| Wylie | e-texts produced with BDRC’s OCR application |
པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱུད་པ་རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར ་སྐད་དུ། ཨཱརྱ་རུ་ཙི་ར་ཨང་ག~ཾ་ཡཱཥྚི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ།། ན་མོ་བི་པུ་ལ་བི་མ་ནི་སུ་པྲེ་ཏིཥྛ་ཏ་ཨ་སང་ཁཱ་ཡ། སཱུརྱཱ་ཤ་ཏ་ས་ཧ་སྲ་ཨ་ཏི་ར~ཾ་ཀ་ཏེ་ཛ། པྲ་བྷཱ་ཨ་བེ་བྷཱ་སི་ཏ་མཱརྷ་ཡེ་མ་ཧཱ་མ་ཎི་མུ་ཊ་ཀུཎྜ་ལ~ཾ། ཨ་ལཾ་ཀཱ་ར་དྷཱ་རི་ཎེ་བྷ་ག་བཱ་ཏེ་པདྨ་པཱ་ཎ ་ཡེ་སརྦ་ལོ་ཀ་ཨ་པ་ལང་ཤ་མན་ས། བི་བི་དྷ་ཁུ་ལ་ས་མ་པཱ་ཤ་ཨ་བིཥྚ། སརྦ་སཏྭ་པ་མོ་ཙ་ཀཱ་ཡ། དདྱ་ཐཱ། ཨོཾ་བྷུར་ཐུ་བ་སཱཧྨ། མ་ཧཱ་ཨཱ་ལོ་ཀ་ཀ་ར་ཎ་མ་སྭ་མི་རབ་ཏ་ལ་བི་ནཱ་ཤ་ཀ། རཱག། ་དྭེ་ཥ་མ་ཧཱ་མོ་ཧ་ཛྭ་ལ་ཤ་མ་ཀ། ཤ་ས་ཀ་རཀྵ་ཀ། སརྦ་ཨ་པ་ཡ་དུན་ཏི་པྲ་ཤ་མ་ཀ། སརྦ་སཏྭ་ས་མཱ་ཤཱ་ས་ནཱ་ཀ་ར། སརྦཾ་ཨཱ་ཤཱ་པ་རི་པཱ་རཱ་ཀ། སརྦ་ཏ་ཐཱ་ག་ཏ་སཾ་བྷ་ན་ཀཱ་ར། ཧྱེ་ཧེ་མ་ཧཱ་བོ་དྷི་སཏྭཱ། ་བ་ར་བ་ར་དཱ་ཡ་ཀཱ། པདྨ་ཨཱ་ལོ་ཀ་སཾ་བྷ་ཏ། མ་ཧཱ་ཀཱ་རུ་ཎི་ཀ་ཛ་ཊཱ་མུ་ཀུ་ཊཱ། ཨ་ལང་ཀྲི་ཏ་ཤི་ར། མ་ཎི་ཀ་ཎ་ཀ་རཱ་ཛ། ཤ་ཏ་བཛྲ་བཻ་ཌཱུཪྻ་ཨ་ལང་ཀྲི་ཏ་ཤ་རཱི་ར་ཨ་མི་ཏཱ་བྷ་ཛི་ན་ཀ་མ་ལ་ཨ་ལཾ ་ཀྲྀ་ཏ་། པྲ་བྷ་ར་ཎ་རཱ་ཛཱ་ན་ཤ་ཏ་ས་ཧ་སྲ་ཨཱ་བྷི་ལ་ཤ་ཏི་ཀཱ་ཡ། མ་ཧཱ་བོ་དྷི་སཏྭ་བ་ར་བི་དྷ་མ་བྷི་དྷ་མ། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། མ་ཧཱ་ཡཱཾ་ཏྲ་ཀྲེ་ཤ་ཀ་བ་ཊཱ་ཨ་བ་བ་དྷ་བི་བོ་དྷི་སཏྭ་ས་ར་ཙ་ར་ཀ་པྲ་མ་ཐཱ་ན། ་པུ་རུ་ཥ་པདྨ་། པུ་རུ་ཥ་ནཱ་ག། པུ་རུ་ཥ་སཱ་ག་ར། པུ་རུ་ཥ་སི་ཧ། བི་ཧ། བི་ར་ཛ། སུ་དན་ཏ་པ་རི་བྲི་ཏ། དྷ་མ་དྷ་མ་ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤཱ་ས་ཡ་པྲ་ཤཱ་ས་ཡ། པྲ་དྷ་ན་ས་ཡ། ་པྲདྷ་ན་ས་པ། བྷཻ་རོ་གྷོ་རི། དྷི་རི་དྷི་རི། བ~ཾ་དྷི་རི་བི་དྷི་ར~ཾ། བི་རི་བི་རི། བི་བི་རི་བ་བི་རི། ཙི་ཙ་རི། སི་ར་ས་ར~ཾ། སུ་རུ་སུ་རུ། མུ་རུ་མུ་རུ། མུ་ལ~ཾ་མུ་ཡཱ། མཱན་སུ་\ུ0f7f། དྷུན་དྷུ་ན། བི་དྱཱན་བདྡྷ ་ནང་དྷ་དྲདྲ་དུ། གསས། གཏུལ་གརྒྱས། བམངས་ཐམས་གྲངས་དྲ་ནབ་བ་ཛྲ་ཀྲིག་བས། ཅིང་། མཚར་མཅིང་། དྷ་ཀྲོ་དྷ་ཙ། མང་མནི། མམ་། ་ཤ་ཏ་པྲ་སེ་ཀ། ཨ་བ་བྷ་སི་ཏཱ་མ་ཧཱ་བི་ཥ་ཤ་མ་ཀ། མ་ཧཱ་བོ་དྷི་སཏྭ་བ་རང་སྭཱཏྨ། བཅོམ་ལྡན་འདས་ལག་ན་པདྨའི་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་བྱང་ཆུབ ་དཔའི་ཁང་བཟང་དམ་པ། རྡོ་རྗེ་ཆེན་པོས་ལེགས་པར་གསུངས་པ། ལྷ་དང་། ཀླུ་དང་། སྦྱིན་བྱེད་མའི་བུ་དང་། མི་འམ་ཅི་དང་། ལྷ་མ་ཡིན་ཆེན་པོས་བསྟོད་པ། རེ་བ་ཐམས་ཅད་ཕུན་སུམ་ཚོག ་པར་བྱེད་པ་འདི་སྒྲིབ་པ་ཆེན་པོས་བསྒྲིབས་པ་གང་ལ་ལ་ཞིག་ཉན་ཏམ། འཆང་ངམ། འདོན་ཏམ། ཀློག་གམ། མཐོང་ནས་ལེགས་པར་རྟོགས་པར་བྱེད་ན། དེའི་ལས་དང་ཉོན་མོངས་པའི་སྒྲིབ་པ ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ།། ནང་པར་ལངས་ནས་ལན་ཅིག་འདོན་ན་ལག་ན་པདྨ་ཕྱིར་འབྲང་བར་འགྱུར་རོ།། ཡིད་ལ་གང་དག་འདོད་པའི་དགོས་པ་བསམ་པ་ཙམ་གྱིས་འགྲུབ་པར ་འགྱུར་རོ།། གཅིག་པུ་རབ་ཏུ་དབེན་པར་འདུག་སྟེ། སངས་རྒྱས་ཡིད་ལ་བྱ་བ་མངོན་དུ་དམིགས་ནས། བཅོམ་ལྡན་འདས་ལ་ལག་ན་པདྨ་རྗེས་སུ་དྲན་པར་བྱས་ལ་ལན་བདུན་བརྗོད་ན་དམ་པ་ཅི་འདོད་པ ་ཐོབ་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ།། དེའི་ངན་འགྲོ་ཐམས་ཅད་འགག་པར་འགྱུར་རོ།། ཡུད་ཙམ་ཞིག་འཆག་ཅིང་འདུག་ལ་ཡིད་ལ་བརྗོད་ན་བསྐལ་པ་བྱེ་བ་འབུམ ་ཕྲག་དུ་མར་བསགས་པའི་ལས་འབྱང་བར་འགྱུར་རོ།། འཁོར་ལོས་སྒྱུར་བ་སྟོང་གིས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ།། ཚེ་རབས་ཚེ་རབས་སུའང་པདྨའི་རིགས་ཆེན ་བོར་སྐྱེ་བར་འགྱུར་རོ།། སྐྱེ་བོ་ཁྱད་པར་དུ་འཕགས་པས་བཀུར་བར་འགྱུར་རོ།། མེ་ཏོག་དྲི་ཞིམ་པོས་སྙིམ་པ་བཀང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་བདུན་བརྗོད་ན ་ཡོན་ཏན་ཆེན་པོ་སྟོང་ཐོབ་པར་འགྱུར་རོ།། སྙིང་རྗེ་ཆེན་པོའི་ཆོས་ཉིད་སྣང་བའང་དེ་ལ་སྐྱེ་བར་འགྱུར་རོ།། དམ་པ་ཆེན་པོ་དང་ལྡན་པར་འགྱུར་རོ།། དེ་ཉིད་ཀྱི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས ་ན་བཅོམ་ལྡན་འདས་ཞལ་རྟག་ཏུ་བཞད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་ཞིང་། ཆོས་སྣང་བའི་གསལ་བ་དང་པོ་དྲི་མ་མེད་པར་བྱེད་པ་ཞེས་བྱ་བ་འཐོབ་པར་འགྱུར ་རོ་ཚེ་འདི་ཉིད་ལ་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པོར་འགྱུར་རོ།། སེམས་མཉམ་པར་བཞག་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར ་འགྱུར་རོ།། ཇི་ལྟར་འདོད་པ་བཞིན་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པར་འདོད་ན། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་སྤྱང་བ་བྱས་ལ་གོས་དཀར་པོ་བགོས་ཏེ། རིང་བསྲེལ་དང ་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོས་དཀྱིལ་འཁོར་བསྐུས་ལ། དཀྱིལ་འཁོར་དེ་དང་བཅོམ་ལྡན་འདས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ། བཅོམ་ལྡན ་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་ཞིམ་པོའི་བདུག་པ་དང་། མར་མེ་དང་། སྤོས་ཀྱིས་བསྟི་སྟང་བྱས་ཏེ། དེ་ཉིད་དུ་འདུག་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ན། དེས ་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། མཚམས་མེད་པ་བྱེད་པའང་སྡིག་པ་བྱང་ཞིང་ཤིན་ཏུ་ཡོངས་སུ་དག་པའི་སེམས་ཀྱི་རྒྱུད་དང་ལྡན་པ་དང་། ཤིན་ཏུ་ཡོངས་སུ ་དག་པའི་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་རྟག་པར་རྒྱུན་དུ་ཏིང་ངེ་འཛིན་གྱི་སྟོབས་དང་། དབང་བསྐུར་བའི་སྟོབས་དང་། ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་། ཡེ་ཤེས་ཁྱད་པར་ཅན་གྱི་སྟོབས་སྒྲུབ་པར་མཛད་དོ།། གནམ་ལ་གྱེན་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆར་འབབ་བོ།། ས་ལ་བལྟས་ཏེ་བཟླས་བརྗོད ་བྱས་ན་ལོ་ཏོག་ཐམས་ཅད་ལེགས་པར་འགྱུར་རོ།། འབབ་ཆུ་དང་། མཚེའུ་དང་། རྫིང་བུའི་ཤུལ་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆུ་འབྱུང་བར་འགྱུར་རོ།། ནད་ཐམས་ཅད་ལ་ལག ་པས་བྱ་བ་ཅིང་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ།། དྲན་པ་ཉམས་པའི་མདུན་དུ་བཟླས་བརྗོད་བྱས་ན་དྲན་པ་རྙེད་པར་འགྱུར་རོ།། བཀྲེས་པ་དང་སྐོམ་པའི་གདོང་དུ་བལྟས་ཏེ་བཟླས་བརྗོད། ་བྱས་ན་ཕྱིད་པར་འགྱུར་རོ།། མི་ངས་ཆེན་པོ་བྱུང་ན་རས་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ། དཔག་ཚང་ཚུན་ཆད་མཚམས་བཅད་པ་དང་བསྲུང་བ་བྱས་པར་འགྱུར་རོ།། འཕགས་པ ་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་རྫོགས་སོ།། རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་བའོ་@། རྒྱ་གར་སྣང་དུ། ཨཱརྱ་ཨ་བྷ་ཡ་པྲ་དཱ་ནཱ་མ་ཨ་བ་ར་དྷི་ཏ། བོང་ས་དདུ། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྟན་པ་ཞེས་བྱ། ་