མདོགས་རབ་ཤལ་དང་། དཔུང་རྒྱན་དང་། ་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྤང་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ། སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ། ཞལ་གཅིག་ཕྱག ་གཉིས་པ། ཞལ་འཛུམ་ཞིང་སྤྱན་འཁྲུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་འོད་འཕྲོ་ཞིང་པདྨའི་གེ་སར་དང་བཅས་པའི་དཀྱིལ ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་འཕྲོ་བ་ལྷའི་ཚོགས་དང་། ལྷ་མ་ཡིན་གྱི་ཚོགས་དང་། ནམ་མཁའ་ལྡིང་གི་ཚོགས་དང་། མི་འམ་ཅིའི་ཚོགས་དང་། དྲི་ཟའི་ཚོགས་དང་། ལྟོ་འཕྱེ་ཆེན་པོའི་ཚོགས ་དང་། སྲིན་པོའི་ཚོགས་ཀྱི་སྟོབས་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསྒོམས་ཏེ་བཟླས་པ་འདི་བྱའོ།། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། ་དེ་ནས་ལས་ཀྱི་སྔགས་དང་བཅས་པ་ས་ལ་ན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན ་ཡོན་ནི་ལྷའི་ཚོགས་དང་། ལྷ་མ་ཡིན་གྱི་ཚོགས་དང་། མི་འམ་ཅིའི་ཚོགས་དང་། ནམ་མཁའ་ལྡིང་གི་ཚོགས་དང་། མིའི་ཚོགས་དང་། དྲི་ཟའི་ཚོགས་དང་། ལྟོ་འཕྱེའོ་ཚོགས་དང་། སྲིན ་བོ་ལ་སོགས་པ་ཐམས་ཅད་ཀྱིས་དེའི་སྟོབས་ཐུབ་པར་མི་འགྱུར་ལ། སྲུང་བ་དང་སྐྱོབ་པའང་བྱེད་པར་འགྱུར་རོ།། དུས་མ་ཡིན་པའི་འཆི་བ་དང་། རྩོད་པ་དང་། རྨི་ལམ་ངན་པ་དང་། ལྷས་ངན ་བ་དང་། རིམས་དང་། འབྲུམ་བུ་དང་། གཡན་པ་ལ་སོགས་པས་མི་ཚུགས་སོ།། ནམ་འཆི་བའི་ཚེའང་སྟོབས་དང་ལྡན་པར་འགྱུར་རོ།། ངན་སོང་གསུམ་དུ་མི་འགྱུར་རོ།། འཇམ་དཔལ ་ལས་དེས་ཡོ་བྱད་དང་། ཚེ་དང་། བཀྲག་དང་། སྟོབས་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་མཐོང་བ་དང་སྟོབས་དང་ལྡན་པར་འགྱུར་རོ།། རྒྱས་པའི་ལེའུ་སྟེ་བརྒྱད་པའོ།། ་འཇམ་དཔལ་དབང་དུ་བསྡུ་བའི་ལས་ནི་འདིའོ།། དུར་ཁྲོད་དམ། ཤིང་གཅིག་གམ། ཆུ་ཆེན་པོའི་འགྲམ་དུའམ། གཙུག་ལག་ཁང་དུ་བྱའོ།། ཁང་པ་དེར་བའི ་རྣམ་ལྔས་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུག་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ།། ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་པོག་བོར་དང་མེ་ཏོག་ལ་སོགས་པའང་བཤམ་པར་བྱའོ།། མེ་ཏོག ་དང་འབྲས་བུ་ནུས་པ་དང་ལྡན་པའི་རྫས་དག་རིན་པོ་ཆེའི་གའུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ།། དེ་ནས་བསམ་གཏན་སྒོམ་པ་ནི་ཏཾ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན ་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་ལས་བྱུང་ཞིང་ཉི་མའི་སྟེང་ན་སྐུ་མདོག་བན་དུ་ཀའི་མེ་ཏོག་ལྟར་དམར་བ། གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ ་དོ་ཤལ་དང་། དཔུང་རྒྱན་དང་། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྤང་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོང ་གཡོགས་པ། འགྱིང་བག་གི་ཚུལ་གྱིས་བཞེངས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་བཞད་ཅིང་ཆེར་བཞད་པ་སྤྱན་འཁྲུག་པ་ཕྱག་གཡས་ཀྱིས་ཐུགས་ཀན་འདུད་པ། གཡོན་ན་སྡོང་བུ། ་དང་བཅས་པའི་ཨུཏྤལ་འཛིན་པ། སྐུ་ལས་འོད་འཕྲོ་བ་དང་བཅས་པ་ལས་རང་དང་མཐུན་པའི་འོད་འཁྲུག་པ་དང་བཅས་པའི་སྐུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླས་པ ་འདི་བྱའོ།། ཨོཾ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ལན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ས་བདག་གི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ་འགྱུར་རོ།། ཐམས་ཅད་ཁུགས་པར་འགྱུར་རོ།། དབང ་གི་ལས་ཀྱི་ལེའུ་ཞེས་བྱ་སྟེ་དགུ་པའོ།། ། འཇམ་དཔལ་དྲག་པོའི་ལས་བྱ་བར་འདོད་ན། གནས་ནི་དུར་ཁྲོད་དམ། ཤིང་གཅིག་གམ་ཆུ་བོ་ཆེན་པོའི་འགྲམ་མམ། གཙུག ་ལག་ཁང་དུ་བྱའོ།། ཁང་པ་དེར་བའི་རྣམ་ལྔས་ཆ་ག་ཆ་ག་བཏབ་སྟེ་དྲི་ཞིམ་པོའི་ཆུས་མཎྜལ་བྱའོ།། སྐུ་གཟུགས་ལ་སོགས་པའང་དགྲམ་པར་བྱའོ།། གྲོ་ག་འམ། རས་སམ། ཤིང་ཤུན་ལ་རྒྱལ་པོ་ལ། ་སོགས་པའི་གཟུགས་ནིམ་པའི་ཆུས་བྲིས་ལ་མཎྜལ་གྱི་སྟེང་དུ་ཁམ་པའི་གཞུར་གཞག་པར་བྱའོ།། དེ་ནས་མཎྜལ་གྱི་སྟེང་དུ་གཞག་པར་བྱའོ།། པོག་པོར་ལ་སོགས་པའི་མཆོད་པའང་བ་ཤམ་པར་བྱའོ།། ་ནནས་བསམ་གཏན་བསྒོམ་པར་བྱ་སྟེ། ཡི་གེ་ཏཾ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན ་བཞུགས་པ། སྐུ་མདོག་ལྗང་ཁུ་ཀུན་ནས་གསལ་བ་གཞོན་ནུ་ལང་ཚོ་ལ་བབ་པའི་སྐུ། དོ་ཤལ་དང་། དཔུང་རྒྱན་དང་། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ་པཉྩ་ལི་ཀའི་གོས ་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་པ། གཡས་བརྐྱང་བ་གཡོན་བསྐུམ་པས་བཞུགས་པ། ཞལ་གཅིག་པ་ཕྱག་གཉིས་པ་ཞལ་མཆེ་བ་གཙིགས་པ་སྤྱན་ནི་རབ་ཏུ་འབར ་ཞིང་དབུ་སྐྲ་གྱེན་དུ་བརྫེས་པ། དབུའི་ཟླ་བའི་སྟེང་ན་ཨ་མི་དེ་བ་དང་བཅས་པ་བསྐལ་པའི་མེ་དཔུང་ན་བཞུགས་པ། ཕྱག་གཡས་ན་འཁོར་ལོ་འཛིན་པ། གཡོན་ན་སྡིགས་མཛུབ་དང་བཅས་པའི་ཨུཏྤལ ་འཛིན་པ་སྐུ་ལས་ཁྲོ་བོ་འཕྲོ་བ་ཁྲོ་མོ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུའོ།། དེའི་བཟླས་པ་ནི་འདིའོ།། ཨོཾ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པས་ལན ་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ཤིང་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་འདིའི་ཡོན་ཏན ་ན་ཉོན་མོངས་པ་དང་། ལས་དང་། རྣམ་པར་སྨིན་པ་དང་། ངན་སོང་ལ་སོགས་པ་ཐམས་ཅད་འཇོམས་པའོ།། འཇམ་དཔལ་མ་རུས་པའི་དགྲ་དང་། གདོན་དང་། བཞེན། ་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུར་རོ།། དྲག་པོའི་འཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། ། འཇམ་དཔལ་འཕྲིན་ལས་སྣ་ཚོགས་པའི་ལས་ནི་འདིའོ།། དུར་ཁྲོད་དམ ་ཤིང་གཅིག་གམ། མཆོད་རྟེན་གྱི་མདུན་ནམ། ཆུ་བོ་ཆེན་པོའི་འགྲམ་དུ་ལས་བྱའོ།། ཁང་པ་དེར་བའི་རྣམ་ལྔས་སྦྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ།། ་ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ། སྤྲ་ཚིལ་ལས་བྱས་པའི་གཟུགས་ཀྱི་སྙིང་ཁར་དུར་ཁྲོད་ཀྱི་རས་ལ་སྔགས་བཅུ་པ་དང་། གསལ་བའི་ཡི་གེ་གཉིས་དང་བཅས་པ་ལ་མིང་གི་ཡི་གེ་མཐའ་དང་བཅས་པ། ་བཅུག་སྟེ། མཎྜལ་གྱི་དབུས་སུ་གཞག་པར་བྱའོ།། པོག་པོར་དང་མེ་ཏོག་ལ་སོགས་པའང་དགྲམ་པར་བྱའོ།། དེ་ནས་བསམ་གཏན་བསྒོམ་པ་ནི་ཏ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི ་སྐུ་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་སྐོམ་པ་ནི། པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་ནག་པོ་ཤིན་ཏུ་འཚེར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ། དོ་ཤལ་དང་། དཔུང་རྒྱན ་དང་། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བྱས་པ། པཉྩ་ལི་ཀའི་གོས་ཀྱིས་སྤང་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོང་གཡོགས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ་གཅིག་ཕྱག་གཉིས་པ། མཆེ་བ་ཟླ་བ་བྱུང་བ་ལྟ་བུ་གཙིགས་པ། ནལ་ཟློག་ཅེར་དྷ་སྒྲ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ། དབུལ་ཟླ་བའི་ལྟུང་དུས་མི་བ་བཞུགས་པ། བསམ། ་པཔའི་མེ་དཔུང་དང་བཅས་པའི་འོད་ལས་འཇིགས་པ་བརྒྱད་ལས་སྲུང་བའི་ལྷ་མོ་འཕྲོ་བ། ཕྱག་གཉིས་ནི་གཡས་ན་གྲི་གུག་འཛིན་ཅིང་། གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལའི་སྟེང་ན་མེ་ཏོག་གིས ་བཀང་བའི་བྲམ་ཟེའི་ཐོད་པ་ཅན་འཛིན་པ། ཁྲོ་བོའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ།། སྔགས་ནི་འདི་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས ་ཀྱི་སྔགས་དང་བཅས་པ་ལ་ལན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་འཕྲིན་ལས ་བཞི་འགྲུབ་པར་འགྱུར་རོ།། འཇིགས་པ་ལས་སྲུང་བར་འགྱུར་རོ།། འཕྲིན་ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་སངས་རྒྱས ་ཐམས་ཅད་སྐྱེས་པའི་ཡུམ་ནི་རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྡོ་རྗེའི་རིགས་ཀྱི་ཡུམ་མི་ནལ་བཞི་མ། ཕྱག་བརྒྱང་མ། དུང ་གི་མདོག་ཅན། གནོན་ནུ་ལང་ཚོལ་བབ་པ། ཞལ་དཀར་བ་དང་། གནག་པ་དང་། དམར་བ་དང་། སེར་བའི་ཞལ་བཞིའོ།། རིགས་ལྔས་དབུལ་མཚན་པ། སྤྱན་གསུམ་པའོ།། ཕྱག ་བརྒྱད་ནི་རྡོ་རྗེ་དང་། མདའ་དང་། མདུང་དང་། ཐ་མ་ལ་མཆོག་སྦྱིན་གྱི་ཕྱག་རྒྱའོ།། ཨུཏྤལ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། སྡིགས་མཛུ་ནི་གཡོན ་གྱི་ཕྱག་རྒྱའོ།། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ་ཨ་ཀྵོ་བྷྱ་བྷཱུ་ཧ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ་ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱིས ་མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། བཤོས་གཙང་གིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདིའོ།། སྤྲ་ཚིལ་ལ་གང་བྱ་བའི་གཟུགས་བྱས་ཏེ་སྐྲོད་པའི་རྫས་ནི་བྱ་རོག་དང་ཧུ་ལུའི་ཤ་མིང་དང ་བཅས་པའི་སྙིང་ཁར་བཅུག་ནས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཀཾ་མེ་ཤ་མ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ནས་རླུང་གི་ཕྱོགས་སུ་སྦས་ན། འཇམ་དཔལ་འཐབ་ཅིང་འབྱེར་བར་འགྱུར། གཞན་དུ། ་འབྲོས་པར་འགྱུར་རོ།། རྡོ་རྗེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། ། འཇམ་དཔལ་པདྨའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་དམར་མོ། བན ་དུ་ཀའི་མེ་ཏོག་གི་མདོག་གི་སྐུ། གཞོན་ནུ་ལང་ཚོ་ལ་བབ་པ། གཡས་དཀར་པོ། གཡོན་གྱི་ཞལ་ནག་པོ། རྒྱབ་ཀྱི་ཞལ་སེར་པོ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ།། ཕྱག ་བརྒྱད་ན་པདྨ་དང་། མདའ་དང་། མདུ་དང་། ཐ་མ་མཆོག་སྦྱིན་གྱི་ཕྱག་རྒྱའོ།། ཨུཏྤལ་དང་། གཅུ་དང་། རྡོ་རྗེ་ལུགས་ཀྱུ་དང་། ཞགས་པ་དང་། སྡིགས་མཛུབ་ནི་གཡོན་པའི་ཕྱག་ཏུའོ།། རྡོརྗེ ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨ་མི་ཏ་དེ་བ་བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཿ། ་ཏ~ཾཿས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུཏྟཱ་རེ་ཏུ་རིཏྣ་སྭཱ་ཧཱ། ཞེས་བརྗོད་པས་པདྨའི་རིགས་ཐམས་ཅད་ཀྱིས་མེ ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་ཀྱིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདིའོ།། ད་དུར་དང་། ནིམ་པ་དང་། མྱ་ངན་འཚང་གི་མེ་ཏོག་བཏགས་ཏེ་ཕྱེ་མ་སྦྲང་རྩི་དང ་ལྡེ་གུ་བྱས་ནས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཀ་ཨ་མི་ཏ་ནཾ། ཀུ་མཱ་རི་མ་ཧཱ་མུ་དྲ་བ་ཧེ་ན་ད་སྱ་པ་ཏི་པ་ཡ་ཙ་ཏུ་ཧཱུཾ་ཧྲཱི། ཞེས་བརྗོད་ནས་ལུས་ལ་བྱུགས་ན་རང་དབང་མེད་པར་ཁུགས་པར་འགྱུར་རོ།། ་པདྨའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། འཇམ་དཔལ་དེ་བཞིན་གཤེགས་པའི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། སེར་མོ་གསེར་བསྲེགས་པ་ལྟ་བུའི་སྐུ། གཞོན། ་ནུ་ལང་ཚོ་ལ་བབ་པ། རྩ་བའི་ཞལ་སེར་པོ། གཡས་དཀར་པོ། གཡོན་དམར་བ། རྒྱབ་ཀྱི་ཞལ་གནག་པ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ།། ཕྱག་བརྒྱད་ན་འཁོར་ལོ་དང་། ་མངའ་དང་། མདུང་དང་། ཐ་མ་མཆོག་སྦྱིན་མཛད་པའོ།། ཨུཏྤལ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། སྡིགས་མཛུབ་དང་བཅས་པ་གཡོན་ན་འཛིན་པའོ།། ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ་བཻ་རོ་ཙ་ན་བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རི་ཏུ་རེ་སྭཱ་ཧཱ། ཞེས་བྱ་བས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱིས་མཆོད་པའི་མེ་ཏོག་དང་། མར་མེ་དང་། བདུག་པ་དང་། དྲི་ལ་སོགས་པས་མཆོད་དོ།། ་འཇམ་དཔལ་དེའི་ལས་ནི་འདིའོ།། ཐལ་ཆེན་དང་ས་ཞག་ལ་གཟུགས་བྱས་ཏེ་སྙིང་ཁར་གསལ་བྱེད་གཉིས་ཀྱི་ཡི་གེའི་མཐའ་ཅན་བཅུག་ལ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར། ་ཡ་ཛསྟཾ་བྷ་ཡ་སྟམྦྷ་ཡ། ཛ~ཾ་བྷ་ཡ་ཛ~ཾ་བྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ལྀ་ལཾ་ལཾ་ལཾ་ལཾ། ཞེས་བརྗོད་ནས་ལམ་རྒྱ་གྲམ་དུ་སྦ་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། ་འཇམ་དཔལ་རིན་པོ་ཆེའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་མཐིང་ཁ། གཞོན་ནུ་ལང་ཚོལ་བབ་པ་མཐིང་ཁའི་སྐུ། ཞལ་གཡས་དཀར་པོ། གཡོན་དམར་བ། ་རྒྱབ་ཀྱི་ཞལ་སེར་བ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ།། ཕྱག་བརྒྱད་ནི་རིན་པོ་ཆེ་དང་། མདའ་དང་། མདུང་དང་། ཐ་མ་མཆོག་སྦྱིན་མཛད་པའོ།། ཨུཏྤལ་དང་། གཞུ་དང་། ་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། སྡིགས་མཛུབ་གཡོན་པ་ན་འཛིན་པའོ།། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ཨོཾ་ན་མོ་རཏྣ། ་ཏྲ་མཱ་ཡ། ནམ་ཨརྱཱ་ཛྙཱ་ན་སཱ་ག་རཱ་ཡ། རཏྣ་ས~ཾ་བྷ་བ་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ། སམྱ་ཀ་ས~ཾ་བུདྡྷཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎིཀྵ ་ཡ་ཏདྱ་ཐཱ། ཨོཾ་ཏཱི་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་ཆབ་ཀྱིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི ་འདིའོ།། སྟག་པའི་རྩ་བ་རུལ་བ་དང་། སྙིང་ལས་སྐྱེས་པའི་སྲིན་བུ་དང་། ས་བོན་གཉིས་སུ་བསྲེས་པ་ཁམ་པའི་གའུར་གཙུག་ནས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཀ་ཨི་བི་ཌ་ནཾ། ཨཱ་ཀཪྵ་ཡ ་ཨཱ་ཀཪྵ་ཡ། ཨ་མུ་ཀི་མ་ཡེ་བ་སེ་ཏྲཾ། སྭ་བ་ནན་ཀ་ཐ་ཧཱུཾ་ཧྲཱིཿ། ཞེས་བཟླས་ཏེ་མལ་འོག་ཏུ་སྦས་ན་ཡོན་ཏན་ཤེས་ཤིང་མི་བྱེད་པར་འགྱུར་རོ།། རིན་པོ་ཆེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། ་འཇམ་དཔལ་ལས་ཀྱི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་ལྗང་ཁུ། གཞོན་ནུ་ལང་ཚོལ་བབ་པ། གཡས་དཀར་བ། གཡོན་དམར་པོ། རྒྱབ་ནི ་ལྗང་ཁུ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ།། ཕྱག་བརྒྱད་པ་ར་ལ་གྲི་དང་། མངའ་དང་། མདུང་དང་། ཐ་མ་མཆོག་སྦྱིན་པའོ།། ཨུཏྤ་ལ་དང་། གཞུ་དང་། རྡོ་རྗེ་ལྕགས། ་ཀྱུ་དང་། ཞགས་པ་དང་། སྡིགས་མཛུབ་འཛིན་པ་གཡོན་པའོ།། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཨ་མོ་གྷ་སིདྡྷི་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ། ་ཡ་ཏདྱ་ཐཱ། ཨོཾ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བརྗོད་པས་ལས་ཀྱི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་ཀྱིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི ་ཕྲག་དོག་མེད་པར་མོ་ཐམས་ཅད་འགུགས་པ་ནི་ཕུག་རོན་གྱི་མིག་དང་། ལྕེ་དང་། སྙིང་དང་། གོ་རོ་ཙ་ན་དང་། དངུལ་རྡོ་དང་། དེ་རྣམས་ནིམ་པས་རིལ་བུ་བྱས་ཏེ་འདི་བརྗོད་པར་བྱའོ།། ཙ་ལ་པྲ ་ཙ་ལ་ཤཱི་གྷཾ་ག་མི་དེ་བ་དཏྟ་ཨུ་ཙ་ཏཱ་ཡ། ཨ་མུ་ཁཾ་བ་ས་ནཾ་མུཀྟཾ་ཀུ་རུ་ན་ཡ་ན་མ་ཧཱ་རི་ཧད་དེ་ཧྲིཿཞེས་བཟླས་ཏེ་བྱུགས་ན་མོ་ཐམས་ཅད་ཁུགས་པར་འགྱུར་རོ།། དབང་དུ་འགྱུར་རོ།། ཕྲག་དོག་མེད་པར ་འགྱུར་རོ།། ལས་ཀྱི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ལྟར་ལས་ཀྱི་བྱེ་བྲག་བསྟན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ས་ལས་ཐམས་ཅད་ཀུན་རྫོགས་པར་སྦྱིན ་སྲེག་ཇི་ལྟར་དུ་བྱ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་སོ་སོར་ལས་སྒྲུབ་པའི་ཕྱིར་སྦྱིན་སྲེག་བྱའོ།། དེ་ལས་དང་པོ་ཞི་བའི ་ལས་བྱ་བ་ནི་ཚེས་གསུམ་པའི་ཟླ་བ་ལ་ཁ་དོག་དང་མཐུན་པའི་ཁང་བུ་བྱས་ཏེ་རྡོ་རྗེ་དཀར་པོ་དགོད་པར་བྱའོ།། བུད་ཤིང་ནི་ཙན་དན་དཀར་པོའི་ཤིང་ལ་སོགས་པས་བྱའོ།། དེ་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་བན། ་སྟེརྫའབྲས་དང་། ཁྲེ་དང་། ཅུ་རྩེ་དང་། ཏིལ་དཀར་པོ་ལ་སྔགས་གདབ་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་མེའི་ནང་དུ་གཏོར་བར་བྱའོ།། ཞོ་དང་འོ་མ་ལ ་སྔགས་བཏབ་སྟེ། ཤཱནྟིཾ་ཀུ་རུ་དང་བཅས་པས་དབུལ་བར་བྱའོ།། འོ་མ་ཅན་གྱི་ཤིང་དང་མ་རཾ་དཀར་པོ་ལ་ནི་སརྦ་པཱ་པཾ་དང་བཅས་པས་དབུལ་ལོ།། འཇམ་དཔལ་མེ་ཏོག་དཀར་པོ་དང་བཅས་པའི ་མེའི་ཁང་པ་ར་ཙན་དན་ལ་སོགས་པ་དྲི་ཞིམ་པོའི་ཤིང་ལ་མེ་སྦར་ཏེ། སྐུ་གཟུགས་མདུན་དུ་བཞག་ལ་ཆུ་དང་ཡུངས་ཀར་ལ་བསྔགས་ཏེ་མེར་གཏོར་བའི་སྔགས་ནི། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཱ་རེ་ཏུཏྟཱ་རེ ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་ཆུ་ཁྱོར་མ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ།། འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་ནི ་བར་འགྱུར་རོ།། ནད་འགོ་བ་དང་གདོན་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ།། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།། འཇམ་དཔལ་བའི་རྣམ་པ་ལྔས་བྱུག་པ་བྱུགས་ཏེ། མེའི ་ཁང་པ་དྲི་དང་ལྡན་པའི་ཁང་པར་སྤྲ་ཚིལ་ལ་གཟུགས་བྲིས་པ་དང་བཅས་པ་སྔགས་འདིས་སྲེག་གོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བས་སྲེག་ན་དབང་དུ་འགྱུར་ཞིང་ཚར་བཅད་པར་ཡང་འགྱུར་རོ།། ་སྦྱིན་སྲེག་གི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་འཁོར། ་ལོའི་རིམ་པ་བཀའ་སྩལ་ཏོ།། འཁོར་ལོ་ལེ་ཙེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་དབུས་སུ་ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵཿ། ཞེས་བྱ་བ་ནི་སྲུང་བའོ།། ཕྱོགས་མཚམས་སུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ་ཞེས་བྱ་བ་བྲིས་ཏེ་ཀུན་ལ་སྭཱ་ཧཱའི་བར་བཅུག་པ་གྲོ་ག་ལ་གུར་ཀུམ་གྱིས་བྲིས་ནས་དཔུང་པ་ལ་བཏགས་པ་ནི་སྲུང་བའི་མཆོག་གོ།། ཞི་བའི་སྲུང་བའི་འཁོར་ལོའི་ལེའུ་སྟེ་བཅོ་བརྒྱད་པའོ།། ་དེ་ནས་དབང་གི་སྲུང་བ་ནི་འཁོར་ལོ་ལེ་ཙ་དགུ་པ་ཨོཾ་དང་ཧ་གཉིས་དབུས་སུ་ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵཿཞེས་བྱ་བ་ནི་སྲུང་བའོ།། ཕྱོགས་མཚམས་སུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ་ཞེས་བྱ་བ་བྲིས་ཏེ་ཀུ་མུ་དང་མུའི་བར་དུ་ས་བོན་ནོ།། དེ་གྲྀ་ག་དམར་པོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་ལྟེ་བར་མི་མངོན་པར་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་ཞིང་དབང་དུ་སྡུད་དོ།། དབང་གི་སྲུང་བའི ་འཁོར་ལོའི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་རྒྱས་པའི་སྲུང་བ་ནི་འཁོར་ལོ་རྩིབས་བརྒྱད་པ་བྱས་ཏེ། ཨོཾ་ཏཱ་ར་ཏུཏྟཱ་རེ་བརྒྱད་པོ་དགོད་པར་བྱའོ།། དབུས་སུ་ནི་སྭཱ་ཧཱའི་མིང་རཀྵ ་རཀྵཿདང་བཅས་པ་གྲོ་ག་ལ་གུར་ཀུམ་གྱིས་བྲིས་པ་དཔུང་པ་འམ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། རྒྱས་པའི་སྲུང་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་པའོ།། ་དེ་ནས་བར་ཆོད་སེལ་བའི་སྲུང་བའི་འཁོར་ལོ་ནི་མུ་ཁྱུད་གསུམ་ལ་ཐ་མ་ལེ་ཙེ་བརྒྱད་པའོ།། དབུས་སུ་མིང་གི་མཐའ་ཅན་གྱི་སཱཧཱ་རཀྵ་དང་བཅས་པའོ།། མུ་ཁྱུད་ནང་མ་ལ་ཨུ་སཱུ་ཨུ་ཨུ་ཞེས་བྱ་བ་དགོད ་བར་བྱའོ།། ལེ་ཙེ་བརྒྱད་པ་ཕྱི་མ་ལ་ནི། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ། ཞེས་བྱ་བའི་ཡིག་འབྲུ་རྣམས་སུ་དང་ཨཱའི་བར་དུ་བཅུག་སྟེ་བཀོད་ལ་གྲོ་གའམ་ཤིང་ཤུན་ལ་གུར་ཀུམ་གྱིས་བྲིས་ཏེ་སྤྱི་བོ་འམ། མཚན་ཁུང ་དུ་མིས་མི་མཐོང་བར་བཏགས་ན་གནོད་པ་ཐམས་ཅད་ལས་ཟེར་རོ།། སྔགས་ནི་ཅི་མང་དུ་གྲངས་དང་ལྡན་པར་བཟླས་སོ།། ཤིན་ཏུ་རྒྱས་པའི་སྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། ་དེ་ནས་འཕྲིན་ལས་ཐམས་ཅད་གྲུབ་པའི་འཁོར་ལོ་ནི་གྲོ་ག་འམ་ར་ས་ལ་ལེ་ཙེ་དགུ་པའི་འཁོར་ལོ་ལ་ཙན་དན་དཀར་པོའི་ཆུས་བྲིས་ཏེ་སྔགས་དགོད་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ ་ཨོ་ཨཱིཾ། རྀ་རཱརཱཾ། ལྀ་ལཱཾ། ཨ་ཨཿ། ཞེས་པ་ཕྱིའི་མུ་ཁྱུད་ལའོ།། ནང་གི་མུ་ཁྱུད་ལ། ཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་དང་ཧའི་བར་དུ་རཀྵ་ཤཱནྟིཾ་ཀུ་རུ། ཞེས་པ་ནི་སྟེང་གི་འཁོར་ལོ་ལའོ།། འོག་གི ་འཁོར་ལོ་ལ་ནི་སྔགས་བཟློག་པས་སོ།། ཕྱིའི་དབྱངས་ཡིག་ཀྱང་བཟློག་པར་ཤེས་པར་བྱའོ།། དབུས་སུ་ནི། ཨོཾ་དང་ཧའི་བར་དུ་རཀྵ་ཤཱནྟིཾ་ཀུ་རུ། བྲི་བར་བྱའོ།། ཞི་བ་ཆེན་པོའི་འཁྲུལ་འཁོར ་གྱི་སྲུང་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ།། ། དེ་ནས་འཕྲིན་ལས་བཞིའི་ལས་སོ་སོའི་འཁོར་ལོ་ནི། ཞི་བ་ནི་ཁམ་པ་ལ་གའུ་ཁ་སྦྱོར་བྱས་ཏེ་མེར་བསྲེགས་ལ་ཁ་དོག་དཀར་པོ ་བྱུག་པར་བྱའོ།། དེའི་ནང་དུ་འཁོར་མ་ལ་ཙེ་དགུ་པ་བྲིས་ཏེ། སྔགས་དགོད་པ་ནི། ཨོཾ་ཏཱི་རཏྱཏྟཱ་རཏ་རེ། ཞེས་བྱ་བ་རེ་མིག་བརྒྱད་ལའོ།། རུ་རུ་ཨོཾ་རུ་རུ། རུ་རུདྷ་སུརྦ།། ་རུ་རེ་རུ་རུ། རུ་རུ་ཏུཏ་རུ་རུ། རུ་རུ་ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུ་རུ་རུ། རུ་རུ་རེ་རུ་རུ། ཞེས་བྲིའོ།། དབུས་སུ་ནི། ཀུ་རུ་ཤཱནྟིཾ་ཀུ་རུ། ཞེས་བྲིས་ཏེ་གའུར་སྦྱར་ཏེ། དབུས་སུ་སྲད་བུ་དཀར་པོ་དང་། ་ལྡན་པའི་གའུ་མཎྜལ་ཐོག་ཏུ་བཞག་ལ། མེ་ཏོག་དཀར་པོས་མཆོད་ཅིང་མཆོད་པ་རྣམ་པ་ལྔའང་དབུལ་ཏེ་དུས་གསུམ་དུ་མཆོད་ན་ཞི་བར་འགྱུར་རོ།། ཞི་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། ་དེ་ནས་ཞི་བ་ཆེན་པོའི་ལས་བྱ་བ་ནི་ཁམ་པ་ལ་གའུ་ཁ་སྦྱར་བྱས་ཏེ་ཙན་དན་དམར་པོས་སྣག་ཆ་བྱས་ལ་འཁོར་ལོ་ཕྱི་ནང་བཅས་པའི་ལེ་ཙེ་དགུ་པ་བྲི་བར་བྱའོ།། སྔགས་དགོད་པ་ནི། ་ཤཱནྟིཾ་ཀུ་རུ་ཧོཿ། ཞེས་བྱ་བ་དབུས་སུ་བྲིའོ།། མུ་ཁྱུད་ནང་མ་ལ་ནི། ཨ་ཨ་ཞེས་བྱ་བ་བརྒྱད་དགོད་པར་བྱའོ།། མུ་ཁྱུད་ཕྱི་མ་ལ་ནི། ཨ་ཨཽ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཨ། ་ཨ་རེ་ཨ་ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྱ་བ་བྲི་བར་བྱའོ།། མེ་ཏོག་གི་འཕྲེང་བས་བཅིངས་ཏེ་མཎྜལ་གྱི་སྟེང་དུ་དུས་བཞིར་མཆོད་ཅིང་ཞག་བདུན་དུ་སྔགས་མ་ནོར་བར་བཟླས་ན་ཞི་བ་ཆེན་པོའི་ལས་འགྲུབ ་བར་འགྱུར་རོ།། ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། ། དེ་ནས་རྒྱས་པའི་ལས་བྱ་བ་ནི་གུར་ཀུམ་མམ། གི་ཧང་གིས་གྲོ་ག་ལ་འཁོར་ལོའི་ཕྱི་ནང་དང་ལྡན་པའི་ལེ་ཙེ་དགུ་པ ་ས་ཏེ། དབུས་སུ། སརྦ་ས་སུས་སུ། ཞེས་བྱ་བ་དགོད་པར་བྱའོ།། ཙེནངས་བརྒྱད་ལ་སོ་བརྒྱད་བར་བྱའོ།། ལས་ཀྱིམ་བརྒྱད་པ། རྣམས། མ་ཧཱས། མ་ས། མ ་ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུ་ཨོཾ། ཨོཾ་རེ་ཨོཾ། ཞེས་བྱ་བ་བྲིས་ནས། ཁམ་པའི་གའུར་བཅུག་སྟེ་མེ་ཏོག་སེར་པོ་ནག་པུཥྤའི་མེ་ཏོག་དང་མཆོད་པ་ལྔས་དུས་བཞིར་ཟླ་བ་རྒྱས་པ་ནས་བཟུང་ནས་ཞག་བདུན་དུ ་མཆོད་ན་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་འགྲུབ་བོ།། རྒྱས་པའི་འཁོར་མོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། ། དེ་ནས་དབང་དུ་བསྡུ་བར་འདོད་ན་ཀན་དཀའི་ཤུན་པ་དང་། སང ་ལྡེང་གི་ཤུན་པ་དང་། མཛེ་མ་ཤིང་གི་ཤུན་པ་བསྐུས་པའི་ཁུ་བས་གསེགབ་བམ་ག་འུལ་འཁོར་ལོ་བྲི་བ་ནི་ལེ་ཙེ་དགུ་པའོ།། སྔགས་དགོད་པ་ནི། དབུས་སུ། ཨ་སཱ་ཙ་ཨ་མོ་གྷ་ཨ་ཧྲཱིཧ། ཞེས་པ་བྲིའོ།། ་ལེ་ཙེ་བརྒྱད་པ་ལ་ནི། ཨ་ཨོཾ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྲིས་ནས་ཐོད་པ་ལ་སྦྱོར་དུ་བཅུག་ནས་སྐུད་པ་སྔོན་པོས་བཀྲིས ་ནས་མེ་ཏོག་དམར་པོ་དང་། མཆོད་པ་ལྔས་དུས་བཞིར་ཟླ་བ་ཁམ་པའི་དུས་སུ་མཆོད་ན་ཐམས་ཅད་དབང་དུ་འདུའོ།། དབང་དྲག་གི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། ། དེ ་ནས་དབང་དུ་འདུ་བར་བྱེད་པ་ནི་སྲིན་ལག་གི་ཁྲག་ངུར་ཁྲོད་ཀྱི་སོལ་བ་དང་གན་ཀའི་ཁུབ་རྣམས་ཀྱིས་བྲིས་ཏེ། དུར་ཁྲོད་ཀྱི་སོལ་བ་དང་མི་ཤི་བའི་གོས་ལའོ་ཁོ་རོ་ལོ་ལོ་ཙེ་དགུ་པ་བྲིའོ།། དབུས་སུ ་ཨ་མོ་གྷཧྲཱིཧ། ཞེས་བྱ་བ་བྲིའོ།། རྩིབས་བརྒྱད་ལ། ཨོཾ་དེ་ཡཽ། ཏཱ་བ་ཏཱ་རེ་དཏ་རེ། ཏུཏྟ་ཏུཏ། ཏཱ་ས་ཏྭཱ། རེ་མོ་ར། ཏུགྷཱ་ཏུ་རེ་ཧྲཱི་རེ། ཞེས་བྱ་བ་བྲིའོ།། གའུ། ་སྲིན་མགོ་དམར་པོ་དང་། འཁོར་ལོ་ཕྲལ་ནས་གཙང་པོ་ཕར་འགྲམ་ཚུར་འགྲམ་དུ་སྦས་ན་འབྱེ་ཞིང་དབང་དུ་འགྱུར་རོ།། དབྱེ་ཞིང་དབང་དུ་བསྡུ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། ་དེ་ནས་བསྐྲད་པར་འདོད་ན་དུག་དང་། ཁྲག་དང་། རམས་རྣམས་སྦྱར་ཏེ་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས་བྲིས་ཏེ། ལེ་ཙ་དགུ་པའི་དབུས་སུ། ཧ་ས་ཨུ་ཙ་ཧ་ཧ་ཧ། བྲི་བར་བྱའོ།། ་ལེ་ཙེ་བརྒྱད་ལ། ཧ་ཨོཾ་ཧ། ཧཏཱ་ཧ། ཧ་རེ་ཧཱ། ཧ་ཏུཏ་ཧ། ཧཏཱ་ཧ། ཧ་རེ་ཧ། ཧ་ཧུ་ཧ། ཧ་རེ་ཧ། ཞེས་པ་བྲིས་ཏེ། ཁ་སྦྱར་ཀ་པཱ་ལར་བཅུག་སྟེ་སྲུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་དུ་སྲས་ན ་བསྐྲད་པར་འགྱུར་རོ།། བསྐྲད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། ། དེ་ནས་དབྱེ་བའི་འཁོར་ལོ་ནི་དུར་ཁྲོད་ཀྱི་སོལ་བ་དང་། བྱ་རོག་དང་། འུག་པའི་ཁྲག་དང་། ་དུག་མཉམ་པོར་བསྲེས་པའི་སྣག་ཚས་འཁོར་ལོ་ཕྱི་ནང་དང་བཅས་པ་ལེ་ཙེ་དགུ་པ་བྲིས་ཏེ། དབུས་སུ། ཕཊ་སྭཱ་ཧེ་བ་དཏ་ཏ་ཧ་ཕཊ། ཅེས་བྱ་བ་བྲིའོ།། ལེ་ཙེ་ནང་མ་བརྒྱད་ལ། ཕཊ་ཕཊ་ཕཊ་ཕཊ་ཕཊ ་ཕཊ་ཕཊ་ཕཊ། ཅེས་པ་བྲིའོ།། ལེ་ཙེ་ཕྱི་མ་བརྒྱད་ལ། ཕཊ་ཨོཾ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུ་ཏེ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་རེ་ཕཊ། ཅེས་བྱ་བ་བྲིས་ཏེ། ་བྱ་རོག་དང་འུག་པའི་སྒོ་ངར་བཅུག་སྟེ་བྲག་དང་ཆུ་འཐབ་སར་སྒོ་ངསྦས་ན་འབྱེ་བར་འགྱུར་རོ།། དབྱེ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། ། དེ་ནས་གསང་བའི་འཁོར། ་ལོ་ནི་དུག་དང་། ཁྲག་དང་། སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལེ་ཙེ་དགུ་པའི་འཁོར་ལོ་ཕྱི་ནང་དང་བཅས་པ་བྲིས་ཏེ། དབུས་སུ། ཧཱུཾ་སཱ་མཱ་ར་ཡ་ཧཱ་ཕཊ། ཅེས་བྱ་བ་བྲིའོ།། ལེ་ཙེ་ནང་མ་ལ ་ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཅེས་བྱ་བ་བྲིའོ།། ལི་ཙ་ཕྱི་མ་ལ། ཙཱ་ཨོཾ་ཕཊ། ཧཱུཾ་ཏྲཱ་ཕཊ། ཧཱུཾ་རེ་ཕཊ། ་ཧཱུཾ་ཏྱཱ་ཏ་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུ་རཾ་ཕཊ། ཧཱུ་ཏུ་ཕཊ། ཧཱུ་རེ་ཕཊ། ཅེས་བྱ་བ་བྲིས་ཏེ། རབས་ཆད་ཕོ་མོའི་ཐོད་པ་ལ་བྲིས་ཏེ་སྔགས་མང་དུ་བཟླས་ནས་དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར་རོ།། གསང ་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་པའོ།། །། མྱོས་པའི་འཁོར་ལོ་ནི་ད་དུ་རའི་ཆུས་རས་ས་མ་ཤོག་ཤོག་ལ་ལེ་ཙེ་དགུ་པ་ཕྱི་ནང་དང་བཅས་པའི་འཁོར་ལོ་བྲིས་ཏེ། དབུས་སུ། ་ཧ་ཧ་དེ་བ་ཏད་ཧ་ཧ། ཞེས་པ་བྲིའོ།། ལེ་ཙེ་ནང་མ་ལ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧྱ་ཧྱཱ། བྲི་བར་བྱའོ།། ཕྱི་མ་བརྒྱད་ལ་ནི། ཧཱ་ཨོཾ་ཧཱ། ཧཱ་ཏཱ་ཧཱ། ཧཱ་རེ་ཧཱ། ཧྱ་ཏུཏ་ཧཱ། ཧྱ་ཏཱ་ཧཱ། ཧཱ་རེ་ཧཱ། ་ཧཱ་ཏུདྷ། དྷ་རེ་དྷ། ཞེས་བྱ་བ་བྲིས་ཏེ། རྩཝའི་གའུར་བཅུག་ནས་བཟླས་པ་ཅི་ནས་ཀྱང་མྱུར་བར་བྱས་ཏེ་ལམ་རྒྱ་གྲམ་དུ་དོང་དང་བཅས་པར་སྦས་ཏེ་དདུ་རས་སྤུངས་ན་མྱོས་པར་འགྱུར་རོ།། གསོན ་མར་སྦྲང་རྩི་འོ་མས་ལིང་ག་བཀྲུས་ན་འཚོ་བར་འགྱུར་རོ།། མྱོས་བྱེད་ཀྱི་འཁོར་མོའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། ། དེ་ནས་མནན་པའི་འཁོར་ལོན ་གཡམ་པ་ལ་ལེ་ཙེ་དགུ་པའི་འཁོར་ལོ་བྲིས་ཏེ། ཡུང་བའི་ཆུས་ལེ་ཙེ་དགུ་པ་ལ། དབུས་སུ། ག་སྭ་སྟཾ་བྷ་ཡ་སྟཾ་བྷ་ཡ་གྷ་ཧ། ཞེས་བྱ་བ་བྲི་བར་བྱའོ།། ལེ་ཙེ་བརྒྱད་པ་ལ། ག་ཨོཾ་ག། ག་ཏཱ་ག ་ག་རེག། གཏུཏག། ག་ཏཱ་ག། ག་རེག། ག་ཏུ་ག། ག་རེ་ག། ཞེས་བྱ་བ་བྲིས་ཏེ། འཁོར་ལོ་ཁ་སྦྱར་ནས་ལམ་རྒྱ་གྲམ་དུ་སྦས་ན་འགུལ་མི་ཤེས་པར་འགྱུར་རོ།། མནན་པའི་འཁོར་ལོ ་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། ། དེ་ནས་མནན་པ་ཆེན་པོ་ནི་ཡུང་བའི་ཁུ་བས་སྣག་ཚ་བྱས་ཏེ་ཁམ་པའི་གའུའི་ནང་དུ་ཕྱི་ནང་ལེ་ཙེ་དགུ་པའི་འཁོར་ལོ་བྲིས་ལ། སྔགས ་དགོད་པ་ནི། དབུས་སུ། རྒ་སྭ་སྟཾ་བྷ་ཡ་བྷ་ཡ་རྒ་ཧ། ཞེས་བྱ་བ་བྲིའོ།། ནང་མ་ལ། ཧ་ཧ་ཧཱ་ཧ། ཧ་ཧ་ཧ་ཧ། ཞེས་བྱ་བ་བརྒྱད་བྲིའོ།། དེའི་ཕྱི་རོལ་གྱི་ལེ་ཙེ་དགུ་ལ་ནི། རྒ་ཨོཾརྒ ་ན་ཏཱན། རྒ་རེ་ན། རྒ་ཏུ་ཏཿ། རྒ་ཏཱན། རྒ་རེན། རྒ་ཏུན།། ན་རེཿ། ཞེས་བྱ་བ་བྲིས་ཏེ། སྒྲུབ་པ་འཕགས་མ་ལ་བྱས་ལ་དགྲ་གང་ནས་འོང་བའི་ཕྱོགས་སུ་སྦས་ན་སྲུང་བར་འགྱུར ་ནིང་། དགྲའི་སྐོར་སྲས་ན་མནན་པར་འགྱུར་རོ།། དགྲ་མནན་པའི་འཁོར་ལལོ་ལེའུ་རྩེ་སུམ་ཅུ་རྩ་གསུམ་པའོ།། ། དེ་ནས་རིགས་སྔོགས་ཀྱི་སྦྱོར་བ་གནོན་པར་བྱེད ་པའི་འཁོར་ལོ་ནི་ལུང་བའི་ཁུ་བས་གཡམ་པ་འམ། ལྷང་ཚེར་གཉིས་གང་ཡང་རུང་བ་ལ་འཁོར་ལོ་བྲིས་ཏེ། ལེ་ཙེ་དགུ་པ་ལ་ཕྱི་ནང་དང་བཅས་པ་བྲི་བར་བྱའོ།། སྔགས་དགོད་པ་ནི། དབུས་སུ ་ནིཝ་སཱ་སྟཾ་བྷ་ཡ་སྟཾ་བྷ་ཡ་ཧ། འཁོར་ལོ་ནང་མ་ལ། ཝ་ཝ་ཝ་ཝ། ཝ་ཝ་ཝ་ཝ། ཞེས་བྱ་བ་བྲི་བར་བྱའོ།། ཕྱི་མ་ལ། ཝ་ཨཽ་ཝ། ཝ་ཏྭཱ་ཝ། ཝ་རེ་ཝ། ཝ་ཏུཏ་ཝ། ཝ་ཏཱ ་ཝ་ཝ་རེ་ཝ། ཝ་ཏུ་ཝ། ཝ་རེ་ཝ། ཞེས་བྱ་བ་བྲིས་ཏེ། ཕན་ཚུན་གཡས་གཡོན་དུ་འཁོར་ལོ་རེ་རེ་སྦས་ན་མནན་པར་འགྱུར་རོ།། རིག་སྔགས་ཀྱི་སྦྱོར་བ་མནན་པའི་ལེའུ་སྟེ་སུམ་ཅུ་རྩ ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས། མེ་ཏོག་མན་དཱ་ར་བ་དང་། པདྨ་དང་། ཀུ་མུ་ད་ལ་སོགས ་པས་བཅོམ་ལྡན་འདས་ལ་གཏོར་ཏོ།། ལྷ་རྫས་ཀྱི་རོལ་མོའི་སྒྲ་དུ་མའང་བསྒྲགས་སོ།། དེ་ནས་བཅོམ་ལྡན་འདས་ལ་གསོལ་པ། དམ་ཚིག་ཀྱང་གང་གིས་འགྲུབ་པར་འགྱུར་ཞེས་ཞུས་པ ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོའི་དམ་ཚིག་སྡོམ་གནས་ཏེ།། ལྷ་ཡི་འཁོར་ལོ་དང་ལྡན་པས།། སྲོག་ཆགས་དག་ནི་གསད་པ་སྤང་།། མ་བྱིན་པ་དག་མི་བླང་ཞིང་།། ་བུད་མེད་མི་བསྟེན་སྨད་མི་བྱ།། བརྫུན་ནི་རྣམ་པ་ཀུན་ཏུ་སྤང་།། མྱོས་གྱུར་དག་དང་ཤ་དག་དང་།། དགུ་ཞིང་རྣམ་པ་རྟག་ཏུ་སྤང་།། མོ་རྣམས་ཐམས་ཅད་ཀུན་ལ་ནི།། ཆགས་པའི་སེམས་ཀུན ་སྤང་བ་སྟེ།། མ་བཞིན་དུ་ནི་ཀུན་ལ་ནི།། ཕན་པའི་སེམས་ཀྱིས་ཀུན་ལ་བཀུར།། དམ་ཚིག་སྡོམ་པ་གནས་པ་ཡི།། ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར།། ཞེས་བཅོམ་ལྡན། ་འདས་ཀྱིས་གསུངས་སོ།། དམ་ཚིག་དང་སྡོམ་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་དཔག་ཏུ་མེད་པ ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པ་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་ལས་སྣ་ཚོགས་བསྟན་པ་ཞེས་བྱ་བ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་མི་ཏྲ་དང་།། ་ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྐུར་བའོ།། རྒྱ་གར་སྐད་དུ། ཨརྱ་ཏཱ་ར་བྷ་དྲ་ནཱ་མ་ཨཥྚ་ཤ་ཏ་ཀ། བོད་སྐད་དུ། རྗེ་བཙུན་མ ་